འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཉེ་ཆར་འདི་ག་ཨ་རིའི་ཝ་ཤིང་ཁྲོན་ཞིང་ཆེན་སེ་ཨ་རོལ་ས་གནས་ཀྱི་འཛིན་རིམ་དང་པོ་ནས་ལྔ་པའི་བར་གྱི་སློབ་ཕྲུག་ཁག་ཅིག་གིས་༼ ཁྱེད་ཀྱི་རྒྱ་མཚོ་དང་ཁྱེད་ཀྱི་ཁྱིམ༽ ཞེས་པའི་བརྗོད་བྱ་ཅན་གྱི་རི་མོའི་འགྲན་བསྡུར་ཞིག་བྱས་པའི་ཁྲོད་དུ། ༧གོང་ས་མཆོག་གི་སྐུའི་ཚ་མོ་བསྟན་འཛིན་ཚེ་དཔལ་ལགས་ལ་ཨང་རིམ་གསུམ་པའི་བྱ་དགའ་ཐོབ་ཡོད་ཅིང་། ཚེ་དཔལ་ལགས་ནི་ད་ལྟ་དགུང་ལོ་ ༡༠ ལ་སོན་ཙམ་ཡིན་ཞིང་། ཁོང་མོས་གཟའ་ཉི་མའི་འཛིན་གྲྭར་བོད་ཡིག་དང་བོད་གཞས་སོགས་ལ་སློབ་སྦྱོང་དང་། སྒེར་གྱི་དགེ་རྒན་གྱི་མདུན་ནས་གོང་ས་མཆོག་གི་མཛད་རྣམ་<<ངོས་ཀྱི་ཡུལ་ དང་ངོས་ཀྱི་མི་མང་>>སོགས་སློབ་སྦྱོང་བྱེད་བཞིན་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
དེ་རིང་སྐྱ་ཀ་དྲྭ་གནས་ཐོག་ཏུ་འོང་ཐུབ་ཙམ་བྱུང་ཁོམ་ལོང་མི་འདུག ་ཡིན་ན་གནས་ཚུལ་དང་ལོ་རྒྱུས་རིགས་དུ་མ་བྱུང་འདུག་དེ་དེ་ནི་ཉིན་མ་སྔ་ནས་བྱུང་བཞིན་པ་རྣམས་གནས་ཚུལ་ཡང་བསྐྱར་བཀོད་པར་བཞིན་རེད། ད་རིས་འདིའི་ནང་ནས་གཞོན་སྐྱེས་བུ་མོ་ཆུང་ཆུང་ཞིག་གིས་བྱ་དགའ་ལ་སྤྱི་བཏང་བསྔགས་འོས་པ་ཞིག་ཡིན་ཡང་མནོ་བསམ་ངོ་མ་ཞིག་བཏང་ན་དེའང་རྗེས་ལུས་ཀྱི་མངོན་བརྟགས་ཞིག་ཀྱང་རེད་དྲན་གྱིན་འདུག ག་ཡིན་ཟེར་ན་ད་དུང་ང་ཚོའི་ལྷ་རྙིང་དང་འདྲེ་རྙིང་གི་ནད་གཞི་ཞིག་གློ་བུར་སྐྱེས་སོང་བ་རེད། ངས་འདི་བཤད་དོན་ངོ་མ་དེ་ནི་༸གོང་སར་མཆོག་གི་སྐུའི་ཚ་མོ་ཞེས་བརྗོད་པ་འདིའི་ནང་དུ་ཆོས་ལུགས་དང་འཆོལ་ཁའི་དབྱེ་བའང་འདྲས་ཡོད་པ་གཏན་གཏན་རེད་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་བུ་ཡིན་པས་འདི་ཤེས་འདི་དུས་ནམ་ཡང་བརྗེད་མི་ཉན་པའི་བསྐུལ་ཚིག་གཅིག་རེད།
༧གོང་ས་མཆོག་གི་སྐུའི་ཚ་མོ་བསྟན་འཛིན་ཚེ་དཔལ་ལགས་ལ་ཨང་རིམ་གསུམ་པའི་བྱ་དགའ་ཐོབ་པར་ཐོག་མར་ངས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ངའི་བསམ་པར་ཁོང་མིན་པའི་བོད་པའི་བྱིས་པ་ཕུལ་བྱུང་དེ་འདྲ་མང་དག་ཅིག་ཡོད་རྒྱུ་རེད་ཡིན་ན་ཡང་ཁོང་ནི་༸གོང་ས་མཆོག་གི་ཚ་མོ་ཡིན་པའི་རྐྱེན་གྱིས་དམིགས་བསལ་གསར་འགྱུར་ཞིག་ཏུ་འགྱུར་བ་རེད།
ཁོང་ཨང་གསུམ་པ་ཐོབ་པར་དེ་འདྲའི་མཐོང་ཆེ་བ་ལ།
བསྟན་འཛིན་ཚེ་དཔལ་ལགས་སུ་འཚམས་དྲི་ཞུ།
ཁ་བ་ནག་པོ་ལགས་ནས་ཁོང་མོའི་ཡབ་ཡུམ་གཉིས་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། དེ་མིན་དྲྭ་གྲོགས་གཞན་ཚོ་ལྟར་༧སྐུ་མདུན་གྱི་ཚ་མོ་ཡིན་སྟངས་གང་འདྲ་ཡིན་ནམ་བསམ་ནས་བསྡད་དགོས་འཁེལ་ཉག་ཅིག་རེད།
སྐུའི་ཚ་མོ་བསྟན་འཛིན་ཚེ་དཔལ་ལགས་ལ་རི་མོའི་འགྲན་བསྡུར་ཁྲོད་ཨང་རིམ་གསུམ་པའི་བྱ་དགའ་ཐོབ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། མུ་མཐུད་ནས་འབད་བརྩོན་ལྷོད་མེད་གནང་སྟེ་མ་འོངས་པར་ཨང་རིམ་དང་པོ་ལོན་ཐུབ་པའི་རེ་སྨོན་བཅས། ཁྱེད་ཀྱི་འཚར་ལོངས་མྱུར་ཞིང་བློ་རིག་འཕེལ་བ། སློབ་སྦྱོང་གི་གྲུབ་འབྲས་གཡུར་དུ་ཟ་བ་ལོན་པའི་སྨོན་ལམ་འདེབས།
༧གོང་ས་མཆོག་གི་སྐུའི་ཚ་མོ་༼བསྟན་འཛིན་ཚེ་དཔལ་ལགས་༽ལ་རི་མོའི་བྱ་དགའ་ཨང་༣་པ་ཐོབ་པ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས།
བུ་མོ་ཆུང་ཆུང་འདིའི་ངོ་རིས་ཀྱི་སྟེང་ན་ཡབ་གཞིས་ཚང་གི་ཞལ་རིས་ཀྱི་དབྱིབས་རྣམ་འཁྲུལ་མེད་དུ་ཐོན་འདུག ལུས་ཀྱི་དབྱིབས་རྣམ་མི་རབས་གཅིག་ལས་གཉིས་བརྒྱུད་ཀྱིས་ཕྱི་རབས་པའི་སྟེང་དུ་འཕོ་བ་ལྟར་ཁོང་གོང་མ་ཚོའི་འཇོན་ཐང་དང་སྙིང་སྟོབས་ཀྱི་གཤིས་ཀ་དག་ཀྱང་འདི་ལྟར་འཕོ་བཞིན་ཡོད་ན།
གོ་སྐབས་དང་ཆ་རྐྱེན་ཆེས་བཟང་ཤོས་ཐོབ་མྱོང་བའི་ཡབ་གཞིས་ཚང་གི་ཤུལ་འཛིན་པའི་ཁྲོད་ན་ཤེས་ཡོན་དང་འཇོན་ཐང་སོགས་ཀྱི་ཐད་ནས་ཕ་དང་མཉམ་མཁན་གྱི་བུ་ཚ་རིག་རྒོད་ཅན་དེ་འདྲ་མཐོང་རྒྱུ་དཀོན་སེ་འདུག
ག་རེས་ལན་པ་ཡིན་ན།
སྒྲོན་མེ་རྩོམ་སྒྲིག་ཁང་ལ་གུས་བཀུར་ཡོད། ཚོགས་པ་ཆེ་ཆུང་ལ་མ་ལྟོས་པར་ཚོགས་པ་གཅིག་གི་ཚོགས་གཙོ་ཡིན་ན་སྤྱི་ཚོགས་ནང་ནས་བཟང་ཕྱོགས་ཀྱི་མིག་དཔེ་ལྟ་ས་ཞིག་ཡིན་དགོས། སྒེར་དོན་ཁོ་ན་བསམ་ནས་སྤྱི་ཚོགས་མགོ་སྐོར་དང་བཤུ་བཞོགས་གནང་མི་ཉན། གང་ལྟར་ད་རུང་ཚོགས་གཙོ་མཆོག་ལོ་ཆུང་ཆུང་ཡིན་པས་ཕྱོགས་གང་ཐད་ནས་གཟབ་གཟབ་གནང་དགོས། སྤྱི་ཚོགས་འདིས་མི་བཤད་མི་དགུ་བཤད་གནང་གི་རེད། དཔེར་ན་ཚོགས་གཙོ་མཆོག་ལ་མ་བྱིན་པར་བླངས་པའི་ཉེས་མིང་གིས་སྐྱོན་བརྗོད་དང་དོག་གཅོད་ཀྱང་གནང་སྲིད་རྒྱུ་རེད།རང་སེམས་ལ་དོག་པ་མེད་ན་བར་དོ་འཇིགས་སྐྲག་སྐྱེ་མི་དགོས། སེམས་ཤུགགས་མ་ཆགས། བོད་བསྟན་སྲིད་ཆེད་འབད་བརྩོན་གནོང་།
བསྟན་འཛིན་ཚེ་དཔལ་ནི་གོང་ས་མཆོག་གི་སྐུ་མཆེད་མངའ་རིས་རིན་པོ་ཆེའི་སྲས་བསྟན་འཛིན་བློ་གྲོས་ཀྱི་སྲས་མོ་རེད།
བོད་རིགས་བུ་དང་བུ་མོ་ཆུང་ཆུང་ཚོ་ཁྱོད་སུ་ལ་མི་རིགས་ཀྱི་ལ་རྒྱ་དང་མི་རིགས་ཀྱི་ཤ་ཞེན་ཡོད་ན་དེ་ནི་༧གོང་ས་མཆོག་གི་ཚ་བོ་དང་ཚ་མོ་ཡིན་ནོ།
བུ་མོ་བསྟན་འཛིན་ཚེ་འཕེལ་ལགས་སུ་ཨང་གསུམ་པའི་བྱ་དགའ་ཐོབ་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ།།
བུ་མོ་ཆུང་ཆུང་འདིའི་ཕ་མ་གཉིས་ངོ་སྤྲོད་ཙམ་ཡང་མེད་པར་༸གོང་ས་མཆོག་གི་ཚ་མོ་ཟེར་གསར་འགྱུར་དུ་བཀོད་པ་ནི། གསར་འགོད་པས་ཀློག་པ་པ་ཚོར་ཐུགས་བསམ་དེ་ཙམ་མ་བཞེས་པའི་རྟགས་རེད།
གཅིག་བྱས་ན་གསར་འགོད་པ་ཁོང་ཡང་དེའི་ཐོག་ལྐོག་གྱུར་ཡིན་སྲིད། གང་མགྱོགས་དྲ་གྲོགས་རྒྱུས་ཡོད་ཅན་ཚོས། ཀློག་པ་པོ་ཚོའི་སེམས་ཀྱི་དོགས་པ་རྣམས་སེལ་བར་གྲོགས་མགོན་མཛོད་ཅིག།
འདི་༸གོང་ས་མཆོག་གི་ཚ་མོ་ཡིན་སྟངས་ཤིག་ངེས་པར་དུ་འབྲི་དགོས། སུའི་བུ་མོ་ཡིན་མིན་ནི་གསར་འགྱུར་འདིའི་སྲོག་སྙིང་རེད་འདུག དེ་མེད་དུས་བྲོ་བ་མེད་པའི་ཟོལ་འདྲ་ཞིག་མ་རེད་དམ།
འདིའི་ཨ་ཕ་དང་ཨ་མ་སུ་ཡིན་གསལ་བོ་མི་ཤེས་ཀྱང་།གང་ལྟར་བོད་རིགས་བུ་མོ་ཆུང་ཆུང་ཞིག་གིས་འདི་འདྲའི་བྱ་དགའ་ཐོབ་པ་ངོས་གནས་དགའ་འོས་བ་ཞིག་གོ།
འདི་ལྟར་རིང་གི་རིག་གནས་དང་ལོ་རྒྱུས་ལ་སློབ་སྦྱོང་བྱས་ན་བུ་མོ་ཁྱེད་ཉིད་༧གོང་ས་མཆོག་གི་སྐུའི་ཚ་མོ་རེད་ལམ་ན་མ་འགྲིག་པ་གང་ཡང་མེད། བུ་མོ་ཁྱོད་ཀྱིས་གཟའ་ཉི་མའི་འཛིན་གྲྭ་འདི་མ་འཆོར་བ་ཞིག་བྱེད་དགོས་ད།
འདི་ཡང་ཧ་ཅང་གི་ལེགས། འདི་ལྟར་གོང་འཕེལ་གཏོང་།
༸གོང་ས་མཆོག་གི་སྐུའི་ཚ་མོ་ཡིན་ན་འདིའི་ཨ་ཕ་དང་ཨ་མའི་མིང་ལ་ག་རེ་ཟེར་རམ་གསལ་བོར་བཀོད་རོགས་གནོང།