མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱེ་འབྱེད་བྱེད་གི་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

དཀར་མཛེས་ཡུལ་དགོན་གཉིས་ཀྱིས་ཡུལ་ཤུལ་གྱི་ས་ཡོམ་གོད་ཆག་བྱུང་མཁན་ཚོར་མི་རྒྱུ་ཟོག་གསུམ་གྱིས་རོགས་རམ་གྱི་ཆ་ཤས་བླངས་ཡོད་པ་རེད།

སྤྱི་འཐུས་བེ་རི་འཇིགས་མེད་ལགས་ཀྱིས་འདི་གར་བཏང་དོན། འབྲེལ་ཡོད་བརྒྱུད་ནས་ཁུངས་ལྡན་གནས་ཚུལ་གོ་གསལ། ཁམས་ཡུལ་ཤུལ་ཁུལ་གྱི་ས་གཡོའི་རྐྱེན་པས་མི་ཤི་ཁྱིམ་སྟོང་དང་རྐྱེན་ངན་གོད་ཆག་བྱུང་བར། ཏྲེ་ཧོར་དཀར་མཛེས་ཁུལ་དཀར་མཛེས་དགོན་པ་ནས་རྒྱ་སྒོར་ ༨༠༠༠༠ དང༌། ཁང་སར་༧སྐྱབས་མགོན་ནས་རྒྱ་སྒོར་ ༢༠༠༠༠། དཀར་མཛེས་དགོན་པའི་གྲྭ་པ་ཚོས་རྒྱ་སྒོར་ ༣༠༠༠༠ བཅས་སྡོམ་པས་རྒྱ་སྒོར་ ༡༣༠༠༠༠ དང༌། ལྷ་སར་ཡོད་པའི་དཀར་མཛེས་པའི་ཚོང་པ་ཁག་གཅིག་ནས་རྒྱ་སྒོར་ ༨༠༠༠༠ བཅས་བསྡོམས་པས་སྒོར་༢༡༠༠༠༠ བྱུང་འདུག་ལ། ད་དུང་ཚོང་པ་ཁག་ཅིག་ནས་བསྡུ་རྒྱུ་ལུས་བསྡད་ཡོད་པས་དེ་དག་ཀྱང་མུ་མཐུད་ནས་བསྡུ་རུབ་ཀྱིས་འབུལ་ལམ་ཞུ་རྒྱུ་ཡིན་ལུགས་བཤད་བྱུང༌།  དཀར་མཛེས་གྲོང་བརྡལ་གྱི་བོད་རིགས་མི་མང་ཤང་གཉིས་ནས། གྲོ་ནས་སྲན་གསུམ་དང་རྩམ་པ་སོགས་ཟས་རིགས་རྒྱ་མ་ ༡༤༠༠༠༠ ལྷག་དང༌། གོན་ཆས་སོགས་ཤར་རླུང་རྟགས་ཅན་གྱི་མོ་ཊ་གསུམ་བཏང་ཟིན་པ་དང༌། ད་དུང་མུ་མཐུད་ནས་བསྡུ་བཞིན་པར་མང་ཚོགས་ཀྱིས་འཚང་ཁའི་ངང་ཞལ་འདེབས་འབུལ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག དཀར་མཛེས་ཡུལ་དགོན་གཉིས་ནི་ཏྲེ་ཧོར་ཁུལ་གྱི་རྫོང་ཁག་ལྔ་ཡོད་པའི་ནང་ནས་དཀར་མཛེས་རྫོང་གི་ཁོངས་ནས་ཤང་ཁག་ ༢༤ ཡོད་པའི་ནང་ནས་ཤང་ཁག་བཅུའི་ཁོངས་ཡིན། དེ་བཞིན་བོད་རིགས་འདུས་སྡོད་ས་གནས་གང་ས་ནས་མི་རྒྱུ་ཟོག་གསུམ་གྱིས་རོགས་རམ་རྒྱ་ཆེར་གནང་དང་གནང་བཞིན་པ་རེད་འདུག དེ་དག་ལས་རྒྱ་གཞུང་གི་གོ་སྒྲིག་འོག་ཡོད་པ་རྣམས་གསར་འགྱུར་དང་རླུང་འཕྲིན་བརྙན་འཕྲིན་ཁག་བཅས་ལ་སྟོན་བཞིན་ཡོད་པ་ལས་དགོན་པ་ཁག་དང་མི་མང་དང་བླངས་ཀྱིས་རོགས་སྐྱོར་གནང་མཁན་རྣམས་གསར་འགྱུར་དང་རླུང་འཕྲིན་བརྙན་འཕྲིན་བཅས་སུ་དེ་ཙམ་ཐོན་གྱི་མེད་པ་མ་ཟད། རྐྱེན་ངན་འཕྲོད་པའི་ཕུང་པོ་བཏོན་པ་དང་རྨས་མ་སྐྱོབ་པའི་རིགས་ལ་ཁ་ཞེ་གཉིས་མེད་ཀྱིས་གདོང་མཆོང་བྱེད་མཁན་མང་ཆེ་བ་ནི་གྲྭ་པ་དང་མི་མང་ཚོ་ཡིན་ནའང༌། ཉེན་ཁ་ལས་བཏོན་ཚར་བ་དང་འདོན་མཁན་ཚོ་ཟུར་དུ་ཕུད་ནས། རྒྱ་རིགས་དམག་མི་ཚོ་དཀྱིལ་ལ་འཚང་ནས་འདྲ་པར་དང་བརྙན་འཕྲིན་བླངས་ནས་གང་སར་ཁྱབ་བསྒྲགས་བྱེད་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༧ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 7

  1. དོང་སྤྲུགས། says:
    ལོ་ 16 སྔོན།

    འཇིགས་མེད་དབང་རྒྱལ་ལགས། རང་ཉིད་ཕ རོལ་པོར་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་ཕ་རོལ་པོར་བསྙོན་འདིང་བ་དང་། ཕ་རོལ་པོའི་བྱ་སྤྱོད་བཟང་ངན་ཀུན་ལ་མི་དགའ་བའི་ཕྱོགས་ངོས་ནས་སྡང་མིག་གིས་བལྟ་བ་ནི་དྲང་བདེན་ཞིག་མ་རེད་ལ། བོད་མི་རིགས་ཀྱི་བཟང་སྤྱོད་དེ་བས་ཀྱང་མ་རེད།

    Reply
  2. ཚེ་རིང་། says:
    ལོ་ 16 སྔོན།

    བྲོས་བྱོལ་བྱོལ་སོང་བྱེས་སྡོད་ཀྱི་སྐྱག་གཟན་ཚོ། །
    གཞིས་བཞུགས་བོད་མིའི་མཐུན་སྒྲིལ་ལྕགས་རི་ལ། །
    ལྷག་བསམ་སྨོན་པའི་ཚིག་གཅིག་མེད་ནའང་། །
    དུག་རླངས་བདུད་ཀྱི་ཆོ་འཕྲུལ་མ་སྟོན་ཨང་། །

    Reply
  3. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    http://picasaweb.google.com.au/aenpokyabgon/AllKyegu2010EarthquakePhotos#

    Reply
  4. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    གཡུལ་མ་དཀྱེལ་ཨ། ང་ཚོས་སྐྱེ་དགུ་མདོའི་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱེད་དུས་རྩོད་ཏོག་ཙམ་ཤོར་བ་དེ་ཁོ་ཚོ་ལ་ཁ་ཞེ་གཉིས་མེད་ཡིན་པའི་རྟགས་རེད་དེ་ད་རྩོད་མཚམས་ཏོག་བཞག་སྟེ་དྲ་ཐག་འདི་ལ་གཅིག་གཟིགས་དང། གོ་རྒྱུ་ཅན་ཞིག་བྲིས་འདུག http://bit.ly/a56Klo

    བློ་གྲོས་རྒྱལ་པོ་ལགས། ཉིད་ཀྱིས་ཅུང་གསོན་ནོར་ཐེབས་འདུག བེ་རིས་ཟེར་ན་རྒྱ་གཞུང་གིས་མི་དམངས་དང་གྲྭ་བས་རང་སྲོག་བློས་བཏང་སྒོས་རོགས་སྐྱོར་བྱས་ཀྱང་བརྙན་འཕྲིན་ནང་དུ་མི་བསྟན་པར་ཁོང་ཚོས་རོགས་སྐྱོར་རུ་ཁག་ཏུ་འབོད་པའི་དམག་མི་དེ་ཚོ་བརྙན་འཕྲིན་གྱི་པར་སྒོའི་ཁར་འཚང་བཞིན་འདུག་ཟེར་བ་རེད།
    ཉིད་ཀྱིས་གསུངས་པར་ལྟར་ས་ཁུལ་གཞན་གྱི་མི་དམངས་ཚོ་རྒྱ་གཞུང་གིས་བཀོད་སྒྲིག་བྱས་པ་རེད་ཟེར་བ་མ་རེད། མ་གཞི་ཁོ་ཚོ་བསྟན་སའི་བརྙན་འཕྲིན་དེ་ཚོ་རྒྱ་གཞུང་གི་བརྙན་འཕྲིན་ཡིན་ཁག་པོ་རེད།

    Reply
  5. ནད་པ says:
    ལོ་ 16 སྔོན།

    ཐེངས་འདིའི་གོད་ཆག་ཁྲོད་འདས་སོན་ཡོངས་ཀྱི་ཆེད་དུ་རྒྱ་ནག་དབུས་གཞུང་གི་ཆེས་མཐོའི་སྲིད་འཛིན་དང་སྲིད་བློན་རྣམ་གཉིས་ཀྱིས་གཙོས་པའི་ས་གནས་ཀྱི་དབུ་འཁྲིད་ཚོ་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན། དཀར་མཛེས། བོད་ལྗོངས་སོགས་ཚང་མས་ཁ་ཞེ་གཉིས་མེད་ཀྱིས་སྒོ་ནས་དུང་སེམས་མཉམ་བསྐྱེད་དང་རོགས་རམ་སོགས་ཚད་མེད་ཅིག་གནང་བཞིན་ཡོད་པ་འདི་མཐོང་ཐོས་བྱུང་མ་ཐག་སེམས་གཏིང་ནས་མྱ་ངན་གྱི་ཁྲོད་ནས་རེ་བ་དང་དགའ་སྤོབས་ཚད་མེད་གཅིག་སྐྱེས་བྱུང་བས་ཚང་མར་སྙིང་ནས་བཀའ་དྲིན་ཆེ།

    འདི་ཕྱོགས་སུ་༸ གོང་ས་སྐྱབས་ཆེན་པོས་ས་གནས་དེར་བཀའ་དྲིན་ཞབས་སོར་འཁོད་ཐུབ་པའི་ཐུགས་རེ་ཚད་མེད་ཅིག་གནང་གནང་ཡོད་ལ་ཟླ་འདིའི་ཚེས་ ༡༨ ཉིན་སྐྱེ་རྒུ་མདོའི་འབྲེལ་ཡོད་སློབ་ཕྲུག་ཚང་མར་ཕོ་བྲང་དུ་དམིགས་བསལ་གྱིས་སེམས་ཤུགས་མ་ཆགས་པར་སློབ་གཉེར་ཡག་པོ་བྱེད་དགོས་པའི་བཀའ་སློབ་གསུང་བྱིན་བསྩལ་འདུག

    དེ་བཞིན་བཙན་བྱོལ་བོད་གཞུང་གིས་ངོས་ནས་ཀྱང་དུང་སེམས་མཉམ་བསྐྱེད་དང་དང་། བསྔོ་བ་སྨོན་ལམ། ཞལ་འདེབས་ཚོགས་ཆུང་ཞིག་གསར་དུ་བཀོད་སྒྲིག་མཛད་འདུག་པས་རྒྱ་བོད་གཉིས་མི་རིགས་གཉིས་ཀ་དང་ཕྱི་ནང་མི་རིགས་ཡོངས་ཀྱིས་དཀའ་ཚེགས་ཆེ་བའི་དུས་འདིར་ཚང་མས་རྡོག་རྩ་ཆིག་བསྒྲིལ་གྱི་ཕྱ་བ་གྲུ་འདེགས་གནང་ཐུབ་པ་འདི་དགོས་གནས་རྩ་ཆེན་པོ་རེད།

    འབྱུང་འགྱུར་དུས་ཀྱི་འཁོར་མོའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་༸ གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་བཞེད་ལྟར་བོད་གཞི་བྱེས་མཉམ་འཛོམས་ཐུབ་པའི་རེ་བ་གསར་པ་ཞིག་སྟེར་བྱུང་ལ་མེས་རྒཡལ་གོང་བུ་གཅིག་ཏུ་བསྒྲིལ་ཐུབ་པའི་རེ་བ་ཡང་མངོན་བཞིན་ཡོད།

    Reply
  6. བཀྲ་ཤིས་ཉི་མ་ says:
    ལོ་ 16 སྔོན།

    བློ་གྲོས་རྒྱལ་པོ་ལགས ཁྱོད་རང་གི་ཕར་ཕྱོགས་གནས་ཚུལ་གང་གསུངས་ཡོད་པ་དེ་རྒྱུས་ལོན་དང་གནས་ཚུལ་ཤེས་པ་བྱེད་དགོས་ ཁ་ནས་གང་ཐོན་མ་གསུངས་རོགས་གནང་།

    Reply
  7. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    འཇིགས་མེད་དབང་རྒྱལ་ལགས། བཀའ་མོལ་དེ་འདྲ་ད་གསུངས་རྒྱུ་ཨེ་ཡོད། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་ས་ཁུལ་གྱི་མི་དམངས་ནས་རང་ནུས་ཇི་ཡོད་བཏོན་དེ་ཞལ་འདེབས་ཕུལ་སྟངས་བརྙན་འཕྲིན་ནང་བསྟན་དང་སྟོན་བཞིན་འདིའི་རིགས་རྒྱ་གཞུང་གིས་ཆེད་དུ་བཀོད་སྒྲིག་བྱས་པ་རེད་གསུངས་པ་ཡིན་ན་སྟོན་པའི་ན་བཟའ་བཞེས་བསྡད་མཁན་ཞིག་གི་ངོས་ནས་ཅུང་ཐལ་དྲགས་པ་མ་ཡིན་ནམ། མ་གཞི་ནས་ཁྱེད་ཚོའི་གྲས་ནས་རང་ངོས་ནས་འཇོན་ཡ་གང་ཡང་མེད་པར་གཞན་གྱི་བྱས་པ་ལ་མ་འགྲིག་པ་དང་མ་འཐུས་པའི་སྐྱོན་འཛུགས་རྐྱང་བྱས་བསྡད་ན། དེང་སྐབས་འཛམ་གླིང་དེ་གྲོང་སྡེ་གཅིག་དུ་སྦྲེལ་ཟིན་པ་དང་། མི་དམངས་ཡང་དེ་འདྲའི་བླུན་ལྐུགས་རྐྱང་མ་ཡིན་པར་རྣམ་དབྱེ་འབྱེད་ཐུབ་པའི་རིགས་ལ་སོང་་་་་་། རང་ཉིད་ཀྱི་བསམ་པར་ད་ཐེངས་རྒྱ་ནག་གཞུང་དང་གཞིས་ལུས་བོད་མི་དམངས་ནས་གང་ཡོང་གནང་སོང་བསམ་གྱི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese