རེབ་གོང་ཁུལ་གྱི་བོད་པའི་གྲོང་སྡེ་ཁག་ཅིག་ཏུ་ཆུ་ལོག་དང་འདམ་ཟེགས་ཀྱི་དོན་རྐྱེན་བྱུང་སྟེ། མི་གཉིས་རྐྱེན་ལམ་དུ་ཤོར་ཡོད་པ་དང་། གཞན་བ་ཕྱུགས་དང་འབྲུ་རིཊ། གྱོན་ཆས་སོགས་ཅ་དངོས་མང་པོ་ཆུ་ལོག་གིས་ཁུར་བ་དང་འདམ་གྱིས་མནན་པ་སོགས་ཀྱི་གནས་ཚུལ་ཐོན་འདུག
ཕྱི་ཚེས་ ༢༠ ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པ་ཡས་མས་སུ་རེབ་གོང་སྒོ་དམར་སྡེ་བའི་ནང་དུ་ཆུ་ལོག་རྒྱུགས་ཏེ། སྒོ་དམར་དགོན་པའི་ཚོང་ཁང་སོགས་ཚོང་ཁང་བཞི་ལྷག་དང་། སྨན་ཁང་གཅིག དེ་ལས་གཞན་ཆེས་ཉུང་མཐའ་ཡང་ཁྱིམ་ཚང་ཉི་ཤུ་ལྷག་གི་ཁང་བའི་ནང་འདམ་ཆུས་ལུད་ཡོད་པ་དང་། ཞིང་ས་བརྒྱ་ཆའི་སུམ་བཅུ་ལྷག་ལ་གཏོར་བརླག་བྱུང་སྟེ་ལོ་རྗེས་མར་ཞིང་འདེབས་དཀའ་བའི་གནས་སུ་གྱར་ཡོད་པ་མ་ཟད། ཁྱིམ་ཚང་བཅུ་གྲངས་ཤིག་གི་ཁང་པར་གནོད་འཚེ་ཐེབས་ཡོད་འདུག འདྲུད་འཐེན་འཁོར་ལོ་དང་། ཐེངས་འདིའི་གོད་ཆག་ཁྲོད་ས་གནས་མང་ཚོགས་ཀྱི་སྦག་སྦག་འཕྲུལ་རྟ་དང་། བ་ཕྱུགས། འབྲུ་རིགས་དང་གྱོན་ཆས་སོགས་མང་པོ་ཞིག་ཀྱང་འདམ་ཆུས་ཁུར་སྟེ་གྱོང་གུད་ཚབས་ཆེན་བྱུང་འདུག རེབ་གོང་སྨད་པའི་ཁ་རྒྱ་སྡེ་བར་ཡང་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་གཉིས་བསད་པའི་གནས་ཚུལ་བྱུང་འདུག
རེབ་གོང་སྒོ་དམར་སྡེ་བའི་ནང་ཆུ་ལོག་གི་གནོད་འཚེ་ཐེབས་པ།
དགོན་པའི་གྲྭ་དམངས་ཚོས་གནོད་སེལ་གྱི་ལས་དོན་སྒྲུབ་བཞིན་པ།
ས་གནས་མང་ཚོགས་ཀྱིས་ཅ་དངོས་དང་འབྲུ་རིགས་སྤོ་བཞིན་པ།
༼ གོང་གི་གནས་ཚུལ་དང་པར་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱི་ཟིན་བྲིས་ལས་བཤུས།༽
ཨ་ཁུ་བོན་རྒྱའི་གནས་ཚུལ་དུས་ཐོག་ཏུ་མཁོ་སྤྲོད་བྱས་པ་ཐུགས་རྗེ་ཆེ་ཞུ་བ་དང། ྒགནོད་འཚེ་ཐེབས་པའི་ཁྱིམ་ཚང་དང་རྐྱེན་ལམ་དུ་ཕྱིན་པ་རྣམས་སྐྱེས་བུ་དམ་རྣམས་ཀྱིས་ཐུགས་ལ་བཟུང་ནས་རྐྱེན་ངན་བར་ཆད་ཐམས་ཅད་བཟློག་པའི་སྐྱབས་ཞུ།
ཆར་ཞོལ་ཡོང་བའི་ཉིན་དེར་ཁ་རྒྱལ་སྡེ་བའི་རི་ཡི་རྒྱབ་ཕྱོགས་སུ་གནས་པའི་མར་ནང་ཚོ་ལྔའི་གྱེ་ཐང་དང་ཆུ་བཟང་སྡེ་བར་ཡང་ཆུ་ལོག་རྒྱུགས་ཏེ་ཁྱིམ་ཚང་བཅུ་ཕྲག་ཅིག་ལ་གནོད་འཚེ་ཐེབས་འདུག དེ་ནི་གྱེ་ཐང་སྡེ་བའི་གྲམ་པའི་ཁ་ན་ཡོད་པའི་ཁྱིམ་ཚང་ཁག་ཅིག་ལ་གནོད་འཚེ་ཚབས་ཆེན་ཐེབས་འདུག ཁྱིམ་ཚང་གཉིས་ཀྱི་མཁར་མདུན་གྱི་གྱང་དང་ཕྱི་སྒོ་གཏོར་ཏེ་ནང་དུ་ཆུ་བླུགས་འདུག་ལ། ཁྱིམ་ཚང་གཉིས་ཀྱི་ནང་འདམ་བླུགས་ཏེ་དངོས་པོ་མི་ཉུང་བ་ཞིག་འཕྲོ་བརླག་ཏུ་བཏང་འདུག་གནས་ཚུལ་འདུག དེ་མིན་ཆུ་བཟང་སྡེ་བའི་ཡང་གྲམ་པའི་ཁ་ན་ཡོད་པའི་ཁྱིམ་ཚང་ཁ་ཤས་ཀྱི་རྩྭ་ཁང་། མེ་ཤིང་དེ་འདྲ་ཆུ་ཡི་ཁུར་ཡོད་ཚོད་འདུག མི་ལ་གནོད་འཚེ་བྱུང་མི་འདུག
ཨ་དཀོན་མཆོག་གི་མཁྱེན་ད་འབྱུང་བའི་ར་འདུག་གི་མི་འཇུག་གི
ང་ཚོས་ཅི་བྱས་ན་བཟང་ངམ།
གསར་འགོད་པ་ལགས། ཁ་བྱང་གི་རེབ་གོང་ཞེས་པའི་རེབ་ཀྱི་བ་ཆད་འདུག