མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐུགས་གསོའི་འཚམས་འཕྲིན།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp
༸གོང་ས་མཆོག་གིས་ཐེངས་འདིའི་འབྲུག་ཆུ་རྫོང་གི་ས་རུད་ཀྱི་དོན་རྐྱེན་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ལ་བསྔོ་སྨོན་དང་རྗེས་ཤུལ་ནང་མི་ཚོར་སེམས་གསོ་དང་ཐུགས་གསོའི་འཚམས་འཕྲིན་ཕུལ་ཡོད།
ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་དགོང་མོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་དུ་ས་རུད་ཀྱི་རྐྱེན་པས་ཚེས་ ༡༢ བར་མི་ ༡༡༤༤ འདས་གྲོངས་དང་། མི་ ༦༤ ལ་རྨས་སྐྱོན་ཚབས་ཆེན་ཕོག་པ། མི་ ༦༠༠ ལྷག་གར་སོང་ཆ་མེད་དུ་གྱུར་བར་བརྟེན། ཕྱི་ཚེས་ ༡༤ ཉིན་༸གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་རྣམ་གཉིས་དབུས།  བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བས་དབུས་ཁྲིམས་ཞིབ་པ་གཞན་དང་། བཀའ་བློན་ཁྲི་པ་མཆོག་གིས་དབུས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ། ངྷ་སའི་ཉེ་འགྲམ་གྱི་དགོན་སྡེ་ཁག་གྲྭ་བཙུན་དང་སློབ་མ། སེར་སྐྱ་མི་མང་འདུ་འཛོམས་ཀྱིས་སྨོན་ལམ་གསོལ་འདེབས་གནང་ཡོད།
༸གོང་ས་མཆོག་གིས་ཉེ་ལམ་ཆུ་རུད་ཀྱི་གོད་ཆག་ཕོག་པ་རྣམས་ལ་ཐུགས་སྨོན་མཛད་ཡོད་པ་མ་ཟད། སེམས་གསོའི་གསུང་འཕྲིན་ཞིག་ཀྱང་བསྩལ་ཡོད་པ་རེད། གསུང་འཕྲིན་དེའི་ནང་འཁོད་དོན། ཉེ་ཆར་རྒྱ་གར་དང་པ་ཀི་སི་ཐན་ནང་ཆུ་རུད་ཀྱི་གོ་ཆག་འོག མི་མང་པོའི་ཚེ་སྲོག་ཤོར་བ་དང་རྒྱུ་དངོས་རྩ་འཐོར་ཕྱིན་པར་ངོས་རང་ཧ་ཅང་བློ་ཕམ་ཆེན་པོ་བྱུང། ངོས་ནས་རྗེས་ཤུལ་རྣམས་ལ་སེམས་གསོ་དང་ཚེ་འདས་རྣམས་ཀྱི་ཆེད་སྨོན་ལམ་རྒྱག་རྒྱུ་ཙམ་མ་ཟད། ངལ་སེལ་དང་རོགས་སྐྱོབ་ཀྱི་ལས་གཞིར་ཞལ་འདེབས་ཀྱང་ཕྲན་བུ་ཞིག་སྤྲོད་རྒྱུ་བྱུང།  ཕྱོགས་མཚུངས་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་ལྷོ་ཤར་མཚམས་སུ་ཡོད་པའི་འབྲུག་ཆུ་རྫོང་དུ་ས་རུད་ཤུགས་ཆེ་བྱུང་བའི་གོད་ཆག་དེའི་འོག་མི་གྲངས་མང་པོའི་ཚེ་སྲོག་ཤོར་ཡོད། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་ལོ་ངོ་བཅུ་ཕྲག་མང་པོའི་རིང་བྱུང་མ་མྱོང་བའི་རྐྱེན་ངན་ཚབས་ཆེ་ཤོས་ཤིག་ཆགས་ཡོད་འདུག སྲིད་བློན་ཝུན་ཅ་པའོ་ནས་ངལ་སེལ་དང་རོགས་སྐྱོབ་ཀྱི་ལས་གཞིར་གཟིགས་རྟོགས་ཆེད་འབྲེལ་ཡོད་ས་གནས་ལ་གཟིགས་སྐོར་གནང་བ་ངོས་ཀྱིས་ཤེས་བྱུང།

 ངོས་ཀྱིས་འབྱུང་བའི་གོད་ཆག་དེའི་འོག་ཚེ་སྲོག་ཤོར་བ་རྣམས་ལ་སྨོན་ལམ་རྒྱག་རྒྱུ་དང། རྗེས་ཤུལ་ནང་མི་ཚོར་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།  ཆེད་ལས་པ་ཚོས་གསུངས་པར་གཞིགས་ན་སྔར་མ་གྲགས་པའི་ཆུ་རུད་དེ་འདྲ་བྱུང་བ་དང། ཨུ་རུ་སུའི་ནང་ཤིང་ནགས་ལ་མེ་སྐྱོན་ཚབས་ཆེ་ཤོར་བའི་འབྱུང་རྐྱེན་གཙོ་བོ་ནི་སྔར་མ་བྱུང་བའི་གོ་ལའི་ཚ་དྲོད་རྒྱས་པ་དང་ཁོར་ཡུག་གི་གནད་དོན་མང་པོར་ཐུག་པ་ཞིག་ཡིན་འདུག དེར་བརྟེན་ང་ཚོས་ཐུན་མོང་ཐོག་ནས་ཁོར་ཡུག་གནས་སྟངས་ཉག་ཕྲ་བོ་དེ་དག་བདག་སྲུང་བྱེད་རྒྱུར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་འབད་བརྩོན་དགོས་རྒྱུ་དེ་དུས་ཀྱི་དགོས་མཁོ་ཞིག་ཆགས་ཡོད། དེ་རིང་སྔ་དྲོ་སླར་ཡང་དམིགས་བསལ་སྨོན་ལམ་གོ་སྒྲིག་ཞུས་ཏེ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་འབྱུང་བའི་གོད་ཆག་འོག ཚེ་སྲོག་ཤོར་བ་དང་གོད་ཆག་འོག་དཀའ་ངལ་མྱོང་བཞིན་པའི་རྗེས་ཤུལ་ཚོར་སྨོན་ལམ་འཚོགས་སྐབས་ངོས་ཀྱང་མཉམ་ཞུགས་བྱས་ཡོད་ཅེས་ཐུགས་གསོའི་འཚམས་འཕྲིན་ཞིག་ཕུལ་ཡོད་པ་རེད།

 

གསར་འགོད་པ་དོན་གོ།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༦ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༦ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 9

  1. བློ་བཟང་བསྟན་པའི་རྒྱལ་མཚན། says:
    ལོ་ 16 སྔོན།

    ཚེས་ 14 ནི་རེས་གཟའ་སྤེན་པ་གཉིས་པ་དགུང་སེང་དང༌། ཚེས་ 15 རེས་གཟའ་ཉི་མ་ཡིན་ས་རེད། ཕལ་ཆེར་ཁྱོད་ཚོ་ཡང་ལས་ཁུངས་ན་ཡོད་རྒྱུ་མ་རེད་བསམ། འོ་ན་གཞན་ལ་ཅིའི་ཕྱིར་འཁང་ར་བྱེད་ཀྱི་ཡོད།?????? ངོ་མ་ཡ་མཚན་རེད།

    Reply
  2. བོད་པ་ཚང་། says:
    ལོ་ 16 སྔོན།

    གསར་འགོད་པ་དོན་གོ་ལགས།
    འདིར་གཟིགས་དང་། འདིར་གཟིགས་དང་། ཉེ་ཆར་ས་རུད་རྐྱེན་པས་འབྲུག་ཆུའི་གོད་ཆག་བྱུང་ནས་ཉིན་ ༡༠ ལས་ཕྱིན་མེད། གནས་ཚུལ་དེ་ཟླ་འདིའི་ཚེས་ ༨ ཀྱི་ཐོ་རེངས་ལ་བྱུང་བ་ཞིག་རེད། འོན་ཀྱང་ཁྱེད་ཉིད་ཀྱིས་ཚེས་ ༧ བསྐྱོན་འདུག་པས། ནོར་བཅོས་འཕྲལ་དུ་འོང་བ་ཞུ།

    Reply
  3. kalsang says:
    ལོ་ 16 སྔོན།

    འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸གོང་ས་༸སྐྱབས་མགོན་མཆོག་ནས་འབྱུང་བཞིའི་གནོད་འཚེའི་འོག་ཚེ་ལས་འདས་རྣམས་ལ་བསྔོ་སྨོན་དང་བཤུལ་ལུས་རྣམས་ལ་ཐུགས་གསོའི་མཚམས་འཕྲིན་གནང་འདུག་པས་གུས་པས་སྙིང་དབུས་ནས་ཐུགས་རྗེ་ཆེ་བ་ཞུ་བ་དང་བཤུལ་ལུས་ནང་མི་རྣམས་མགྱོགས་མྱུར་ཁྱིམ་ཚང་བསྐྱར་བཟོ་ཐུབ་པའི་སྨོན་འདུན་ཞུ།

    Reply
  4. གཟུ་གནས་བློ་ལྡན། says:
    ལོ་ 16 སྔོན།

    འདི་ན་ཡང་གཅིག་འདུག གཟིགས་རྒྱུ་མ་བརྗེད་པ་གནང་རོགས། མི་ཁག་གཅིག་གིས་གནང་སྟངས་དེ་གཡག་ཞར་བས་རྩ་བཟའ་བ་དང་ཁྱད་པར་ག་རེ་འདུག ཉོབ་ཡག་རང་རེད།
    http://www.dalailama.com/news/post/570-his-holiness-the-dalai-lama-prays-for-the-loss-of-lives-in-the-floods

    Reply
  5. སེར་ཆེན་ says:
    ལོ་ 16 སྔོན།

    ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འབྲུག་ཆུ་མི་མང་ཡོངས་ལ་ཐུགས་གསོའི་མཚམས་འཕྲིན་ཕུལ་བའི་མ་ཚད་བསྔོ་བ་སྨོན་ལམ་རྩེ་གཅིག་གསུངས་ཡོད་སྟབས་བཤུལ་ལུས་ནང་མི་ཚོར་དེ་ལས་མ་ཆོག་པ་མེད་གི་བསམ།

    Reply
  6. རྐང་གསུམ། says:
    ལོ་ 16 སྔོན།

    བཀའ་དྲིན་གསུམ་ལྡན་གྱི་བླ་མ་རིན་པོ་ཆེས་འདི་ལྟར་ཐུགས་འཚམ་འཕྲིན་ཕུལ་ན་སེམས་ཐམས་ཅད་སངས་རྒྱས་ཀྱི་ས་རུ་ཁྲིད་ངེས་ཡིན་པ་རེད།

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འདི་ལོ་འཛམ་གླིང་ས་ཕྱོགས་གང་སར་ཆུ་ལོག་དང་རང་བྱུང་གི་གོད་ཆགས་བྱུང་བ་རྣམས་ལ་སེམས་གསོའི་གསུང་འཕྲིན་བོད་ཟླ་༧ པའི་ཚེས ༥ སྤྱི་ཟླ་༨ ཚེས་༡༤ ཉིན་བསྩལ་བ་ཞིག་ཡིན་ནའང་། ཁོང་སྐུ་སྒེར་གྱི་དྲ་ཚིགས་སུའང་ཟླ་ཚེས་༡༦ བར་སྤེལ་མི་འདུག
    དྲ་ཐག་འདི་ལ་གཟིགས་རོགས།
    http://gyalwarinpoche.com/newsdetail.php?recordID=39

    Reply
  8. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཚུལ་ཁྲིམས་གཙང་ཞིང་འདུལ་བའི་ཆོ་ག་ཤེས།།
    ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་།།
    ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོན་པ།།
    དུས་འདོམས་པ་དེ་ཉིད་བླ་མར་བསྔགས།།

    རྐྱེན་འདས་སུ་ཕྱིན་པའི་བོད་རིགས་སྤུན་ཟླ་རྣམས་སླ་ཡང་༸འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་དམ་པར་འགྱུར་བའི་སྨོན་འདུན་ཞུ།།

    Reply
  9. མཁའ་དབུགས་གསར་བ says:
    ལོ་ 16 སྔོན།

    གོང་ས་མཆོག་བྲེལ་བ་ཆེ་བ་ཤེས་མོད། ཐུགས་གསོའི་གསུང་འཕྲིན་ཅུང་འཕྱི་སོང་བ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese