མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་བཀོལ་སྤྱོད་བྱེད་དགོས་པའི་རེ་ཞུ། རྩེ་སྐར།

བོད་ཀྱི་དུས་བབ།
༢༠༡༠/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp
 
བོད་ཀྱི་དུས་བབ་ཟིན་བྲིས་པ་རྩེ་སྐར་གྱི་ཟིན་བྲིས་ལས་བཤུས།
 
འུ་ཚོའི་བོད་ཡིག་འདི་སློབ་དཔོན་ཐོན་མི་མཆོག་གིས་གསར་གཏོད་མཛད་ཙམ་ནས་རང་རེ་བོད་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་བཀོལ་སྤྱོད་བྱས་ཏེ་ལོ་རབས་མང་པོ་ཞིག་འགོར་ཡོད་ནའང་། བོད་ཡིག་འདི་བཞིན་དུས་ཡུན་རིང་པོ་ཞིག་ལ་ལག་བྲིས་ཁོ་ན་ལ་བརྟེན་པ་དང་། ཡང་ན་ཤིང་ངོས་ལ་བརྐོས་ཏེ་ཤིང་དཔར་བྱེད་པ།ལྕགས་ངོས་ལ་བརྐོས་པའི་ལྕགས་དཔར་གྱི་སྲོལ་བཅས་དར་བ་ཙམ་ལས་གཞན་བཀོལ་སྤྱོད་ཀྱི་ཐད་ནས་ཁྱབ་རྒྱ་ཆེན་པོ་མ་བྱུང་བར་ཡུན་རིང་པོར་ལྷག བར་སྐབས་ཤིག་ཚན་རྩལ་རིག་གནས་དར་ཁྱབ་ཆེན་པོ་བྱུང་བ་དང་བསྟུན་བོད་ཡིག་གི་བསྟན་པའང་དེར་བསྟུན་གྱིས་དར་ཏེ། གློག་ཀླད་ནང་བཀོལ་སྤྱོད་ཀྱིས་དཔེ་དེབ་པར་སྐྲུན་སོགས་བོད་ཀྱི་རིག་གཞུང་ལ་གཞོགས་འདེགས་མི་དམན་པ་ཞིག་བསྐྲུན་ཐུབ་པ་བྱུང་། ཡིན་ནའང་བོད་ཡིག་འདི་དབྱིན་ཡིག་སོགས་ཡིག་རིགས་གཞན་དང་བསྡུར་ན་ཁྱབ་རྒྱ་ཆེན་པོ་མེད་པར་ཟུར་ཞིག་ན་ཁུ་སིམ་དུ་ལྷག་སྟེ། མང་པོ་ཞིག་གིས་བོད་ཡིག་གིས་ས་རྒྱ་མི་ཆོད་པ་དང་བོད་ཡིག་ནི་མི་རིགས་གཞན་པའི་ཡིག་རིགས་མང་པོ་ཞིག་གི་གྲལ་མཐའ་ཡིིན་པ་སོགས་ཕངས་སེམས་དང་བློ་ཕམ་གྱི་ངུ་སྨྲེ་ཡང་ཤོར་མྱོང་།
 
དེང་གི་ཆ་འཕྲིན་དུས་རབས་སུ་ཁད་ཀྱིས་སླེབས་ཏེ་དྲ་ཐོག་ནས་རིག་གནས་སྤེལ་བ་གཙོ་བོར་གྱུར་པའི་སྐབས་འདི་བསྟུན།  བོད་ཡིག་གི་བསྟན་པ་སྔར་ལས་ཇེ་དར་གྱིས་གློག་ཀླད་ནང་བོད་ཡིག་ཡིག་གཟུགས་མང་པོ་ཞིག་བཀོལ་སྤྱོད་བྱེད་ཐུབ་བྱུང་བ་དང་། ལྷག་པར་ཡིག་གཟུགས་གཞན་ལས་ཁྱད་ཆོས་འབུར་ཐོན་གྱི་རྒྱལ་སྤྱིའི་ཨང་བསྒྲིགས་ཚད་ཅན་གྱི་ཧི་མ་ལ་ཡ་ཡིག་གཟུགས་དང་། སྨོན་ལམ་ཡིག་གཟུགས །ཇོ་མོ་གླང་མའི་ཡིག་གཟུགས་སོགས་ད་ལྟའི་གླེང་མོལ་མཉེན་ཆས་ yahoo དང་ QQ སོགས་དང་།གཞན་ད་རུང་ facebook དང་། twitter སོགས་དྲ་ངོས་ཟིན་བྲིས་མང་པོ་ཞིག་ཏུ་དབྱིན་ཡིག་སོགས་ཡིག་རིགས་གཞན་ནང་བཞིན་བཀོལ་སྤྱོད་བྱེད་ཐུབ་བྱུང་ཡོད་པ་ནི་དགའ་འོས་པ་ཞིག་རེད་དེ། ཡིན་ནའང་འུ་ཚོས་གང་ཡོད་པ་དེ་བེད་སྤྱོད་གཏོང་མ་ཤེས་པར་ད་དུང་ཡང་ཅི་མི་སྙམ་པར་མགོ་འཐོམ་ནས་བསྡད་འདུག ཁ་ཡར་གྲགས་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ཚུལ་དང་། ཁ་མར་གྲགས་ལ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་དགོས་ཚུལ་གླེང་མཁན་མང་པོ་ཞིག་ཡོད་ནའང་འུ་ཚོས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གཏོང་མ་ཤེས་པར་སྔོན་དང་བསྡུར་ན་ཡང་འུ་ཚོས་འུ་ཚོའི་སྐད་ཡིག་ལ་དམའ་ཕབ་ནས་ཟུར་ཞིག་ལ་གཡུགས་འདུག
 
རྒྱུ་མཚན་ཆ་འཕྲིན་དུས་རབས་ཀྱི་སྐབས་འདིར་འུ་ཚོ་ཡང་དྲ་ངོས་སུ་འཛུལ་ཞུགས་ཀྱིས་དྲ་ཐོག་ནས་ཕན་ཚུན་བསམ་ཚུལ་བརྗེ་རེས་ཀྱི་གཏམ་གླེང་སྤེལ་བའི་དུས་ཚོད་མང་པོ་ཞིག་གཏོང་གིན་ཡོད་ནའང་། དུས་ཚོད་དེའི་རིང་དྲ་ཐོག་ནས་བཀོལ་སྤྱོད་བྱེད་པའི་ཡི་གེ་ནི་གཞན་གྱི་ཡི་གེ་སྟེ། རྒྱ་ཡིག་དང་དབྱིན་རྐྱང་ཡིན་པ་ཀུན་གྱིས་ཤེས་གསལ་རེད། ཁོ་བོར་མཚོན་ན་དུས་རྒྱུན་དྲ་ངོས་སུ་ཞུགས་ནས་གཞན་ག་ས་གང་གི་གྲོགས་པོ་དང་གྲོགས་མོ་ཚོར་གླེང་མོལ་མཉེན་ཆས་སོགས་བརྒྱུད་གཏམ་གླེང་གིས་ཕན་ཚུན་བསམ་ཚུལ་སྤེལ་རེས་བྱེད་རྒྱུར་ཧ་ཅང་དགའ།
 
ཡིན་ནའང་ཁོ་བོས་དུས་རྒྱུན་བོད་ཀྱི་སྐད་ཡིག་གཙོར་བཟུང་གིས་བོད་ཡིག་བཀོལ་སྤྱོད་ཀྱིས་གླེང་མོལ་མཉེན་ཆས་ཡཱ་ཧོ་དང་ཁེའུ་ཁེའུ་སོགས་སུ་བོད་པའི་གྲོགས་པོ་གང་མང་ཞིག་ལ་འབྲེལ་འདྲིས་བྱས་ཀྱང་། ཁོ་ཚོས་ནམ་རྒྱུན་དབྱིན་ཡིག་འཐར་འཐོར་ཞིག་དང་རྒྱ་ཡིག་འཁྱར་འཁྱོར་ཞིག་བྲིས་ནས་འདུག་པ་ལས་བོད་ཡིག་བཀོལ་སྤྱོད་བྱེད་མཁན་ནི་རེ་ཟུང་ལས་མི་འདུག་པས་བློ་ཕམ་དུ་བཅུག་སོང་ལ། ཡིད་ཆད་དུ་བཅུག་སོང་།
 
བསམ་བློ་ཞིག་བཏང་ན་ཁོ་ཚོའི་ཁྲོད་བོད་ཡིག་མི་ཤེས་པ་འགའ་རེ་ཡོད་སྲིད་མོད།འོན་ཀྱང་བརྒྱ་ལ་ནི་དེ་འདྲ་ག་ལ་ཡིན། དྲ་ངོས་ལ་འཛུལ་ཞུགས་བྱེད་པའི་བོད་པ་ཞིག་ཡིན་ཕྱིན་ཆུང་དུས་ནས་རྒྱ་སོགས་མི་རིགས་གཞན་གྱི་སློབ་གྲྭ་རྐྱང་འགྲིམ་མཁན་ཞིག་ཡིན་ན་མ་གཏོགས་བོད་ཡིག་འབྲི་ཀློག་མི་ཤེས་མཁན་ཞིག་མེད་པ་ནི་རིག་པས་དཔྱད་སྟོབས་ཀྱིས་ཤེས་ཐུབ།
 
དུས་རྒྱུན་དྲ་ངོས་སུ་འཛུལ་ཞུགས་ཀྱིས་གླེང་མོལ་བྱེད་མཁན་དག་གིས་གཞན་གྱི་ཡི་གེ་བཀོལ་ནས་གླེང་མོལ་བྱེད་རྒྱུ་གོམས་གཤིས་ལྟ་བུ་ཞིག་ཆགས་ཏེ་བོད་རང་གི་ཡི་གེ་བཀོལ་སྤྱོད་ལག་ལེན་དུ་བསྟར་གྱི་མེད་པ་མ་ཟད། དེ་ལ་དོ་སྣང་ཡང་སྤུ་ཙམ་བྱེད་ཀྱི་མེད་པ་དེ་ནི་ནོར་འཁྲུལ་ཞིག་རེད། སྣང་ཚུལ་དེར་བསམ་བློ་ཞིབ་ཏུ་བཏང་ན་རང་ཅག་ལ་ཡི་གེ་ཡོད་བཞིན་དུ་གཞན་གྱི་ཡི་གེ་བཀོལ་སྤྱོད་བྱེད་པ་ནི་ངོ་ཚ་དགོས་པ་ཞིག་དང་། རང་ཅག་གི་ཡི་གེ་བཀོལ་སྤྱོད་བྱེད་ཐུབ་བཞིན་དུ་གཞན་གྱི་ཡི་གེ་ལ་བརྟེན་ནས་འདུག་པ་ནི་གླེན་རྟགས་ཤིག་རེད་སེམས།
 
ད་དུང་བོད་མི་འགའ་རེ་ནས་སྐད་ཆ་འདི་འདྲ་ཞིག་བཤད་ཀྱིན་འདུགདྲ་ངོས་སུ་དུས་རྒྱུན་འཛུལ་ཞུགས་གླེང་མོལ་བྱེད་པ་ནི་དབྱིན་ཡིག་དང་རྒྱ་ཡིག་གི་ཤེས་ཚད་ཡར་རྒྱས་སུ་གཏོང་བའི་ཆེད་དུ་ཡིན་ཟེར། གཞན་གྱི་སྐད་ཡིག་སྦྱོང་རྒྱུ་ནི་རིག་གནས་སློབ་སྦྱོང་གི་རྣམ་པ་ཞིག་ཡིན་སྟབས་དེ་ནི་མི་འགྲིགས་པ་ཞིག་མ་རེད། འོན་ཏང་ཕ་མེས་ཡང་མེས་ནས་བརྒྱུད་རང་ཉིད་བོད་མིའི་རྒྱུད་གཤིས་ཅན་ཞིག་ཡིན་པའི་ངོས་ནས་བོད་སྐད་བཤད་རྒྱུ་དང་བོད་ཡིག་འབྲི་རྒྱུ་ནི་མི་རིགས་གཞན་ཀྱི་སྐད་ཡིག་ལས་རྩ་ཆེན་གལ་ཆེན་དུ་འཛིན་དགོས་པའི་གནས་ལུགས་འདི་ཤེས་སུ་ཆུག་ལ། རང་ཉིད་ནི་བོད་པ་ཞིག་ཡིན་སྟབས་རང་གི་བུ་རབས་ཚ་རྒྱུད་དང་བཅས་པ་བོད་མི་གཙང་མ་ཞིག་བྱེད་འཇུག་རྒྱུའི་འདུ་ཤེས་ཀུན་སློང་དེ་ནམ་ཡང་འདོར་མི་རུང་།     
 
ད་རེས་ཁོ་བོས་དྲ་ངོས་ཟིན་བྲིས་ཁག་ཏུ་འཛུལ་ཞུགས་ཀྱིས་ཕན་ཚུན་གླེང་མོལ་བྱེད་མཁན་གྱི་བོད་རིགས་གྲོགས་པོ་དག་ལ་རེ་སྐུལ་ཞིག་ཞུ་རྒྱུ་ཡོད། འུ་ཚོས་ཉེ་ལམ་ཙམ་ཞིག་ནས་བོད་གཞིས་བྱེས་གཉིས་སུ་བོད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་རྒྱུན་འཛིན་བྱེད་རྒྱུར་དམིགས་ཏེ། མང་པོ་ཞིག་གིས་བོད་རང་སྐད་ནང་གཞན་སྐད་ཀྱི་སླད་སྐྱོན་མི་བསྲེས་ཆེད་བོད་སྐད་གཙང་མ་བཤད་རྒྱུར། རང་རང་གི་ས་ནས་ཆོད་སེམས་སྒྲིག་བཀོད་ཀྱིས་ལག་བསྟར་བྱེད་མཁན་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་ནི་རླབས་ཆེན་གྱི་དོན་བཟང་ཞིག་རེད། ཚུལ་དེ་བཞིན་དྲ་ངོས་སོགས་སུ་འཛུལ་ཞུགས་ཀྱིས་གླེང་མོལ་བྱེད་སྐབས་སུའང་ཕྱོགས་གཉིས་ཀ་བོད་མི་ཞིག་ཡིན་ཕྱིན། བོད་ཡིག་བཀོལ་སྤྱོད་ཀྱིས་གླེང་མོལ་བྱ་རྒྱུ་དེ་ཡང་བོད་ཀྱི་སྐད་ཡིག་ལ་མཐོང་ཆེན་དང་སྲུང་སྐྱོབ་རྒྱུན་འཛིན་བྱེད་ཐབས་ཤིག་ཡིན་པས་ངེས་པར་དུ་དེའི་ཕྱོགས་ལ་དོ་འཁུར་གྱིས་འབད་དགོས་ཀྱི་འདུག་ཟེར་བ་དེ་ཡིན།
 
དེ་ཡང་རང་རང་གིས་འགན་དང་འཁུར་དུ་བླངས་ཏེ་སོ་སོ་རང་ཉིད་ལ་ཡོད་པའི་གློག་ཀླད་རྩིས་འཁོར་ནང་གླེང་མོལ་མཉེན་ཆས་ཡཱ་ཧོ་དང་ཁེའུ་ཁེའུ་སོགས་ཀྱི་ནང་བཀོལ་སྤྱོད་ཆོག་པའི་རྒྱལ་སྤྱིའི་ཨང་བསྒྲིགས་ཚད་ཅན་གྱི་ཧི་མ་ལ་ཡ་ཡིག་གཟུགས་དང་། སྨོན་ལམ་ཡིག་གཟུགས། ཇོ་མོ་གླང་མའི་ཡིག་གཟུགས་སོགས་སྒྲིག་འཇུག་ངེས་པར་དུ་བྱེད་དགོས་པ་མ་ཟད། ཉེ་འཁོར་གྱི་རང་ཉིད་དུས་རྒྱུན་འགྲོ་སའི་དྲ་ཁང་དག་གི་གློག་ཀླད་དུའང་བོད་ཡིག་དེ་དག་ངེས་པར་སྒྲིག་འཇུག་བྱེད་བཅུག་སྟེ། བོད་ཡིག་གི་ལམ་ནས་གླེང་མོལ་བྱེད་རྒྱུའི་ཐབས་ལ་འབད་དགོས། བྱ་གཞག་འདི་གཙིགས་ཆེན་དུ་བཟུང་སྟེ་ཕན་ཚུན་གྲོགས་དང་གྲོགས་མོ་བཟང་ས་དང་རྒྱན་སའི་ངོས་ཙམ་མ་ཡིན་པར་ཚང་མས་ཕན་ཚུན་ལ་བོད་ཡིག་ཇི་ལྟར་སྒྲིག་འཇུག་བྱེད་སྟངས་དང། གང་འདྲ་བྱས་ནས་བཀོལ་སྤྱོད་བྱེད་སྟངས་སོགས་བརྒྱུད་སྤྲོད་རོགས་འདེགས་མི་དམན་པ་བྱ་རོགས།
 
དེ་ལྟར་བྱས་པ་ཡིན་ན་འུ་ཚོས་བོད་རང་གི་སྐད་ཡིག་ལ་མཐོང་ཆེན་བྱས་པ་མ་ཟད། བོད་ཡིག་སྤྱོད་ཁྱབ་ཀྱི་བསྟན་པ་སྔར་ལས་ཕུན་སུམ་ཚོགས་པོ་དང་དར་རྒྱས་ཆེན་པོ་བྱུང་སྟེ་བོད་ཡིག་གིས་ཀྱང་འཛམ་གླིང་གི་ཚད་མཐོའི་ཡིག་རིགས་གཞན་རྣམས་ཀྱི་གྲས་སུ་ས་རྒྱ་འཛིན་པའི་གོམ་པ་སྤོ་ཐུབ་ཀྱི་རེད་སེམས་སོ།།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 9

  1. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 16 སྔོན།

    རྩེ་སྐར་ལགས།
    qqཞེས་པའི་དྲ་བའི་ངོས་ལ་བོད་ཡིག་འབྲི་ཐུབ་ཀྱང་ཕར་ཕྱོགས་ཀྱི་གཟིགས་ཐུབ་ཀིན་མི་འདུག་པས་དེ་ལ་ཐབས་ལམ་འདྲ་ཡོད་དམ།
    གང་qqཞེས་པའི་ནང་བོད་ཡིག་བཏང་ན་འགྲོ་གིན་མི་འདུག

    Reply
  2. མདོ་ལའི་འཁྱམས་པོ། says:
    ལོ་ 16 སྔོན།

    རྩེ་དཀར་ལགས། ཁྱེད་ཀྱི་དགོངས་ཚུལ་ལ་རྒྱབ་སྐྱོར་གཙང་མ་ཡོད། ཆ་འཕྲིན་ཀྱི་དུས་རབས་འདིར་ང་ཚོའི་རྒྱལ་སྤྱིའི་ཨང་རྟགས་ཅན་གྱི་ཡིག་གཟིགས་དར་ནས་ལོ་ཤས་རིང་གི་གྲུབ་འབྲས་ལ་གཞིགས་ཚེ་ཧ་ལས་པའི་བོད་ཡིག་གི་བཀོད་སྤྱོད་དྲྭ་ཐོག་ཏུ་དར་ཁྱབ་ཆེན་པོ་བྱུང་འདུག ཡིན་ཡང། ད་དུང་ཡར་རྒྱས་གཏོང་དགོས་པ། བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་ལ་ཁྱབ་རྒྱུར་ལྷག་འདུག་ལ། ང་ཚོའི་མི་རབས་འདིས་བོད་སྐད་ཀྱི་་ཁ་ཕྱོགས་གང་ལ་བསྒྱུར་རྒྱུའི་འགན་དབང་ཆ་ཚང་ཡོད་པ་བརྗོད་དགོས་པ་མེད་ཀྱང། རང་ཡུལ་བཙན་འོག་ཏུ་ཡོད་པ་དང་ཕྱི་རུ་བོད་ཡིག་བཀོད་སྤྱོད་བྱེད་སའི་ཁོར་ཡུག་མེད་པས་དབང་གིས་ལྷོད་ཡང་དུ་ཕྱིན་པར་འདོད། གང་ལྟར་ང་ཚོས་ལེ་འདེད་དང་སྡུག་སྐད་ཤོར་མི་ཆོག་པར་བོད་མི་རིགས་འདི་གནས་དགོས་ན། སྐད་ཡིག་ལ་བདག་པོ་རྒྱག་རྒྱུར་ཁ་ཚ་དགོས་གཏུགས་ཀྱིས་ལས་བྱ་དང་པོར་ཆགས་འདུག་པས་རང་ཉིད་ཀྱིས་བོད་སྐད་གཙང་མ་ཞིག་བཤད་རྒྱུ་དང་དྲྭ་ཐོག་ཏུ་བོད་པ་ག་གེ་མོ་ཞིག་ལ་ཕྲད་སྐབས་བོད་ཡིག་བེད་སྤྱོད་གཏོང་རྒྱུ་དེ་རང་ཉིད་ཀྱིས་འགོ་འཛུགས་དང་རང་ཉིད་ལ་བསྒྱུར་བཅོས་བྱེད་རྒྱུ་ཡིན་པའི་ཁས་ལེན་དང་དམ་བཅའ་བཞག་ཡོད། དེ་ནི་ངའི་དྲིན་ཆེན་གྱི་ཕ་མ་གཉིས་ལ་འཇལ་འདོད་པའི་བཀའ་དྲིན་ཡང་ཡིན། སྤྱིར་ང་ནི་ཤེས་འཇོན་གྱི་དབེན་པའི་འཁྱམས་པོ་བ་ཞིག་ཡིན།

    Reply
  3. མཁའ་དབུགས་གསར་བ says:
    ལོ་ 16 སྔོན།

    དྲ་སྟེང་དུ་ཉོག་གཏམ་ལབ་ནས་བསྡད་ན་བོད་ཡིག་འཕེལ་རྒྱས་སུ་གཏོང་ག་ལ་ཐུབ། ད་ལྟའི་གནས་སྟངས་འདི་འདྲ་ཡིན་ན་རྒྱུ་ཆ་གུ་དོག་པའི་བོད་ཡིག་གི་དྲ་རྒྱ་ལ་ཤི་འཐམས་རོ་འཐམས་བྱས་ནས་བསྡད་ན་ཁྱེད་ཉིད་མགོ་རྨོངས་པ་ཞིག་ཏུ་གྱུར་ངེས།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    རྩེ་སྐར་ལགས་ཀྱིས་དགོངས་ཚུལ་ཡག་པོ་གསུངས་འདུག ང་ཚོ་བོད་ཡིག་ཕྲན་བུ་ཤེས་མཁན་ཚོས་བོད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་ན་དོན་གྱིས་སོ་སོའི་མི་རིགས་དང་། རིག་གཞུང་ལ་སྲུང་སྐྱོབས་བྱས་པ་རེད་སྙམ།
    ད་ལྟའི་གནས་སྟངས་འདིར་ང་ཚོ་ཚང་མས་རང་ནུས་གང་ཡོད་ཀྱིས་མི་རིགས་ལ་ཞབས་འདེགས་ཞུ་རྒྱུ་ཤིན་ཏུ་གལ་ཆེ།

    Reply
  5. kalsang says:
    ལོ་ 16 སྔོན།

    ང་ཚོར་ཡིག་གཟུགས་མི་འདྲ་བ་མང་པོ་ཞིག་འདུག་པ་དེ་ལེགས་པོ་ཞིག་རེད།ཡིན་ནའང་ཁ་ཤས་ཀྱིས་ཧི་མ་ལ་ཡའི་ཡིག་གཟུགས་བེད་སྦྱོད་གཏོང་གིན་འདུག།ཁ་ཤས་ཀྱིས་སྨོན་ལམ་ཡིག་གཟུགས་བེད་སྤྲོད་གཏོང་གིན་འདུག།ཡང་ཁ་ཤས་ཀྱིས་ཇོ་མོ་གླང་མའི་ཡིག་གཟུགས་བེད་སྤྱོད་གཏོང་གིན་འདུག་ཁ་ཤས་པཎྡིཏ་བེད་སྦྱོད་གཏོང་གིན་འདུག།
    དེ་དག་ཚང་མའི་ནང་དུ་ཆེས་ཡི་གེ་གཏག་བདེ་བ་དང་ཡི་གེ་འཇུག་སླ་བ་ནི་པཎྡི་ཏ་ཡིན་པ་མ་ཟད་ད་དུང་ཁེ་ཁེ་སོགས་ནས་ཡང་བེད་སྤྱོད་གཏོང་ཐུབ་ཀྱི་འདུག།པཎྔི་ཏ་ཡིག་གཟུགས་འདི་བོད་ཕྱི་ནང་གཉིས་ཀས་བེད་སྤྱོད་གཏོང་གིན་ཡོད་ཙང་ང་ཚོ་ཚང་མས་ཐུན་མོང་གི་ཡིག་གཟུགས་གཅིག་བེད་སྤྱོད་གཏོང་བ་ཡིན་ན་དཀའ་ངལ་མང་པོ་ཞིག་སེལ་འགྲོ་ཡི་འདུག་ལ་ད་དུང་པཎྡི་ཏའི་ཡིག་གཟུགས་གཏག་ཤིན་ཏུ་སླ་བ་མ་ཟད་ཚིག་མཛོད་དང་བཅས་བ་འཆར་ཡོང་གི་འདུག།དེ་མིན་ཡིག་གཟུགས་མང་པོ་ཞིག་བེད་སྤྱོད་གཏོང་བསྡད་ན་ཡིག་གཟུགས་མ་མཐུན་པའི་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་འདུག་པས་ཚང་མས་འདི་སྐོར་ལ་བསམ་བློ་ཡག་པོ་ཞིག་ཐོངས་རོགས་ཞུ།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    twitter སོགས་ནང་ལ་བོད་ཡིག་བྲིས་ཚེ་བོད་ཡིག་འཐོར་འགྲོ་བགྱིད་འདུག ཡིག་གཟུགས་འཐོར་མི་འགྲོ་བའི་ཐབས་ཤེས་སྟོན་དགོས་འདུག ངས་ཁ་བརྡའི་ནང་ལ་བྲིས་ནས་ཕར་དཔར་བཤུ་བྱས་ན་ཡག་པོ་ཡོང་བགྱིད་འདུག་ཀྱང་། ཚང་མ་ལ་དེལྟར་ཡོང་བགྱིད་མི་འདུག

    Reply
  7. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    ང་སྡུག་སྨེ་འདོན་པར་དགའ་བ་མིན་ཏེ། བོད་མི་ནི་བོད་མི་རང་ཡིན་སྟབས་དེ་ལ་འདི་འདྲའི་གྲོས་འདེབས་ཡག་པོ་བྱས་པ་ལ་དགོས་པ་མེད། དེ་ལས་ང་ཚོས་ཚོགས་བསག་སྒྲུབ་སྦྱོང་མ་བྱས་ན་བསོད་ནམས་རྫོགས་གྲབ་འདུག དེ་ཕྱིར་བསོད་ནམས་བསག་དགོས། བསོད་ནམས་ཀྱིས་ཁྱོག་ན་རིག་གཞུང་རྒྱུན་འཛིན་ཙམ་མ་ཟད་བོད་ཀྱི་བདེ་མཐའ་གསལ་ངེས་རེད་གླེང་ན། དེ་ལ་ཆ་འཇོག་དང་། བརྩི་བཀུར། དང་ལེན་བཅས་བྱེད་ངེས་ཡིན། དེ་མིན་ང་ཚོ་ནི་༸་གོང་ས་མཆོག་གི་མི་རིགས་རིག་གཞུང་དང་བཅས་པའི་བཀའ་སློབ་ལམ་སྟོན་འཕོངས་ཕྱིས་ཀྱི་རྡོ་བཞིན་དོར་རིགས་མཁན་གྱི་མི་རིགས་གླེན་ནག་དེ་མ་ཡིན་ནམ།

    Reply
  8. kalsang says:
    ལོ་ 16 སྔོན།

    ང་ཚོར་ཡིག་གཟུགས་མི་འདྲ་བ་མང་པོ་ཞིག་འདུག་པ་དེ་ལེགས་པོ་ཞིག་རེད།ཡིན་ནའང་ཁ་ཤས་ཀྱིས་ཧི་མ་ལ་ཡའི་ཡིག་གཟུགས་བེད་སྦྱོད་གཏོང་གིན་འདུག།ཁ་ཤས་ཀྱིས་སྨོན་ལམ་ཡིག་གཟུགས་བེད་སྤྲོད་གཏོང་གིན་འདུག།ཡང་ཁ་ཤས་ཀྱིས་ཇོ་མོ་གླང་མའི་ཡིག་གཟུགས་བེད་སྤྱོད་གཏོང་གིན་འདུག་ཁ་ཤས་པཎྡིཏ་བེད་སྦྱོད་གཏོང་གིན་འདུག།
    དེ་དག་ཚང་མའི་ནང་དུ་ཆེས་ཡི་གེ་གཏག་བདེ་བ་དང་ཡི་གེ་འཇུག་སླ་བ་ནི་པཎྡི་ཏ་ཡིན་པ་མ་ཟད་ད་དུང་ཁེ་ཁེ་སོགས་ནས་ཡང་བེད་སྤྱོད་གཏོང་ཐུབ་ཀྱི་འདུག།པཎྔི་ཏ་ཡིག་གཟུགས་འདི་བོད་ཕྱི་ནང་གཉིས་ཀས་བེད་སྤྱོད་གཏོང་གིན་ཡོད་ཙང་ང་ཚོ་ཚང་མས་ཐུན་མོང་གི་ཡིག་གཟུགས་གཅིག་བེད་སྤྱོད་གཏོང་བ་ཡིན་ན་དཀའ་ངལ་མང་པོ་ཞིག་སེལ་འགྲོ་ཡི་འདུག་ལ་ད་དུང་པཎྡི་ཏའི་ཡིག་གཟུགས་གཏག་ཤིན་ཏུ་སླ་བ་མ་ཟད་ཚིག་མཛོད་དང་བཅས་བ་འཆར་ཡོང་གི་འདུག།དེ་མིན་ཡིག་གཟུགས་མང་པོ་ཞིག་བེད་སྤྱོད་གཏོང་བསྡད་ན་ཡིག་གཟུགས་མ་མཐུན་པའི་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་འདུག་པས་ཚང་མས་འདི་སྐོར་ལ་བསམ་བློ་ཡག་པོ་ཞིག་ཐོངས་རོགས་ཞུ།

    Reply
  9. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    རྩེ་སྐར་ལགས་།་qqཞེས་པའི་ནང་བོད་ཡིག་ཡིག་གཟུགས་གང་སྤྱོན་ན་ཐད་ཀ་འབྲི་ཐུབ་གྱིན་འདུག་ བར་སྟོང་རེ་ཡོད་ན་ལམ་སྟོན་རེ་བྱེད་རོགས་ཞུ་རྒྱུ་ཡིན

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese