དགེ་འདུན་རབ་གསལ།
དུག་མདའ་ཞུ་བ་འདི་སུ་རེད། ངས་མི་ཤེས། ངས་དུག་མདའ་ཞུ་བ་འདི་ཤེས་ཐུབ་བམ། དེ་ཡང་ངས་མི་ཤེས། ངས་དུག་མདའ་ཞུ་བ་འདི་ཤེས་དགོས་སམ། གཅིག་བྱས་ན། གཅིག་བྱས་ན་ཤེས་དགོས། འོན་ཀྱང་། ངས་ཤེས་པ་ནི། དུག་མདའ་ཞུ་བ་འདི་ཡང་། ཁ་བརྡ་དང་དུས་བབ་ཏུ་མིང་སྦས་ནས་རྩོམ་ཡིག་དང་མཆན་འབྲི་མཁན་གྱི་བརྒྱ་ཆའི་ཚད་མཐོ་པོ་ཡོད་པ་དེའི་གྲས་ཀྱི་གཅིག་རེད། མིང་མེད་པའི་མི་ཞིག་ལ་ལན་འདེབས་པ་ནི་ཧ་ཅང་མ་འོས་པ་ཞིག་རེད། འདི་ངེད་ཀྱི་སེམས་ལ་འཛིན་ཕྱོགས་ཤིག་ཡིན། འོན་ཀྱང་། ཡ་མཚན། མཚམས་རེར་མིང་མེད་པའི་ཐོག་ནས་དོན་ཚན་གནད་ཅན་དང་། ལྷག་པར་ས་གནས་ཀྱི་སྐད་ཆ་ཐན་ཐུན་དེ་ཚོ་གླེང་ཡོང་དུས། བཤད་མཁན་འདི་དག་ཀྱང་ས་གནས་ཀྱི་གནད་ཡོད་ཅིག་ཡིན་ནམ་སྙམ་པའི་དྭོགས་པ་སླེབས་ཤིང་། གལ་སྲིད་དེ་འདྲ་ཡིན་ན་ལན་མེད་དུ་འཇོག་རྒྱུར་ཡང་འོས་བབ་མ་མཆིས་སྙམ། རྒྱུ་མཚན་དེ་ལྟར་ན། གཤམ་གསལ་གྱི་ཚིག་འདི་དག་ཀྱང་འབྲི་དགོས་ཤར། དེ་དང་ལྷན་གཅིག་ཏུ། ཕྱིས་སུ་མིང་མེད་པའི་མི་ལ་སྐད་ཆ་བཤད་མི་དགོས་པའི་སྨོན་ལམ་འདེབས་པ་ཡིན་ལ། ངས་སྐད་ཆ་འདི་ལ་བརྟེན་ནས་ཀློག་མཁན་ཚོར་བསུན་གཙེར་བྱུང་ཚེ་ཐོག་མ་ཉིད་ནས་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།
གཤམ་གསལ་གྱི་མཆན་འདི་ནི་དུས་བབ་དྲ་རྒྱའི་ཐོག་གི་ “སྒོར་མོ་ལས་སྐུ་ཕྱྭ་གལ་ཆེ། མཁྱེན་ནམ།”ཞེས་པའི་རྩོམ་ཡིག་ལ་བཀོད་པའི་མཆན་ཐུང་ངུ་ཞིག་རེད།
“དུག་མདའ། ༢༠༡༠/༠༥/༢༤ ཉིན་འདོན་སྤེལ་བྱས། ༧ རྒྱལ་བའི་སྐུ་ཕྱྭའི་ཐད་ལ་བོད་གཞུང་བདེ་སྲུང་གིས་འགན་གནང་དགོས་པ་ལས་ཨ་ཀྱྰ་རིན་པོ་ཆེ་མཆོག་ནས་ཁོང་བླ་རྒན་ཞིག་གིས་གོ་སྒྲིག་གནང་དགོས་པའི་ཚད་ལ་སླེབས་ཡོད་པར་སེམས་ལ་ཡང་ཨེ་ཤར་སྙམ། རིན་པོ་ཆེས་ཆོས་ཚོགས་ཀྱི་ཡོང་འབབ་ལ་དམིགས་ནས་ཞུས་ཤིང་ ༧ གོང་ས་མཆོག་ནས་ཀྱང་ཆོས་ཚོགས་ཀྱི་མ་རྩར་དམིགས་ནས་ཆིབས་སྒྱུར་གནང་བ་ཡིན་ན། སྐུ་མདུན་བེད་སྤྱོད་སྐོར་གྱི་དཔྱད་གཏམ་འདི་ཨ་ཀྱྰ་རིན་པོ་ཆེའི་བར་དུ་ལུས་དོན་མི་འདུག་སྙམ། སོག་པོ་ཞེས་པའི་ཐ་སྙད་འདི་དེ་ཙམ་རྣར་མི་སྙན་ན་རྒྱ་དམར་དགྲ་རུ་འཛིན་པའི་གཅེན་པོའི་ཆོས་ཚོགས་རྒྱ་བོད་སོག་གསུམ་གྱི་བྲོ་རར་རེ་བའི་གོང་ས་མཆོག་ལ་ཁག་འདེད་བྱས་ན་རན། དམར་པོའི་དབང་བསྒྱུར་འོག་ནས་མི་ཚེ་ཟད་པའི་མི་ཞིག་ལ་མཚོན་ན་སླད་ཅིག་ཡོད་མི་སྲིད་པ་མིན་པས། ཆུང་མའི་མདུན་ནས་བསྒམ་ཚུགས་འཛིན་འདོད་ན་འདི་ཙམ་བཟོད་པར་འོས། དགེ་འདུན་རབ་གསལ་གྱི་སྐོར་ཁག་ཅིག་གིས་ཨ་ཀྱྰ་རིན་པོ་ཆེ་ཆོས་ཚོགས་ནས་ཐོན་རྩིས་ཡིན་སྐོར་གྱི་རྫུན་གཏམ་བསྒྲིགས་ཏེ་སྐུ་སྒེར་ཡིག་ཚང་ལ་དབུ་སྐོར་བཏང་པའི་སྐད་ཆ་ཞིག་གོ་ཐོས་བྱུང་སྟེ། དཀྱུས་མ་ཞིག་གིས་རྩོད་རྙོག་གི་གཞི་བསླང་བར་མི་འདོད། དེས་ན་ཁོས་བཤད་ཚད་བདེན་པ་ཡིན་སྲིད་ཀྱང་ཆོས་ཚོགས་འདི་ཅི་ལྟར་འཚོ་ཐུབ་པ་བྱུང་པའི་མགོ་མཇུག་བར་གསུམ་ལ་རྒྱུས་མེད་པ་དག་གིས། བྱེད་རྒྱུ་༼བསམ་ཤེས་༽ཞེས་པ་ལས་གཞན་གང་ཡང་མེད་དོ།།”
ད་ ང་རང་ཡ་མཚན་པའི་དོན་རྣམས་རེ་རེ་བཞིན་ཞུ་རྒྱུར། དུག་མདའ་ལགས། ཁྱེད་ཀྱིས་ཨ་ཀྱཱ་རིན་པོ་ཆེའི་སེམས་ཇི་ལྟར་ཤེས། མི་ཤེས་ན། “༧ རྒྱལ་བའི་སྐུ་ཕྱྭའི་ཐད་ལ་བོད་གཞུང་བདེ་སྲུང་གིས་འགན་གནང་དགོས་པ་ལས་ཨ་ཀྱྰ་རིན་པོ་ཆེ་མཆོག་ནས་ཁོང་བླ་རྒན་ཞིག་གིས་གོ་སྒྲིག་གནང་དགོས་པའི་ཚད་ལ་སླེབས་ཡོད་པར་སེམས་ལ་ཡང་ཨེ་ཤར་སྙམ།”ཞེས་གསུངས་དོན་ཅི། བོད་མི་ས་ཡ་དྲུག་གི་སྤྱི་ནོར་ཆེན་པོ་ས་གནས་སུ་ཆིབས་བསྒྱུར་སྐབས་སྐུ་ཕྱྭའི་འགན་དེ་སུ་ལ་ཡོད་མེད་ཐད་བོད་གཞུང་བདེ་སྲུང་ལ་ཡ་ལ་དཀྲི་རྐྱང་བྱས་ན་ཨེ་འགྲིག དམིགས་བསལ་ས་གནས་འདིར་བྱུང་ཟིན་པའི་དོན་དེ་ཚོ་མཐོང་སྐབས་ ཤ་གསེང་ནས་ཟུག་གཟེར་ལངས་པ་ཞིག་མི་ཡོང་ངམ།
ཨོ་ཨོ། “རིན་པོ་ཆེས་ཆོས་ཚོགས་ཀྱི་ཡོང་འབབ་ལ་དམིགས་ནས་ཞུས་ཤིང་ ༧ གོང་ས་མཆོག་ནས་ཀྱང་ཆོས་ཚོགས་ཀྱི་མ་རྩར་དམིགས་ནས་ཆིབས་སྒྱུར་གནང་བ་ཡིན་ན། སྐུ་མདུན་བེད་སྤྱོད་སྐོར་གྱི་དཔྱད་གཏམ་འདི་ཨ་ཀྱྰ་རིན་པོ་ཆེའི་བར་དུ་ལུས་དོན་མི་འདུག་སྙམ།” ཨོ་རེད། ༧གོང་ས་མཆོག་ཆོས་ཚོགས་ཀྱི་མ་རྩར་དམིགས་ནས་ས་གནས་འདིར་ཆིབས་བསྒྱུར་གནང་བ་རེད་དམ། “ཆོས་ཚོགས་ཀྱི་མ་རྩ་”ཨེ། དེ་ཚོ་གསོལ་རས་ཞུས་གྲུབ་པ་མ་རེད་དམ། སྒོར་མོའི་ཁ་གྲངས་མི་བཤད། ངས་འདིའི་ཁ་གྲངས་བཤད་ནས་བོད་མི་ས་ཡ་དྲུག་མིག་གཅེར། ཁ་གདངས་ནས་སྡོད་དགོས་པ་ཞིག་བཟོ་མི་འདོད། འོན་ཀྱང་དེ་ཚོ་གསོལ་རས་ཞུས་གྲུབ་པ་མ་རེད་དམ། འོན་ཀྱང་ངས་བཤད་པ་དེའི་དོན་དག་དེ་མ་རེད། ངས་སྦྱིན་བདག་སྐོར་སྐོར་བྱས་ཏེ་མཇལ་ཡུན་རིང་པོ་བཟོ་བ་ལས། སྦྱིན་བདག་ཡོངས་སུ་རྫོགས་པ་མཇལ་ཐེངས་གཅིག་ལ་མཇལ་བཅུག་ན་མ་འགྲིག་པ་ག་རེ་ཡོད་རེད་ཅེས་དྲིས་པ་ཡིན། དེ་ལྟར་བྱས་ན། སྐུ་མདུན་སྐུ་ཐང་ཆད་པ་ཉུང་རུ་འགྲོ་གི་རེད་ཅེས་བཤད་པ་ཡིན།
ད་ངས་གོ་བ་ལེན་མ་ཐུབ་པ་ཞིག་ནི་འདི་རེད། ཚིག་འདི་ཚོ་རེད། “སོག་པོ་ཞེས་པའི་ཐ་སྙད་འདི་དེ་ཙམ་རྣར་མི་སྙན་ན་རྒྱ་དམར་དགྲ་རུ་འཛིན་པའི་གཅེན་པོའི་ཆོས་ཚོགས་རྒྱ་བོད་སོག་གསུམ་གྱི་བྲོ་རར་རེ་བའི་གོང་ས་མཆོག་ལ་ཁག་འདེད་བྱས་ན་རན།” ད་སྐུ་མདུན་ལ་ཁག་འདོགས་བསྙད་འདོགས་བྱེད་དགོས་གསུངས་ཀྱི་ཡོད་དམ། དུག་མདའ་ལགས། དེ་རེད་དམ། དེ་ནས་ཆོས་ཚོགས་འདི་ད་ལྟ་བོད་རྒྱ་སོག་གསུམ་གྱི་བྲོ་ར་རེད་གསུངས་གི་ཡོད་དམ། བྲོ་དེ་ཡང་བོད་རྒྱ་སོག་གསུམ་གྱི་བྲོ་ཞིག་ཡིན་ལས་ཆེ། ད་དངོས་གནས་བྲོ་ལ་གཟིགས་དང་། བྲོའི་སྟངས་སྟབས་དེ་ཚོ་ནི་ལྷ་དང་ཀླུའི་ཆོ་འཕྲུལ་རང་རེད། རིམ་གྱིས་མང་པོ་ཞུ་རྒྱུ་ཡོད། ལན་གཅིག་འདི་ཙམ་གྱིས་འཐུས།
ད་མཐའ་དོན་གྱི་ཚུལ་དུ་”དགེ་འདུན་རབ་གསལ་གྱི་སྐོར་ཁག་ཅིག་གིས་ཨ་ཀྱྰ་རིན་པོ་ཆེ་ཆོས་ཚོགས་ནས་ཐོན་རྩིས་ཡིན་སྐོར་གྱི་རྫུན་གཏམ་བསྒྲིགས་ཏེ་སྐུ་སྒེར་ཡིག་ཚང་ལ་དབུ་སྐོར་བཏང་པའི་སྐད་ཆ་ཞིག་གོ་ཐོས་བྱུང་།” དུག་མདའ་ལགས། ཁྱེད་ལ་དུག་གི་སྙན་ཞིག་ཡོད་པ་འདྲ། ང་མི་རྐྱང་ཁེར་རྐྱང་ཡིན། སྐོར་ཁག་གང་ཡང་མེད། ལྟག་མཚེར་རིན་པོ་ཆེ་དགོངས་པ་རྫོགས་མ་ཐག་ ས་གནས་སུ་སྐུ་གདུང་བཞུགས་སའི་མཆོད་རྟེན་ཞིག་བཞེངས་གནང་ཡོང་བའི་རེ་སྐུལ་གྱི་ཡི་གེ་ཞིག་ཞིང་གཤེགས་དམ་པའི་སློབ་ཚོགས་དང་གྲོགས་པོ་དག་གིས་སྐུ་སྒེར་ལ་ཕུལ་བ་དེར་ངས་མིང་རྟགས་བཀོད་པ་ཡིན། འདིའི་དམིགས་ཡུལ་ཡང་ལྟག་མཚེར་རིན་པོ་ཆེའི་མཚན་ཙམ་ཞིག་ས་གནས་འདིར་གནས་ཐུབ་ན་ཅི་མ་རུང་སྙམ་པ་ཞིག་གི་ཀུན་སློང་ལས་བྱུང་བ་རེད།
གོང་གསལ་གྱི་མཆན་འདི་ལ་འབྲེལ་བ་མེད་པ་ཞིག་ནི། མིང་རྫུན་མ་ཅན་གྱིམཆན་བུ་དེ་དག་གི་སྐོར་ལ་ཡིན། མིང་རྫུན་མའི་མཆན་བུ་དེ་དག་གི་སྐོར་ལ་རྩོམ་ཡིག་འགའ་བྲིས་ཟིན་པ་ཡིན། ད་ཐེངས་སྡིག་དམོད་ཀྱི་ལས་ལ་འཇུག་གི་ཡིན་ན། གསན་པར་འཚལ།
བོད་མི་ས་ཡ་དྲུག་ཡོད། དེའི་ཁྲོད་ཀྱི་འབུམ་གཉིས་ཙམ་ཞིག་བཙན་བྱོལ་དུ་ཡོད། འདིའི་བརྒྱ་ཆ་ག་ཚོད་ཅིག་དྲ་རྒྱ་ལ་སླེབས་ཐུབ་གི་ཡོད། དེའི་བརྒྱ་ཆ་ག་ཚོད་ཅིག་གིས་བོད་ཡིག་གི་དྲ་རྒྱ་སྔོག་གི་ཡོད། ཧ་ལམ་སྟོང་སྐོར་ཅིག་གི་ནང་དུ་ཚུད་ཐག་ཆོད་རེད། སྟོང་སྐོར་དེའི་ནང་ནས་བོད་རྒྱལ་ཁབ་ཀྱི་ལར་ཞེན་གཅིག་པུ་ལ་བརྟེན་ནས་ཆོས་རིག་སྐད་ཡིག་དང་བཅས་པ་སྲུང་སྐྱོབ་བྱེད་མཁན་ནི་ཧ་ལམ་མང་ཤོས་ཀྱི་ཚུལ་དུ་ཡིན། དེས་ན་ཆོས་སྲིད་ཀྱི་ལ་རྒྱ་མི་བརྩི་ཞིང་། རང་རིགས་ཀྱི་ཞེན་ཁོག་ཆུང་བ། གདོང་དུ་ཐོན་ནས་བཤད་མི་ཕོད་ཅིང་། རྒྱབ་ཏུ་ཡིབ་ནས་བཤད་ལ་དགའ་བ། རང་གི་སྐྱོན་རི་རབ་བཞག་ནས་གཞན་གྱི་སྐྱོན་ཁབ་མིག་ལས་ཆུང་བ་འཚོལ་བ་འདིའི་གྲས་ནི་ཧ་ཅང་གྲངས་ཉུང་ཡིན་པ་ཞུ་མ་དགོས་པ་ཞིག་རེད།
འདས་པའི་ལོ་ཤས་རིང་འདིར། དྲ་རྒྱའི་ཐོག་ནས་བསམ་ཚུལ་སྤེལ་རེས་བྱེད་པའི་གོ་སྐབས་འདི་བྱུང་བ་ནས་བཟུང་། མཐོ་༧སྐྱབས་མགོན་ཆེན་པོ་ནས་དམའ་སློབ་མ་ཞིག་གི་བར་དུ་མཚམས་དང་ཚོད་མེད་པའི་སྐྱོན་བརྗོད་བྱེད་རྐྱང་བྱེད་པའི་གོམས་གཤིས་ངན་པ་ཞིག་ང་ཚོའི་སྤྱི་ཚོགས་སུ་ལང་ཤོར་དུ་འགྲོ་བཞིན་གདའ། འདིའི་གྲས་ཀྱི་སྐད་ཆ་ལ་ཉན་ཚེ། ཡ་རབས་དང་བཟང་སྤྱོད་སོགས་ཕར་ཞོག མཐའ་ན་རྐུན་ཇག་གི་གོ་བབ་ལས་ཀྱང་དམའ་རུ་སོང་སྟེ། ཁྱི་ཕག་གི་གཤིས་ཀ་ཙམ་ཡང་རང་རང་གི་མིའི་གཟུགས་པོ་ཧྲེང་ཧྲེང་པོ་དེའི་ཐོག་ན་མེད་པ་ལྟ་བུ་ཞིག་འདུག བོད་ཀྱི་མི་ཟེར་བ་འདིའི་གཤིས་ཀ་འདི་འདྲ་ཞིག་གང་ནས་འོངས་པ་ཡིན། རང་གི་མིག་དང་རྣ་བ་ལའང་རང་ཉིད་ཡིད་མི་ཆེས་པའི་ཚོད་རེད།
དུས་བབ་དང་ཁ་བརྡ་སོགས་ཀྱིས་སྤྱོད་པ་ཤོར་ཟིན་པའི་༼འདི་ལ་མཚམས་རེར་འཆལ་པོ་དང་འཆལ་མོ་ཞེས་མིང་སྦྱོར་འོས།༽རྩོམ་ཡིག་དང་མཆན་བུ་དག་ལ་སྟངས་འཛིན་བྱེད་བཞིན་པ་རེད། ཡིན་ན་ཡང་། སྟངས་འཛིན་དེ་ལ་ནུས་པ་མི་ཐོན་པ་ནི་ཐག་ཆོད་པ་རེད། གང་ཡིན་ཟེར་ན། མཆན་དང་རྩོམ་ཡིག་འདི་འདྲ་འབྲི་མཁན་གྱི་གྲས་ཀྱིས་སྤྱི་ཚོགས་འདིའི་ནང་གི་ཆེས་ཐ་ཤལ་གྱི་ཀུན་སྤྱོད་བཟུང་ཟིན་པ་རེད། འདི་དག་གིས་འདྲེ་ཤར་སྒོར་གནས་པ་ལ་གླུད་ནུབ་སྒོར་གཏོང་བ་རེད། འདི་དག་གིས་མཆེ་བ་གཙིགས་ནས་མི་གསོན་པོ་ཟ་གི་རེད། འདི་དག་གིས་བདེན་པ་རྒྱབ་ཏུ་བསྐྱུར་ནས་རྫུན་མའི་གདོང་འབག་ལྕགས་ཀྱིས་ཤན་པ་གོན་གི་རེད། འདི་དག་གིས་ཤེས་རབ་ཀྱི་རལ་གྲིའི་ཚབ་ཏུ་རྨོངས་པའི་དར་ཆེན་འཕྱར་གི་རེད། སྔོན་གྱི་མཁས་པ་ཚོས་མཁས་པ་ལ་མི་སྐྲག བླུན་པོ་ལ་སྐྲག་ཟེར་བ་ཡང་འདི་དག་ཡིན་པ་རེད།
ད་དུང་།
ད་དུང་།
ད་དུང་་་
དགེ་འདུན་རབ་གསལ་ལགས། སྐུ་ཉིད་ནས་འཇིགས་ཞུམ་གང་འཚམས་སྤང་ནས་མཐོང་ཚུལ་གསལ་པོ་བཤད་འདུག ངས་སྐུ་ཉིད་ཀྱི་རྩོམ་ཡིག་འདི་གཉིས་ལ་དགའ་གུས་ཡི་རངས་ཡོད། སྐད་ཆ་བདེན་མིན་གསལ་པོ་མ་ཤེས་ཀྱང་། བསམ་ཚུལ་སྔ་ཕྱི་གཉིས་ཀའི་མཆན་བུ་དག་གི་ནང་དུ་གསལ་བའི་གནས་ཚུལ་མི་ཉུང་བ་ཞིག་གོ་ཐོས་བྱུང་། ས་མཐའི་སྐྱབས་བཅོལ་བའི་འཚོ་བ་ཧ་ཅང་སྐྱོ་བའི་ཐོག་མི་སྐོར་ཅིག་བོད་མིའི་སྐེ་ལ་ཞོན་གྱི་འདུག་སྙམ་པའི་མཐོང་ཚུལ་ཡོད་མུས་ལ་དྲན་སྐུལ་གནང་བྱུང་བས་ཐུགས་རྗེ་ཆེ།
ད་ཧ་ལམ་ལན་གྱི་མཐའ་མའི་ཚུལ་དུ་ཚིག་འགའ་ཞུ་དགོས་བྱུང་།
ངས་ སྐུ་ཕྱྭ་དང་སྒོར་མོའི་གནད་དོན་གཉིས་ལ་དམིགས་པ་གཏད་པ་ཡིན། དེ་ལས་འཕྲོས་ནས་ཚིག་གཅིག་ཀྱང་བཤད་མ་དགོས་པ་བྱུང་ན་སྙམ་པ་ཡིན། དམིགས་བསལ་གྱིས་ ཆོལ་ཁ་དང་ཨ་མདོ། བླ་མ་དང་དགེ་འདུན་པ་སོགས་ཀྱི་མཚན་ནས་བོས་ཏེ་གླེང་སློང་བྱེད་པ་བསྐྱུངས་འདོད་པ་ཡིན། ད་ཅི་བྱ། ངས་མིན་དང་མ་རེད་ཅེས་ཞུས་པ་ལ་ ཡིན་དང་རེད་ཅེས་གསུངས་ཡོང་གི་འདུག ངས་ “ངའི་མགོ་ན་གི་འདུག་”ཅེས་བཤད་སྐབས། ང་ལ། “ཁྱོད་ཀྱི་རྐང་པ་ན་བ་རེད། མགོ་ན་གི་ཡོད་མ་རེད།”ཅེས་བཤད་ཡོང་གི་འདུག ད་ཅི་འདོད་དུ་གསུང་འབྱོན་རོགས། གྲོགས་པོ་ཚོ།
འདི་ག་ས་གནས་སུ་ཡོད་པའི་ཆོས་ཚོགས་ཀྱི་སྐོར་ལ་གླེང་སློང་གནད་ཅན་རེ་བྱས་འདུག་སྟབས། དེ་ལ་ལན་ཁ་ཡར་རེ་མི་འབྲི་ཐབས་མེད་དུ་གྱུར། འོན་ཀྱང་། ཐུགས་རྗེས་གཟིགས། ངའི་རྩོམ་ཨ་མ་དེ་དང་འོག་གི་གསལ་བཤད་གཉིས་ལ་འབྲེལ་བ་མེད་ལགས། འོག་གི་གསལ་བཤད་རྣམས་ནི་ཐད་ཀར་ང་ལ་དྲི་ཡོང་སྟབས་བྲིས་པ་ཡིན་ལགས།
དང་པོ་དེ། ངེད་ཀྱི་རྩོམ་ཨ་མ་དེ། ཨ་མདོ་ནང་འཁྲུག་གིས་བྲིས་པ་མིན་ལགས།
གཉིས་པ་དེ། ང་ལ་ཨ་ཀྱཱ་རིན་པོ་ཆེར་སྒེར་སེམས་ཀྱི་གཏིང་ནད་མེད་ལགས། ལྷག་དོན། ཁོང་གིས་ང་སྒེར་ལ་བྱམས་སེམས་གནང་བ་མ་ཟད། ངས་སྐྱབས་འཇུག་ཞུས་པ་ཚང་མ་ལ་ལེགས་སོ་ཞེས་བཀའ་ལན་གནང་ནས་འགྲུབ་པ་བྱུང་ལགས།
གསུམ་པ་དེ། ཆོས་ཚོགས་གསར་རྙིང་བརྗེས་པ་རེད། བུ་ལོན་དེ་ཆོས་ཚོགས་རྙིང་པའི་སྐབས་ཀྱི་བུ་ལོན་རེད། བུ་ལོན་གསབ་མཁན་དེ་སྐུ་སྒེར་རེད། བུ་ལོན་ཕོན་ཆེན་པོ་རེད། ཅེས་ཞུས་པ་ཡིན། འདི་ལས་ལྷག་གསལ་བཤད་བྱེད་དགོས་པ་མི་འདུག དྲི་བ་ཡོད་ན། ཆོས་ཚོགས་རང་ལ་དྲི་རོགས།
བཞི་པ་དེ། བུ་ལོན་གསབ་པ་དེ་ ༢༠༠༧ ལོ་ལ་རེད། ལོ་དེར་མ་སྐྱེད་ཡོངས་སུ་རྫོགས་པ་གསབ་ཟིན་པ་རེད།
ལྔ་བ་དེ། ད་ཚིག་གིས་བསྟན་པའི་དོན་དེ་ཀློག་རོགས། ཚིག་གིས་མ་བསྟན་པའི་དོན་དེ་མ་ཀློག་རོགས། ཐུགས་རྗེ་ཆེའོ།།
འོ་སྐོལ་མགོ་ནག་བོད་མི་ཡོད་དོ་ཅོག་གི་འདི་ཕྱི་གཉིས་ཀྱི་༸སྐྱབས་གནས་ལྷ་མིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱ་ནི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་མི་བུ་སུ་ཞིག་གིས་ཀྱང་འོས་འགན་ཡོད་པའི་སྒོ་ནས་ཡིག་ཐོག་གླེང་མོལ་བྱས་ན་དེ་ནི་ཆས་རིན་ཐང་ཅན་དང་ཧ་ཅང་དགོས་ངེས་ཅན་གྱི་གནད་དོན་ངོ་མ་ཞིག་རེད།དེ་དང་འབྲེལ་མེད་ཀྱི་གཞན་ལ་ཤ་ཚ་མདོག་གིས་རང་ཉིད་མི་དགའ་སར་སྐྱོན་བརྗོད་ཀྱི་གོ་སྐབས་བཙལ་ཏེ་དམའ་འབེབས་དང་འཁང་ར་བྱེད་མཁན་དག་ནི་མིག་ལྡན་སྐྱེས་པོ་ཚོའི་མདུན་སར་་་་་་ཧ་ཧ་ཧ་་་་ད་ཡིན་ན་་་་་་ཞབས་འདྲེན་་་་་་རང་རེད།
ཕྱི་ཚུལ་ནས་བལྟས་ན་སྐུ་ཕྱཱ་རེད། དོན་ལ་འདི་ནི་ཨ་མདོ་ཚང་གི་ནང་འཁྲུག་རེད་ལ། མཚོ་སྔོན་དང་རེབ་གོང་གི་རྩོད་རྙོག་ཅེས་འབོད་འོས་པ་ཞིག་ཀྱང་རེད། མ་གཞི་ཨ་མདོར་མི་དྲག་མེད་པ་མ་ཡིན་པར་ཕྲག་དོག་གིས་མི་དྲག་མེད་པ་གཏོང་བཞིན་པ་རེད། དེ་མ་གཏོགས་ཆོས་ཚོགས་གྲངས་མེད་པ་ཞིག་གིས་ཏཱ་ལའི་བླ་མ་ཞུ་བཞིན་པ་རེད་ལ། ཚོགས་པའང་གྲངས་མེད་པ་ཞིག་གིས་ཞུ་བཞིན་པས། དེ་དག་ལས་གནད་དོན་མི་འདུག་པར་ཨ་ཀྱཱ་རིན་པོ་ཆེས་གདན་འདྲེན་ཞུས་པ་དེར་སྐྱོན་ལྷག་སོང་བ་ཞིག་རེད་དམ། མ་རེད། ཡིན་ནའང་། རབ་གསལ་སོགས་ཀྱིས་དོན་དེ་རིགས་གླེང་ཕོད་ཀྱི་མ་རེད། རྒྱུ་མཚན་ནི་གདན་འདྲེན་ཞུ་མཁན་དེ་རིགས་ཨ་མདོ་ནས་མ་རེད། དེ་གཅིག་རེད།
ཕྱོགས་གཞན་ཞིག་ནས་བཤད་ན། ཚོགས་པ་དེ་བུ་ལོན་ནང་ནས་འབུད་མ་ཐུབ་པར་ལྷག་ཡོད་དུས། མི་སུ་ཞིག་གདོང་ལ་འབུད་མྱོང་ངམ། རབ་གསལ་གྱིས་དོན་དག་དེ་མ་ཤེས་པ་ག་ལ་ཡིན། སྐབས་དེ་དུས་ནས་དེ་གར་ཡོད་པ་མ་ཡིན་ནམ། འོ་ན། ཨ་ཀྱཱ་རིན་པོ་ཆེ་སུས་གནས་དེར་གདན་དྲངས་པ་རེད་དམ། ཅིའི་ཕྱིར་གདན་དྲངས་པ་རེད་དམ། བུ་ལོན་སུས་གསབ་པ་རེད་དམ། རབ་གསལ་གྱིས་འདི་རིགས་ཀྱང་འབྲི་དགོས་ཀྱི་མི་འདུག་གམ།
དེ་བས། སྐུ་ཕྱཱ་ཁ་གཡར་ནས་ཕྲག་དོག་མ་བྱེད། ཨ་མདོར་ཨ་ཀྱཱ་ལས་མི་དྲག་ཅིག་ཡོད་ཁག་པོ་རེད། རྒྱབ་བསྐྱོར་གནང་རོགས། བསམ་ཚུལ་ཡོད་ན་གདོང་ལ་བལྟས་བཤད་རོགས། དེ་ལས་ལྡོག་ན། ཨ་མདོ་ཚོ་འདི་ལྟར་ནང་འཁྲུག་ནང་ནས་ལྷག་རྒྱུ་རེད། དེ་འདྲ་ཞིག་མ་རེད་དམ།
ཟུར་ཟའི་ཉོག་གཏམ་དག་དུས་བབ་དྲ་རྒྱའི་མདུན་ངོས་སུ་མུ་འཐུད་ནས་འགོད་ན།མི་རིང་བར་དུས་དྲ་རྒྱ་འདི་དོན་སྙིང་མེད་པའི་རྙོག་གཏམ་གླེང་སའི་གྱོད་ར་ཞིག་ཏུ་འགྱུར་སྨྲ་ཅི་དགོས། མ་གཞི་རྙོག་གཏམ་འདི་ཚོ་རང་རང་གི་གཙོ་སྐྱོང་གནང་བཞིན་པའི་དྲ་རྒྱའི་སྟེང་དུ་འགོད་ན་བཟང་སྙམ། ལུང་རིག་གཙོའི་པའི་དུས་བབ་ཀྱི་རྩོམ་སྒྲིག་པ་ཡོངས་ལ་ཞུ་རྒྱུ། དོན་སྙིང་མེད་པའི་ཚིག་རྙོག་འདིའི་རིགས་དག་དུས་བབ་ཀྱི་མདུན་ངོས་སུ་མི་འགོད་བས་རེ་བ་སྙིང་ནས་ཞུ་ཞུ
ཟུར་ཟའི་ཉོག་གཏམ་དག་དུས་བབ་དྲ་རྒྱའི་མདུན་ངོས་སུ་མུ་འཐུད་ནས་འགོད་ན།མི་རིང་བར་དུས་དྲ་རྒྱ་འདི་དོན་སྙིང་མེད་པའི་རྙོག་གཏམ་གླེང་སའི་གྱོད་ར་ཞིག་ཏུ་འགྱུར་སྨྲ་ཅི་དགོས། མ་གཞི་རྙོག་གཏམ་འདི་ཚོ་རང་རང་གི་གཙོ་སྐྱོང་གནང་བཞིན་པའི་དྲ་རྒྱའི་སྟེང་དུ་འགོད་ན་བཟང་སྙམ། ལུང་རིག་གཙོའི་པའི་དུས་བབ་ཀྱི་རྩོམ་སྒྲིག་པ་ཡོངས་ལ་ཞུ་རྒྱུ། དོན་སྙིང་མེད་པའི་ཚིག་རྙོག་འདིའི་རིགས་དག་དུས་བབ་ཀྱི་མདུན་ངོས་སུ་མི་འགོད་བས་རེ་བ་སྙིང་ནས་ཞུ་ཞུ
དྲ་གྲོགས་ཡོངས་ཀྱི་ལྷ་སྡེ་མི་ལྡེ་མགོན་སྐྱབས་དོན་གྱི་བདག་པའི་སྐུ་ཕྱའི་སྐོར་ལ་མགན་བཞེས་ཏེ་ཐུགས་ཚབ་གནང་ཏེ་བགྲོ་གླེང་བྱེད་མཁན་སོགས་ལ་མཚམས་འདྲི་ཞུ་།
དགེ་འདུན་རབ་གསལ་ལགས།
ཁྱེད་རང་ད་ལྟ་དྲ་ངོས་ན་བཞུགས་ཡོད་དམ། ཡོད་ན་གླེང་མོལ་ཐུང་ཙམ་ཞུ་སྙིང་འདོད་པ་ཡིན།
གྲོགས་པོ་ཚོས་ཕྲན་ལ་སེམས་གསོ་གནང་བར་བཀའ་དྲིན་ཆེ། དེ་ལས་ཀྱང་གྲོགས་པོ་ཚོས་ཕྲན་གྱིས་ཞུས་པ་དེ་ལ་ཐུགས་ཁུར་མཉམ་བསྐྱེད་གནང་བ་ལ་ཐུགས་རྗེ་ཆེ། དེ་ནས་ང་སྒེར་ལ་ཚིག་རྩུབ་སྨྲས་པ་ལ་ང་བློ་ཕམ་ནས་སེམས་མ་སྐྱིད་པ་དེ་འདྲ་ཡང་ཁྱོན་ནས་མེད། གང་ལྟར་ཐུགས་རྗེ་ཆེ་ཞུའོ༎
དགེ་འདུན་རབ་གསལ་ལགས་ཀྱིས་རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭར་གཟབ་དགོས་པའི་སྐོར་བྲིས་པ་རེད། དངོས་ཡོད་གནས་སྟངས་ཆ་ལ་ཆུ་བཞག་གི་ཚུལ་གྱིས་བྲིས་གནང་བ་དེ། དྲ་ངོས་ནས་བཀླགས་པ་ཡིན། ཚགས་པར་ནས་ཀྱང་བཀླགས་པ་ཡིན། དེ་ལ་མི་དགའ་བ་བྱེད་པ་དེ་ཚོས་ཅི་ཞིག་བསམ་པ་ཡིན་ནམ། བསམ་ཕོད་པ་མི་འདུག དེ་གཅིག་ཡིན།
གཉིས་ནས། དགེ་འདུན་རབ་གསལ་ལགས་ཀྱིས་མྱི་མིང་མེད། དོན་སྣེ་མེད་དག་ལ་ལན་འདེབས་མི་གནང་བའི་རེ་བ་ཡོད། འདི་ཚོར་ལན་འདེབས་གནང་རིན་ཡོད་པ་མ་རེད། རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལ་སེམས་ཁུར་བྱེད་མཁན་ཚོར་མི་དགའ་མཁན་འདི་ཚོར་དེ་ལས་ཀྱང་ཡ་ལན་གནང་རིན་ཡོད་པ་མ་རེད།
སྒོར་མོ་ལས་སྐུ་ཕྱྭ་གལ་ཆེ། ཞེས་པའི་རྩོམ་དེ་ཚང་མས་༧རྒྱལ་བའི་སྐུ་ཕྱྭ་ལ་དོ་སྣང་བྱེད་དགོས་པ་བསྟན་འདུག། རྗེས་སུ་ཡི་རང་ཡོད་ གཞན་ཚིག་ངན་ཤོད་མཁན་ལ་རྟག་པར་ཁ་ཡ་བྱེད་ཚོད་ཅི་ཡོད་། ཐུགས་ཕམས་མི་ཉན་་་
མཁྱེན་དཔྱོད་ལྡན་པའི་དགེ་འདུན་རབ་གསལ་ལགས།
ཟུར་མཆན་འདེབས་མཁན་རེ་འགས་ཚིག་རྩུབ་བེད་སྤྱོད་བྱས་པ་ལ་བརྟེན་ནས་ཁྱེད་ཀྱིས་ཁོ་ཚོ་ལ་ཚིག་རྩུབ་སྨྲ་མི་རུང་ཏེ། ཁྱེད་ནི་བོད་པའི་སྤྱི་ཚོགས་སྣེ་ཁྲིད་ཐུབ་པའི་ཤེས་ཡོན་ཡོད་མཁན་ཀྱི་གྲས་ཡིན་པས་སོ།
ཁྱད་པར་མི་ངན་དག་གི་གཏམ་ངན་རྣམས་ལ་ཁོང་ཁྲོ་ཟོས་ན་རང་གི་ལུས་སེམས་གཉིས་ལ་གནོད་པ་མ་ཟད་གཞན་ལའང་ཤུགས་རྐྱེན་ངན་པ་ཐེབས་སྲིད།
དེ་བས་རང་སེམས་ཞི་བདེར་གནས་པའི་ཟབ་ཆོས་ལ་ཉམས་ལེན་བྱས་ནས། ཁྱེད་ཀྱི་སྐབས་བབ་ཀྱི་འོས་འགན་གལ་ཆེན་ཞིག་ནི། བོད་དོན་ལེགས་འགྲུབ་ཀྱི་ཐབས་ཇུས་ལ་གནའ་དེང་ཟུང་འབྲེལ་གྱིས་ཞིབ་འཇུག་མཛད་དགོས།
ཀྱེ་མ་ད་ལྟ་བོད་གཞུང་ལ་༼ཐབས་ཇུས་ཞིབ་འཇུག་ལས་ཁང་༽ཞིག་མི་འདུག་ལ་༼མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་༽ཡང་མི་འདུག་པས་ང་ཚོས་འདི་ལ་ཤུགས་བརྒྱབ་དགོས།
ལས་ཁང་འདི་གཉིས་ཡོད་ན་རྒྱལ་བའི་སྐུ་ཕྱ་ལ་སྔར་བས་ལྷག་པའི་སྲུང་སྐྱོབ་བྱེད་ཐུབ།
མཁྱེན་དཔྱོད་ལྡན་པའི་དགེ་འདུན་རབ་གསལ་ལགས།
ཟུར་མཆན་འདེབས་མཁན་རེ་འགས་ཚིག་རྩུབ་བེད་སྤྱོད་བྱས་ལ་བརྟེན་ནས་ཁྱེད་ཀྱིས་ཁོ་ཚོ་ལ་ཚིག་རྩུབ་སྨྲ་མི་རུང་ཏེ། ཁྱེད་ནི་བོད་པའི་སྤྱི་ཚོགས་སྣེ་ཁྲིད་ཐུབ་པའི་ཤེས་ཡོན་ཡོད་མཁན་ཀྱི་གྲས་ཡིན་པས་སོ།
ཁྱད་པར་མི་ངན་དག་གི་གཏམ་ངན་རྣམས་ལ་ཁོང་ཁྲོ་ཟོས་ན་རང་གི་ལུས་སེམས་གཉིས་ལ་གནོད་པ་མ་ཟད་གཞན་ལའང་ཤུགས་རྐྱེན་ངན་ཐེབས་སྲིད།
དེ་བས་རང་སེམས་ཞི་བདེར་གནས་པའི་ཟབ་ཆོས་ལ་ཉམས་ལེན་བྱས་ནས། ཁྱེད་ཀྱི་སྐབས་བབ་ཀྱི་འོས་འགན་གལ་ཆེན་ཞིག་ནི་བོད་དོན་ལེགས་འགྲུབ་ཀྱི་ཐབས་ཇུས་ལ་གནའ་དེང་ཟུང་འབྲེལ་གྱིས་ཞིབ་འཇུག་མཛད་དགོས། ཀྱེ་མ་ད་ལྟ་བོད་གཞུང་ལ་༼ཐབས་ཇུས་ཞིབ་འཇུག་ལས་ཁང་༽ཞིག་མི་འདུག་ལ་༼མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་༽ཡང་མི་འདུག་པས་ང་ཚོས་འདི་ལ་ཤུགས་བརྒྱབ་དགོས།
ལས་ཁང་འདི་གཉིས་ཡོད་ན་རྒྱལ་བའི་སྐུ་ཕྱ་ལ་སྔར་བས་སྲུང་སྐྱོབ་བྱེད་ཐུབ།
a la la la
དགེ་འདུན་རབ་གསལ་ཟེར་མཁན་འདི་དུད་འགྲོ་ཞིག་དང་ཁྱད་པར་ཡོད་མ་རེད། ཁོས་རྩྭ་ཟས་ནས་ལྕི་བ་མ་བཏང་ཙམ་རེད། ལྐུགས་པ་ལུག་འདྲ་བོ་ཁོ། ཁོ་ལ་སྒོར་མོ་མ་གཏོགས་བསམ་རྒྱུ་ཡོད་མ་རེད། ཁོ་གྲྭ་ལོག་རེད། ཁོ་སེམས་པ་ཐང་ཐང་ཡོད་མ་རེད། ཁོ་སྨྱོན་པ་རང་རེད།
དགེ་འདུན་རབ་བསལ་སྐོར་ཁག་ནི་འབྲི་ཤེས་པ་ལས་བསམ་མི་ཤེས་མཁན་གྱི་གྲས་ཡིན་ ལྟོས་དང་དུས་བབ་ཁོས་འགོ་བཙུགས་པ་རེད་ དེ་ནས་ཁོས་སྐྱུར་ནས་མགོ་གང་འཐོན་གྱིས་དཔལ་འབྱོར་ཡག་ས་ཞིལ་ལ་སོང་ནས་ཡིག་སྒྱུར་གྱི་ལས་ཀ་ལས་ནས་བསྡད་ཡོད་ནི་རེད་ ཡར་ཀ་ལ་སོ་བཏབ་མར་ཁ་སོ་བཏབ་ནས་ མིང་གྲགས་ཅིག་ལ་འབད་གྱི་ཡོད་ནི་རེད་ ཡིན་ཡང་ཡིག་སྒྱར་གྱི་ལས་ཀ་ལ་བཟང་ ངས་ཡང་ཁོས་སྒྱུར་བའི་དེབ་ཅིག་གློག་མྱོང་ དེལ་ཐུགས་རྗེ་ཆེའོ།།
དགེ་འདུན་རབ་གསལ། དུག་མདའ། སྟག་འཚེར་རིན་པོ་ཆེ། ཨ་ཀྱྰ་རིན་པོ་ཆེ་དང་བཞིའི་སྐོར་ཡིན་པ་འདྲ།