ད་ལྟ་ངྷ་ས་དབུས་འོས་བསྡུ་ལས་ཁུངས་ཀྱི་ངོས་ནས་བལ་ཡུལ་གཞུང་གིས་འོས་སྒམ་ཕྱིར་རྩིས་སྤྲོད་དང་། ཆོག་མཆན་གནང་སྟེ་བལ་ཡུལ་དུ་སྔོན་འགྲོའི་འོས་བསྡུ་བསྐྱར་དུ་བྱ་ཐུབ་ན་བསམ་བསྡད་ཡོད། གལ་སྲིད་དེ་ལྟར་མ་བྱུང་ན་དངོས་གཞིའི་སྐབས་མ་གཏོགས་སྔོན་འགྲོའི་སྐབས་ཀྱི་འོས་ཤོག་རྣམས་རྩིས་མེད་དུ་འགྲོ་གི་རེད་ཟེར།
ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུའི་སྐབས་བལ་ཡུལ་གྱི་འཕགས་པ་ཤིང་ཀུན་དང་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ས་གནས་གཉིས་སུ་བལ་ཡུལ་ཉེན་རྟོག་པས་འོས་སྒམ་བཙན་འཕྲོགས་ཀྱིས་ཁྱེར་ཏེ། ད་དུང་ཕྱིར་སྤྲད་མེད་ལ། དེ་རིང་འདི་གའི་གསར་འགོད་པས་དབུས་འོས་བསྡུའི་འགན་འཛིན་ལས་རོགས་རིན་འཛིན་ཆོས་གྲགས་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ང་ཚོས་ད་ལྟའི་ཆར་བལ་ཡུལ་ནས་འོས་སྒམ་འཕྲོགས་པའི་ཐད་ས་གནས་ཀྱི་འོས་བསྡུའི་འགན་འཛིན་ལ་ས་གནས་རང་དུ་གང་ཡོང་ཅི་ཡོང་བྱ་རྒྱུར་བསྐུལ་ཡོད་ལ། འདི་ནས་རྒྱབ་སྐྱོར་ག་རེ་བྱ་དགོས་ཀྱང་བྱ་རྒྱུ་ཡིན་ཞེས་ལབ་ཡོད། ལྷག་པར་དུ་བཀའ་ཤག་ལ་དེའི་སྐོར་སྙན་གསན་ཞུས་ཏེ་ཐབས་ཤེས་བྱེད་ཀྱིན་པ་ཡིན།
ཡིན་ནའང་། ད་ལྟའི་ཆར་དབུས་འོས་བསྡུ་ལས་ཁུངས་ཀྱིས་གནད་དོན་འདིའི་སྐོར་ལ་འདི་བྱེད་ཀྱི་ཡིན་དང་གན་བྱེད་ཀྱི་མིན་ཟེར་ཐུབ་ཀྱི་མི་འདུག་ཀྱང་། ང་ཚོའི་ངོས་ནས་གཙོ་ཆེ་ཤོས་བལ་ཡུལ་གཞུང་ལ་འབོད་སྐུལ་ཞུ་གིན་ཡོད་ལ། བོད་དོན་རྒྱབ་སྐྱོར་བ་དང་མཉམ་འབྲེལ་རྒྱལ་ཚོགས། ཨེ་ཤ་ཡའི་འོས་བསྡུའི་ལྟ་རྟོག་ཚོགས་པ་བཅས་ལ་འབོད་སྐུལ་ཞུ་བཞིན་པ་ཡིན། ཞེས་དང་།
ཁོང་གིས་མུ་མཐུད་དུ་གསུངས་དོན། སྤྱིར་བལ་ཡུལ་གཞུང་གིས་འོས་སྒམ་ཕྱིར་སྟེར་གི་རེད་བསམ་གི་འདུག་ཀྱང་། བལ་ཡུལ་གཞུང་གིས་འོས་སྒམ་ཡར་འཕྲོགས་ཏེ་ཉིན་འགར་ཉར་སྟབས་འོས་སྒམ་ཕྱིར་རག་ནའང་འོས་ཤོག་རྣམས་རྩིས་མེད་འགྲོ་གི་རེད། ད་ལྟ་ངྷ་ས་དབུས་འོས་བསྡུ་ལས་ཁུངས་ཀྱི་ངོས་ནས་བལ་ཡུལ་གཞུང་གིས་འོས་སྒམ་ཕྱིར་རྩིས་སྤྲོད་དང་། ཆོག་མཆན་གནང་སྟེ་བལ་ཡུལ་དུ་སྔོན་འགྲོའི་འོས་བསྡུ་བསྐྱར་དུ་བྱ་ཐུབ་ན་བསམ་བསྡད་ཡོད། གལ་སྲིད་དེ་ལྟར་མ་བྱུང་ན་དངོས་གཞིའི་སྐབས་མ་གཏོགས་སྔོན་འགྲོའི་སྐབས་ཀྱི་འོས་ཤོག་རྣམས་རྩིས་མེད་དུ་འགྲོ་གི་རེད་ཅེས་གསུངས།
དེ་ལྟར་བལ་ཡུལ་གཞུང་གིས་ས་གནས་གཉིས་ཀྱི་འོས་སྒམ་འཕྲོགས་ནས་ཕྱིན་སྟབས་འོས་ཤོག་རྣམས་རྩིས་མེད་ཡིན་གསུངས་མོད། འཕྲོགས་མེད་པའི་འོས་ཤོག་རྣམས་རྩིས་མེད་དུ་ཕྱིན་མེད་ཟེར།
ཁོང་གིས་ད་དུང་ཐེངས་འདིར་བལ་ཡུལ་དུ་རང་ལོ་ ༡༨ ཡན་གྱི་འོས་འཕེན་བོད་མི་ཆིག་ཁྲི་ལྷག་ཡོད་པ་ལས། ཁ་སང་འོས་བསྡུའི་སྐབས་ས་གནས་ནས་གནས་ཚུལ་བརྗོད་པར་བལྟས་ན་མི་མང་ཆེ་བས་འོས་འཕེན་ཁྲོད་ཆ་ཤས་བླངས་ཡོད་ཟེར་གྱི་འདུག་ཅེས་གསུངས།
ཡང་ཁོང་གིས་ད་ལྟ་ས་གནས་མང་ཆེ་བར་འོས་ཤོག་གྲངས་བཤེར་བྱེད་ཀྱིན་ཡོད་སྟབས། ད་ལྟའི་ཆར་བཙན་བྱོལ་གྱི་བོད་མི་ཅི་ཙམ་གྱིས་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུའི་ཁྲོད་ཆ་ཤས་བླངས་མིན་བཤད་དཀའ་ཐོག སྤྱིར་འོས་བསྡུའི་སྔོན་འགྲོའི་ལས་རིམ་ནང་ངྷ་རམ་ས་ལ་གཙོས་ས་གནས་ཁག་གི་འོས་བསྡུའི་སྔོན་འགྲོའི་གྲུབ་འབྲས་དེ་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་བསྒྲགས་གཏན་འཁེལ་ཡོད་ནའང་། བལ་ཡུལ་གྱི་གནད་དོན་རྐྱེན་གྱིས་དུས་ཚོད་འགོར་འགྱང་འགྲོ་སྲིད་ཅེས་གསུངས།
གསར་འགོད་པ། ཨ་རིག་འགྱུར་མེད།
བློ་ཕམ་དགོས་པ་ཞིག་ལ་འོས་བླུགས་རྒྱུ་མ་རག་པ་དང་ས་གནས་ཁ་ཤས་སུ་གོ་སྒྲིགས་མེད་པ་སོགས་ཏག་ཏག་གཅིག་བྱུང་མི་འདུག་པས་རྗེས་མ་ཚག་ཚུད་ཞིག་ཡོང་བར་བྱེད་རྒྱུར་རེ་བ་ཡིན་བྱེད་ཀྱིན་ཡོད།
ངའི་འིས་བསྡུ་སྐབས་ཀྱིས་མཐོང་ཚུལ་ཞིག་དེའི་ཉིན་བཤད་ཡོད་།་སློབ་གྲྭ་དེའི་འོས་བླུག་མ་ཐུབ་པ་།་ཅིག་བྱས་ན་ཏག་ཏག་རེད་སེམ། རྒྱུ་མཚན་ནི་་་་་རང་ཉིད་ཀྱི་འདོད་
མོས་ལྟར་བླུག་མ་ཐུན་ན་ཕན་པ་ལས་གནོད་ཆེ་ཡང་སྲིད། འདི་འདྲ་རེད།།།
འོས་འཕེན་སྐབས་ཀྱི་མི་མང་གིས་འཚང་ཁ་དང་དོ་སྣང་སོགས་ཀྱི་རྣམ་པ་འདི་མཐོང་ན་དགའ་འོས་པ་ཤིག་རེད།
འོན་ཀྱང་འདིའི་ནང་དུ་ད་དུང་མི་གཙང་བའི་དྲི་ངན་ཞིག་བྲོ་གིན་འདུག་
ངའི་འདི་འདྲ་ཞིག་ཚོལ་སོང་། མི་ཆེན་དང་རྒྱུ་ཆེན་ད་དུང་བླ་མ་དང་དགེ་རྒན་སོགས་ཀྱི་བཀའ་འོག་ལས་རང་ཉིད་ཀྱི་དཔྱོད་ཤེས་བ་འམ་ཡང་ན་རང་ཉིད་ཀྱི་རང་དབང་ཐོག་འོས་ཏག་ཏག་ཞིག་བླུག་ཐུབ་མེད་པས་དྲི་ངན་ཞིག་ངའི་རྣ་ལམ་དུ་བྲོ་གིན་འདུག།
འཇུག་བྲལ་ལགས་ཀྱིས་གསུངས་པ་རེ་ཟུང་རེད། དེ་ལས་དྲི་ངན་འདི་ཅུང་རྒྱ་ཆེ་ཚོད་འདུག་ཉམས
ད་ལམ་བལ་ཡུལ་གཞུང་གིས་བྱེད་བབས་དེར་དངོས་གནས་སེམས་སྐྱོ་དགོས་པ་ཞིག་རེད།
འོན་ཀྱང་ང་ཚོས་བལ་ཡུལ་གཞུང་དང་ལྷན་གྲོས་མོལ་རིམ་པས་བརྒྱུད་དེ་དཀའ་རྙོག་དེ་རིགས་སེལ་དགོས་པ་རེད།
དེ་མིན་འགའ་ཞིག་གིས་དོན་མེད་བལ་བོད་མི་རིགས་དབར་ལ་རྩོད་རྙོག་བཟོས་ན་ཡག་པོ་མ་རེད།
གཅིག་ཏུ་གཞུང་སྲ་བརྟན་མེད་པ་དང་གཉིས་སུ་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་དུས་སྟོབས་ཆེན་རྒྱལ་ཁབ་ལ་མ་བསྟེན་རང་བསྟེན་སོགས་རྒྱུ་མཚན་སྣེ་མང་ལ་བརྟེན་ནས་གནས་ཚུལ་འདི་རིགས་བྱུང་བ་རེད།
ང་ཚོས་ཐབས་མཁས་བསྟུན་མཁས་ཀྱིས་སྐད་ཆ་བཤད་དགོས།
དཔེར་ན།་ཉེ་ཆར་རྒྱ་གར་གྱི་དྷི་ལིར་རྩེད་ཐང་གི་སྐོར་ལ་སྐད་ཆ་ཤོད་དུས་མཆན་ནམ་བསམ་ཚུལ་འབྲི་བ་པོ་རྣམས་ཀྱིས་ཧ་ཆང་གི་ཐལ་པའི་སྐད་ཆ་བཤད་ཡོང་གི་འདུག་པས་ཚང་མས་གཟབ་ནན་གནང་རོགས།
བོད་ལ་བདེ་སྐྱིད་ཉི་མ་འཆར་བར་ཤོག
དེང་སང་གི་མང་གཙོ་ཟེར་དེ་འགན་འཛིན་འགའ་ཞིག་རྡོག་རིལ་བཏང་བཞིན་ཡོད་པའི་གནས་ཚུལ་
གསལ་པོ་ཞིག་གསར་འགོད་པའི་རྒྱུད་ནས་གོ་ཐོས་བྱུང་ ས་གནས་སྦེལ་ཀོབ་བོད་ཁྱིམ་སློབ་གྲའི
སློབ་རྣམ་སྔོན་འགྲོའི་འོས་འཕངས་ས་རག་མི་འདུག་ གང་ཡིན་ཟེར་ན་ དེབ་སྐྱེལ་མ་བྱས་པ་དང་
ཁྱབ་སྒྲགས་གསལ་པོ་མེད་པ་ཞིག་བྱུང་འདུག་ རྒྱུ་མཚན་གཙོ་བོ་ནི་ དེ་སྔོན་སློབ་གྲའི་ནང་ཚོད་
ལྟའི་འོས་ཞིག་བླུགས་འདུག་ སློབ་ཕྲུག་ངོས་ནས་བརྒྱ་ཆ་བརྒྱད་ཅུ་ཐམ་པ་ཞིག་གིས་ མཁས་དབང་
བློ་བཟང་སེང་གེ་མཆོག་ལ་ཕུལ་ཡོད་པ་དང་ ཉི་ཤུ་ཞིག་གི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་
ལ་འཕངས་ཡོད་འདུག། དེ་དབང་གིས་ སློབ་གྲའི་འགན་འཛིན་ཚོས་སློབ་མའི་རང་དབང་ལག་དེབ་
དེབ་སྐྱེལ་བྱེད་མ་སོང་ཟེར་ནས་སློབ་ཕྲུག་གིས་ངོས་བློ་ཕམ་གི་ལས་དཀའ་ཞིག་བྱུང་འདུག་། སློབ་
གྲའི་འགན་འཛིན་ལ་སྐད་ཆ་འདྲི་སྐབས་འགན་གི་ངོས་ནས་འབྲེལ་བ་མེད་པ་དང་ སློབ་ཕྲུག་ཚང་མ་
ལོ་ན་༡༨་ལ་སོན་པ་ཞིག་རེད་སོ་སོ་དོ་སྣང་བྱེད་དགོས་ཀྱི་རེད་ཟེར་ཀྱི་འདུག།སློབ་ཕྲུག་ལ་འདྲི་སྐབས་
ནམ་རྒྱུན་ནས་རྩེད་མོ་རྩེ་རུ་མ་སོང་ན་མ་གཏོགས་སློབ་གྲའི་དགེ་རྒན་མཉམ་དུ་འགྲོ་དགོས་པ་དང་
ལྟད་ཞིག་ལྟ་ན་མ་གཏོགས་སློབ་གྲའི་དགེ་རྒན་མཉམ་དུ་འགྲོ་དགོས་པ་དེ་ཆ་རྐྱེན་རེད་ཟེར་བརྗོད་སོང
དེ་ནི་འགན་འཛིན་ཞིག་ལ་མཚོན་ན་ཞེན་ཁོག་དང་མང་གཙོ་རྡོག་རིལ་བཏང་མཁན་ཞིག་ཡིན་པ་དང
བསྟན་དགྲ་རྒྱ་དམར་དང་ཁྱད་པར་ཅི་ཡོད་ དེ་འདྲའི་མི་བཙན་བྱོལ་སྤྱི་ཚོགས་ནས་རྒྱང་འབུད་གཏང་
འོས་པ་ཞིག་ཆགས་ཡོད་ རྣམས་པ་ཚོ་ སློབ་མ་འདི་ཚོ་ལ་རྒྱབ་བསྐྱོར་ཞིག་གནང་ནས་མ་འོངས་པའི
དངོས་གཞི་ལ་མང་གཙོ་གི་ཐོབ་ཐང་ཞིག་ཡོང་བའི་བོད་མི་དམངས་ལ་རེ་བསྐུལ་ཞུ་གི་ཡོད།
ནད་པ་ལི་དང་ཆ་འདྲའ་བའི་འགན་འཛིན་རྣམས་ཕྱིར་འབུད་སྟངསརོགས།
མགོ་གསེར་སྐུས་བཅག་ན་བྱིན་རླབ་མེད་ཟེར་བ་མ་ཡིན་ནམ་
རང་གཞུང་གི་འོས་བསྡུ་འགན་འཛིན་མཆོག་ལ་བལ་ཡུལ་མི་མང་པོ་ཞིག་གི་མངོན་འདོད་ཇི་ཡིན་གཞིར་བཟུང་གིས་རེ་འདུན་ཞུ་ཡིག།
བོད་མི་ཡོངས་ཀྱིས་ནུས་པ་དང་བསམ་བློ་ལྟ་བ་བཅས་སྐོང་པོ་གཅིག་གྱུར་ཐོག་དབུ་གཞུང་གིས་དུས་ཚོད་གཏན་འབེབས་གཞིར་བཟུང་གིས་བཀའ་སྤྱི་གདམས་ཐུབ་པ་བྱ་དགོས།
རྒྱ་ནག་གིས་ནུས་ཤུགས་སྤྲད་པ་དང་འགྲོ་སོང་བཏང་པ་སྣམས་རང་བཞིན་གྱིས་ནུས་མེད་དུ་གཏོང་ཐུབ་ན་བཙན་བྱོལ་ལ་རྒྱ་ཁ་ཐོབ་པ་ཡིན། གལ་སྲིད་རྒྱ་ནག་གིས་དམིགས་ཡུལ་བཞིན་དུས་ཐོག་བཀའ་ཁྲི་གདམས་མི་ཐུབ་པ་དང་བོད་མིའི་ནང་ཁུལ་རྩོད་རྙོགས་རིགས་བྱུང་བ་ཡིན་ན་རྒྱ་
ནག་གིས་འགྲོ་སོང་བཏང་བ་དེ་ལམ་དུ་ཕྱིན་པ་ལ་ངོས་འཛིན་བྱ་རྒྱུ་རེད། བལ་ཡུལ་ཉེས་རྟོག་པས་ཁྱེར་ཚར་བའི་འོས་ཤོག་རྣམས་དངུལ་སྤྲད་ནས་རེག་ཐབས་་བྱེད་དགོས་དོན་གང་ཡང་མེད། བལ་ཡུལ་གནས་སྡོད་མི་དམངས་ནས་ལྷག་བསམ་ཟོལ་མེད་ཐོག་འོས་འཕེན་གྱི་འགན་ཁུར་བླངས་ཡོད་པ་དང་སྔ་དྲོའི་ཅུ་ཚོད་8་30་ནས་4་30་བར་འཚང་ག་ཤིག་ཤིག་གིས་འོས་འཕེན་གྱི་ལམ་དུ་བསྐྱོད་པའི་ནུས་ཤུགས་ལ་བརྟེན་ནས་རྒྱ་ནག་གི་དངུལ་འབོར་ཆེན་པོ་ཞིག་བཏང་དགོས་བྱུང་བ་ཡང་ང་ཚོའི་རྒྱལ་ཁ་རེད༎བལ་ཡུལ་གནས་སྡོད་བྱེདབཞིན་པའི་བོད་པ་ཞིག་གི་མྱོང་ཚོར་ལ་གཞིག་ཏེ་བརྗོད་ན།ཆེས་འུ་ཐུག་གི་ཐག་གཅོད་ཞིག་ལ་བརྟེན་ནས་རྒྱ་ནག་གི་ངན་བྱུས་གཏོན་པ་དེ་ལས་རྒྱ་ཁ་ཐོབ་དགོས་ན་བལ་ཡུལ་གནས་སྡོདབོད་མི་དམངས་རྣམས་ཀྱིས་བསྐྱར་དུ་སྔོན་འགྲོའི་འོས་སླུགས་མི་དགོས་པ་བྱ་རྒྱུ་ལས་ལྷག་པའི་ཐག་གཅོད་ཞིག་མི་འདུག། བལ་ཡུལ་གནས་སྡོད་མི་མང་པོ་ཞིག་གི་རེ་འདུན་བལྟར་བྲིས་ཡོད་པས་དེ་ལུགས་དགོངས་ཡོད་པ་ཞུ།
ད་ཆ་འོས་བསྡུ་ལས་ཁུངས་ནས་ཐག་གཅོད་གཙང་མ་ཞིག་གནང་མེད་ནའང་། གསུངས་སྟངས་ལ་བལྟས་ན་བལ་གཞུང་གིས་བཙན་འཕྲོག་བྱས་པའི་འོས་ཤོག་རྣམས་ཕྱིར་སློག་མ་གནང་ཚེ་འོས་དེ་རྣམས་སྔོན་འགྲོའི་སྐབས་སུ་རྩིས་མེད་དུ་གཏོང་རྩིས་ཡོད་པ་འདྲ། གལ་ཏེ་དེ་ལྟར་ཡིན་ཚེ། ཐག་གཅོད་འདི་རྣམ་དཔྱོད་ལྡན་པའི་ཐག་གཅོད་ཅིག་ལ་མཐོང་གི་མེད། འོས་འཕེན་པའི་བརྒྱ་ཆ་སུམ་ཅུ་མ་ཟིན་ཙམ་གྱི་འོས་ཤོག་རྩིས་མེད་དུ་བཏང་ན་འོས་བསྡུ་དེ་གང་འདྲ་ཞིག་ཆགས་ཀྱི་ཡིན་ནམ། དངོས་གཞིའི་ཁོངས་སུ་བཏང་བའི་འོས་མི་རྣམས་ཁྲིམས་མཐུན་ཞིག་ཆགས་སྲིད་དམ་ཞེས་པའི་དྲི་བ་དེ་རེད།
གུས་པས་བརྗོད་འདོད་པ་ནི་བལ་ཡུལ་ནང་ཡོད་པའི་བོད་མི་རྣམས་ལ་ཉིན་བརྒྱ་དུས་གཅིག་ལ་བསྐྱར་དུ་འོས་བསྡུ་ལས་རིམ་བཟོ་དགོས་པར་མཐོང་། དེ་ལྟར་མ་གནང་ཚེ་ད་ཐེངས་ཀྱི་འོས་བསྡུ་དེ་རྩིས་མེད་དུ་མི་འགྲོ་བའི་ངེས་བ་མེད་པར་འདོད་དོ།།
འོས་བསྡུ་ལྷན་ཁང་གིས་ངེས་པར་རྒྱལ་སྤྱིའི་སྟེང་ལ་འབོད་བསྐུལ་སྔར་ལས་ལྷག་པ་ཞིག་གནང་རོགས་ཞུ།
ད་རེ་འོས་སྒམ་འཕྲོག་བཅོམ་གྱི་གནས་ཚུལ་འདིས་འོས་བསྡུའི་གནས་ཚུལ་རྒྱལ་སྤྱིའི་སྟེང་ལ་སྒྲོག་པའི་གོ་སྐབས་ཡག་ཤོས་ཤིག་ཡིན་པས་བོད་གཞུང་དང་འོས་བསྡུ་ལྷན་ཁང་གཉིས་ཀས་འབད་འབུངས་མུ་མཐུད་དེ་གནང་རོགས།
བལ་ཡུལ་གཞུང་གིས་འོས་སྒམ་འཕྲོག་པ་དེར་རང་གཞུང་འོས་བསྡུ་ལྷན་ཁང་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གནད་ལ་ཕོག་པའི་ལན་འདེབས་ཤིག་བྱེད་མི་ཐུབ་རུང་སྦེལ་གོལ་བོད་ཁྱིམ་གྱི་འབྲེལ་ཡོད་འགན་འཛིན་རྣམ་པས་སློབ་ཕྲུག་སུམ་བརྒྱ་ལྷག་ལ་འོས་འཕེན་གྱི་གོ་སྐབས་མ་སྤྲད་པ་དེར་ཐག་གཅོད་ནན་མོ་བྱེད་དགོས།
ཡིད་སྐྱོ་བ་ཞིག་ལ་ད་ལན་བལ་ཡུལ་གཞུང་གིས་འོས་སྒམ་འཕྲོག་པ་དེ་རེད། རྒྱ་ནག་གཞུང་གིས་ལྐོག་ངན་གཡོ་སྒྱུའི་འོག་བལ་ཡུལ་ཉེས་རྟོགས་པས་འོས་སྒམ་འཕྲོག་པ་དེ་བཙན་བྱོལ་བོད་མི་རིགས་ཀྱི་དམངས་གཙོའི་འཕེལ་རིམ་ལ་གཏོར་བཤིགས་བཏང་སྟེ་བློ་ཕམ་དང་སེམས་འཚབ་སྐྱེས་པ་ཞིག་ཆགས་ཡོད རྒྱ་ནག་གཞུང་གིས་བོད་ནང་གཞིས་ལུས་མི་དམངས་ཚོར་ཡུལ་གྱར་བཙན་བྱོལ་གཞུང་དེ་༧གོང་ས་མཆོག་དང་སྤྱི་ཚོགས་རྙིང་པ་བཀས་བཀོད་བརྒྱུད་འཛིན་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་གིན་རེད་ཟེར་ནས་ཆབ་སྲིད་ཀྱི་འཁྱོག་བཤད་རབ་དང་རིམ་པར་སྤེལ་གྱི་ཡོད། ད་ལན་སྐབས་གསུམ་པའི་བཀའ་ཁྲི་མི་ཚང་དཀྱུས་མའི་ནས་ཚར་ལོངས་བྱུང་བ་ན་གཞོན་མཁས་དབང་བློ་བཟང་སེང་གེ་འདྲ་བ་གཞོན་སྐྱེས་ཞིག་སླེབས་ན་རྒྱ་ནག་གཞུང་ལ་བརྡ་ལན་ཤུགས་ཆེན་པོ་ཞིག་སྤྲོད་ཐུབ་ཀྱི་ཡོད། བཙན་བྱོལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོས་རང་གི་ཕ་ས་དང་གཞིས་བཞུགས་སྤུན་ཟླ་ཚོར་ཆེད་དུ་སྐབས་གསུམ་པའི་བཀའ་ཁྲི་ན་གཞོན་ཞིག་སླེབས་དགོས་པ་གལ་ཆེན་མཐོང་ མི་རབས་གསར་པ་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་འཕེལ་རིམ་ལ་ཡར་རྒྱས་ཀྱི་རྣམ་པ་གང་འདྲ་ཡིན་མིན་དང་སྤྱི་ཚོགས་རྙིང་པ་བཀས་བཀོད་བརྒྱུད་འཛིན་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་གིན་མེད་པ་ཤེས་ཐུབ།
བལ་གཞུང་གིས་འོས་སྒམ་འཕྲོགས་པ་དང་། སྦེལ་ཀོབ་བུ་ཁྱིམ་གྱིས་སློབ་མའི་བདམ་བྱ་འདེམས་བྱའི་ཐོབ་ཐང་འཕྲོགས་པ་གཉིས་ལྕི་ཡངས་གཞལ་ན་ཅི་འདྲ་འདུག བལ་ཡུལ་གཞུང་གིས་སྒོར་མོའི་ཆེད་དུ་རེད་ལ། ང་ཚོ་རིགས་མི་གཅིག་པའི་དམར་པོའི་རྒྱུགས་ཁྱི་ཞིག་རེད། དེའི་ཐད་ཡོངས་སྲིད་པ་ཞིག་རེད་སྙམ་གྱི་ཡོད། འོན་ཀྱང་སྦེལ་ཀོབ་བུ་ཁྱིམ་སློབ་གྲྭའི་བྱེད་སྟངས་དེ་སུ་ཞིག་གིས་ཤུགས་རྐྱེན་བཟོས་ཡིན་ནམ། ད་ཕལ་ཆེར་རྒྱ་སྒོར་གྱིས་གོམ་སྟབས་བཙན་བྱོལ་སྤྱི་ཚོགས་ནང་དུ་སྤོ་བཞིན་ཡོད་པ་འདྲ།
བལ་ཡུལ་གྱི་བོད་པ་གནས་སྡོད་པ་ཚོ་ལ་ནམ་རྒྱུན་དཀ
འལས་ཞོག་ལ་འཕྲད་ཡོད་པ་རེད།དངོས་གནས་བསམ་ན་ཡིད་སྐྱོ་བ་ཞིག་རེད།འོན་ཀྱང་དེ་ནི་རྒྱལ་སྤྱི་ཡོངས་ལ་འབོད་སྐུལ་ཞུ་དགོས་པ་ཞིག་རེད།དེ་མིན་སློབ་གྲྭ་ཁག་མང་པོ་ཞིག་ལ་དགེ་རྒན་རེ་འགས་དབང་ཤེད་བྱས་ཏེ་སློབ་ཕྲུག་ཚོར་འོས་བླུགས་པར་ཚོད་འཛིན་བྱས་ཡོད་རབ་གོ་རྒྱུ་འདུག དེ་ནི་དངོས་གནས་བློ་ཕམ་དགོས་པའི་གནས་སྟངས་ཞིག་དང་དམངས་གཙོའི་ལམ་ལུགས་དང་ཡང་མི་མཐུན་པའི་དགེར་གཅོད་ལྟ་བ་ཞིག་ཅི་ལ་མིན།འདི་ལ་འོས་བསྡུ་ལྷན་ཁང་གི་སྒྲིག་འཛུགས་ཀྱི་ངོས་ནས་ངེས་པར་དུ་བསམ་ཞིབ་བྱེད་དགོས་པཞིག་ཏུ་མཐོང་།
ད་རིང་འོས་སྒམ་ཙམ་མ་ཡིན་པར་བལ་ཡུལ་ཡོད་པའི་བོད་མི་རྣམས་ལ་དཀའ་ངལ་ཆེན་པོ་ཡོད་ཡོད་པ་རེད་བྱས་ཙང་བོད་གཞུང་གི་དེ་ཡི་ཐད་ཐུགས་བསམ་ཡག་པོ་ཞིག་བཞེང་དགོས་པ་ལས་སྣང་ཆུང་རྩ་ནས་གཏང་མི་ཉན།གལ་སྲིད་འོས་སྒམ་རག་ཀྱང་རྩིས་མེད་ཕྱིན་པ་ཡིན་ནའང་བལ་ཡུལ་བོད་མི་ཚོ་ལ་བསྐྱར་དུ་འོས་འཕེན་འཇུག་ན་འགྲིག་པ་རེད།
གལ་སྲིད་ང་ཚོའི་ད་རེས་ཀྱི་བཀའ་ཁྲི་དེ་ན་གཞོན་ཞིག་ལ་ཐོབ་སོང་ན་རྒྱ་གཞུང་གི་དཔོན་ངན་ཚོའི་ཁ་ལ་སྐྱག་པ་བྱུགས་བ་དང་དེ་དུས་ནས་བཟུང་རྒྱལ་བ་རིན་པོ་ཆེ་ལ་ཁ་བཏང་རྒྱུ་དང་སྐུ་གྲགས་རྒྱུད་འཛིན་གྱི་གཞུང་ཞིག་རེད་ཟེར་རྒྱུ་མེད་པ་ཆགས་ཡོང་དྲན་ནས་བལ་པོའི་ཁྱི་རྒན་དེ་ཚོའི་རྐུབ་ལ་ད་རྒྱུགས་ཤིག་ཅེས་རྡོག་ཐོས་བྱུང་བ་རེད།
དེ་རིང་གི་གནས་ཚུལ་དེའི་ཐད་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་འཕུར་ཕྱོང་ལྟ་བུའི་དམངས་གཙོའི་ལམ་ལུགས་ཡར་རྒྱས་ཕྱིན་པའི་རྣམ་པར་བལ་ཡུལ་དང་རྒྱ་གཞུང་གཉིས་ལ་སེམས་ངལ་ཞིག་ཡོད་པ་མཚོན།
ཡིད་སྐྱོ་བ་ཞིག་རེད་
བལ་ཡུལ་གྱི་འོས་ཤོག་འཕྲོག་པ་གསལ་པོ་རེད་ འོན་ཀྱང་ལྷོ་ཕྱོགས་ཀྱི་རྙོག་གླེང་ཟེར་བ་ཞིག་གོ་མ་སོང་།
དེ་ཅི་འདྲ་རེད་གསལ་བཤད་ཞིག་བྱས་ན་ཅི་འདྲ་འདུག གནམ་ལྕགས་ལགས
གསར་འགོད་པས་དབུས་ལ་བཅར་འདྲི་བྱས་པ་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་ཞིག་ཆགས་སོང་། ད་བྱས་ན་དབུས་ཀྱི་འོས་ཤོག་ཤུགས་རྐྱེན་གང་ཡང་མ་ཡོང་བ་རེད། མི་འགའ་རེས་བལ་ཡུལ་གྱི་འོས་ཤོག་འཕྲོག་པ་དང་ལྷོ་ཕྱོགས་ཀྱི་རྙོག་གླེང་གི་སྟབས་ཀྱིས་ད་རེའི་འོས་བསྡུ་འཕྲོ་ལྷག་ཏུ་འགྲོ་ངེས་པར་ཚོད་དཔག་བྱེད་ཀྱི་འདུག་ན། གོང་གི་གསར་འགྱུར་འདིས་བདག་གི་དོགས་པ་ཕྲན་ཙམ་སེལ་སོང་ཞུ།