མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱེད་རྒན་ཡོལ་དེ་རྒན་ཡོལ་ཆ་ཚང་ཐོག་བསམ་བློ་གཏོང་གི་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

གཞོན་ནུའི་སྒྲིག་འཛུགས་ལ་མཚོན་ན། མཐའ་གཅིག་ཏུ་རང་བཙན་རྩོད་ཀྱི་ཡོད་པ་རེད། ཐོག་མ་ཉིད་ནས་ངས་ལབ་རྒྱུ་བྱུང་། ཁྱོད་རང་ཚོས་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད། རྒྱ་བོད་ཐ་དད་ཡིན་པ་དེ་ལོ་རྒྱུས་ཀྱི་ཐོག་ནས་ང་ཚོར་ཐོབ་ཐང་ཡོད། བོད་ཀྱི་གནད་དོན་འདི་དེ་ཙམ་ཛ་དྲག་མེད་པ་ཡིན་ན། ཐོབ་ཐང་བརྩད་བསྡད་ན་མ་འགྲིག་པ་གང་ཡང་མེད། བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་ལོ་རེ་རེ་བཞིན་ཉམས་ཆག་ཏུ་འགྲོ་བཞིན་ཡོད། ཛ་དྲག་གི་གནས་སྟངས་འདི་ལས་བོད་སྐྱོབ་ཐུབ་པའི་ཐབས་ཤེས་ཤིག་བྱ་དགོས་པ་རེད་མ་གཏོགས་ཐོབ་ཐང་གཅིག་པུ་བཤད་འདུག་རྒྱུའི་དུས་ཚོད་མ་རེད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་གྱི་མཇུག་བསྡོམས་སྙན་ཐོ་དེ་ཕྱི་ཚེས་ ༣༡ ཉིན་རྒྱ་གར་ལྷོ་ཕྱོགས་སེ་ར་བླ་སྤྱིའི་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་སྙན་སྒྲོན་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་གྲྭ་མང་དང་ཚོགས་བཅར་བ་ཡོངས་ལ། བཙན་བྱོལ་བོད་མིའི་ཤེས་ཡོན་དང་གཞིས་ཆགས་སྐོར། དགོན་སྡེ་ཁག་གི་འོས་འགན་སྐོར། ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུའི་སྐོར། དབུ་མའི་ལམ་དང་རང་བཙན་གྱི་ཁྱད་པར་སོགས་གནད་དོན་ཁག་ཅིག་གི་ཐད་བཀའ་སློབ་གནང་ཡོད་ཅིང་། དགོན་སྡེ་ཁག་གི་འོས་འགན་སྐོར་ལ། ངས་ཁ་སང་གྲྭ་ཚང་ཁག་གི་མཁན་པོ་ཚོར་འདི་ལྟར་བཤད་ཡོད། སློབ་དཔོན་ཕྱོགས་གླང་གིས་༼ཚད་མ་ཀུན་བཏུས ༽ མཛད་འདུག འཕགས་པ་ཐོགས་མེད་ཀྱིས་༼ མངོན་པ་ཀུན་བཏུས ༽ མཛད་འདུག དེ་དང་དེ་ལྟ་བའི་གཞུང་མང་པོ་མཛད་པའི་སྲོལ་ཡོད་པ་རེད། དེང་སྐབས་ང་ཚོས་ཀྱང་ནང་པའི་ཆོས་ཀྱི་ནང་དུ་ཡོད་པའི་ཚན་རིག་དང་། མུ་སྟེགས་པའི་གཞུང་དུ་ཡོད་པའི་ཚན་རིག དེང་གི་རིག་གསར་གྱི་ཚན་རིག་བཅས་བསྡུ་བསྒྲིགས་བྱས་ཏེ། ༼ ཚན་རིག་ཀུན་བཏུས ༽ ཀྱི་གཞུང་ཞིག་དང་། སྔོན་རྒྱ་གར་དུ་ཡོད་པའི་མུ་སྟེགས་པའི་ལྟ་གྲུབ་དང་། ནང་པ་སངས་རྒྱས་པའི་ལྟ་གྲུབ། ནུབ་ཕྱོགས་གྷི་རིག་གི་ལྟ་གྲུབ་ནས་ཕྱིས་ཀྱི་བྷ་ཊན་རཱ་སིལ་བར་གྱི་ལྟ་གྲུབ་སོགས་ལས་བསྡུ་བསྒྲིགས་བྱས་ཏེ། ༼ ལྟ་གྲུབ་ཀུན་བཏུས ༽ ཀྱི་གཞུང་ཞིག་བཅས་བཟོ་དགོས་ཀྱི་འདུག དེ་འདྲ་ཞིག་བྱུང་བ་ཡིན་ན་དཔེ་ཆར་ལྟ་མཁན་ཚོར་ཕན་ཐོགས་ཡོང་གི་རེད་ལ། གལ་ཆེ་ཤོས་སློབ་གྲྭ་ཁག་དང་མང་ཚོགས་ནང་ཕན་ཐོགས་ཡོང་གི་རེད། རིམ་གྱིས་གཞུང་དེ་དག་རྒྱ་ཡིག་དང་དབྱིན་ཡིག་སོགས་སུ་བསྒྱུར་བ་ཡིན་ན་ནང་པའི་ཡུལ་གྲུ་ཁག་ལ་བློ་སྐྱེད་གསར་པ་ཡོང་གི་རེད། འགན་འདི་བོད་པ་གཅིག་པུར་འཁྲུ་བ་ཞིག་རེད་མ་གཏོགས་ནང་པ་གཞན་སུ་གཅིག་གིས་ཀྱང་ཡོང་གི་མ་རེད། ཅེས་གསུངས་བྱུང་།

 

ཐེངས་འདིའི་གཞུང་དམངས་ཚོགས་ཆེན་སྟེང་། ༧གོང་ས་མཆོག་གིས་ཕྱེད་བགྲེས་ཡོལ་ཡིན་གསུངས་པ་དེར་ནམ་ཡང་དགོངས་བཞེད་མི་གནང་རྒྱུར་སྐྱབས་འཇུག་ཞུས་ཡོད་ཀྱང་། ཐེངས་འདིར་༧གོང་ས་མཆོག་གིས་རིམ་གྱིས་བགྲེས་ཡོལ་ཆ་ཚང་གནང་འདུན་ཡོད་སྐོར་གསུངས་དོན། ཕྱི་ལོ་ ༢༠༠༡ ལོ་ནས་མང་མོས་འོས་བསྡུ་བྱས་པའི་བཀའ་བློན་ཁྲི་པ་ཞིག་བྱུང་བ་རེད། འདི་ང་ཚོའི་རྒྱལ་ཁ་ཆེན་པོ་རེད། དུས་དེ་ནས་བཟུང་ང་རང་གི་གནས་སྟངས་དེ་ཕྱེད་རྒན་ཡོལ་ཡིན་ཟེར་ནས་ལབ་བསྡད་ཡོད། དེ་ངས་བོད་བསྟན་སྲིད་བློས་བཏང་བ་མ་རེད་ལ། ང་སེམས་ཤུགས་ཆགས་པ་ཡང་མ་རེད། ང་ཚོ་ཁ་ཞེ་གཉིས་མེད་ཀྱིས་དམངས་གཙོའི་ལམ་ལ་འགྲོ་དགོས་པ་དང་། དངོས་ཡོད་གནས་སྟངས་ཐོག་ནས་ཀྱང་འཛིན་སྐྱོང་གི་ལས་ཀ་རིགས་ངས་བྱ་དགོས་པ་མི་འདུག མི་རབས་གསར་པ་ཚོས་ང་ལས་ལྷག་ཅིག་གནང་ཐུབ་གི་རེད། མི་གཞན་གྱིས་བྱེད་མི་ཐུབ་པའི་ལས་དོན་རིགས་ངས་བྱས་ན་ཡག་གི་རེད། ལོ་སུམ་ཅུ་ཙམ་གྱི་གོང་ནས་རྒྱལ་བ་རིན་པོ་ཆེ་མེད་པ་ལྟར་རྩིས་ཏེ། འགན་ལེན་དགོས་པ་རེད་ཟེར་ནས་ལབ་བསྡད་པ་ཡིན། ང་ཕྱེད་རྒན་ཡོལ་ཡིན་ཟེར་བའི་རྒྱུ་མཚན་ཡང་འདི་ཡིན། ཁྱེད་རང་ཚོས་ང་ལ་དེ་ལྟར་མ་ལབ་ཟེར་གྱི་ཡོད་ཀྱང་། ང་འཛམ་གླིང་ཐོག་མི་དུང་ཕྱུར་བདུན་ཅུ་ལྷག་ཅིག་ཡོད་པའི་ནང་གི་གཅིག་རེད། ང་ལ་ཡང་འགྲོ་བ་མིའི་ཐོབ་ཐང་ཡོད་པ་རེད། ངས་ཕྱེད་རྒན་ཡོལ་ཟེར་བ་དེ་དགོས་པ་རྒྱུ་མཚན་ཞིག་གི་ཐོག་ནས་བཤད་ཀྱི་ཡོད། ཕྱེད་རྒན་ཡོད་དེ་རིམ་གྱིས་རྒན་ཡོལ་ཆ་ཚང་ཞིག་ལ་བསམ་བློ་གཏོང་གི་ཡོད། ཁྱེད་ཅིག་གིས་ཕྱེད་རྒན་ཡོལ་ཟེར་བ་དེ་འགྲིག་གི་མི་འདུག་ཟེར་གི་ཡོད་ཀྱང་། ངས་ཀྱང་ང་རང་གི་ཐོབ་ཐང་དེ་བཤད་དགོས་པ་རེད། ངས་ཁྱེད་རང་ཚོར་སྐད་ཆ་ཞིག་འདྲི། ང་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་པ་རེད་དམ་མ་རེད། ཅེས་གསུངས་སོང་།

 

ཡང་ཁོང་གིས་ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱིའི་འོས་བསྡུའི་སྐོར་གསུངས་དོན། དེ་རིང་ཁ་སང་བཀའ་བློན་ཁྲི་པའི་སྐོར་ལ། ང་བཀའ་བློན་ཁྲི་པ་བྱ་རྒྱུ་མིན་ཟེར་ནས་དགོངས་པ་ཞུ་མཁན་དང་། ང་བཀའ་བློན་ཁྲི་པ་བྱ་རྒྱུ་ཡིན་ཟེར་ནས་ཐོན་ཡོང་མཁན་མང་པོ་འདུག་ཟེར། ཡག་པོ་ཞེ་དྲག་རེད། བསམ་བློ་ཡག་པོ་ཐོངས། བརྟག་དཔྱད་ཡག་པོ་བྱོས། ལས་འགན་ཆེན་པོ་རེད་ཁྱེད་རང་ཚོས་གཟབ་གཟབ་བྱ་དགོས་པ་རེད། ཡང་ཁག་ཅིག་གིས་མི་འདི་ལ་རྒྱལ་བ་རིན་པོ་ཆེ་ཡིས་རྒྱབ་སྐྱོར་ཡོད་པ་རེད། མི་དེ་ལ་རྒྱབ་སྐྱོར་ཡོད་པ་མ་རེད་ཟེར་བ་དེ་འདྲ་གོ་རྒྱུ་འདུག ངས་སུ་གཅིག་ལའང་རྒྱབ་སྐྱོར་མེད། འདི་འོས་པ་དང་དེ་མི་འོས་ཀྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད། འདི་མང་ཚོགས་ཀྱིས་ཐག་གིས་གཅོད་དགོས་པ་ཞིག་རེད། ངས་སྐད་ཆ་ཞིག་བཤད་པ་ཡིན་ན། མང་ཚོགས་ཀྱིས་རྒྱལ་བ་རིན་པོ་ཆེའི་ཡེ་ཤེས་དབྱིངས་དཔྱད་རེད་ཟེར་གི་རེད། དེ་ལ་ཆོ་ཡོད་པ་མ་རེད། དེ་བཞིན་བོད་མི་མང་སྤྱི་འཐུས་ལའང་གཟབ་གཟབ་བྱ་དགོས་པ་རེད། ལུང་པའི་ཕྱོགས་འཐེན་དང་ཆོས་ལུགས་ཀྱི་ཕྱོགས་འཐེན་ཁྱོན་ནས་བྱ་རྒྱུ་ཡོད་པ་མ་རེད། བར་སྐབས་ཞབས་འདྲེན་ཆེན་པོ་ཞུས་སོང་། དེ་རྒྱ་ནག་གིས་བེད་སྤྱོད་ག་ཚོད་བཏང་སོང་། གཟབ་གཟབ་མ་བྱས་ན་དགྲ་དགའ་གཉེན་སྡུག་ཟེར་བ་དེ་ཡོང་གི་རེད། ཅེས་གསུངས་སོང་།

 

མཇུག་མཐར་༧གོང་ས་མཆོག་གིས་དབུ་མའི་ལམ་དང་རང་བཙན་གྱི་ཁྱེད་པར་སྐོར་གསུངས་དོན། དབུ་མའི་ལམ་གྱི་སྐོར་ལ་སྐད་ཆ་ཞིག་བཤད་འདོད་བྱུང་སོང་། དབུ་མའི་ལམ་རྒྱལ་བ་རིན་པོ་ཆེ་ཡི་བཀའ་རེད་ཟེར་བ་དང་། རྒྱལ་བ་རིན་པོ་ཆེའི་ཡེ་ཤེས་དབྱིངས་དཔྱད་རེད་ཟེར་བ་དེ་ནོར་བ་རེད། དབུ་མའི་ལམ་ལ་གྲུབ་འབྲས་གང་ཐོན་འདུག ལམ་ཁ་དེ་བདམས་པའི་དགོས་པ་རྒྱུ་མཚན་གང་རེད། འདི་དག་ལ་བསམ་བློ་གཏོང་དགོས། གཞོན་ནུའི་སྒྲིག་འཛུགས་ལ་མཚོན་ན། མཐའ་གཅིག་ཏུ་རང་བཙན་རྩོད་ཀྱི་ཡོད་པ་རེད། ཐོག་མ་ཉིད་ནས་ངས་ལབ་རྒྱུ་བྱུང་། ཁྱོད་རང་ཚོས་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད། རྒྱ་བོད་ཐ་དད་ཡིན་པ་དེ་ལོ་རྒྱུས་ཀྱི་ཐོག་ནས་ང་ཚོར་ཐོབ་ཐང་ཡོད། བོད་ཀྱི་གནད་དོན་འདི་དེ་ཙམ་ཛ་དྲག་མེད་པ་ཡིན་ན། ཐོབ་ཐང་བརྩད་བསྡད་ན་མ་འགྲིག་པ་གང་ཡང་མེད། བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག  ཁོར་ཡུག་སོགས་ལོ་རེ་རེ་བཞིན་ཉམས་ཆག་ཏུ་འགྲོ་བཞིན་ཡོད། ཛ་དྲག་གི་གནས་སྟངས་འདི་ལས་བོད་སྐྱོབ་ཐུབ་པའི་ཐབས་ཤེས་ཤིག་འཐེན་དགོས་པ་རེད་མ་གཏོགས་ཐོབ་ཐང་གཅིག་པུ་བཤད་འདུག་རྒྱུའི་དུས་ཚོད་མ་རེད། ཅེས་དང་། ཉེ་ཆར་གཞོན་ནུ་ཚོར་ཐུག་སྐབས་སྔ་ཕྱིའི་ལོ་རྒྱུས་ཆ་ཚང་བཤད་རྒྱུ་བྱུང་། ང་ཚོ་རང་བཙན་ཐོག་ཕྱིན་པ་ཡིན་ན། ང་ཚོར་རྒྱབ་སྐྱོར་ག་ཚོད་ཡོང་གི་རེད། འདི་ལ་བསམ་བློ་གཏོང་དགོས། ༢༠༠༨ ལོར་དམིགས་བསལ་ཚོགས་ཆེན་ཚོགས་སྐབས་བཀའ་བློན་ཁྲི་པར་ལབ་རྒྱུ་བྱུང་། མང་མོས་ཐོག་ནས་སྲིད་བྱུས་ལ་བསྒྱུར་བཅོས་གཏོང་དགོས་བྱུང་ན་གཏོང་རྒྱུ་ལས་ཡོད་པ་མ་རེད། འོན་ཀྱང་ངས་མུ་མཐུད་འགན་འཁུར་དགོས་མིན་ཐད་ངས་བསམ་བློ་ཞིག་གཏོང་རྒྱུ་རེད། འགྲུབ་རྒྱུ་མེད་པ་ཞིག་ལ་ངས་འགན་འཁུར་ནས་ཆོ་ཡོད་པ་མ་རེད། གཞོན་ནུས་ཐོབ་ཐང་རྩོད་ཀྱི་ཡོད་པ་དེར་སྒྲུབ་ཐབས་འདི་ཡོད་དང་། རྒྱབ་སྐྱོར་ཇི་ལྟར་འཚོལ་རྒྱུ་ཡིན་པ། བྱེད་ལུགས་བྱེད་སྟངས་འདི་འདྲ་ཡིན་ཟེར་ནས་གོམ་པ་རིམ་སྤོས་ཀྱི་འགྲོ་སྟངས་གསལ་གསལ་ཐང་ཐང་ཞིག་བྱུང་བ་ཡིན་ན་བསམ་བློ་གཏོང་གི་རེད། དེ་འདྲའི་སྒྲུབ་ཐབས་དང་རྒྱབ་སྐྱོར་འཚོལ་ཐབས་གང་ཡང་མེད་པར་ང་ཚོར་རང་བཙན་དགོས་ལབ་ན་ཐལ་ཆ་རེད། ཅེས་གསུངས་སོང་།

༼  གོང་གི་གསར་འགྱུར་དེ་མདང་དགོང་དྲ་ཐོག་ལ་སྤེལ་ཡོད་ཀྱང་། དེ་རིང་ཞོགས་པ་བསྐྱར་བཅོས་ཤིག་གི་དབང་གིས་ཀློག་པ་པོ་དག་གི་རིག་པ་ ༡༧ ཙམ་རྩ་བརླག་ཏུ་ཕྱིན་སོང་བར་དགོངས་དག་ཞུས་པ་ཡིན།  ༽

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 4

  1. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    དྲ་རྒྱ་ནི་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ལྟ་་ཐུབ་པའི་དེང་རབས་ལགས་རྩལ་ཕུལ་དུ་བྱུང་བ་ཞིག་རེད་། དེ་ལྟ་བུའི་ཕུལ་དུ་བྱུང་བ་དེ་རྒྱུད་ནས་ཕུལ་དུ་བྱུང་བའི་རང་མི་རིགས་ཀྱི་ཤེས་རིགས་དག་ཡུལ་གྲུ་གང་སར་མངོན་པར་བྱེད་ཐུབ་ཀྱི་ཡོད་པས་དེར་བརྟེན་དུས་བབ་རྩོམ་སྒྲིགས་པས་ནོར་བ་ཡིན་ནམ་ཡང་ན་གློག་ཀླད་དུ་འཇུག་མཁན་གྱིས་ནོར་བ་ཡིན་གང་ལྟར་ཡང་རྒན་ཡོལ་ཞེར་པར་རྒན་ཡོད་ཞེས་བྲིས་འདུག་པས་དོན་སྣང་གནང་གལ་ཆེ །

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ངས་བསམ་ཚུལ་བྱས་ན། རང་བཙན་རྩོད་མཁན་ཚོས་༧གོང་ས་མཆོག་ཕྱེད་རྒས་ཡོལ་ནས་ཚ་ཚང་རྒས་ཡོལ་དུ་འབུད་པར་ལྟ་བུར་མཐོང་བས། བཏང་སྙོམས་སུ་མ་འཇོག་པར་ང་དང་འདྲ་བར་སེམས་ལ་དྭོགས་པ་ཡོད་ན། ཁ་ནས་ཤོད་ཐུབ་ན་ཕན་ཐོགས་མི་ཆེ་བའམ། ཕྱིས་སུ་འགྱོད་ན་ཕྱིས་དྲགས་པ་རེད་དོ། །ང་གཞོན་སོགས་ལ་མི་དགའ་ནས་མིན་ལ། བོད་སྤྱི་པ་ལ་ཞེན་རྒྱ་བྱས་ནས་འདིར་ལབ་པ་ཡིན་ནོ། །

    Reply
  3. གླིང་སྐལ་རྒྱམ། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་གི་གསུང་བཤད་འདིའི་འོག་ལ་རིག་པ་མང་པོ་འདོན་མཁན་མེད་པའི་རྒྱུ་མཚན་ཅི་ཡིན་ནམ།

    Reply
  4. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    དྲྭ་བདག་ལགས་ངོས་ནས་དེ་སྔོན་༸གོང་ས་མཆོག་གི་བཀའ་སློབ་<<རྒྱ་གུང་ཁྲན་ལ་མགོ་འབུལ་ལུས་འབུལ་བྱེད་མཁན་ཆཊ་སོང་།>> ཞེས་པའི་ནང་གི་༧གོང་ས་ལྔ་བ་ཆེན་པོའི་གསུང་ཡོངས་གྲགས་པོད་༼ ཏ ༽ བའི་ནང་། ཞེས་པ་འདི་ནོར་འདུག པོད་(ད) པ་རེད། མྱུར་དུ་བཅོས་རོགས་ཞེས་ཞུ་བ་ཕུལ་ཡོད་ཀྱང་ཁ་ཡ་གནང་མ་བྱུང༌། ད་རེས་ཡང་བསྐྱར་<<ཕྱེད་རྒན་ཡོད་དེ་རྒན་ཡོལ་ཆ་ཚང་ཐོག་བསམ་བློ་གཏོང་གི་ཡོད།>> ཅེས་པའི་༸གོང་ས་མཆོག་གི་བཀའ་སློབ་ཀྱི་ཁ་བྱང་ཕྱེད་ སྒས་ཡོལ་ དུ་བཅོས་རོགས་ཞུ། རེ་བ་ཙམ་ཞུ་ཁུལ་ཡིན། ལར་ནས་ཆོལ་ཁ་གསུམ་ལ་ཁྱབ་པའི་གསར་འགྱུར་ཚགས་ཤོག་འདི་ལྟ་བུ་ཞིག་གི་ནང་ཡུལ་སྐད་མང་དྲགས་ན་གོ་བདེ་པོ་མི་འདུག་པས་དགོངས་བཞེས་གནང་རོགས་ཞུ། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese