མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གཞུང་ཚབ་ལྷ་སར་གཟིཊ་སྐོར།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་འགར་བྷེ་བྷེ་སི་གཙོས་པའི་རྒྱལ་སྤྱིའི་གསར་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ཇོན་ཧང་ཙི་མཱན་ Jon Huntsman ལགས་དང་། ཁོང་གི་སྐུ་ཟླ་ལྕམ་ཧང་ཙི་མཱན་རྣམ་གཉིས་ཟླ་འདིའི་ཚེས་ ༡༠ ནས་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར་དུ་ཕེབས་བཞིན་ཡོད་འདུག་ལ། ཁོང་ནི་ཉིས་སྟོང་གཉིས་ནས་ད་ལྟའི་བར་གྱི་ཨ་རིའི་གཞུང་ཚབ་ལྷ་སར་ཕེབས་མཁན་ཐོག་མ་དེ་ཆགས་ཡོད་འདུག ལྷ་ས་ནི་དེ་སྔོན་ཨ་རིའི་གཞུང་གིས་རྒྱ་ནག་ནང་ཨ་རིའི་གཞུང་གི་སྐུ་ཚབ་དོན་གཅོད་གསར་པ་ཞིག་འཛུགས་འདུན་ཡོད་པའི་ས་གནས་གཉིས་གདམ་ག་བྱས་ཡོད་པའི་ནང་གི་གཅིག་ཡིན་ཡང་། སྐབས་དེར་རྒྱ་གཞུང་གིས་ངོས་ལེན་བྱས་མེད་སྟབས། ད་ལྟའི་ཆར་ཨ་རིའི་ཕྱི་འབྲེལ་དོན་གཅོད་ཡན་ལག་ཅིག་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་རུ་བཙུགས་ཡོད།

ཨ་རིའི་སྐུ་ཚབ་ཧང་ཙི་མཱན་ནི། བོད་རྒྱའི་གནད་དོན་གྱིས་མཚོན་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་དོ་ཁུར་ཆེན་པོ་བྱེད་མཁན་ཞིག་ཡིན་ཞིང་། ཁོང་གིས་ཨ་རིའི་གྲོས་ཚོགས་ལ་ཕུལ་བའི་སྙན་ཐོའི་ནང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ཡ་རབས་གོམས་གཤིས་སོགས་བོད་མིའི་ངོ་བོ་སྲུང་སྐྱོང་ཡོང་རྒྱུར། ངའི་ངོས་ནས་རྒྱ་ནག་གཞུང་དང་ཏཱ་ལའི་བླ་མའི་སྐུ་ཚབ་བར་འབྲེལ་མོལ་བརྒྱུད་བོད་ཀྱི་ས་ཁུལ་ཁག་ཅིག་ནང་དུས་ཡུན་རིང་པོར་གནས་ཡོད་པའི་བློ་ཚབ་རང་བཞིན་གྱི་གནད་དོན་ཁག་སེལ་ཐབས་བྱ་རྒྱུ་དེ་གལ་གནད་ཆེན་པོར་མཐོང་གི་ཡོད། ཅེས་དང་། ང་ཚོའི་ཨ་རིའི་གཞུང་གིས་རྒྱ་ནག་གི་མགོ་ཁྲིད་ཚོར། རྒྱ་ནག་འོག་བོད་རིགས་ས་ཁུལ་བརྟན་ལྷིང་ཡོང་ཆེད་བོད་མིའི་ཆོས་དང་ཆབ་སྲིད། དཔལ་འབྱོར་དང་རིག་གཞུང་སོགས་ལ་དོ་ཁུར་གྱིས་གུ་ཡངས་ཀྱི་མདུན་ལམ་ཞིག་བསྐྲུན་རྒྱུར་རྒྱབ་རོགས་དང་སྐུལ་མ་བྱ་དགོས་ཀྱི་འདུག ཅེས་བཀོད་ཡོད་པ་རེད།

སྔར་ ༢༠༠༢ ལོར་སྐབས་དེའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ཁུ་ལར་ཀཱི་ Clark Randt བོད་ནང་དུ་བསྐྱོད་དེ། རྒྱ་ནག་གཞུང་དང་ཏཱ་ལེ་བླ་མའི་སྐུ་ཚབ་བར་བོད་རྒྱ་འབྲེལ་མོལ་ཐོག་ཤུགས་སྣོན་རྒྱག་དགོས་ཚུལ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། བོད་པའི་སྐད་ཡིག་བཅས་ཀྱི་འཇིག་ཉེན་ལ་འཕྲལ་དུ་སྲུང་སྐྱོབ་དགོས་བའི་འབོད་སྐུལ་ཡང་ཞུས་ཡོད།

གསར་འགོད་པ། བནྟེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

ཆུ་ཚོད་ ༢ སྔོན་ལ།
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༢༡ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༢༡ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༢༡ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡

མཆན། 1

  1. རྨེ་གླིང་གདོང་ནག says:
    ལོ་ 15 སྔོན།

    རེད་ཡཱ། ཕན་རེ་ཐོགས་ན་ཡག་པོ་རེད། དེ་མིན་ན་་་་་་་་་་་་་་་་་་་་་་་
    ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese