མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སློབ་ཡོན་འོག་གི་བོད་པའི་སློབ་ཕྲུག་གི་དྲ་ཚིགས།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སློབ་ཡོན་ནང་ལ་ཕེབས་མཁན་ཚོ་བཙན་བྱོལ་བོད་གཞུང་དང་། སྤྱི་ཚོགས་ཁྲོད་ཀྱི་མི་དྲག་གྲས་ཚོ་ཆགས་ཡོད། འོ་མའི་སྙིང་བོ་ལྟ་བུ་རེད། འོན་ཀྱང་ཕར་ཕེབས་ཚར་རྗེས་སོ་སོའི་འཚོ་བའི་ནང་མགོ་འཁོར་བསྡད་པ་ཡིན་ན། བོད་སྤྱི་པ་ལ་གྱོང་ཆགས་ཡོད་པ་མ་ཟད། སོ་སོ་སྒེར་ལ་མཚོན་ནའང་མི་ཚེ་སྐྱེལ་ཐབས་ཙམ་མ་གཏོགས། མི་ཚེ་སྐྱེལ་སྟངས་དེ་རྣམ་དཔྱོད་ལྡན་པ་ཞིག་མ་རེད། ཅེས་ཤེས་རིག་བཀའ་བློན་མཆོག་གིས་གསུངས་ཡོད།

 

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པའི་དབྱིན་ཡིག་གི་དྲ་རྒྱ་གསར་པ་( www.tsapalumni.com ) དེ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་མཆོག་ཕེབས་འདུག ཐོག་མར་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པའི་ཚོགས་གཙོ་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཨ་རིའི་སློབ་ཡོན་སློབ་ཟུར་ཚོགས་པའི་གནས་བབ་ངོ་སྤྲོད་གནང་དོན། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པ་དེ་ཐོག་མ་ ༡༩༨༨ ལོར་མགོ་འཛུགས་གནང་འདུག སློབ་ཡོན་དེ་ཨ་རིའི་གཞུང་གིས་བོད་གཞུང་ཤེས་རིག་ལས་ཁུངས་ལ་གནང་སྟེ། ད་བར་སློབ་ཕྲུག་ ༣༦༤  ཙམ་ལ་སློབ་ཡོན་ཕུལ་འདུག དེ་དག་ཁྲོད་ཀྱི་སློབ་ཟུར་ ༡༢༥ ཙམ་གྱིས་ད་ཆར་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་དང་རང་དབང་ཅན་གྱི་སྡེ་ཚན་ཁག གཞུང་འབྲེལ་མིན་པའི་ཚོགས་པ་སྒྲིག་འཛུགས་ཁག་བཅས་སུ་ཕྱག་ལས་གནང་མུས་རེད། སློབ་ཟུར་ ༢༩ ཙམ་གྱིས་ཨ་རིར་སློབ་སྦྱོང་མུ་མཐུད་གནང་བཞིན་འདུག ཡིད་སྐྱོ་བ་ཞིག་ལ་སློབ་ཟུར་ ༧ ཙམ་འདས་གྲོངས་སུ་ཕྱིན་འདུག སློབ་ཟུར་ ༡༤༠ ཙམ་གྱིས་ལོ་འགའ་རེར་ཞབས་ཞུ་ཞུས་མཐར་སྒེར་གྱི་བྱ་བའི་དགོས་དབང་གིས་ཕྱི་རྒྱལ་ཁག་ལ་ཕེབས་འདུག སློབ་ཕྲུག་ ༧༠ ཙམ་གྱིས་སློབ་ཡོན་བླངས་རྗེས་རྩ་བ་ནས་ཕྱིར་ལོག་མི་འདུག ཅེས་གསུངས་བྱུང་།

 

ཁོང་མོས་མུ་མཐུད་དུ་གསུངས་དོན། སྤོབས་པའི་ཐོག་ནས་ཞུ་རྒྱུ་ཞིག་ལ། གཞུང་ལ་ཞབས་ཞུ་སྒྲུབ་བཞིན་པའི་སློབ་ཕྲུག་ཁྲོད། སྤྱི་འཐུས་ནང་དུ་འདུག་ཅིང་། བཀའ་བློན་གནང་བཞིན་པའང་ཡོད། བཙན་བྱོལ་ནང་གི་སྨན་ཁང་ཁག་གི་དྲུང་ཆེ་མང་ཆེ་བ་སློབ་ཟུར་ཚོ་རེད། གཞན་སློབ་གྲྭ་ཁག་ཏུ་དགེ་རྒན་དང་དབུ་འཛིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་སུ་སྤྱི་ཚོགས་ཞབས་ཞུས་ལས་དོན་སྒྲུབ་བཞིན་འདུག འདི་དག་ཡོངས་རྫོགས་ཨ་རིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པའི་ཚོགས་མིར་ངོས་འཛིན་བྱེད་ཀྱིན་ཡོད། སློབ་ཟུར་ཚོགས་པ་འདི་ ༡༩༩༩ ལོར་གསར་འཛུགས་གནང་འདུག་ལ། ང་ཚོ་སློབ་ཟུར་ཚོགས་པའི་རྒྱུན་ལས་སྐབས་དྲུག་པ་ཆགས་ཡོད། ད་ལོའི་ཕྱི་ཟླ་ ༥ ཚེས་ ༢ ལ་ང་ཚོའི་དུས་ཡུན་རྫོགས་ཏེ་རྒྱུན་ལས་གསར་འདེམ་གྱི་མཛད་སྒོ་ཞིག་ཚོགས་གཏན་འཁེལ་ཡོད། སློབ་ཟུར་ཚོགས་པ་འདིར་ལས་དོན་མང་པོ་ཞིག་ཡོད་པ་རེད། ལས་ཁུངས་མེད་སྟབས་ཐོག་མར་ལས་ཁུངས་ཤིག་འཛུགས་རྒྱུར་འབད་བརྩོན་བྱས་ཀྱང་། དེའི་ཐད་ང་ཚོར་སུས་ཀྱང་རོགས་རམ་གནང་མ་སོང་། ང་ཚོར་རྒྱུན་ལས་མི་གསུམ་ལས་མེད་སྟབས། དཀའ་ངལ་ཆེ་ཤོས་ཚོགས་མི་ཕན་ཚུན་འབྲེལ་བ་བྱ་རྒྱུ་དེ་རེད། དྲ་ཚིགས་ཤིག་བཟོས་པ་ཡིན་ན་དཀའ་ངལ་དེ་སེལ་རྒྱུར་ཕན་ཐོགས་ངེས་ཅན་ཞིག་ཡོད་སྟབས། ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་ལ་རེ་འདུན་ཞུས་པ་ལྟར། རོགས་རམ་ཐོབ་སྟེ་དྲ་ཚིགས་འདི་བཟོ་ཐུབ་པ་བྱུང་བ་རེད། དྲ་ཚིགས་འདི་བརྒྱུད་དེ་སློབ་ཟུར་ཚོས་བོད་པའི་སྤྱི་ཚོགས་ནང་ལས་དོན་གང་བྱས་པ་གསལ་བོ་ཡོང་བའི་རེ་བ་ཡོད། ཅེས་གསུངས་ངོ་སྤྲོད་གནང་སོང་།

 

དེའི་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་མཆོག་གིས་གསུང་བཤད་གནང་དོན། དེང་སྐབས་དུས་ཚོད་དང་མཉམ་དུ་འགྲོ་དགོས་སྟབས། མི་རེ་རེར་ཡི་གེ་བྲིས་ཏེ་གཏོང་བའི་དུས་ཚོད་ཡོལ་ཚར་བ་རེད། གནས་ཚུལ་གཏོང་མཁན་ཞིག་ཡིན་ན་ཁོངས་སོ་སོའི་དྲ་རྒྱའི་སྟེང་བཞག་སྟེ། དོ་བདག་སོ་སོས་དྲ་རྒྱ་བསྔོགས་ཏེ་གནས་ཚུལ་ལྟ་ཀློག་བྱེད་པའི་དུས་ཚོད་ལ་སླེབས་ཡོད་སྟབས། ཐེངས་འདིར་ཨ་རིའི་སློབ་ཡོན་སློབ་ཟུར་ཚོགས་པའི་དྲ་རྒྱ་དབུ་འབྱེད་གནང་བ་དེ་དུས་ལ་བབ་པ་ཞིག་རེད། གོང་དུ་གསུངས་པ་ལྟར་ན། སློབ་མ་ཟུར་པ་ཚོས་བོད་གཞུང་གི་ལས་ཁུངས་ཁག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཏུ་ལས་ཀ་བྱེད་ཀྱིན་ཡོད་ས་རེད། དེ་དག་ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་ཞུ་འདོད་བྱུང་། གང་ཡིན་ཟེར་ན་ད་ལྟའི་ཆར་ང་ཚོར་མི་གང་འཚམ་ཡོད་ཀྱང་། དགོས་མཁོ་ཅན་གྱི་མི་ཞིག་འཚོལ་དགོས་ན་དཀོན་པོ་ཆགས་ཡོད། ཨ་རིའི་སློབ་ཡོན་ནང་ལ་ཕེབས་མཁན་ཚོ་བཙན་བྱོལ་བོད་གཞུང་དང་། སྤྱི་ཚོགས་ཁྲོད་ཀྱི་མི་དྲག་གྲས་ཚོ་ཆགས་ཡོད། འོ་མའི་སྙིང་བོ་ལྟ་བུ་རེད། འོན་ཀྱང་ཕར་ཕེབས་ཚར་རྗེས་སོ་སོའི་འཚོ་བའི་ནང་མགོ་འཁོར་བསྡད་པ་ཡིན་ན། བོད་སྤྱི་པ་ལ་གྱོང་ཆགས་ཡོད་པ་མ་ཟད། སོ་སོ་སྒེར་ལ་མཚོན་ནའང་མི་ཚེ་སྐྱེལ་ཐབས་ཙམ་མ་གཏོགས། མི་ཚེ་སྐྱེལ་སྟངས་དེ་རྣམ་དཔྱོད་ལྡན་པ་ཞིག་མ་རེད། ཅེས་གསུངས་སོང་།

 

མཇུག་མཐར་ཁོང་གིས་སློབ་ཟུར་ཚོ་ཕྱིར་བོད་པའི་སྤྱི་ཚོགས་ནང་ལོག་སྟེ། ཕྱག་ལས་གནང་བཞིན་ཡོད་པ་ཚོར་བསྔགས་བརྗོད་གནང་དོན། སོ་སོའི་སྤྱི་ཚོགས་ནང་ཕྱིར་ལོག་སྟེ་ཞབས་ཞུ་སྒྲུབ་མཁན་ཚོ་ཧ་ཅང་རྩ་ཆེན་པོ་རེད། དེ་དག་༧གོང་ས་མཆོག་གི་ཞབས་ཞུ་ཆགས་ཡོད་ལ། བོད་གཞུང་དམངས་ཀྱི་ཞབས་ཞུའང་རེད། ཆོས་ཀྱང་དེ་རེད། སྔར་༧གོང་ས་མཆོག་གིས་ང་རང་ཆོས་པ་ཞིག་རེད་དེ། རྒྱབ་བྲག་ལ་སྦྱར་ཏེ་ཆོས་བྱེད་ཐུབ་ཀྱིན་མི་འདུག་མོད། བོད་པའི་རྩ་དོན་སྒྲུབ་པ་དེ་ཆོས་ཆགས་ཡོད། བོད་པའི་རྩ་དོན་དེ་བོད་གཅིག་པུའི་དོན་མིན་པར་འཛམ་གླིང་ཞི་བདེའི་ཆེད་ཡིན་སྟབས། བོད་དོན་བྱེད་པ་དེ་ཆོས་རེད་ཅེས་གསུངས་ཡོད། དེར་བརྟེན། སློབ་གྲྭ་ཐོན་རྗེས་བོད་པའི་སྤྱི་ཚོགས་ནང་ལོག་སྟེ་སྲི་ཞུ་སྒྲུབ་མཁན་ཚོར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་སོང་། གོང་ནས་དཀའ་ངལ་ཁ་ཤས་གསུངས་སོང་། དེའི་ཐད་ཚོགས་མི་ཚང་མ་མཉམ་རུབ་ཐོག་ལས་དོན་བྱས་པ་ཡིན་ན་བསྒྲུབ་ཐུབ་པ་ཞིག་རེད་སྙམ། ཚོགས་མི་ཚོ་ཕྱི་རྒྱལ་ཁག་ལ་ཕེབས་ཏེ་དུས་ཚོད་དམ་འཛིན་བྱེད་སྟངས་དང་། ལས་ཀར་ཧུར་ཐག་བྱེད་ཕྱོགས་མཁྱེན་གྱིན་ཡོད་པ་རེད། ཚོགས་པ་ཞིག་ཡིན་ན། དམིགས་ཡུལ་ངེས་ཅན་ཞིག་དགོས་པ་རེད། དམིགས་ཡུལ་ངེས་ཅན་དེའི་འོག་ནས་ལས་ཀ་གང་ཞིག་བྱས་ཀྱང་སྟབས་བདེ་བ་དང་ཁ་གསལ་བ། གྲུབ་འབྲས་ལྡན་པ་ཞིག་ཡོང་གི་རེད། ཅེས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༧ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 9

  1. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས། ངས་ཁྱོད་ལ་ཁ་རྡོང་བྱེད་པ་མེད། ཡིན་ཡང་། ད་ལྟའི་གནས་སྐབས་འདིར་ང་ཚོའི་ཚང་མས་འཐབ་བྱོས་གཅིག་སྦྱོར་བྱེད་ནས་མཉམ་ལས་བྱེད་དགོས་པ་ཞིག་རེད་མ་གཏོགས་ལོ་ངོ་མང་པོ་སྔོན་གྱི་ལྟ་བ་རྙེང་བཞེན་རིགས་རུས་མཐོ་སྨད་དག་བཤོད་བསྡོད་པ་ཡིན་ན་སྤྱིར་དོན་ལ་གནོད་པར་ཚབ་ཆེན་སྐྱེས་པ་མ་ཟད་མང་གཙོག་གི་ལམ་ལུགས་དང་ཡང་འགལ་བ་རེད་སྙམ།
    དགོངས་འགལ་མེད་པ་འཚལ།

    Reply
  2. ཐོས་དགའ། says:
    ལོ་ 16 སྔོན།

    མགོ་རུལ་ལགས་ཀྱིས་བར་སྟོང་བཞག་ནས་རིག་པ་བཏོན་འདུག་ཀྱང་འདིར་མཆན་ཀློག་མཁན་རྣམས་ལ་གཅོད་མཚམས་ཀྱི་སྐུ་ངལ་ཡོད་མ་རེད་སྙམ། སྐུ་ངལ་ཡོད་པ་རྣམས་དུས་བབ་དྲྭ་རྒྱར་པེབས་ཀྱི་མ་རེད་ལ་དུས་བབ་དྲྭ་རྒྱ་ཟེར་བཤད་ན་་་་་་ཨཱ་་ག་རེ་རེད། ཟ་ཡག་རེད་པས། ཟེར་རྒྱུའི་ཉེན་ཁ་ཡོད།

    Reply
  3. མགོ་རུལ། says:
    ལོ་ 16 སྔོན།

    ཕྱི་རྒྱལ་ ནས་ སློབ་གྲྭ་ ཐོན་ རྗེས་ ཕྱིར་ རང་ གི་ རྒྱལ་ཁབ་ ཏུ་ མི་ ལོག་པའི་ གནད་དོན་ འདི་ནི་ རང་རེའི་ ཞན་ཆ་ ཞིག་ མ་ཡིན་པར་ རྒྱལ་ཁབ་ གང་མང་ ཞིག་ལ་ འཕྲད་ བཞིན་པའི་ དཀའ་རྙོག་ ཅིག་ རེད།

    Reply
  4. Dhamchoe @Tommy Thokme says:
    ལོ་ 16 སྔོན།

    I hope those ་ཨ་རིའི་གཞུང་གི་སློབ་ཡོན་འོག་ཕྱི་རྒྱལ་སློབ་གྲྭ་ཁག་ཏུ་སློབ་སྦྱོང་ཐོབ་མྱོང་མཁན་བོད་མིའི Indian conception can change to real Tibetan conception!

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ཕྱི་རྒྱལ་ཁག་ནས་བོད་ཕྲུག་ཆེད་སློབ་ཡོན་གྱི་མཐུན་འགྱུར་གནང་བ་ནི་དགའ་དགོས་པའི་གནས་ཚུལ་ཞིག་ཡིན་ཀྱང་དེང་སྐབས་ང་ཚོའི་སྤྱི་ཚོགས་སྟེང་མགོ་བདེ་རླགས་ཚོང་བ་འགས་རང་དོན་ཁོག་བཅུགས་ཀྱི་བོད་མིའི་ཐོབ་ཐང་ཕྱི་མི་ལ་ཚོང་འགྱུར་བྱ་བཞིན་ཡོད་པ་དག་ལ་མདོང་ལེན་དང་དོ་སྣང་བྱ་དགོས་པ་སེམས། དཔེར་ན། བལ་ཡུལ་ནང་བོད་གཞུང་གི་བཏགས་འཛིན་འོག་སློབ་གྲྭ་ཁག་ནང་བོད་ཕྲུག་བརྒྱ་ཆ་གསུམ་བཅུ་ལས་བརྒྱ་ཆ་བདུན་བཅུ་ཕྱི་མི་ཡིན་བཞིན་དེ་དག་གིས་བོད་ཕྲུག་གི་ཐོབ་ཐང་བཙན་འཕྲོག་བྱ་བཞིན་ཡོད་པ་མ་ཟད་ཐ་ན་སློབ་གྲྭའི་འཛིན་སྐྱོང་ཡང་ཕྱི་མིར་ཤོར་ཉེ་རྟེན་གནས་སྟངས་དེ་དག་ནི་གང་ནས་མཐུད་ཤོར་སོང་བ་ནི་ཉམས་ཞིབ་བྱས་ནས་ཐག་གཅོད་ནན་མོ་བྱ་དགོས་པ་སེམས།

    Reply
  6. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    མི་ལོ་མང་པོ་མང་པོ་འདས་སོང་བའི་བརྒྱུད་རིམ་ནང་།
    བོད་མི་མང་ངོས་ནས་ཆ་སྙོམ་གྱི་ཆིག་སྒྲིལ་གྱི་ནུས་པ་འདོན་མ་ཐུབ་པ་བདེན་པ་རེད་ལ།
    སྒེར་དོན་གྱི་འཚོ་བ་ཞིག་དང་སྤྱི་སེམས་ཆུང་སོང་བའང་ཧ་ཅང་བདེན་པ་རེད།
    དེ་དག་གི་མཉམ་མྱོང་མང་པོའི་ལོ་རྒྱུས་བསྐྲུན་པ་དང་སྟབས་བསྟུན་ནས་ང་ཚོ་མཐུན་སྒྲིལ་གྱིས་ལག་གདང་སྦྲེལ་ནས་མདུན་བསྐྐྱོད་བྱེད་ངེས་ཀྱང་།
    ད་དུང་སྔར་བཞིན་མཛད་གཙོ་རྣམས་དང་ཤེས་ཡོན་པའི་དམངངས་ཀྱི་བདེ་སྡུག་ལ་བསམ་གཞིག་མེད་པ།
    བསློབ་གསོས་མ་འདང་བའི་གནད་དོན་གྲངས་ལས་འདས་པ་འདིའང་ཤིན་ཏུ་སེམས་ཕངས་དགོས་གནས་ཞིག་ལོས་ཡིན།

    Reply
  7. དབྱངས་བུ། says:
    ལོ་ 16 སྔོན།

    དོན་གྲུབ་བཀྲ་ཤིས་ལགས། ཨ་རིའི་གཞུང་ནས་བོད་རིགས་ལ་ཤེས་རིག་ལས་ཁུངས་བརྒྱུད་སློབ་ཡོན་གནང་བའི་དགོས་པ་རྒྱུ་མཚན་གང་ཡིན་མཁྱེན་གྱི་ཡོད་དམ། ད་དུང་སློབ་ཡོན་ཐོབ་ཀྱང་ཕྱིར་མི་ལོག་མཁན་གྱི་མི་དེ་དག་གིས་ཐོག་མར་ངག་རྒྱུགས་གཏོང་སྐབས་སྐད་ཆ་གང་འདྲ་བཤད་མིན་མཁྱེན་གྱི་ཡོད་དམ། སྐབས་དེ་དུས་བཤད་པའི་སྐད་ཆ་སྒྲ་ཕབ་ནང་བཅུག་ཡོད་ན་ངོ་མ་གཞུང་ངོས་ནས་ཕྱིར་བསྒྲགས་བྱས་ན་པྱིས་སུ་སློབ་ཡོན་ཞུས་ཏེ་ཚུར་ལོག་མིན་གྱི་དཀའ་སེལ་ཐུབ་སྙམ་མོ།།

    Reply
  8. དབྱངས་བུ། says:
    ལོ་ 16 སྔོན།

    དོན་གྲུབ་བཀྲ་ཤིས་ལགས། ཨ་རིའི་གཞུང་ནས་བོད་རིགས་ལ་ཤེས་རིག་ལས་ཁུངས་བརྒྱུད་སློབ་ཡོན་གནང་བའི་དགོས་པ་རྒྱུ་མཚན་གང་ཡིན་མཁྱེན་གྱི་ཡོད་དམ། ད་དུང་སློབ་ཡོན་ཐོབ་ཀྱང་ཕྱིར་མི་ལོག་མཁན་གྱི་མི་དེ་དག་གིས་ཐོག་མར་ངག་རྒྱུགས་གཏོང་སྐབས་སྐད་ཆ་གང་འདྲ་བཤད་མིན་མཁྱེན་གྱི་ཡོད་དམ། སྐབས་དེ་དུས་བཤད་པའི་སྐད་ཆ་སྒྲ་ཕབ་ནང་བཅུག་ཡོད་ན་ངོ་མ་གཞུང་ངོས་ནས་ཕྱིར་བསྒྲགས་བྱས་ན་པྱིས་སུ་སློབ་ཡོན་ཞུས་ཏེ་ཚུར་ལོག་མིན་གྱི་དཀའ་སེལ་ཐུབ་སྙམ་མོ།།

    Reply
  9. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དེ་རིང་ཤེས་ནོ་ཡིན་ན། ལོ་ངོ་ ༣༢ རིང་ཨ་རིའི་གཞུང་གི་སློབ་ཡོན་འོག་ཕྱི་རྒྱལ་སློབ་གྲྭ་ཁག་ཏུ་སློབ་སྦྱོང་ཐོབ་མྱོང་མཁན་བོད་མི་ ༣༦༤ ཙམ་གྱི་ཁྲོད། ད་ཆར་བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་མཁན་ ༡༢༥ ཙམ་ལས་མེད་པ་གོ་སོང་། སློབ་ཡོན་གྱི་དངུལ་བླངས་ཏེ་ཕྱི་རྒྱལ་དུ་ཕྱིན་རྗེས་གོ་མེད་ཚོར་མེད་དུ་གྱུར་བ་ ༧༠ ཙམ་ཡོད་པ་ཤེས་སོང་། འོན་ཀྱང་། བཙན་བྱོལ་བོད་གཞུང་གིས་ཕྱིར་མ་ལོག་པ་དེ་དག་་ཧ་ཅང་ཚབས་ཆེན་དང་། ཕན་འབྲས་མ་བྱུང་བ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་། ཨ་རིའི་གཞུང་གིས་སློབ་ཡོན་སྤྲོད་པའི་ཆ་རྐྱེན་དང་། བཙན་བྱོལ་བོད་གཞུང་གི་དམིགས་ཡུལ་གང་ཡིན་ཇི་ལྟར་ཡང་། བོད་པ་མི་རེ་ངོ་རེ་ཡར་ལངས་རྒྱུའི་ཆེ་སར་བསམ་བློ་བཏང་ན། དེ་ནི་གྲུབ་འབྲས་མེད་པ་ཞིག་མིན། གནད་དོན་གཙོ་བོ་གང་དུ་ལྷག་ཡོད་པ་རེད་ཟེར་ན། ཕྱི་རྒྱལ་སློབ་གྲྭ་ཁག་ནས་ཐོན་པའི་ཆེད་མཁས་པ་དག་བཙན་བྱོལ་སྤྱི་ཚོགས་ནང་དུ་ལས་གནས་མེད་པ་དང་། བཙན་བྱོལ་སྤྱི་ཚོགས་ནང་དགོས་མཁོ་ཆེ་བའི་ལས་གནས་དག་ལ་ཆེད་མཁས་པ་མི་རག་པའི་དཀའ་ངལ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese