དེ་རིང་ནས་བཟུང་ཉིན་བཅུའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་པ་འཚོགས་མགོ་བརྩམས་ཡོད་ལ། ཉིན་དེ་དག་གི་རིང་ལྷན་ཁང་ཁག་གི་ལས་སྡོམ་སྙན་ཐོར་ཞིབ་འཇུག་དང་ཁྲིམས་བཟོའི་ལས་དོན་ཁག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་གི་ཞིབ་འཇུག་སྙན་ཐོ་སོགས་ལ་བགྲོ་གླེང་གནང་རྒྱུ་ཡིན་འདུག
དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་སྐར་མ་ ༣༠ སྟེང་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་མགོ་བརྩམས་ཡོད་ལ། ཚོགས་དུས་བཅུ་པ་འདི་ཉིད་ཟླ་འདིའི་ཕྱི་ཚེས་ ༡༧ བར་ཉིན་བཅུ་རིང་འཚོགས་རྒྱུ་ཡིན་འདུག
ཚོགས་འདུའི་ཐོག་མར་ཚོགས་དུས་བཅུ་པའི་ཐོག་བཅར་བའི་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་མི་ཡོངས་དང་ལྷན་ཁང་ཁག་གི་གཞུང་ཞབས་ལས་བྱེད་སོགས་ཟུར་ཞུགས་པ་རྣམས་ཀྱིས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་རྗེས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་མགོ་འཛུགས་ཀྱི་གསུང་བཤད་གནང་དོན། ཐེངས་འདིའི་ཚོགས་དུས་འདི་བཞིན་ཉེ་ཆར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་གྲུབ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུས་པ། དེ་བཞིན་བོད་མི་སྐྱབས་བཅོལ་བ་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་མང་གཙོའི་དུས་དྲན་སྲུང་གཙི་ཞུས་ཏེ། མཛད་རིམ་ཁྱད་པར་ཅན་གསུམ་གྱི་རྗེས་སུ་འཚོགས་ཀྱིན་ཡོད་ལ། ཐེངས་འདིའི་ཚོགས་ཆེན་འདི་ནི་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་ཕྱིན་པའི་རྗེས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོ་ཆགས་ཀྱི་ཡོད། ཅེས་དང་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ནང་མི་མང་གིས་འོས་འདེམས་བྱས་པའི་འཐུས་མི་དང་། གཞུང་འབྲེལ་མ་ཡིན་པའི་འཐུས་མི། དེ་བཞིན་དུས་རྒྱུན་བོད་དོན་ཐོག་ཐུགས་སྣང་གནང་མཁན་གྱི་འཐུས་མི་བཅས་མི་ ༣༣༦ ཙམ་འཛོམས་ཏེ། ཉིན་ལྔ་ལྷག་གི་རིང་བརྗོད་གཞི་གཞིར་བཟུང་ཆབ་སྲིད་དང་མང་གཙོ། དེ་བཞིན་བཙན་བྱོལ་བོད་གཞུང་གི་ལས་ཁུངས་དྲུག་དང་འབྲེལ་བ་ཡོད་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷུག་པོར་གནང་ཡོད།
བགྲོ་གླེང་གང་བྱུང་བའི་བསམ་ཚུལ་རྣམས་ཤོག་གྲངས་ ༣༢ ནང་ཕྱོགས་བསྡོམས་བྱས་ཡོད་ལ། བསམ་ཚུལ་ཕྱོགས་བསྡོམས་བྱས་པ་ཚང་མ་ལག་ལེན་དུ་བསྟར་ཐུབ་གི་རེད་ཅེས་ཞུ་ཐུབ་ཀྱི་མེད་མོད། དེའི་ནང་དེ་རིང་ནས་བརྩིས་པའི་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་བྱེད་དགོས་པ་ཁག་ཅིག་དང་། ཡང་མ་འོངས་པའི་བཀའ་སྤྱིས་གནང་དགོས་པའི་ལས་དོན་ཁག་ཅིག་ཡོད་སྟབས། མ་འོངས་པའི་བཀའ་སྤྱི་དང་ལས་ཀྱི་སྣེ་མོ་བ་སུ་ཡིན་རུང་ཐེངས་འདིར་བསམ་འཆར་ཕྱོགས་བསྡོམས་བྱས་པའི་ནང་གང་འཁོད་པ་རྣམས་ལག་བསྟར་ཐུབ་པ་བྱ་རྒྱུ་དང་། ལག་བསྟར་བྱ་མ་ཐུབ་པ་རྣམས་མང་ཚོགས་ནང་གསལ་བཟོ་གནང་རྒྱུར་གནད་འགག་ཆེན་པོར་མཐོང་གི་ཡོད་ཅེས་གསུངས།
ཡང་ཁོང་གིས། འདི་ལོའི་མང་གཙོའི་དུས་དྲན་ཉིན་དང་སྟབས་བསྟུན་༧གོང་ས་མཆོག་ལ་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ། གསེར་གྱི་ཕྱག་དམ་ཞིག་འབུལ་རྒྱུའི་གོ་སྐབས་བྱུང་ཡོད་ལ། ༧གོང་ས་མཆོག་གིས་མཛད་རིམ་དེ་གསུམ་དང་གསེར་གྱི་ཕྱག་དམ་ཕུལ་བ་ཐུགས་དགྱེས་ཚོར་ཆེན་པོའི་ཞལ་བཞེས་གནང་བ་དང་། སྐབས་དུས་སོ་སོར་བཀའ་སློབ་གནང་བ་དག་གནད་འགག་ཆེན་པོ་ཡིན་སྟབས། བཀའ་སྤྱི་གཉིས་དང་ལས་ཀྱི་སྣེ་མོ་བ་གཞན། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མས་བསྒྲུབ་དགོས་ཐོག་ནུས་པ་མཉམ་དུ་སྤུངས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས།
ཡང་ཁོང་གིས། ད་ལྟའི་བོད་ནང་གི་ཆབ་སྲིད་གནས་སྟངས་མུ་མཐུད་ཉག་ཕྲ་བ་དང་། བོད་ནང་མུ་མཐུད་དམ་དྲག་དང་བལ་བོད་ཀྱི་མཐའ་མཚམས་སུ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་སྟབས། བོད་ནས་བཙན་བྱོལ་དུ་ཡོང་མཁན་གང་འཚམ་ཉུང་དུ་ཕྱིན་ཡོད། ལྷག་པར་དུ་དགོན་སྡེ་ཁག་ལ་དམ་དྲག་དང་། བླ་མ་དང་སྤྲུལ་སྐུ། མཁས་པ་དང་གཞས་པ་གཞས་མ་སོགས་སོ་སོ་རང་ཉིད་ཀྱིས་རྣམ་དཔྱོད་རྩལ་དུ་བཏོན་ཏེ། བོད་ནང་གི་བོད་མིའི་ཁོར་ཡུག་དང་ཆོས་དང་རིག་གཞུང་སོགས་སྤྱི་ཚོགས་ལ་སྨན་པའི་རླབས་ཆེན་གྱི་ཕྱག་ལས་གནང་མཁན་དང་། བོད་མིའི་སྤྱི་ཚོགས་ཀྱི་བསམ་སྤྱོད་ལ་འགྱུར་བ་གཏོང་ཐུབ་མཁན་མང་བོ་ཞིག རྒྱ་ནག་གིས་འཛིན་བཟུང་བཀག་ཉར་གྱི་ལས་འགུལ་སྣ་ཚོགས་སྤེལ་གྱིན་ཡོད་ཅིང་། དེ་ལྟ་བུའི་གནས་སྟངས་ཛ་དྲག་པོ་ཞིག་གི་འོག་རྒྱ་ནག་གི་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་དེས་བོད་མིའི་ཚེ་སྲོག་ཚུན་ཆད་ལ་དོ་ཕོག་འགྲོ་བཞིན་ཡོད་ཐོག ཉེ་ལམ་སྐྱེ་རྒུ་མདོར་ས་ཡོམ་དང་འབྲུག་ཆུར་ས་རུད་དང་ཆུ་ལོག་གིས་གནོད་སྐྱོན་ཐེབས་ཏེ། མི་མང་སྟོང་ཕྲག་མང་བོའི་ལུས་སྲོག་ལོངས་སྤྱོད་ལ་གོད་ཆག་ཆེན་པོ་བྱུང་ཡོད་པ་སོགས་ཀྱིས། བོད་རྒྱ་འབྲེལ་མོལ་གྱི་གནད་དོན་ཡང་རྒྱ་ནག་གི་འཕྲལ་སེལ་གྱི་སྲིད་བྱུང་འོག་གནས་སྐངས་རིང་མདུན་སྐྱོད་བྱེད་མ་ཐུབ་པར་ལྷག་ཡོད།
དེར་བརྟེན་ཐེངས་འདིའི་གྲོས་ཚོགས་ནང་གནད་དོན་ག་རེའི་ཐོག་བགྲོ་གླེང་གནང་གི་ཡོད་ནའང་། གནད་དོན་དེ་དག་གཞིར་བཞག་སོ་སོས་རྣམ་དཔྱོད་རྩལ་དུ་བཏོན་ཏེ་ཆ་ཤས་ལེན་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལོ་སྔོན་མར་བཅའ་ཁྲིམས་དང་སྒྲིག་གཞི་ཁག་ལ་བསྐྱར་ཞིབ་བྱེད་པའི་ཚོགས་ཆུང་ཞིག་བཙུགས་ཏེ། ད་ལོའི་ཟླ་ ༣ ཚོགས་དུས་ ༩ སྐབས་ཚོགས་ཆུང་གི་སྙན་ཐོའི་ནང་བཅའ་ཁྲིམས་དང་སྒྲིག་གཞི་བསྐྱར་བཅོས་དགོས་རིགས་ཁག་ཅིག་ཚར་ཟིན་ནའང་། དེ་མིན་གྱི་ཁྲིམས་བཟོའི་ལས་དོན་མང་བོ་མུ་མཐུད་ལྷག་ཡོད་སྟབས་ཐེངས་འདིའི་གྲོས་ཚོགས་སྐབས་ཚར་ཐུབ་པ་བྱ་རྒྱུ་ཡིན་འདུག དེ་བཞིན་ཟླ་ ༣ པའི་ཚོགས་དུས་སྐབས་ཆེད་འཛུགས་ཚོགས་ཆུང་ཁག་བགོས་ཀྱིས་ཚོགས་ཆུང་ཁག་ཅིག་གིས་ལས་སྡོམ་ཚར་བ་དང་ཁག་ཅིག་གིས་ཚར་མེད་སྟབས། ཚར་ཟིན་པ་རྣམས་ཐེངས་འདིའི་གྲོས་ཚོགས་སྐབས་བགྲོ་གླེང་མཐིལ་ཕྱིན་པ་གནང་རྒྱུ་དང་། མ་ཚར་བ་རྣམས་ཞིབ་ཚགས་པོ་ཡོང་ཆེད་དུས་འགྱང་དང་གྲོས་ཆོད་འཇོག་པ་སོགས་བྱ་རྒྱུ་ཡིན་འདུག
ཐེངས་འདིའི་གྲོས་ཚོགས་ཚོགས་དུས་ཀྱི་ཉིན་དང་པོར་འཐུས་མི་བཅུ་ཙམ་བཅར་ཐུབ་མེད་སྟབས། ཚོགས་གཙོ་མཆོག་གིས་དེ་ནི་ཅུང་བློ་ཕམ་པའི་རྒྱུ་ཡིན་པ་དང་། མ་འོངས་པར་ཚང་མས་གྲོས་ཚོགས་གལ་ཆེན་པོ་དང་། གྲོས་ཚོགས་ནང་དུ་མཉམ་ཞུགས་བྱ་རྒྱུ་ནི་མི་མང་གིས་གྲོས་ཚོགས་འཐུས་མིར་བདམས་པའི་སྤྱི་འཐུས་ཀྱི་འོས་འགན་གཙོ་བོ་ཡིན་པར་ངོས་འཛིན་བྱེད་དགོས་པར་མ་ཟད། མང་གཙོའི་ལམ་སྲོལ་ནང་དུ་གྲོས་ཚོགས་ཟེར་བ་ནི་ཁྲིམས་བཟོ་ལྷན་ཚོགས་ཀྱི་སྒྲིག་འཛུགས་རྩ་ཆེན་པོ་ཡིན་སྟབས། སྒྲིག་འཛུགས་དེའི་ཆེ་མཐོང་ཉར་ཆེད་ཚོགས་ཁང་འདིའི་ནང་ཡོད་པའི་ཚོགས་མི་ཚང་མས་དེའི་སྟེང་དུ་ཐུགས་སྣང་གནང་དགོས་ཞེས་འབོད་སྐུལ་ཞུས་ཡོད།
ཐེངས་འདིའི་ཚོགས་དུས་མགོ་འཛུགས་སྐབས་འདི་ལོའི་ཟླ་ ༤ བར་སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་པ་དང་ཟླ་སྔོན་མའི་ནང་འབྲུག་ཆུ་ཁུལ་དུ་ས་རུད་དང་ཆུ་ལོག་གི་གོད་ཆག་བྱུང་བ། དེ་བཞིན་ཟླ་ ༥ ནང་མདོ་སྨད་ཀྱི་སྤྱི་འཐུས་ཟུར་བ་རྒན་སྒོ་མང་བསྟན་པ་མཆོག་སྐུ་གྲོངས་པ་དང་། ཟླ་ ༧ ནང་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ཕུར་བུ་ཚེ་རིང་མཆོག་སྐུ་གྲོངས་པ་བཅས་ལ་གཞུང་འབྲེལ་ཐོག་མྱ་ངན་གུས་འདུད་སྐར་མ་གཅིག་རིང་ཞུས་ཡོད།
གསར་འགོད་པ། ཨ་རིག་འགྱུར་མེད།
པར་བ། བནྡེ་སྐྱབས།
ད་མང་པོ་མི་བཤད་ད་ལན་ཡང་ཁ་ཤས་ཀྱིས་ལུང་ཚན་གྱི་ཞེན་ཁོག་ཤུགས་ཆེན་གནང་གི་འདུག་ད། དེ་ནི་ཡག་པོ་ཁྱོན་ནས་མ་རེད། གྲོས་ཚོགས་སྒང་ནས་ཐུགས་བསམ་ཡག་པོ་གནང་གལ་ཆེ།
འཇུ་ཆེན་དཀོན་མཆོག་ལགས་ལ་ཆེད་དུ་ཞུ་སྙིང་། སྔོན་ཆུང་དུས་སྐུ་པར་ཞིག་གང་སར་སྦྱར་ནས་ཁྱབ་བསྒྲགས་གནང་འདུག་མོད། ད་ལན་རེ་བ་ཡོད་ས་མ་རེད། ན་ནིང་གི་སྦོར་ཞོད་ཚ་བོ་དེས་མང་པོ་ཞིག་གི་གྲོད་པ་སྦས་བཅུག་སོང་།
གཞན་ཚེ་རིང་གཡུ་སྒྲོན་དང་ཡེ་ཤེས་སྒྲོལ་མ་གཉིས་ལགས། དངོས་གནས་ད་ཡིན་ན། ཅང་ཤེས་ལམ་ཁ་བོང་གུས་མ་བཀག་ན་ཡག་ཚོད་རེད་ལོ།
ད་ལན་ཡང་དེ་ཙམ་ཡིན།
ཚོགས་གཙོ་མཆོག་གིས་གསུངས་པ་ལྟར་བོད་མིའི་སྤྱི་ཚོགས་ཀྱི་བསམ་སྤྱོད་ལ་འགྱུར་བ་གཏོང་ཐུབ་མཁན་མང་པོ་ཞིག རྒྱ་ནག་གིས་འཛིན་བཟུང་བཀག་ཉར་གྱི་ལས་འགུལ་སྣ་ཚོགས་སྤེལ་གྱིན་ཡོད། ཞེས་པ་ནི་དམིགས་བསལ་གྱིས་སྤྱི་འཐུས་རྣམ་པ་དང་ཚོགས་འདུ་བ་ཡོངས་ཀྱི་དུས་རྟག་དུ་དྲན་དགོས་པ་ཞིག་དང་། ཁོང་རྣམ་པར་དགོས་ངེས་ཀྱི་རྒྱབ་སྐྱོར་སོགས་དུས་ཐོག་འཛམ་གླིང་མི་དམངས་ཡོངས་ལ་ཁྱབ་བསྒྲགས་བྱེད་གལ་ཆེ་སྙམ། ད་ལན་ཞུ་རྒྱུ་ཞིག་ལ་གཞུང་ཞབས་པ་དང་མི་སྒེར་སུ་ཞིག་ཡིན་རུང་སྤྱི་སྒེར་གྱི་ཕྱག་ལས་ཆེ་ཆུང་གང་མང་ཞིག་ཡོད་པ་ནི་བཤད་ཅི་ལ་དགོས། མ་ཟད་ཚོགས་འདུ་བ་ཡོངས་སུ་རྫོགས་པ་དུས་གཅིག་མཉམ་འཛོམས་བྱུང་དགོས་པའང་ཤིན་ཏུ་བཀའ་མོད།
རེད་དེ་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་ཀྱི་ཉིན་དང་པོར་འཐུས་མི་བཅུ་ཙམ་ཕེབས་མེད་པ་ནི་བློ་ཕམ་གྱི་རང་བཞིན་ཞིག་ལས་མ་འདས། གང་ལགས་ཞེ་ན་ཁྱེད་ཅག་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་སྐུ་ཚབ་བམ་སྣེ་འཁྲིད་པ་ཡིན་པས་སོ།། རྗེས་ཕྱོགས་གནས་དོན་དེ་རིགས་མི་ཡོང་བ་ཞུ།
ད་རེ་སྤྱི་འཐུས་བཅུ་གྲངས་ཤིག་ཉིན་དང་པོར་ཕེབས་མེད་པའི་གནས་ཚུལ་འདུག་ལ་དེ་དངོས་གནས་ལྡན་པ་ཐབས་སྐྱོ་བོ་ཞེ་དྲག་རེད།
གྲོས་ཚོགས་འཚོགས་ཐེངས་ཁ་ཤས་ལ་བསྐྱར་མི་ཐུབ་པའི་མི་ཞིག་གིས་བོད་སྤྱི་བའི་ལས་དོན་གཏན་འབེབས་ཇི་ལྟར་བྱ་ཐུབ།
དངོས་གནས་སྤྱི་འཐུས་ཕེབས་མེད་པ་འདི་ཚོ་ངོ་ཚ་རྒྱུ་མིན་འདུག
རང་ཉིད་ཀྱིས་མི་འབྱོན་ན་ས་མིག་དེ་བཀག་ནས་ཅི་བྱ་དགོངས་ཤོག་འབུལ་རོགས།
གྲོས་ཚོགས་ཚོགས་པ་དགའ་བསུ་ཡོད་ལགས་བྱ་བ་ཐམས་ཅད་འགྲུབ་པའི་རེ་བ་ཆེ། ད་ཐེངས་རེ་བསྐུལ་ཞིག་ལ།
རྒྱ་རི་སྒྲོལ་མ་དང་པདྨ་འབྱྭང་གནས་གཉིས་ནས་སྐུགས་ཀྱག་རྙིང་པ་རྙིང་རྐྱང་ཆགས་ཚར་འདུག་བསམ་ནས་མིག་གིས་མཐོང་ཨེ་ཡོད་ཞུ་ཡག་ཡིན་
སྤྱི་འཐུས་སྐབས་ ༡༤ པའི་ཚོགས་དུས་ ༡༠ པ་འཚོགས་དབུ་ཚུགས་པ་ཡག་པོ་རེད། ད་ཐེངས་ཁོ་ཚོ་སྟོན་རྒྱུ་མེད་པ་ཞིག་མ་བྱས་ན་འོས་ཐོབ་ཡ་ཁག་པོ་རེད། སྤོ་ཏོ་དང་མོ་ཏོ་དེ་ཚོའི་དགོངས་པ་ཞུས་ན་འཚམས་པོ་འདུག རྟ་ལམ་བོང་བུས་བཀག་པ་རང་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞིག་སེར་སྨད་གྲྭ་ཚང་དེ་ཞུས་ཡོད་པ་དང། བརྟན་བཞུགས་གྲལ་སྒྲིག་ཆ་ཚང་སེར་སྨད་གྲྭ་ཚང་ནས་ཞུས་ཡོད་ཀྱང། རྒྱ་རི་སྒྲོལ་མ་མཆོག་ནས་མཇུག་བསྡུ་གསུང་བཤད་སྐབས་། སེར་བྱེས་གྲྭ་ཚང་ནས་རོག་པ་ཡག་པོ་བྱེད་སོང་ཐུགས་རྗེ་ཆེར་ཡང་ནས་ཡང་དུ་གསུང་ཡོད་ཀྱང་། ཉམ་ཆུང་སེར་སྨད་གྲ་ཚང་ནི་མིང་ཙམ་ཡང་བརྗོད་མེད་པ་རེད། གྲྭ་ཚང་སྨད་ཀྱི་གྲྭ་པ་རྣམས་བློ་ཕམ་བྱེད་གི་ཡོད་པ་རེད།
རྒྱ་རི་སྒྲོལ་མ་མཆོག་ནས་བཀའ་ཁྲིའི་འོས་ཐོབ་པའི་ཆད་དུ་སེར་བྱེས་གྲྭ་ཚང་ལ་དཔོན་ལེན་བཤད་པ་མ་རེད་པས།
རྗེ་སུ་ཚོགས་གཙོ་དང་ཚོགས་གཞོན་གཉིས་ནས་སེར་སྨད་གྲྭ་ཚང་ལ་དགོངས་དག་ཞུ་ཡོད་པ་རེད།
སྐབས་ ༡༤ པའི་ཚོགས་དུས་ ༡༠ པ་འཚོགས་པར་རྟེན་འབྲེལ་ཞུ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞིག་སེར་སྨད་གྲྭ་ཚང་དེ་ཞུས་ཡོད་པ་དང། བརྟན་བཞུགས་གྲལ་སྒྲིག་ཆ་ཚང་སེར་སྨད་གྲྭ་ཚང་ནས་ཞུས་ཡོད་ཀྱང། རྒྱ་རི་སྒྲོལ་མ་མཆོག་ནས་མཇུག་བསྡུ་གསུང་བཤད་སྐབས་། སེར་བྱེས་གྲྭ་ཚང་ནས་རོག་པ་ཡག་པོ་བྱེད་སོང་ཐུགས་རྗེ་ཆེར་ཡང་ནས་ཡང་དུ་གསུང་ཡོད་ཀྱང་། ཉམ་ཆུང་སེར་སྨད་གྲ་ཚང་ནི་མིང་ཙམ་ཡང་བརྗོད་མེད་པ་རེད། གྲྭ་ཚང་སྨད་ཀྱི་གྲྭ་པ་རྣམས་བློ་ཕམ་བྱེད་གི་ཡོད་པ་རེད།
རྒྱ་རི་སྒྲོལ་མ་མཆོག་ནས་བཀའ་ཁྲིའི་འོས་ཐོབ་པའི་ཆད་དུ་སེར་བྱེས་གྲྭ་ཚང་ལ་དཔོན་ལེན་བཤད་པ་མ་རེད་པས།
རྗེ་སུ་ཚོགས་གཙོ་དང་ཚོགས་གཞོན་གཉིས་ནས་སེར་སྨད་གྲྭ་ཚང་ལ་དགོངས་དག་ཞུ་ཡོད་པ་རེད།
སྐབས་ ༡༤ པའི་ཚོགས་དུས་ ༡༠ པ་འཚོགས་པར་རྟེན་འབྲེལ་ཞུ།
སྤྱིར་བཏང་གྲོས་ཚོགས་ནང་ཚིག་རྩུབ་བྱས་པ་ཙམ་ལ་ཧ་ལས་ཧོན་ཐོར་བྱེད་པ་མཐོང་རྒྱ་ཅུང་ཆུང་བ་ཡིན་པ་འདྲ། དམངས་གཙོ་ཚད་ལྡན་གྱི་རྒྱལ་ཁབ་མང་པོའི་གྲོས་ཚོགས་ནང་ལག་འཛིང་བྱས་པ་མཐོང་མེད་པ་འདྲ།
གྲོས་ཚོགས་ལ་རྟེན་འབྲེལ་ཞུ།
ད་རེ་ནད་རོ་གྱེན་དུ་མ་སླེངས་ན་བཟང་། འཆམ་མཐུན་ངང་བོད་སྤྱི་དོན་ལ་ཤུགས་རྒྱོབས་དང་། ཁྱེད་ཚོ་ནི་ང་ཚོའི་འོས་མི་དང་ཡིད་ཆེས་བྱེད་ས་ཡིན།
ས་གར་སོང་ཟེར་ན་འདིར་སོང་། གནས་གར་འཇལ་ཟེར་ན་འདི་འཇལ། ཟེར་བའི་དཔེ་ལྟར་ད་ཐེངས་འཚོགས་ཆེན་ལའང་གྲུབ་འབྲས་བཟང་པོ་ཡོང་བར་ཞུ།
འབོད་སྐུལ་ཞུ་ཡག་ལ་ཚོགས་དུས་སྐབས་སྙིད་ཁུག་པ་དང་བག་མེད་ཀྱི་བཀའ་མོར་མ་གསུངས་རོག་ཐུགས་རྗེ་གཟིགས་
སྐབས་བཅུ་བཞི་པའི་སྤྱི་མཐུན་གྲོགས་ཚོགས་ཀྱི་ཚོགས་འདུ་རྣམས་བཀྲིས་བདེ་ལེགས་ཞུ།
ཁྱེད་རྣམས་དེང་གི་འཚོགས་འདུས་སྐབས་བཟབ་བཟབ་བྱེད་མ་ཏོག་སྐབས་རྗེས་མའི་གོ་སྐབས་ཤོར་ཡོང་ཧཧཧཧཧཧཧཧཧཧཧཧཧཧཧཧ
ཕར་ཆེར་མང་པོ་གོ་སྐབས་ཤོར་ཚར་སོང་་ཧོཧོཧོཧོཧོཧོཧོཧོ་
དགོངས་དག དམིགས་བསལ་ཞིག་ཞུ་རྒྱུ་ཞིག་ལ་ལྷ་མོ་སྐྱབས་ལགས་ད་ཐེངས་ཁྱོད་ཀྱང་ཁ་ཞིག་གྲག་ན་མ་གཏོགས་ཐེངས་རྗེས་མར་རེ་བ་ཡོད་ས་མ་རེད་ལོ། ཧ་ཧ་ཧ་་་་་་
དབུས་གཙང་ཟླ་བ་ཚེ་རིང་དང་སྒྲོལ་མ་མཚོ་མོ་ཟུང་ལགས། དགོངས་དག་ཞུ། ཐེངས་རྗེས་མ་ནས་འདེམས་མདོག་ཁ་བོ་མ་རེད་ལོ། རེ་བ་མ་རྒྱག་རེ་བ་ཡོད་ས་མ་རེད། ཧ་ཧ་ཧ་་་་་
བོན་པོ་གཡུང་དྲུང་རྒྱལ་མཚན་ལགས། ད་རུང་མུ་མཐུད་དུ་ཐུགས་ཤུགས་རྒྱོབ་དང་མདོ་སྟོད་མི་མང་ནས་རེ་བ་ཆེན་པོ་འདོན་བཞིན་འདུག་ད། ཧ་ཧ་ཧ་་་་་་་
རྒྱ་རི་སྒྲོལ་མ་ལགས། མ་ངུ་དང་ཨ་མ་ཡོང་ཀི་ཡོད་པའི་དཔེ་རང་རེད་ལོ། ཧ་ཧ་ཧ་་་་
སྤེན་པ་ཚེ་རིང་ལགས། རི་བོང་སྡོམ་པ་གཉིས་ཀ་ཤོར་ཉེན་འདུག་ད། ད་ཁྱོད་བསྡད་ས་ཡོད་ན་ཉལ་ས་ཞིག་ཀྱང་དྲན་གྱིན་འདུག་ག ཧ་ཧ་ཧ་་་་་་
སྒྲོལ་དཀར་ལྷ་མོ་ལགས། ད་ཡང་བསྐྱར་རི་ཐང་ལ་ནོར་རྫིར་སོང་ན་དགའ་ས་རེད་མ་གཏོགས། ཡང་བསྐྱར་ལངས་ན་ ཡང་བསྐྱར་ལོ་ལྔ་རིང་ནག་འཐོམ་སེ་འགྲོ་ས་རེད་ལོ། ཧ་ཧ་ཧ་་་་་
བསྟན་འཛིན་མཁས་གྲུབ་དང་ཡེ་ཤེས་སྒྲོལ་མ་ཟུང་ལགས། ད་རྐུབ་སྟེགས་ཚ་བོ་ལོ་ལྔ་ལ་བཟོས་པ་རེད། ཡང་བསྐྱར་ལོ་ལྔ་ལ་བཟོ་འཆར་ཡིན་ནམ། ཧ་ཧ་ཧ་་་་་་
རེ་ཞིག་དེ་ཙམ་གྱིས།
ཚོགས་ཆེན་འདི་ལམ་ལྷོང་ཡོང་བའི་རེ་སྐུལ་དང་སྨོན་ལམ་གྱིས་ཐོག་དྲངས་ཏེ་ཞུ་འབྲས་ཁྱོད་རང་ཚོས་ད་ཐེངས་བོད་མི་མང་ལ་ཕན་འབྲས་ཡོད་པའི་དོན་དག་མངོན་ཐུབ་པ་ཞིག་བྱུང་ན་ཐེངས་རྗེས་མའི་སྐབས་ངེས་པར་དུ་ཁྱོད་ཚོ་འདེམས་རྒྱུར་ཤུགས་ཆེན་རྒྱག་རྒྱུའི་རེ་བ་ཡོད།
སྐབས་སུ་བབ་པའི་གཏམ། དུས་སུ་བབ་པའི་ཆར། ལས་བཅོལ་བའི་དང་བླངས། བསྐོས་པའི་བྱ་བཞག དོན་གྱི་རྡོག་ཁ་བསྒྲིལ་ནས་གནད་ལ་བབ་རྒྱུ་ཞིག་ཡོད་ལེ་བགྱིས་རོགས། སྦྲང་ཆར་སྒུག་མི་རྒྱ་ཞིང་། གེ་སར་སྒུག་མི་འབྲུག་མོ་ཞེས་པའི་དཔེ་ལྟར་གཞིས་བྱེས་བོད་མི་མང་ནས་རྣ་བས་ཀྲོང་ཀྲོང་དང་། སེམས་པ་ཀྲིག་ཀྲིག་བྱས་ནས་བསྡད་ཡོད་པ་ཐུགས་དབུས་སུ་ཟུངས་རོགས་ཞུ།
ཆེད་ལས་ཚོགས་འདུ་ཞེས་བྲིས་ན་ག་འདྲ་རེད། བོད་ནང་དུ་ཆེད་ལས་ཞེས་འབྲི་བཞིན་ཡོད། གང་ལྟར་གནས་ཚུལ་འདི་ལེགས་པོ་རེད།
ད་ཐེངས་་ཀྱི་སྐབས་བཅུ་བཞི་བའི་ཚོགས་དུས་འདི་ལམ་ལྷིང་ཡག་པོ་མ་ཡོང་ཚེ་གཞིས་ལུས་བོད་མི་ཚོར་འགྲེལ་བ་ཅི་བྱེད།ངོ་མ་ངོ་ཚ་རེད།བོད་ནང་བོད་མི་ཚོས་རང་རང་ས་ནས་རྒྱ་ནག་གི་དམ་དྲག་དང་གནོན་ཤུགས་གང་མང་ལ་མ་འཛེམ་པར་རང་སྲོག་བློས་བཏང་གིས་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་ལས་འགུལ་སྣ་མང་བེད་སྤྱོད་ཀྱིས་སྡུག་གྱོང་མནར་བཅོད་ཕོག་བཞིན་ཡོད་པ་མ་བརྗེད་པ་གནང་རོགས།
སྐབས་བཅུ་༡༤པའི་ཚོགས་དུས་༡༠འཚོགས་པར་རྟེན་འབྲེལ་ཞུ། བོད་ཀྱི་དབུ་ཁྲིད་ཆེན་པོས་བོད་སྡེ་བ་གཞུང་གི་བག་ཆགས་རྙིང་པའི་ཤན་ཤུགས་ངན་པ་དེ་དག་ཐབས་མཁས་ཀྱིས་བསྒྱུར་བཀོད་བཏང་སྟེ་དམངས་གཙོའི་ལམ་ལུགས་སུ་བཅོས། ད་བར་ཡུལ་གྱར་སྲིད་གཞུང་གི་ལས་ཀྱི་སྣེ་མོར་གཏོགས་པ་ཆེས་མང་པོ་ཞིག་དཔོན་ཉམས་རིང་ལུགས་དང་སྔར་གྱི་སྐུ་དྲག་ཚོའི་གཤིས་ཀས་ལྷད་ནས་ད་བར་དམངས་གཙོའི་གཞུང་ཁུངས་འཁྱོལ་ལ་མ་འཁྱོལ་བ་ཞིག་ཚུགས་ཡོད། ད་ཡོད་སྤྱི་འཐུས་རྣམ་པས་བོད་སྤྱི་ལ་ཕན་པའི་ལས་དོན་རླབས་ཆེན་འདྲ་བྱེད་མི་ཐུབ་ན་ཡང་འཛམ་གླིང་དུ་བཀྲམས་ཟིན་པའི་སྤྱོད་ངན་ལྟར་དགྲ་དགའ་གཉེན་སྡུག་གི་སྤྱོད་པ་ངན་པ་དང་། ལུང་ཚན་གྱི་ཕྱོགས་རིས་སྐྱུགས་བྲོ་བ་དེ་ལྟ་བུ་མི་གནང་བར་ཞུ།
ཁང་རྡོར་གྱིས་གསུངས་པ་ལྟར་ཁ་སང་དགོང་མོར་ངའི་གྲོགས་པོས་ཀྱང་། ད་ཐེངས་གྲོས་ཚོགས་ཞི་འཇམ་པོ་དང་ནང་མཐུན་པོ། ཀུན་སྤྱོད་བཟང་བོ། མཐོང་སྣང་སྙིང་རྗེ་བོ་ཞིག་གི་རྣམ་པའི་འཚོགས་གི་རེད། དཀའ་ངལ་ཁྱོན་ནས་འབྱུང་གི་མ་རེད་ཟེར།
དེ་བཞིན་ད་ལྟ་སྤྱི་འཐུས་ཁག་ཅིག་ལ་སེམས་ཁྲལ་ལངས་མགོ་ཚུགས་འདུག ཁོང་ཚོས་རང་གི་ལྷག་བསམ་དང་འཇོན་ཐང་། ཡང་ན་བྱས་རྗེས་སོགས་གཞན་ལ་འགྲེལ་གང་ཐུབ་བྱེད་ཀྱིན་འདུག
དེ་བཞིན་སྤྱི་ཚོགས་ནང་གི་སྤྱི་འཐུས་འོས་མི་གསར་བ་ཚོ་ཡང་རྡོ་ཚ་བོའི་སྟེང་གི་གྲོག་མ་ལྟ་བུར་གྱུར་འདུག གོ་ཐོས་བྱུང་བ་ལྟར་ན་ཉེ་ཆར་ལྷོ་ཕྱོགས་སུ་གཞུང་མང་ཚོགས་ཆེན་འཚོགས་སྐབས། སྤྱི་འཐུས་གསར་རྙིང་གང་ཡིན་རུང་འོས་མིར་ལངས་མཁན་ཚོ་དགོང་མོ་དགོང་མོར་འདུར་བྲེལ་ཆེ་གི་ཟེར།
སྡེ་དཔོན་ཡ་གིའི་སར་ན་རང་གི་འཇོན་ཐང་འགྲེལ་བ་དང་། མཁན་པོ་མ་གིའི་རྩ་ན་རང་གི་འཆར་སྣང་བརྗོད་ནས་ཁོམ་གི་མེད་ཁུ་ཟེར།
ད་ཡིན་ན། ལྟད་མོ་ཡོད་ཁུ།
བལ་ཡུལ་གྱི་གནས་སྟངས་ཛ་དྲག་རེད་འདུག དེར་མི་ཆེན་དཔོན་ཆེན་ཚང་མས་རོགས་སྐྱོར་ངེས་པར་དུ་གནང་རོགས།
གཞེན་སྐུལ་ཞུ་རྒྱུར། འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་གལ་ཆེན་པོ་ཡིན་པ་བཞིན་སྤྱི་འཐུས་ཀྱང་གལ་ཆེན་པོ་ཡིན་སྟབས་མི་མང་ཚང་མས་གཡབ་ཆུང་མེད་པའི་ཐོག་ནས་དོ་སྣང་བྱེད་རོགས།
ད་རེས་གྲོས་ཚོགས་འདི་སྤྱིར་བཏང་གཞིི་འཇམ་འཇམ་འདྲ་ཞིག་བྱས་ནས་འགྲོ་གི་རེད། སྤྱི་འཐུས་མང་ཆེ་བས་ལྷག་བསམ་དང་སེམས་ཤུགས་ཆེ་བའི་རྣམ་པ་སྟོན་གྱི་རེད།
རྟ་བཞོན་ཞོར་མེ་ཏོག་འཐུ་ཞོར་ཟེར་བ་དེ། ད་རེས་ཀྱི་གྲོས་ཚོགས་འདི་ཆགས་ཀི་རེད། རྣམ་པ་ཚོས་གཟིགས་ཨ།
བལ་ཡུལ་གྱི་བོད་མིའི་གནས་སྟངས་སྡུག་རེ་འགྲོ་གི་ཡོད་པས་སྤྱི་འཐུས་གྲོས་འཚོགས་ཀྱིས་བལ་ཡུལ་བོད་མི་རྣམས་མ་འོང་པ་འཚོ་བའི་མདུན་ལམ་ཡག་ས་ཞིག་དང་ཚེ་སྲོག་ལ་དཀའ་ངལ་མེད་ས་ཞིག་ཏུ་གཏོང་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན།
བལ་ཡུལ་ནང་དུ་བོད་མི་རྣམས་ལ་དཀའ་ངལ་ག་ཚོད་ཡོད་མེད་བཤད་མ་དགོས་པ་ཞིག་རེད། བཤམ་གྱི་གནས་ཚུལ་འདིར་སེར་ཆེན་ཟིན་ནས་ཁུར་ཡོང་བ་ཡིན།
སེར་ཆེན་གྱི་བསུང་ངལ།
བལ་ཡུལ་ནང་འཛིན་བཟུང་བྱས་པའི་བོད་མི་གཉིས་ད་རུང་གློད་གྲོལ་བཏང་མེད།
བལ་ཡུལ་ནང་གི་ཆབ་སྲིད་ཀྱི་རྙོག་འཛིང་ཆེན་པོ་དང་ཕྱིའི་གནོན་ཤུགས་འདྲ་མིན་ཡོད་རྐྱེན་བལ་ཡུལ་རྒྱལ་ཁབ་ནང་གནས་སྡོད་སྐྱབས་བཅོལ་བོད་མི་ཚོ་ཡང་དཀའ་བསྔལ་མི་མྱོང་བ་ཕྲད་དང་འཕྲད་བཞིན་པ་རེད།བོད་མི་སེམས་ཤུགས་ཅན་ཁོང་གཉིས་ཡིན་ན་ད་ཐེངས་ཀྱི་མང་གཙོའི་དུས་དྲན་ནང་མཉམ་ཞུགས་བྱས་ཏེ་ཁྲོམ་གཞུང་དང་རྒྱ་ནག་གཞུང་ཚབ་ཁང་སོགས་སུ་འཛུལ་ཞུགས་བྱེད་རྒྱུ་ཡིན་པའི་རྟོགས་གཞི་འོག་ནས་འཛིན་བཟུང་བྱེད་པ་ཞིག་རེད།མ་ཟད་བློ་ཡུལ་ལས་འདས་བ་ཞིག་ལ་དགོང་མོ་འཛིན་བཟུང་གི་སྐབས་དེར་བོད་མི་དེ་གཉིས་ལ་ཉེན་རྟོག་པའི་ཉེས་རྡུང་ཤུགས་ཆེན་བཏང་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད།ད་དུང་ཁོང་གཉིས་མཆོད་རྟེན་མངའ་ཁུལ་གྱི་ཉེན་རྟོག་བཀག་གཉེར་ཁང་དུ་དམིགས་བསལ་རྒྱུ་མཚན་གང་ཡང་མེད་པ་དང་གཙོ་བོ་ཁྱིམ་ཚང་བསྔོག་བཤེར་སྐབས་བོད་ཀྱི་རྒྱལ་དར་ཞིག་རྙེད་སོན་བྱུང་བ་དང་དེར་ཁོག་བཞག་གིས་ད་ལྟ་ཡང་བཀག་བསྡད་ཡོད་པ་རེད།བོད་མི་དེ་གཉིས་གང་མགྱོགས་གློད་གྲོལ་ཡོང་ཆེད་བོད་མི་དོ་སྣང་ཅན་ཚང་མའི་རྒྱབ་སྐྱོར་དང་ཐུགས་ཁུར་མཉམ་བཞེས་གནང་རོགས།
བོད་མི་དེ་གཉིས་ནི་ནམ་རྒྱུན་མཆོད་རྟེན་ཉེ་འཁོར་དུ་གནས་སྡོད་བྱེད་མཁན་སྐལ་བཟང་དང་བཀྲ་ཤིས་ཟླ་བ་གཉིས་རེད།སྐལ་བཟང་ལགས་ཡིན་ན་སྔ་མ་རྒྱ་ནག་གཞུང་ཚབ་ཁང་དུ་བོད་ཀྱི་རྒྱལ་དར་ཐེངས་གཅིག་བསྒྲེངས་འཛུགས་བྱེད་མྱོང་འདུག
སྐབས་ ༡༤ པའི་ཚོགས་དུས་ ༡༠ པ་འཚོགས་པར་རྟེན་འབྲེལ་ཞུ།