མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱར་ཁའི་ཉིན་གཉིས་རིང་གི་ནང་ཆོས་ངོ་སྤྲོད།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ནང་ཆོས་ངོ་སྤྲོད་དེ་ཟླ་རྗེས་མའི་ཚེས་ ༡ དང་ ༢ ཉིན་གཉིས་རིང་༧གོང་ས་མཆོག་གིས་གནང་རྒྱུ་ཡིན་པ་དང་། ཚེས་ ༣ ཉིན་བཀའ་བློན་ཁྲི་པ་མཆོག་གིས་ཆབ་སྲིད་ངོ་སྤྲོད་གནང་རྒྱུ་ཡིན་འདུག

ཕྱི་ཚེས་ ༢༤ ཉིན་འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་དང་མེག་གྷན་ཡོངས་གླིང་སློབ་གྲྭའི་འགན་འཛིན་ཟླ་བ་ཚེ་རིང་ལགས་བརྒྱུད་དེ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ༢༠༠༧ ལོ་ནས་ལོ་རེའི་བོད་ཁྱིམ་སློབ་གྲྭ་ཁག་གི་ཉིན་བཅུའི་དབྱར་གནང་གི་སྐབས་དང་བསྟུན། བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་ཕྲུག་གཙོས་ཕྱོགས་མཐའ་ཁག་གི་མཐོ་རིམ་སློབ་གྲྭ་ཁག་ནས་ཡོང་བའི་སློབ་མ་དྲུག་བརྒྱ་ནས་བདུན་བརྒྱའི་བར་ལ་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཞིག་འགྲོ་བཞིན་པ་ལྟར། འདི་ལོའི་ནང་ཆོས་ངོ་སྤྲོད་ཐེངས་བཞི་པ་དེ་ཟླ་རྗེས་མའི་ཚེས་ ༡ དང་ ༢ ཉིན་གཉིས་རིང་༧གོང་ས་མཆོག་གིས་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་གནང་གཏན་འཁེལ་བ་དང་། ཚེས་ ༣ ཉིན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཞོན་སྐྱེས་ཚོར་ཆབ་སྲིད་ཀྱི་སྐོར་ལ་བཀའ་སློབ་གནང་རྒྱུ་ཡིན་འདུག

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་དོན། ༧གོང་ས་མཆོག་གིས་དུས་རྒྱུན་ཏུ་བོད་མི་ཚོར་དད་པ་དང་ཡིད་ཆེས་གཅིག་པུ་ཙམ་མིན་པར་ངེས་པ་རྙེད་པའི་ཐོག་ནས་ནང་ཆོས་ལ་དད་པ་འཐོབ་པ་ཞིག་བྱུང་ན། དུས་རབས་ཉེར་གཅིག་པའི་ཆོས་པ་ཞིག་དང་ནང་པ་ཞིག་ཆགས་པ་རེད་ཅེས་བཀའ་གནང་བ་མ་ཟད། བོད་མི་ཚོར་ནང་ཆོས་ཐོག་སློབ་གཉེར་གནང་དགོས་པ་རེད་ཅེས་བཀའ་སློབ་ཕེབས་པ་ལྟར། ངྷ་ས་རུ་ ༢༠༠༥ ལོ་ནས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་བཙུགས་པ་དང་།  ༢༠༠༧ ལོ་ནས་༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་གནང་མགོ་བརྩམས་ཏེ། ད་ལོའི་ནང་ཆོས་ངོ་སྤྲོད་འདི་ནི་ཐེངས་བཞི་པ་དེ་ཡིན་ཞེས་གསུངས།

ཡང་ཁོང་གིས། ང་ཚོའི་བསམ་བློའི་ནང་རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ཝན། ཨ་རི་སོགས་འཛམ་བུ་གླིང་གི་ས་གནས་ཁག་མང་བོ་ཞིག་ནས་དད་ལྡན་གྱི་ཆོས་ཞུ་བ་རྣམས་ཀྱིས་འགྲོ་སོང་མང་པོ་བཏང་སྟེ། ལོ་ལྟར་༧གོང་ས་མཆོག་གི་མདུན་ནས་གསུང་ཆོས་ཞུས་བསྡད་ཀྱིན་ཡོད་ཐོག ང་ཚོ་ནི་༧གོང་ས་མཆོག་གི་དགེ་ཕྲུག་དང་ཁོང་གི་མེ་ཏོག་གང་ལ་ཕོག་པའི་གདུལ་བྱ་ཡིན་སྟབས། འཛམ་གླིང་གི་མི་མང་ཚོས་དེ་ལྟ་བུའི་གོ་སྐབས་ཤིག་ལེན་དུས་ང་ཚོས་གོ་སྐབས་རྩོད་ལེན་མ་བྱས་ན། ང་ཚོ་རང་ཉིད་ཀྱི་གྱོང་གུད་དང་ཞབས་འདྲེན་གྱི་ལས་ཀ་ཞིག་ཏུ་ཆགས་ཡོད་ཅེས་གསུངས།
འདས་པའི་ལོ་གསུམ་ནང་མཐོ་རིམ་སློབ་གྲྭ་ཁག་ཏུ་འགྲིམ་བཞིན་པའི་སློབ་ཕྲུག་དྲུག་བརྒྱ་ནས་བདུན་བརྒྱའི་བར་དུ་བྱུང་བ་དང་། འདི་ལོར་ད་ལྟའི་ཆར་ཐོ་འགོད་བྱས་ཟིན་པའི་མཐོ་རིམ་སློབ་གྲྭ་ཁག་གི་སློབ་མ་ ༢༠༠ ལས་བྱུང་མེད་ཀྱང་། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ལོ་སྔོན་མ་ལྟར་སློབ་མ་དྲུག་བརྒྱ་ནས་བདུན་བརྒྱ་བར་ཡོང་གི་རེད་བསམ་གི་འདུག་ཅེས་གསུངས།
ལོ་སྔོན་མར་ས་གནས་ཁག་ ༣༢ ཙམ་གྱིས་མཐོ་རིམ་སློབ་གྲྭ་མི་འདྲ་བ་ ༨༠ ལྷག་གི་མཐོ་རིམ་སློབ་མ་ ༦༠༠ ལྷག་གསུང་ཆོས་ཞུ་རུ་ཡོང་ཡོད་འདུག

གསར་འགོད་པས་ཁོང་ལ། ད་ལོར་༧གོང་ས་མཆོག་གི་འཆད་འཁྲིད་གང་གི་སྐོར་ཡིན་མིན་སྐོར་དྲིས་པར། ལོ་དང་པོ་དང་གཉིས་པར་༧གོང་ས་མཆོག་གིས་གཞི་རིམ་གྱི་ནང་ཆོས་ངོ་སྤྲོད་གནང་བ་དང་། ལོ་སྔོན་མར་ལག་ལེན་སོ་བདུན་མའི་ཐོག་ཏུ་འཆད་འཁྲིད་གནང་བ་རེད། ད་ལོར་ད་ལྟའི་ཆར་ཅི་ཞིག་འཆད་འཁྲིད་གནང་མིན་ཐད་ཡར་བཀའ་འདྲི་ཞུས་ནའང་། བཀའ་ལན་གང་ཡང་གནང་མ་སོང་བས་ད་ལྟའི་ཆར་ཅི་ཞིག་གི་སྐོར་ལ་འཆད་འཁྲིད་གནང་མིན་ཐད་ཤེས་རྟོགས་བྱུང་མེད་ཅེས་གསུངས། 

དེ་བཞིན་ངྷ་ས་རུ་ ༢༠༠༥ ལོ་ནས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་བཙུགས་པ་དང་། རེས་གཟའ་ཉི་མ་ནམ་ཡིན་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཞིག་འགྲོ་བཞིན་པ་ལྟར། ༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་གནང་མགོ་བརྩམས་ནས་ད་བར་ངྷ་སའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནང་དུ། གཞོན་སྐྱེས་ནང་ཆོས་ལ་གསན་མཁན་མང་དུ་འགྲོ་བཞིན་འདུག

དེང་སྐབས་ང་ཚོས་ངྷ་སའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནང་འཛིན་གྲྭ་ཁག་གཉིས་བཟོས་ཏེ། ལོ་གཉིས་དང་གསུམ་ལ་བསླབ་ཟིན་པ་རྣམས་ཀྱི་སློབ་ཚན་ཀྱང་གང་འཚམ་ཡར་སླེབས་ཟིན་པ་དང་། ཡང་རེ་ཟུང་འདས་པའི་ལོ་འདི་གའི་ནང་གསར་དུ་སླེབས་སྟབས། འཛིན་གྲྭ་གསར་པ་ཞིག་མགོ་འཛུགས་བྱེད་དགོས་བྱུང་ཡོད་ཅེས། ནང་ཆོས་ངོ་སྤྲོད་ཀྱི་ཚོགས་ཚུང་འདིའི་འདས་པའི་ལོ་འགའི་རིང་གི་གྲུབ་འབྲས་སྐོར་ངོ་སྤྲོད་གནང་ཡོད།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 4

  1. སྨྱུ་གུ། says:
    ལོ་ 16 སྔོན།

    བོད་རིགས་ན་གཞོན་ཚོས་ནང་ཆོས་ཤེས་རྒྱུ་གལ་ཆེ་ཡང། དེ་བས་ཀྱང་གལ་ཆེ་བ་དེ་ནི་བོད་ཀྱི་ལོ་རྒྱུས་ཡག་པོ་ཞིག་ཤེས་རྒྱུ་གལ་ཆེན་པོ་རེད། ལོ་རྒྱུས་ཀྱི་དུས་མཚམས་རེ་རེར་ཆོས་ལུགས་དང་ཆོས་བྱེད་མི་སྣས་བོད་མི་རིགས་ཀྱི་མདུན་ལམ་ཇི་ལྟར་བཀག་ཡོད་མིན་དེ་ཡག་པོ་ཞིག་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
    ད་ལྟའི་བོད་པའི་དབུ་ཁྲིད་འདི་ཡག་པོ་ཡོད་པའི་རྒྱུ་མཚན་གྱིས་ཆོས་བྱེད་མི་སྣ་ཆ་ཚང་ཡག་པོ་ཡོད་པ་བསྒྲུབས་མི་ཐུབ་སྟབས། ཆོས་ལུགས་ཤེས་པ་ལ་དང་ཐོག་ཆོས་ལུགས་ཀྱི་རྒྱབ་ལྗོངས་ཤེས་དགོས་པ་དེ་གལ་ཆེན་པོ་རེད།

    Reply
  2. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    དེ་རིང་༸གོངས་མཆོག་གིས་ཁོང་སྐུ་ཁམས་བདེ་མོ་མེད་ཚུལ་ཅུང་ཞིག་གསུངས་སོང་བར་བོད་མི་རྣམས་ནས་དོན་སྣང་གནང་རོག

    Reply
  3. karma dorje says:
    ལོ་ 16 སྔོན།

    ་་་་། ང་ཚོ་ནི་༧གོང་ས་མཆོག་གི་དགེ་ཕྲུག་དང་ཁོང་གི་མེ་ཏོག་གང་ལ་ཕོག་པའི་གདུལ་བྱ་ཡིན་སྟབས། །་་་་་

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས།
    རེས་གཟའ་ཉི་མ་ནམ་ཡིན་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཞིག་འགྲོ་བཞིན་པ་ཨེ་ཡིན། སོ་སོ་སྐྱེ་བོའི་སྤྱོད་ཡུལ་ལས་འདས་པ་ཞིག་ཡིན་ན་མ་གཏོགས་རྡ་སའི་མི་དམངས་ཚོས་མཐོང་ཐོས་མི་འདུག
    འོན་ཀྱང་རེ་གཟའ་སྤེན་པའི་ཕྱི་དྲོ་དང་རེ་གཟའ་ཉི་མའི་ཉིན་མཚན་ཉིད་སློབ་གྲྭའི་ཚོགས་ཁང་ནང་རྒན་རྒོན་མང་པོ་ཞིག་འཛོམས་བཞིན་ཡོད་སྐད་འདུག

    སྤྱི་ཚེས་གསུམ་ཉིན་བཀའ་ཁྲི་མཆོག་གིས་ཆབ་སྲིད་གོ་རྟོགས་སྤེལ་འཆར་ཡོད་ན་ཧ་ཅང་ཡག་པོ་རེད། ང་ཚོ་བོད་པ་ཚང་མ་ད་དུང་ཡང་ནང་ཆོས་ལ་མགོ་བོ་འཁོར་ན་ཡག་པོ་ཨ་ཡོད། ང་ཚོ་ད་ལྟ་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་རེད།

    ༸འཕགས་མཆོག་ཕྱག་ན་པདྨོ་སྐུ་ཚེ་བརྟན་ཅིང་། མཛད་འཕྲིན་ཕྱོགས་བཅུར་རྒྱས་པའི་སྨོན་འདུན་ཤུགས་དྲག་དང་བཅས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese