ཡུལ་ཤུལ་གྱི་གོད་ཆག་ལ་རོགས་སྐྱོར་གྱི་ཞལ་འདེབས་བསྡུ་རུབ་བྱེད་བཞིན་པའི་སྐབས་འདིར་ལྐོག་ཟ་རུལ་སུངས་ལ་དམ་དྲག་བྱ་རྒྱུ་ཡིན་ཟེར།
རྒྱ་ནག་གི་ལྐོག་ཟར་ངོ་རྒོལ་ལས་ཁུངས་ཀྱི་མགོ་གཙོ་ ཧུ་གོ་ཆིང་ ཞེས་པས་ཕྱི་ཚེས་ ༡༩ ཉིན་གསལ་བསྒྲགས་བྱས་དོན། ཡུལ་ཤུལ་ས་ཆར་རོགས་སྐྱོར་མ་དངུལ་གཏོང་བ་དང་། མྱུར་སྐྱོབ་ཀྱི་དགོས་མཁོའི་ཅ་དངོས་སྤྲོད་སྐབས་ངེས་པར་དུ་ལྐོག་ཟ་རུལ་སུངས་བྱེད་མཁན་ལ་དམ་དྲག་གིས་ལྟ་རྟོགས་བྱ་དགོས་ཤིང་། ལྐོག་ཟ་བྱེད་མཁན་བྱུང་ཚེ་ཉེས་ཆད་ནན་མོ་གཅོད་རྒྱུ་ཡིན་ལུགས་བཤད་འདུག
ཁོས་བཤད་དོན། ང་ཚོས་སི་ཁྲོན་ས་ཡོམ་རྗེས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ། ཡུལ་ཤུལ་དུ་ལྐོག་ཟ་བྱེད་མཁན་ལ་དམ་དྲག་བྱ་དགོས་པ་རེད།
ཧུ་གོ་ཆིང་ནི་རྒྱ་ནག་དབུས་གཞུང་གི་ལྐོག་ཟ་རུལ་སུངས་ལ་རྟོག་ཞིབ་བྱེད་པའི་ཚོགས་ཆུང་གི་མགོ་གཙོ་ཡིན་ལ། ཁོས་ས་ཡོམ་བྱུང་སའི་ས་གནས་ཀྱི་དམར་ཤོག་ཚོགས་པ་དང་། གཞུང་གི་རྩ་འཛུགས་ཁག་ལ་རོགས་སྐྱོར་གྱི་ཕྱོགས་གང་ཐད་ལ་ལྟ་རྟོག་ནན་མོ་བྱ་དགོས་པ་དང་། གལ་སྲིད་ལྐོག་ཟའི་གནས་ཚུལ་ཞིག་བྱུང་ཚེ་ཉེས་ཁྲིམས་ནན་མོ་གཅོད་རྒྱུ་ཡིན་ཚུལ་བཤད་འདུག
ཁོས་ད་དུང་། རོགས་དངུལ་དང་རྒྱུ་དངོས་གང་ཡིན་བེད་སྤྱོད་ཡང་དག་དང་གཙང་མ་བྱེད་དགོས་པའིའབོད་སྐུལ་ཞུས་པ་མ་ཟད། རོགས་དངུལ་ཅི་བྱུང་གི་གནས་ཚུལ་གསར་པ་རྣམས་དུས་ཐོག་ཏུ་སྙན་སྒྲོན་ཞུ་རྒྱུ་ཡིན་ལུགས་བཤད་ཡོད་པ་རེད།
ཆུ་ཐིགས་སྔོན་མོ,
Firstly, you have to know:Good is good.It no matter who has done.Wrong is wrong.It no matter who has done.
You are so childish.What you are meant this :” དེ་མིན་རྗེས་ཕྱོགས་གཟབ་གཟབ་བྱོས་ཨ…… གལ་སྲིད་མུ་མཐུད་ཡོང་ན་ངས་ཁྱེད་རང་རྩད་གཅོད་བྱས་ནས་དངོས་སུ་བསྟན་གྱི་ཡིན…”
Are you a terrorist? Why you do not say those words to Chinese government?
You have to know: Here is Tibet times.Not your Dad’s space.
Actually,I do not want to explain it to you but for other friends to know what going on here,I just wd like to drop a line:
I write English and Chinese here because of I can not write Tibetan in my computer.
ད་ནངས་ཚོང་ཁང་སྒོ་ཕྱེ་བ་དང་ཞལ་འདེབས་ཞུ་མཁན་རྐྱང་རྐྱང་རེད།
ཕལ་ཆེར་དེ་ཚོ་ཡང་བརྒྱ་ཆ་60-70ཙམ་ལྐོག་ཟ་རུལ་སུང་བ་ཡིན་པ་འདྲ།
བྱེས་སྡོད་བོད་མི་ཚོས་དེ་རིང་ཞལ་འདེབས་གནང་སྟངས་དེ་མཐོང་དུས་ངོ་མ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཟེར་བ་དེ་འགག་ལ་ཐུག་དུས་འདུག་ཨ་བསམ་པ་ཞིག་ཤར་སོང། མདང་དགོང་ལས་ཁུངས་གྲོལ་ནས་མིག་ལོར་སྲང་ལམ་དུ་འབྱོར་སྐབས་སྐྱེ་རྒུའི་ས་ཡོམ་གོ་ཆག་བྱུང་བར་ཞལ་འདེབས་བསྡུ་བཞིན་འདུག་ལ་མི་ཚོགས་ཚང་ཀ་ཤིག་ཤིག་གིས་ཞལ་འདེབས་ཧིན་སྒོར་གཅིག་སྟོང་དང་ལྔ་བརྒྱ་ཤས་གཅིག་སྤྲོད་ཀྱིས་འདུག ད་དུང་གཞིས་བཞུགས་བོད་རིགས་རྣམས་ཀྱིས་ས་ཡོམ་ཕོག་ཤུལ་དུ་དངོས་ཟོག་འོར་འདྲེན་བྱེད་སྟངས་དེ་མཐོང་དུས་ས་ཡོམ་ཐེབས་པ་དེ་སྡུག་སོང་ཡང་བོད་རིགས་ཚང་མ་སྐྱིད་སྡུག་མཉམ་མྱོང་གི་རྣམ་པ་ཇེ་གསལ་དུ་མཐོང་ཡོང་དུས་དགའ་དགོས་པ་ཞིག་རེད། འདི་ལྟར་ང་ཚོ་འགག་རྩ་ལ་ཐུག་དུས་རང་བཞིན་གྱིས་རྡོག་རྩ་གཅིག་སྒྲིལ་ཡོང་བཞིན་པ་འདིས་ང་ཚོར་སེམས་ཤུགས་འཕར་མ་ཞིག་སྟེར་བཞིན་འདུག
དབྱིན་ཡིག་གི་མིང་ཅན་་་དམ་ཆོས་ཟེར་བ་དེས་རྟག་པར་རྒྱ་ཡིག་ཅིག་དང་མཚམས་རེར་དབྱིན་ཡིག་དུམ་བུ་རེ་བཀོད་ཀྱིན་འདུག་ བོད་ཡིག་མི་ཤེས་ན་འདིར་མ་ཕེབས་རོགས་་་འདི་བོད་ཡིག་འབྲི་ས་ལས་རྒྱ་དབྱིན་འབྲི་ས་མ་རེད་་་རྒྱ་དབྱིན་འབྲི་ས་གཞན་ལ་ཡོད་པ་དེར་རྒྱུགས་ལོ། ད་དུང་བཤད་སྟངས་ལ་བལྟས་ན་རྒྱ་དགའ་ཞིག་རེད་་་་་ཁྱོད་འདིར་མ་ཡོང་ན་ཡག་པོ་རེད་
【多維新聞】青海玉樹地震已過去整整一周,地震遇難人數已增至2,064人,中國將4月21日定為全國哀悼日以悼念地震遇難者,官方同時婉拒達賴喇嘛前往災區,明確拒絕國際救援隊入藏救援,并否認了此前境外媒體关于地震遇難人數數据不實的說法。
Yes.That is very important.
Well done.
ཁོང་ཚོའི་ཁ་བཤད་དོན་ལ་འདུག་གམ་མི་འདུག ང་ཚོས་བརྟགས་དཔྱད་ནན་མོར་བྱེད་དགོས། ང་ཚོ་ནང་ཁུལ་དུ་རྩོད་གླེང་བྱེད་པའི་དུས་མིན། སྡུག་གི་ཁུར་པོ་མཉམ་དུ་ཁུར་ཏེ་ཉམ་ཐག་ཚོ་རྒུད་སྐྱོབས་ཀྱི་ཐབས་ལམ་འཚོལ་དགོས།
དེ་རིང་ང་། ལས་དོན་ག་གེའི་མོའི་སླད་དུ་གངས་སྐྱིད་དུ་སོང་། ཉོབ་མདངས་ལྷུག་ལྷུག་གི་གཞུང་ཞབས་ཕོ་མོ་ཚོ་མཐོང་བས། ང་སྐྱོ་ཞིང་གདུང་། དེ་ནས་དཔེ་མཛོད་ཁང་གི་ཉེ་འཁྲིས་སུ་བཅར། དཔེ་མཛོད་འགན་འཛིན་གཙོས་པའི་ལས་བྱེད་ཚོའི་དགོད་སྒྲ་དང་། མཛུབ་བར་ནས་ཐག་ཐག་ཡར་བའི་གེ་རམ་གྱི་ཁྲོག་སྒྲ། ཧ་ཧ་དང་ཧོ་ཧོའི་དགོད་སྒྲ་དེ་ལས་རེ་བའི་སེམས་པ་རྨེག་མེད་དུ་བཅོམ་སོང་། རོ་ཐོག་རྟ་རྒྱུག་ཟེར་བ་འདི་འདྲ་ཞིག་ལོས་ཡིན་སྙམ་སོང་། རྡ་རམ་ས་ལ་ན་ཅི་ཞིག་ཡོད་དམ། ༸གོང་ས་མཆོག་བཞུགས་པ་དངོས་གནས་རེད། ཁོང་གིས་ས་ཡོམ་གོད་ཆག་ཁྲོད་ཀྱི་སྐྱེ་རྒུའི་མི་དམངས་ལ་མཛའ་བརྩེའི་གསུང་འཕྲིན་དང་བསྔོ་སྨོན་གནང་སོང་། ད་དུང་ཐོག་དང་པོར་གོ་སྐབས་བརྩོན་ལེན་གནང་སྟེ། ཕ་ཡུལ་སྐྱེ་རྒུའི་ཡུལ་གྱི་རང་གི་འབངས་མི་ལ་ཐུག་ཏུ་འགྲོ་བར་དྲིལ་བསྒྲགས་སོང་། ༸གོང་ས་ཐམས་ཅད་མཁྱེན་པ་དངོས་གནས་བཞུགས་འདུག
འོན་ཀྱང་བོད་གཞུང་གི་བཀའ་ཁྲི་མཆོག་ཀྱང་བཞུགས་ཡོད་དམ་མེད། མི་དམངས་སྤྱི་འཐུས་རྣམས་ཀྱང་བཞུགས་ཡོད་དམ་མེད། ཚོར་སྣང་ཅི་ཡང་མ་བྱུང་། གཅིག་བྱས་ན་གསང་བའི་བརྒྱུད་ལམ་རེ་ན་འབད་འབུངས་བྱེད་བཞིན་ཡོད་ལས་ཆེ། ད་ལྟའི་རེ་བ་བཅངས་ཡོད། ཉིན་གུང་གཞུང་ཞབས་ཚོའི་གུང་གསེང་སྐབས་ཀྱང་མཐོང་སོང་། ཚ་གདུག་ཆེ་བས་ཡིན་ནམ། ཚང་མའི་གདོང་ན་གྲིམ་རིག་རིག་གི་རྣམ་འགྱུར་དང་། ལང་ཆོག་ཆོག་གི་སྙིང་སྟོབས་ཟུར་ཙམ་ཡང་མི་འདུག ཚང་མ་ཕག་པ་ལྟར་ཡམ་ཡོམ་ལྷ་ལྷུག་ངང་འགྲོ་བཞིན་འདུག ལས་ཁུངས་ཁག་གི་ར་སྐོར་དང་། གྱང་རྟིང། རྒྱ་ལམ་བཅས་སུ་གད་སྙིགས་དང་ས་རྡུལ་ཕྱུར་བུར་སྤུངས་ཏེ་འདུག ངའི་སེམས་ལ་ཁོང་ཅག་ལ་ཚོར་བ་ཡོད་དམ་སྙམ། ཐེངས་འདིའི་སྐྱེ་རྒུའི་མི་དམངས་ལ་འཕྲད་པའི་གོད་ཆག་ཐད་ཁོ་ཚོར་རྒྱུས་མངའ་ཇི་ལྟར་ཡོད་དམ། བོད་གནས་ཉམས་ཞིབ་ཀྱིས་ཇི་ཞིག་ཉམས་ཞིབ་བྱས་ཡོད་ཨང་སྙམ། གལ་སྲིད་བདུན་ཕྲག་རེ་གཉིས་རྗེས་བོད་གནས་ཉམས་ཞིབ་པ་ཚོར་ཐེངས་འདིའི་གནས་ཚུལ་ཐད་དོན་དངོས་ལ་འབབ་པའི་རྒྱུགས་གཞི་ཞིག་སྤྲད་ན་གང་འདྲ་ཡིན་ནམ། རྒྱ་གཞུང་གིས་ལག་གང་སྔ་བརྩད་ནས་ཚེས་༢༡་ཉིན་སྐྱེ་རྒུའི་མི་དམངས་ལ་རྒྱལ་ཡོངས་ནས་མྱ་ངན་ཞུ་རྒྱུ་ཟེར། ང་ཚོའི་སྲིད་གཞུང་འདིའི་ཐད་ཀྱང་རྗེས་སུ་ལུས་སོང་། རང་གི་མི་དམངས་ལ་ད་ལྟའི་དར་སྲོལ་ལྟར་གྱི་མྱ་ངན་ཞུ་བར་རྒྱ་གཞུང་སྔོན་ལ་ཤོར་སོང་བར་ཅི་སྙམ་གྱི་འདུག་གམ། ངའི་གཅེས་ཤིང་བརྩེ་བའི་གཞུང་ས་དགའ་ལྡན་ཕོ་བྲང་དང་དེའི་གཞུང་ཞབས་པ་ཚོ།
ཉིན་འདི་དག་དང་འདི་དག་ལྟ་བུའི་བྱུང་རིམ་མང་པོ་ཞིག་བརྒྱུད་པས། ད་ལྟའི་ང་ཚོའི་ཡ་ང་སྐྱོ་སྡུག་གི་གནས་སྟངས་འདི་བསུས་པར་ཐག་གིས་ཆོད།
ད་ལྟ་རྒྱ་ནག་དབུས་བརྙན་འཕྲིན་ལས་ཁུངས་ཀྱིས་སྐྱེ་དགུའི་མི་དམངས་ལ་མྱ་ངན་དང་རྒུད་སྐྱོབས་ཀྱི་ཞལ་འདེབས་བསྡུ་བའི་བྱ་འགུལ་སྤེལ་གྱི་འདུག གསར་འགོད་པ་དག་གངས་སྐྱིད་དཔེ་མཛོད་ཀྱི་སྒོ་འགྲམས་དང་། གསོལ་ཐབས་ཁང་བཅས་སུ་སོང་ནས་ལྟོས་དང་། དེ་གར་གེ་རམ་རྩེ་བཞིན་པའི་གཞུང་ཞབས་པ་ཚོའི་དགོད་སྒྲ་དང་། དཔེ་མཛོད་ལས་བྱེད་ཚོའི་འཛུམ་མདངས་དང་དགོད་སྒྲས་བཀང་ནས་འདུག ཐག་ཉེ་བའི་གསར་འགོད་པ་ཚོ་མྱུར་དུ་རྒྱུགས
ཁ་མིན་དོན་གྱིས་ལག་ལེན་ཡོད་ན་སེམས་ནས་དགའ་བསུ་ཞུ། ཡིན་ན་ཡང་། ངའི་བོད་གཞུང་ནམ་ཡིན་ཡང་ཨང་རིམ་གཉིས་པ་བརྩོན་ལེན་བྱེད་མཁན་ཡིན་པས་སེམས་པ་སྐྱོ་བས་བཏིམས།
རེད་ཡ་སེམས་ཀྱི་དཀའ་ངལ་དངུལ་གྱིས་སེལ་མི་ཐུབ་མོད་འོན་ཀྱང་དངུལ་དངོས་འགྲོ་ས་མ་ནོར་བར་གང་ལ་བྱིན་པ་དེའི་ཐད་དུ་བེད་སྤྱོད་བྱེད་ཐུབ་ན་བཟང་།དེ་ལས་གོང་ས་མཆོག་དུས་ཚོད་ཐུང་ཐུང་གི་ནང་དུ་འཕེལ་ཐུབ་ན་རྨས་མ་མང་མོ་ཞིག་གི་སེམས་ཀྱི་དཀའ་ངལ་སེལ་ཐུབ ཤི་བོ་དག་གི་ཆེད་དུ་བསྔོ་སྨོན་རེ་གནང་ཐུབ་ན་ང་ཚོའི་སྤུན་ཟླ་དག་གི་གྱེས་གདུང་གི་ན་ཟུག་སེལ་ཐུབ།ང་ཚོའི་སེམས་ཀྱི་དུང་བ་གཅིག་པོ་ཡང་དེ་ཡིན།