མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ ༤ ཡི་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་རྔ་པ་ཁུལ་རྔ་པ་རྫོང་ཁྲིན་ཀན་སྡེ་བའི་དོན་ཁོ་རྒྱག་པ་ཞུ་བར་རྔ་པ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཆབ་སྲིད་ཀྱི་ནག་ཉེས་ཅན་ལ་འགེབས་སྲུབ་བྱས་པའི་ཉེས་མིང་འོག ལོ་ ༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

 

དོན་ཁོ་རྒྱག་པ་ལགས་ཐོག་མར་ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༢༥ ཡས་མས་ལ་འཛིན་བཟུང་བྱས་པ་ཞིག་ཡིན་ཞིང་། དེ་ནི་༢༠༡༠ ཟླ་ ༤ ཚེས་ ༩ ཉིན་ལོ་ ༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་ཆོས་དར་ལགས་སྦས་སྐུང་བྱས་པའི་ཉེས་མིང་འོག་ཐེངས་འདིར་ཁྲིམས་ཆད་བཅད་ཡོད་འདུག

ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་རྗེས་སུ་དོན་ཁོ་རྒྱག་པ་སོགས་འཛིན་བཟུང་བྱེད་དགོས་པའི་བརྡ་ཁྱབ་ཡི་གེ་ས་གནས་གང་སར་སྦྱར་ནའང་འཛིན་བཟུང་བྱེད་ཐུབ་མེད་ཀྱང་། ལོ་དེའི་ལོ་མཇུག་ཙམ་ལ་ཁོང་གིས་མགོ་བཏགས་ཞུས་པར་བརྟེན། ཟླ་ ༡ དང་ཉིན་བཅུ་གྲངས་ཤིག་ལ་བཀག་བསྐྱིལ་བྱས་རྗེས་རྒྱ་སྒོར་ཆིག་ཁྲི་ལྔ་སྟོང་ ༡༥༠༠༠ གི་ཉེས་ཆད་བཅད་དེ་ཕྱི་ཚུལ་དུ་ཀློད་གྲོལ་བཏང་ནའང༌། ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༢༥ ཉིན་གྱི་མཚན་མོ་སླར་ཡང་དོན་ཁོ་དང་ཁོང་གི་གཟའ་ཟླ་བསོད་ལྷ་གཉིས་རང་ཁྱིམ་ནས་གློ་བུར་དུ་འཛིན་བཟུང་བྱས་ཡོད་ཅིང་། དེ་ནས་ཟླ་ ༥ ཙམ་གྱི་རྗེས་སུ་བསོད་ལྷ་ཀློད་གྲོལ་བཏང་ནའང་དོན་ཁོ་མུ་མཐུད་ཐག་གཅོད་གང་ཡང་མ་བྱས་པར་བཀག་ཉར་བྱས་ཤིང་། ཁོང་བཀག་ཉར་བྱས་པའི་དུས་ཡུན་ལོ་གཅིག་ཙམ་གྱི་རིང་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་ཀྱང་ཤེས་རྟོགས་ཐུབ་མི་འདུག ཉེ་ཆར་ཕྱི་ཚེས་ ༢༥ ཉིན་རྔ་པ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་ ༤ ཡི་ཁྲིམས་ཐག་བཅད་འདུག

གོང་གི་གནས་ཚུལ་དེ་ཀིརྟི་གྲྭ་ཚང་གི་ཀ་ཉག་ཚེ་རིང་ལགས་ཀྱིས་མཁོ་སྤྲོད་བྱས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

ཧི་མ་ཅལ་མངའ་སྡེར་རང་བྱུང་གོད་ཆག་བྱུང་བར་ཐུགས་སྨོན་མཛད། 

ཆུ་ཚོད་ ༡༦ སྔོན་ལ།
Demonstrators gather outside Nepal’s parliament during a protest in Kathmandu on Monday. Photograph: Prabin Ranabhat/AFP/Getty Image
Mobile App

བལ་ཡུལ་ནང་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པས་སྲིད་འགྱུར་སློང་ཉེན་ཡོད་འདུག

ཆུ་ཚོད་ ༡༧ སྔོན་ལ།
གློག་བརྙན་གསའ་ཡི་མདུན་ངོས།
Mobile App

བོད་ཀྱི་གློག་བརྙན་གསའ་གཟེངས་རྟགས་མི་འདྲ་བ་བཞིའི་ནང་མིང་འདོན་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
Anadolu Agency ASIA
Mobile App

རྒྱ་གཞུང་གིས་ཉི་ཧོང་གྲོས་ཚོགས་འཐུས་མི་ཞིག་ལ་ཉེས་ཆད་བཏང་།

ཆུ་ཚོད་ ༢༠ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཐོག་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༩།༨
Mobile App

བོད་པའི་སྤྱི་ཚོགས་ནང་དེབ་སྐྱེལ་བྱས་པའི་ཚོགས་པ་ཁག་ ༡༦༠ ནས་ ༡༧༠ བར་ཡོད་པ་རྣམས་ཀྱིས་གང་ཐུབ་ཀྱིས་རྒྱ་གར་གྱི་ཁྲིམས་ལྟར་ཕྱི་རྒྱལ་ནས་དངུལ་ལེན་ཆོག་པ་བཟོ་གལ་ཆེ་སྐོར་གསུངས་སོང་།

༢༠༢༥/༠༩/༠༨
བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། ༢༠༢༥།༠༩།༠༢ མི་ཎི་སོ་ཌ་བོད་རིགས་སྤྱི་མཐུན་ཚོགས་པའི་པར།
Mobile App

བཙན་བྱོལ་བོད་མི་རྣམས་བོད་ནང་གཉེན་འཕྲད་དུ་ཕྱིན་སྐབས་རྒྱ་ནག་གི་དྲིལ་བསྒྲགས་རིགས་ཀྱི་བརྙན་ཐུང་སྤེལ་རྒྱུ་མེད་པའི་ལམ་སྟོན་གནང་།

༢༠༢༥/༠༩/༠༨

མཆན། 3

  1. ཀ་ཉག་ཚེ་རིང་། says:
    ལོ་ 15 སྔོན།

    གོང་གི་གསར་འགྱུར་ནང་གི་་་་་་ཕྱི་ལོ་ 2009 ཟླ་ 4 ཚེས་ 9 ་་་་་་ཞེས་པ་ནོར་འདུག་པས་་་་དེ་ལུགས་ཀྱིས་་་་་་་་ཕྱི་ལོ་ 2009 ཟླ 8 ཚེས་ 25 ཡས་མས་ཤིག་ལ་་་་་་་ཞེས་པའི་ཟླ་ཚེས་དེས་བཅོས་རོགས་གྱིས།

    Reply
  2. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    རྒྱ་ནག་པོའི་སྲིད་བྱོས་ལ་འགྱུར་བ་ཞིག་མ་སོང་བར་དུ་ང་ཚོའི་འདི་ལྟར་བཙན་འོག་ནས་སྡུག་གི་མི་ཚེ་སྐྱེལ་དགོས་པ་སྨོས་མེད་རེད
    འགྱུར་བ་ཞིག་བྱིན་ན་ད་བཟོད་སྐྱིད་ལ་ཉལ་རྒྱུ་རེ་ཡོང་བའི་རེ་བ་བྱེད་རྒྱུ་ལས།གཞན་སུ་ཞིག་གིས་ཁ་མཚོན་གཅོད་ཐུབ་བམ
    གཞན་ལ་སྐྱབས་མི་བཅོལ་བའི་བུ་རྒོད་པོ་དག་གིས་སྡུག་མྱོང་བ་དང་གཞན་གྱི་སྐྱབས་འོག་དུ་སྐྱིད་ལ་ཉལ་ནས་ཡོད་པ་གཉིས་ཀྱིས་གདོང་རྒྱུད་གཅིག་ཀྱང་གནམ་རྒན་མའི་མཐུ་འོག་ནས་སྐྱིད་སྡུད་འདྲ་མཉམ་མིན་པ་དེ། ལས་ཞེས་པ་འདི་ལ་ཁག་འཇོག་རྒྱུ་ལས་གཞན་མེད་པ་འདྲ།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    རྒྱ་ནག་གཞུང་གིས་ད་དུང་ངོ་གདོང་གཉིས་བསྟན་ཏེ་བོད་དོན་ཐད་ལ་ལས་ཀ་བྱེད་ཀྱི་འདུག ནམ་ཞིག་ང་ཚོ་གཞིས་བྱེས་ལྷན་འཛོམས་བྱུང་སྟེ་རྒྱ་ནག་གཅིག་གི་ལངས་ཕྱོགས་བཟུང་སྟེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོན་གཞིའི་འོག་ཏུ་བོད་རྒྱ་དབྱེ་བ་མེད་པར་རྒྱ་ནག་གཅིག་སྟེ ཀྲུང་ཧྭ་མི་དམངས་སྤྱི་མཏུན་རྒྱལ་ཁབ་ཀྱི་རྒྱལ་དར་འཕྱར། རྒྱལ་གླུ་བླངས་ན་འདི་ལྟར་མི་བཟུང་ཚེ་བཙོན་གྱི་གནས་སྟངས་ལ་འགྱུར་བ་འགྲོ་གི་རེད་དམ། ཡང་སྙིང་བོད་མི་རིགས་འདི་ལ་བདེ་སྐྱིད་ཅིག་ཡོང་གི་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese