མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་མཚན་ནོར་བུའི་ལས་ཀ་གསར་པ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༤ ཉིན་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཡིས་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མི་ནེའི་སྐུ་མདུན་དུ་གསེར་བུམ་དཀྲུག་འདོན་མཛད་དེ། ཕྱི་ལོ་ ༢༠༠༥ ལོར་ལྷོ་ཁ་ལྷུན་རྩེ་རྫོད་དུ་འཁྲུངས་བའི་ཡབ་སྐལ་བཟང་དབང་འདུས་དང་། ཡུམ་པངྨ་ལྷ་འཛོམས་གཉིས་ཀྱི་བུ་བློ་བཟང་རྡོ་རྗེ་ཞུ་བ་སྡེ་དྲུག་སྐུ་ཕྲེང་ལྔ་བའི་ཡང་སྲིད་དུ་ངོས་འཛིན་བྱས་ཡོད་འདུག

ཐེངས་འདིར་པཎ་ཆེན་རྒྱལ་མཚན་ནོར་བུས་ངོས་འཛིན་བྱས་པའི་༼ སྡེ་དྲུག ༽ ཞུ་བའི་སྤྲུལ་སྐུ་དེའི་མཚན་གནས་དང་ལོ་རྒྱུས་སྐོར། དུང་དཀར་ཚིག་མཛོད་ཆེན་མོའི་ཤོག་ངོས་ ༣༨༣ ནང་བཀོད་དོན། དགའ་ལྡན་ཁྲི་ཐོག་དོན་དྲུག་པ། སྡེ་དྲུག་ཧོ་ཐོག་ཐུ་སྐུ་ཕྲེང་དང་པོ་ཁྲི་ཆེན་མཁྱེན་རབ་དབང་ཕྱུག སྐུ་གཞོན་ནུའི་དུས་སུ་འབྲས་སྤུངས་བློ་གསལ་གླིང་རྒྱལ་རོང་ཁང་ཚན་དུ་ཆོས་ཞུགས་ཐོག་གཞུང་ཆེན་སློབ་གཉེར་ལེགས་པར་གྲུབ་སྟེ། དགེ་བཤེས་ལྷ་རམས་པའི་མཚན་བཏགས་དང་དེ་ནས་རྒྱུད་སྨད་དུ་ཞུགས་ཏེ། གསང་སྔགས་ཀྱི་སློབ་གཉེར་དང་གསན་བཞེས་རྒྱ་ཆེར་མཛད། རིམ་བཞིན་བླ་མ་དབུ་མཛད་དང་། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས། རབ་བྱུང་བཅུ་བཞི་པའི་ཆུ་གླིང་ ༡༨༥༣ ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཏེ། ཁྲི་ལོ་བདུན་རིང་གི་མཛད་སྒོ་རྣམས་ལེགས་པར་གྲུབ་ནས་ཟུར་བཞུགས་གནང་མུས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས། རབ་བྱུང་བཅུ་བཞི་པའི་ཤིང་བྱི་ ༡༨༦༤ ལོར་ཡོངས་འཛིན་ཁྲི་ཟུར་མཁྱེན་རབ་དབང་ཕྱུག་ལ་གནས་སྐབས་རིང་སྲིད་སྐྱོང་གི་ལས་དོན་གནང་རྒྱུའི་སྐོར་སོགས་བོད་བཞུགས་ཨན་བན་གྱིས་ཐག་གཅོད་བྱས་ཐོག གོང་མ་ཐུང་ཁྲི་ལ་སྙན་ཞུ་ཕུལ་བ་བཞིན་རབ་བྱུང་བཅུ་བཞི་པའི་ཤིང་གླེང་ ༡༨༦༥ ལོར་སྲིད་སྐྱོང་ངོ་མའི་ཆོ་ལོ་དང་སྦྲགས་བསྐོ་གཞག་གནང་དོན་ལྟར། ལོ་བདུན་རིང་སྲིད་སྐྱོང་གནང་ཞིང། ལོ་ངོ་དྲུག་སོང་བའི་ལྕགས་ལུག་ ༡༨༦༡ ལོར་སྤྱི་ཁྱབ་མཁན་པོ་དཔལ་ལྡན་དོན་གྲུབ་དང་། བཤད་སྒྲ་བཀའ་བློན་ཚེ་རིང་དབག་ཕྱུག་མཉམ་འབྲེལ་ཐོག་བསླངས་པའི་དགའ་ལྡན་ཟིང་འཁྲུགས་ཟེར་བ་བྱུང་། དེར་ས་གནས་སྲིད་གཞུང་གིས་དྲག་གནོན་བྱས་རྗེས། དེའི་ཕྱི་ལོར་སྲིད་སྐྱོང་སྡེ་དྲུག་རིན་པོ་ཆེ་ཉིད་ཀྱང་སྐུ་གཤེགས། དེའི་རྗེས་སྐུ་ཕྲེང་རིམ་པར་བྱུང་བ་སྡེ་དྲུག་ཧོ་ཐོག་ཐུ་ཞུ་བ་དེ་ཡིན། ཁྲི་ཆེན་འདིའི་ལོ་རྒྱུས་སྐོར། འབྲེལ་ཡོད་བླ་མ་ཁག་གི་རྣམ་ཐར་ནས་ཟུར་ཙམ་ལས་མི་གསལ་ཞིང་། དེ་མིན་ལོ་རྒྱུས་ཡིག་ཆ་གཞན་དག་མ་རྙེད། ཅེས་བཀོད་འདུག

 

གོང་གི་གནས་ཚུལ་དེའི་ནང་དོན་ཞིབ་ཕྲ་བོད་ལྗོངས་ཆ་འཕྲིན་ལྟེ་གནས་སུ་བཀོད་དོན། སྡེ་དྲུག་སྐུ་ཕྲེང་ལྔ་པའི་ཡང་སྲིད་གསེར་བུམ་དཀྲུག་འདོན་བྱས་ནས་ངོས་འཛིན་ཞུ་བའི་མཛད་སྒོ་དེ་ཟླ་ ༧ པའི་ཚེས་ ༤ ཉིན་ལྷ་སའི་ལྷ་ལྡན་གཙུག་ལག་ཁང་ཆེན་མོའི་ཤཱཀྱ་མུ་ནེའི་སྐུ་མདུན་དུ་གཟབ་ནན་སྒོས་སྤེལ་བ་རེད། ༢༠༠༥ ལོའི་ཟླ་ ༡༡ པའི་ཚེས་་ ༣༠ ཉིན་ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་དུ་སྐུ་འཁྲུངས་ཤིང་། ཡབ་ཀྱི་མིང་ལ་སྐལ་བཟང་དབང་འདུས་དང་། ཡུམ་གྱི་མིང་ལ་པདྨ་ལྷ་འཛོམས་ཞེས་སུ་འབོད་པའི་བུ་ཕྲུག་བློ་བཟང་རྡོ་རྗེར་གསེར་བུམ་དཀྲུག་འདོན་བྱུང་བས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུས་རྗེས་སྡེ་དྲུག་སྐུ་ཕྲེང་དྲུག་པར་ངོས་འཛིན་ཞུ་རྒྱུ་རེད།  བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བློ་བཟང་རྒྱལ་མཚན་གསེར་བུམ་དཀྲུག་པའི་མཛད་སྒོར་ཞུགས་གནང་ཡོད་པ་རེད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་མངགས་འཐུས་མི་བློ་བཟང་འཇིགས་མེད་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ་གསེར་བུམ་དཀྲུག་པར་མོས་མཐུན་བྱུང་བའི་འབྲེལ་ཡོད་མཆན་འགོད་སྒྲོག་འདོན་གནང་བར་མ་ཟད། གསེར་བུམ་དཀྲུག་པའི་མཛད་སྒོའི་ཐད་ལ་ལྟ་ཞིབ་གནང་བ་རེད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་མངགས་འཐུས་མིས་གཙོ་སྐྱོང་གནང་ཞིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་གསེར་བུམ་དཀྲུག་གནང་བ་རེད། དེ་རིང་ནི་བོད་ལུགས་ཀྱི་ལྕགས་སྟག་ལོའི་ཟླ་ ༥ པའི་ཚེས་ ༢༣ ཡིན་ལ། རྟེན་འབྲེལ་ཀུན་འགྲིག་གི་ཉིན་མོ་ཞིག་ཡིན་པ་རེད། ཞོགས་པ་སྔ་མོའི་དུས་སུ་ཇོ་བོ་ཤཱཀྱ་མུ་ནེའི་མཆོད་ཁང་ནང་དུ་བླ་མ་སྐྱེས་ཆེན་རྣམས་ལྷན་ཏུ་འཛོམས་ནས་མཆོད་མེ་མཐའ་དག་སྒྲོན་པ་ལས། གཟབ་ནན་གྱི་རྣམ་པ་ཞིག་མངོན་ཡོད་པ་དང་བཀྲ་ཤིས་པའི་མཁའ་དབུགས་ཤིག་གིས་ཁྱབ་ཡོད་པ་རེད། ལོ་རྒྱུས་ཀྱི་གཏན་འཁེལ་དང་ཆོས་ལུགས་ཆོ་ག་ལྟར། གསེར་བུམ་དཀྲུག་པར་བཀོལ་བའི་གསེར་བུམ་དེ་དག་ཇོ་བོ་ཤྰ་ཀྱ་མུ་ནེེའི་སྐུ་མདུན་དུ་བཤམས་ཡོད་ཅིང་། དགེ་འདུན་པ་རྣམས་ཀྱིས་བསྟུད་མའི་ཉིན་གསུམ་རིང་ལ་བྱིན་གྱིས་བརླབས་པ་དང་མཆོད་འཇལ་སྣ་ཚོགས་ཞུས་པ་བརྒྱུད་དེ་མཆོད་མེའི་གཟི་འོད་འོག་ཏུ་གསོན་ཉམས་ཀྱིས་ཕྱུག་ཡོད་པ་རེད། དུས་ཚོད་ལྔ་ཡས་མས་སུ་གསེར་བུམ་དཀྲུག་པའི་མཛད་སྒོ་མགོ་བརྩམས་ཤིང་། ལྷོ་ཁ་ས་ཁུལ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཡང་སྲིད་སྤྲུལ་སྐུ་འཚོལ་ཞིབ་ཚོགས་པའི་ཚོགས་གཙོ་ཟླ་བ་ཚེ་རིང་གིས་སྡེ་དྲུག་སྤྲུལ་སྐུའི་ཡང་སྲིད་ཞིབ་འཚོལ་སྐོར་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཅེས་དང་།

 

གནས་ཚུལ་དེའི་ནང་མུ་མཐུད་བཀོད་དོན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་མངག་འཐུས་མི་དང་བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་འཇིགས་མེད་ཀྱིས་བོད་ཡིག་དང་རྒྱ་ཡིག་གཉིས་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གསེར་བུམ་དཀྲུག་ཆོག་པར་མོས་མཐུན་བྱུང་བའི་སྐོར་གྱི་མཆན་འགོད་སྒྲོག་འདོན་གནང་བ་རེད། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནང་བསྟན་ཆོས་ལུགས་མཐུན་ཚོགས་བོད་ལྗོངས་ཡན་ལག་གི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། ལྷོ་ཁ་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟླ་བ་ཚེ་རིང་སོགས་གསེར་བུམ་དཀྲུག་སར་གདན་དྲངས་ཡོད་ཅིང་། གསེར་བུམ་སྲུང་བའི་བླ་མ་གཉིས་ཀྱིས་གསེར་བུམ་དེ་སྔོན་ལ་བཀོད་སྒྲིག་གནང་ཡོད་པའི་སྒྲོག་ཙེའི་སྟེང་དུ་འཇོག་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་མངག་འཐུས་མི་བློ་བཟང་འཇིགས་མེད་དང་། ཀྲའོ་ཞོན་ཀྲུང་། ཆོས་ལུགས་ལས་དོན་གྱི་མི་སྣ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། འོས་སྤྲུལ་གྱི་གཉེན་ཉེ་བཅས་ཀྱིས་གསེར་བུམ་དཀྲུག་པར་ཞིབ་བཤེར་གནང་བ་མ་ཟད། ད་དུང་བོད་ཡིག་དང་རྒྱ་ཡིག་གི་ལམ་ནས་འོས་སྤྲུལ་སྤྲུལ་སྐུའི་མཚན་ཐོ་མཚན་བྱང་སྟེང་དུ་སྦྱར་ཏེ། གསེར་བུམ་དཀྲུག་སྣོད་དུ་བཞག་ཡོད་པ་རེད། དེ་མུར་ལས་དོན་པས་སྡེར་མ་ཡར་བཀྱགས་ནས་བོད་རང་ལྗོངས་མི་དམངས་སྲིད་གཞུང་གི་འཐུས་མི་ནས་མགོ་བརྩམས་ཏེ་རིམ་བཞིན་བླ་མ་སྐྱེས་ཆེན་དང་འོས་སྤྲུལ་གཉེན་ཉེ། ཡུལ་དངོས་ཀྱི་དགེ་འདུན་པ་དང་སེར་སྐྱ་མང་ཚོགས་ལ་ལྟ་རུ་བཅུག་ཅིང་། ཚང་མས་གཏན་འཁེལ་བྱས་ནས་མིང་རྟགས་ལ་ནོར་བ་མེད་པར་བྱས་རྗེས། ད་གཟོད་རས་སེར་གྱིས་ཁ་བཏུམས་པ་རེད། དེ་ནས་བྲེལ་མྱུར་ངང་ལྷོ་ཁ་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཡང་སྲིད་སྤྲུལ་སྐུ་འཚོལ་ཞིབ་ཚོགས་པའི་ཚོགས་གཙོ ཟླ་བ་ཚེ་རིང་གིས་ཤཱ་ཀྱ་མུ་ནེེའི་སྐུ་འདྲ་དང་གསེར་བུམ་ལ་ཕྱག་འཚལ་རྗེས་གཟབ་ནན་སྒོས་གསེར་བུམ་གྱི་ཁ་ཕྱེ་བ་དང་རྒྱན་འཕེན་བྱང་སྣོད་བླངས་ཏེ་མཚན་བྱང་དེ་བུམ་པའི་ནང་བཞག་ནས་བུམ་ཁ་བརྒྱབ་རྗེས་ཕྱིར་འདུག་གནས་རྐུབ་སྟེགས་སུ་ལོག་པ་རེད། དེ་རྗེས་བུམ་སྲུང་བླ་མ་གཉིས་ཀྱིས་གུས་འདུད་ཆེན་པོ་དང་བཅས་གསེར་བུམ་དེ་ཤཱ་ཀྱ་མུ་ནེའི་སྐུ་མདུན་དུ་བསྙེན་བཀུར་དང་བཅས་ཕུལ་གནང་བ་རེད། ཅེས་བཀོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༤ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 17

  1. སེང་ཆུང་། says:
    ལོ་ 16 སྔོན།

    ལུང་བགྲངས་ནོར་གླང་གླེང་ནོར་སོགས་ནི་གསར་འགོད་པ་ཞིག་གིས་ནོར་ན་ང་ཚོ་མི་ཡན་གར་བ་ཚོ་ཁག་ཅི་ཡོད། གང་ཡིན་ཡང་ང་ཚོས་ཡིག་ནོར་ལ་གཟབ་གལ་ཆེ་ཨང་།

    Reply
  2. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    བོད་ཀྱི་ཆོས་ལུགས་འདི་ཇི་འདྲའི་རྙོག་དྲ་ཅན་ཞིག་རེད་ཨང་།

    Reply
  3. ཨ་ལ་ལ says:
    ལོ་ 16 སྔོན།

    ཆོས་འཕེལ་ལགས།
    ཁྱེད་ཀྱིས་པན་ཆེན་སྐུ་གོང་མ་བཅུ་བ་ཆེན་པོ་མཆོག་ལའང་༧གོང་ས་མཆོག་གིས་ངོས་འཛིན་གནང་མེད་པ་དང་། རྒྱལ་མཚན་ནོར་བུ་ཡང་དེ་མཚུངས་ཡིན་ཚུལ་བཤད་པ་ནི། ཆེད་དུ་འཁྱོག་བཤད་དང་ཀླན་ཀ་འཚོལ་གྱི་ཡོད་ན་ཁྱེད་ལ་གསལ་འདེབས་བཤད་འདོད་མེད་ལ། གལ་སྲིད་ལོ་རྒྱུས་ཀྱི་བྱུང་རིམ་གསལ་པོ་མ་ཤེས་པ་ཡིན་ན། ཁྱེད་ལ་བཤད་འདོད་པ་ནི་པན་ཆེན་བཅུ་བ་མཆོག་གི་ཐུགས་ཐག་ཆེད་དུ་ཐོག་མའི་ངོས་འཛིན་གནང་མཁན་ནི་༧གོང་ས་མཆོག་མིན་ཀྱང་མཐའ་མའི་ཐག་གཅོད་གནང་མཁན་ནི་ཁོང་ཡིན་པ་གོང་ས་མཆོག་གིས་རབ་དང་རིམ་པར་བཀའ་གསལ་པོ་གནང་ཡོད།མ་ཟད་ཁྱེད་ཀྱིས་ལྟ་འདོད་ན་བཅུ་བའི་དགོངས་རྫོགས་བཀའ་སློབ་དང་ལོ་བཅུ་འཁོར་བའི་དུས་དྲན་སྐབས། དེ་མིན་བཅུ་གཅིག་པ་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གསལ་བསྒྲགས་སྐབས་སོགས་ན་གསལ་ཡོད། དེ་ཡང་བོད་སྡེ་བ་གཞུང་གིས་ངོས་ལེན་མ་གནང་བས་དབུས་སུ་གདན་ཞུ་གནང་དཀའ་བར་གྱུར་བའི་དུས་དེ་ལ་ཡུལ་མདོ་སྨད་དུ་འཁྲུངས་པའི་འོས་སྤྲུལ་མགོན་པོ་ཚེ་བརྟན་དེ་ཉིད་དགུ་བའི་ཡང་སྲིད་ཡིན་འདུག་ཅེས་བཀའ་ཐམ་གནང་ནས་བོད་གཞུང་དམངས་གཉིས་ཀས་ཁས་ལེན་ཅིང་བཀུར་འོས་པ་ཞིག་ཏུ་གྱུར་བ་ལས་བྱས་རྗེས་ཡོད་མེད་གཅིག་པོས་ཡང་སྲིད་དུ་འགྱུར་ཆོག་པ་ཞིག་ག་ནས་ཡིན། ཕྱིན་ཆད་སྐད་ཆ་བཤད་དུས་གཟབ་ནན་དང་ལོ་རྒྱུས་ལ་མང་ཙམ་དོ་སྣང་བྱེད་རྒྱུ་ངའི་རེ་བ་ཡིན།

    Reply
  4. འཇམ་གྲགས says:
    ལོ་ 16 སྔོན།

    རྒྱས་མཚན་ནོར་བུ་ལ་རང་དབང་ཡོད་མེད་མི་ཤེས་མོད་གང་ལྟར་འདི་ཆབ་སྲིད་གནག་པོ་ཞིག་འགོ་འཛུགས་བྱས་པ་རེད། མ་འོང་བོད་ཀྱི་བླ་མ་ཆེ་ཁག་ཚང་མ་འདི་ལྟར་ངོས་འཛིན་རྒྱུའི་ཉེས་ཁ་ཆེན་པོ་རེད། ནམ་ཞིག་གོང་ས་མཆོག་གི་ཡང་སྲིད་ཀྱང་འདི་ལྟར་ངོས་འཛིན་རྒྱུའི་འཆར་གཞི་ད་ལྟ་ནས་བཀོད་ཟིན་པ་རེད།

    Reply
  5. ཆོས་འཕེལ། says:
    ལོ་ 16 སྔོན།

    སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི། འདི་ཕྱིའི་རེ་ལྟོས་གཅིག་བུ་དེ་ཡིན་རུང་།
    ༧ གོང་ས་མཆོག་གིས་ངོས་འཛིན་མ་བྱས་པའི་རྒྱུ་མཚན་གྱིས་པན་ཆེན་རྒྱལ་མཚན་ནོར་བུ་རིན་པོ་ཆེ་མཆོག་པན་ཆེན་རིན་པོ་ཆེའི་ཡོང་སྲིད་ཡིན་པའི་ངོས་འཛིན་མ་བྱེད་ན་ཧ་ཀྱང་ཐལ་དྲག་པའི་སྐྱོན་དུ་མཐོང་།
    དེ་ལྟར་པན་ཆེན་སྐུ་གོང་མ་ཡང་པན་ཆེན་གྱི་ཡང་སྲིད་དུ་ངོས་འཛིན་བྱེད་མི་རུང་ཏེ། ༧་གོང་ས་མཆོག་གིས་ངོས་འཛིན་མ་གནང་བས་སོ།
    པན་ཆེན་སྐུ་གོང་མ་ལྟ་བུར་མཚོན་ནའང་། བོད་སྡེ་བ་གཞུང་གིས་རྒྱབ་སྐྱོར་ཡོད་མེད་ལ་མ་ལྟོས་པར། བོད་མིའི་ལས་འགན་སྒྲུབ་མཁན་ཞིག་ཆགས་ཡོད་པ་ངོས་ཟིན་ནས། བོད་མི་རབས་ཀྱི་ཚ་བརྒྱུད་ལ་མཚན་སྨད་ཡོང་བའི་ལས་གང་ཡང་། ཁོང་གི་སྐུ་ཚེར་མི་འཇོག་པའི་དམ་བཅའ་བརྟན་པོར་མཛད་པ་བཞིན་མཐར་སྐྱོངས་ནས་ཞི་བར་གཤེགས་ཏེ་རང་རེ་བོད་མི་ཡོངས་ཀྱི་མིག་དཔེ་བལྟ་སར་གྱུར་སོང་།
    དེ་ནང་བཞིན་ད་ལྟའི་པན་ཆེན་ཡང་། བོད་ཀྱི་ལམ་སྲོལ་ལྟར། ཇོ་བོའི་སྐུ་མདུན་དུ་རྟགས་བསྒྲིལ་གཡུག་ནས་གདམ་པ་ཞིག་སོང་རྟེན། གང་བྱུང་མཚན་སྨད་ཞུས་ཤིང་། ཐ་ཆད་ཚིག་རྣམས་འཕེན་རྒྱུར་བསྟན་སྲིད་ཀྱི་དགྲ་བོར་འཕང་ཡང་ཕོག་རྒྱུ་རང་མགོ་ལ་ཕོག་གིན་ཡོད་པ་འདི་ཤེས་དགོས།

    དེ་དང་ད་ལྟ་རྒྱ་གཞུང་གིས་ངོས་ལེན་ཡོད་པའི་པན་ཆེན་དེ་ལ། བོད་གཞུང་མང་གཉིས་ཀྱིས་དོན་གྱི་ཁས་ལེན་ཟིན་པ་རེད་བསམ་གྱིན་ཡོད། རྒྱ་ནག་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིར་སྡོད་རྒྱུ་ཁས་ལེན་ཟིན་པས། པན་ཆེན་གྱི་ཚབ་ཏུ་བསྐོས་པའི་མི་ལ། པན་ཆེན་དུ་ཁས་ལེན་མ་བྱས་ན། མིང་ཙམ་ཆགས་ནས་སྡད་མི་འདུག་པས།

    དེ་བས། ང་ལྟ་བུར་མཚོན་ན། བོད་ཀྱི་བསྟན་པ་དང་ཆབ་སྲིད་ལ་ཕན་ཐོག་མཁན་ཞིག་བྱུང་ན། མོའུ་ཙི་ཏུང་གིས་བསྐོས་པ་ཞིག་ཡིན་ན། གུས་བཀུར་ཞུ་བགྱི་ཡིན་ལ། བོད་ཀྱི་བསྟན་པ་ཆབ་སྲིད་ལ་གནོད་མཁན་ཞིག་བྱུང་ན། ༧གོང་ས་སྐྱབས་མགོན་ཆེན་པོས་ངོས་འཛྀན་གནང་བ་ཞིག་ཡིན་ནའང་། གུས་བཀུར་མི་ཞུ་ངོ་མ་ཡིན

    Reply
  6. བློ་བཟང་མཐུ་སྟོབས། says:
    ལོ་ 16 སྔོན།

    གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་འཁྲུངས་པའི་དུས་ཆེན་ལ་སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་ལམ་འདེབས།།

    Reply
  7. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    གོང་གི་དུང་དཀར་ཚིག་མཛོད་ལས་དྲངས་བའི་ལུང་དེའི་ལོ་གྲངས་འགོད་ནོར་རམ་ཡང་ན་ཡིག་ནོར་ཡིན་པར་ངེས་ཏེ། ༡༨༦༥ལོར་སྲིད་སྐྱོང་གི་ཆོ་ལོ་སྤྲད་ནས་ལོ་དྲུག་ཕྱིན་པའི་རྗེས་དེ་༡༨༧༡ཡིན་དགོས་བས་༡༨༦༡ཞེས་བ་ལོ་གྲངས་ནོར་འདུག་སྙམ། ༡༨༦༥ཤིང་གླང་ལ་འགྲེང་བུ་མི་དགོས།

    Reply
  8. འོས་ལངས། says:
    ལོ་ 16 སྔོན།

    ལས་དོན་འདི་ཡང་བོད་ཐོག་དམིགས་ཡུལ་དང་འཆར་གཞི་ངེས་ཅན་ཡོད་པའི་རྒྱ་གཞུང་གི་བརྡ་ལན་གསལ་བོ་ཞིག་རེད། ཡང་བསྐྱར་བོད་གཞུང་གི་མགོ་གཙོ་ཚོས་སྤྲུལ་རྫུན་རྒྱལ་མཚན་ནོར་བུ་ལ་བསྔགས་བརྗོད་དང་འབྲེལ། རྒྱ་གཞུང་གི་བྱེད་སྟངས་དེ་དག་ཁྲིམས་མཐུན་ལུགས་མཐུན་དུ་བརྩི་དགོས་པ་འདྲ།

    Reply
  9. ཇོ་རུ་ཚེ་རིང་། says:
    ལོ་ 16 སྔོན།

    སྨོན་ལམ་བཏབས་པ་ཙམ་གྱིས་རྐྱེན་ངན་ཟློག་ཐུབ་པ་ཞིག་ཡིན་ན། ང་ཚོར་རྐྱེན་དང་བར་ཆད་འདི་འདྲ་ཞིག་འབྱུང་སའི་དུས་ཤིག་འཆར་མི་སྲིད་དེ། སྐྱ་སེར་རྒན་གཞོན་དབྱེ་བ་མེད་པར་ཚང་མས་སྨོན་ལམ་ཏག་ཏག་བརྒྱབས་ནས་འོང་བ་ཡིན་ནམ། སྡེ་དྲུག་སྤྲུལ་སྐུའི་ལོ་རྒྱུས་ལ་གཟིགས་དང་ཁྱེད་ཚོས་རྒྱ་གཞུང་གིས་བོད་ལ་སྤྲུལ་སྐུའི་དབང་བསྒྱུར་གསར་བ་ཞིག་བྱ་རྒྱུ་ཡིན་པ་རྟོགས་ངེས།

    Reply
  10. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    སྔོན་ཆད་ཀྱང་སྲིད་དོན་ཆེད་དུ་ཆོས་ལུགས་སྤྱད་པ་འདི་འདྲ་མང་པོ་བྱུང་བས་ལན་པ་རེད། དེང་སང་འདི་ཤུགས་ཆེ་རུ་འགྲོ་བཞིན་ཡོད། དེ་བས་སྤྲུལ་སྐུའི་ལམ་ལུགས་ལའང་ལེགས་བཅོས་ཤིག་བྱེད་རན་རེད། ཕྱི་བཞུགས་ཆོས་ཀྱི་དབུ་ཁྲིད་རྣམ་པས་ཐག་གཅོད་ཅིག་ཐུབ་བམ།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    གསེར་བུམ་དཀྲུག་དོན་གྱི་འོས་མི་དང་དཀྲུག་མཁན་ཚད་ལྡན་ཡིན་མིན་ལ་རག་ལས་པ་མ་གཏོགས་གཞན་ཏུ་ན་མི་ཕྲུག ཁྱི་ཕྲུག ཕག་ཕྲུག་གསུམ་གྱི་མིང་གསུམ་ནང་ནས་གཅིག་ཐོན་པར་ངེས་པ་ཚང་མའི་ཤེས་ཐུབ། དྲང་པོ་མེད་ན་ལས་ཀ་འདིའི་རིགས་ནི་སོ་སོས་སོ་སོར་མགོ་སྐོར་གཏོང་ཐབས་གཅིག་ལས་དེ་ལ་ངོ་མཚར་རྒྱུ་ཅི་ཡང་ལྷག་ཡོད་མ་རེད།

    Reply
  12. མཁའ་དབུགས་གསར་བ says:
    ལོ་ 16 སྔོན།

    ང་ཚོས་རྒྱ་མིའི་པན་ཆེན་དང་རྒྱ་མིའི་པན་ཆེན་གྱི་ཐུགས་ཐག་བཅད་པའི་སྤྲུལ་སྐུ་དག་གིས་མ་འོངས་པའི་སངས་རྒྱས་བསྟན་པའི་མཁྱེན་རྒྱ་ཅི་འདྲ་ཆེ་རུང་། བོད་མི་རིགས་ཀྱི་ཆེད་དུ་བྱ་བཞག་རླབས་ཆེན་ཅི་འདྲ་སྒྲུབ་རུང་། སྤྲུལ་སྐུ་ཞིག་སྟབས་སྟངས་འཛིན་མི་རུང་། དངོས་ནས་མཁས་པ་ཞིག་གམ་མི་རིགས་ལས་དོན་བྱས་རྗེས་ཅན་ཞིག་ཏུ་གྱུར་རུང་སྤྱིང་བཏང་གི་མི་ཞིག་ཡིན་པས་ཆ་ནས་གོང་བཀུར་བྱེད་དགོས་ལས། བླ་ཆེན་ནམ་སྤྲུལ་སྐུ་ཞིག་གི་ཐོབ་ཐང་ལ་དང་ལེན་བྱེད་མི་རུང་།

    Reply
  13. སྣེ་མོ་བསྟན་དར། says:
    ལོ་ 16 སྔོན།

    རྒྱ་ནག་པཎ་ཆེན་གྱིས་གསེར་བུམ་དཀྲུག་སྟེ་ངོས་འཛིན་བྱས་པའི་སྡེ་དྲུག་སྐུ་ཕྲེང་ལྔ་པ་སྟེ་གསན་བསམ་ཡག་པོ་བྱུང་དེ་མི་དམངས་ལ་ཕན་ཐོག་པ་ཞིག་བྱུང་ན་ཡག་པོ་རེད། དེ་མིན་དེང་སྐབས་སྤྲུལ་སྐུའི་མིང་འཁྱེར་ཏེ་སྤྱི་ཚོགས་དང་མི་དམངས་ལ་ཕན་པ་ལས་གནོད་པ་ཡང་བྱུང་སྲིད་པ་རེད་དེ་འདྲ་མི་ཡོང་བའི་སྨོན་ལམ་ཞུ།

    Reply
  14. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 16 སྔོན།

    ད་ངས་སྤྲུལ་སྐུ་ཞེས་པའི་སྡིང་ཆ་འདིའི་རྒྱབ་ལྗོངས་གཞི་ནས་རྙེད་བྱུང་།

    Reply
  15. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    འདི་ནི་པཎ་ཆེན་རྒྱལ་མཚན་ནོར་བུའི་ལས་ཀ་གསར་པ་ཡིན་ལ། ལོ་རྒྱུས་རང་བཞིན་གྱི་སྲིད་དོན་གྱི་འཁྲབ་སྟོན་དང་པོ་ཡང་ཡིན། བོད་ནས་བཏོན་པའི་ལོ་རྒྱུས་དེབ་ཐེར་ཁག་ཅིག་ཏུ། སྤྱི་ལོ་ ༡༨༦༤ ལོར་ལྷ་སྡོད་ཨན་བན་གྱིས་སྡེ་དྲུག་སྐུ་ཕྲེང་དང་པོ་ཁྲི་ཆེན་མཁྱེན་རབ་དབང་ཕྱུག་མཆོག སྲིད་སྐྱོང་དུ་དམིགས་འཛུགས་བྱས་པ་ལྟར། ལོ་རྗེས་མ་དེ་ལ་མན་ཇུ་གོང་མ་ཆེན་པོས་སྲིད་སྐྱོང་དངོས་ཀྱི་ཆོ་ལོ་བསྩལ་ཏེ། སྤྱི་ལོ་ ༡༨༧༢ བར་གྱི་ལོ་བདུན་རིང་གོང་མའི་ཐུགས་བཞེད་ལྟར་སྲིད་སྐྱོང་བའི་ལས་མཛད་འགན་བཞེས། ཞེས་གསལ་འདུག

    Reply
  16. བྱ་ངང་སེར། says:
    ལོ་ 16 སྔོན།

    གཞན་ལ་ཁ་གཏོང་རྐྱང་བྱས་པ་མ་ཡིན་པར་གནད་དོན་དངོས་ལ་ཞིགས་ན་
    སྤྲུལ་སྐུ་བདེན་རྫུན་གང་ཡིན་ཆ་མ་འཚལ་ཡང་ལས་འབྲས་སྣོག་རྐྱང་གི་ཁྱིམ་
    རྒྱུད་སྤྲུལ་སྐུ་ལས་བྱེད་སྟངས་འདི་ཅུང་ཟད་དྲང་བོ་འདུག།

    Reply
  17. ཇོ་རུ་ཚེ་རིང་། says:
    ལོ་ 16 སྔོན།

    པཎ་ཆེན་རྙོག་དྲ་ཅན་དེས་སྤྲུལ་སྐུ་རྙོག་དྲ་ཅན་ཞིག་བཙལ་འདུག་གཱ།
    ད་རྒྱ་མོས་བག་སྐལ་དུ་ཁྱེར་ཡོང་བའི་ཇོ་སྐུ་རྙོག་དྲ་སློང་མཁན་དེས་མདུན་དང་གསེར་བུམ་རྙོག་དྲ་བཟོ་བྱེད་སྤྱད་དེའི་ནང་ནས། མི་རྙོག་དྲ་ཅན་མང་པོ་བཙལ་ཡོང་གི་འདུག་གཱ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese