མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲོག་དམངས་གྲོང་རྡལ་དང་ཕྱུགས་ཟོག་གཞུང་གཅིག

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་བའི་ལོ་འགའི་སྔོན་ནས་བཟུང་རྒྱ་ནག་གིས་བོད་མཐོ་སྒང་གི་འབྲོག་པ་མང་ཚོགས་རྣམས་ཞང་དང་རྫོང་རིམ་པར་གྲོང་བརྡལ་གྱི་རྣམ་པར་སྒྱུར་བཞིན་ཡོད་པ་དང་། ད་ཆར་ཕྱུགས་ཟོག་ཀྱང་གཞུང་གཅིག་ཅན་དུ་བསྒྱུར་མགོ་བརྩམས་ཡོད་འདུག  

ཕྱི་ཚེས་ ༢༦ ཉིན་གྱི་དགོང་མོར་མིང་བརྗོད་འདོད་མེད་པའི་ཨ་རིག་དགོན་དགའ་ལྡན་ཆོས་འཕེལ་གླིང་གི་གྲྭ་པ་ཞིག་གིས་འདི་གའི་གསར་འགོད་པར་ཁ་པར་བརྒྱུད་བརྗོད་པ་ལྟར་ན། ཉེ་བའི་ལོ་འགའི་གོང་ནས་བཟུང་མཚོ་བྱང་ཁུལ་མདོ་ལ་རྫོང་གི་འབྲོག་པ་མང་ཚོགས་སྒེར་གྱི་ཕྱུགས་ཟོག་སྤྱི་རྒྱུ་ཅན་དུ་བསྒྱུར་ཏེ། འབྲོག་པ་རྣམས་ཞང་དང་རྫོང་རིམ་པར་གནས་སྤོར་བྱེད་པ་དང་། གྲོང་གསར་འཛུགས་སྐྲུན་ཞེས་པའི་ལས་གཞི་ཞིག་མགོ་བརྩམས་འདུག དེང་སྐབས་ཨ་རིག་ཞང་གི་གྲོང་ཁྱེར་ཞོལ་གྱི་སློབ་གྲྭ་ཡོད་ས་ནས་གྲོང་གསར་འཛུགས་སྐྲུན་ཞེས་པའི་ལས་གཞི་མགོ་བརྩམས་ཏེ།  གྲོང་གསར་གྱི་ཁང་པ་སྐོར་ཁག་སྐོར་ཁག་བྱས་ཏེ་འཛུགས་སྐྲུན་བྱས་དང་བྱེད་ཀྱིན་པར་མ་ཟད། འབྲོག་པ་མང་ཚོགས་མི་ཉུང་བ་ཞིག་གིས་རྒྱལ་ཁབ་ཀྱི་སྲིད་ཇུས་འདིའི་མཇུག་འབྲས་མ་གཏོགས་པར་གྲོང་གསར་ཁང་པའི་ནང་དུ་གནས་སྤོར་བྱས་འདུག གྲོང་གསར་གྱི་ཁང་པའི་ནང་དུ་སྤོར་སྐབས་རྒྱལ་ཁབ་ཀྱིས་ཁང་པ་འཛུགས་སྐྲུན་གྱི་འགྲོ་གྲོན་ཕྱེད་ཀ་བཏང་བ་དང་། མང་ཚོགས་རང་གིས་ཕྱེད་ཀ་གཏོང་དགོས་ཀྱི་འདུག དེར་བརྟེན་སྔོན་ཆད་ཞང་གི་གྲོང་ཁྱེར་ནང་རྒྱ་རིགས་མང་བ་ཡོད་ཀྱང་། དེང་སྐབས་འབྲོག་པ་མང་ཚོགས་གནས་སྤོར་བྱས་ཏེ་ཞང་གི་ཁྱིམ་ཚང་བརྒྱ་ཆ་བདུན་ཅུ་ནས་བརྒྱད་ཅུ་ལྷག་བོད་མི་ཡིན་འདུག

 

རྒྱལ་ཁབ་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན། དེ་ལྟར་འབྲོག་པ་མང་ཚོགས་ཞང་དང་རྫོང་རིམ་པར་གནས་སྤོར་བྱེད་དོན། འབྲོག་ཕྱོགས་ས་ཁུལ་གྱི་ས་ཆར་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་ཡིན་སྐོར་བརྗོད་འདུག་ལ། ཕྱུགས་ཟོག་ཚང་མ་མཉམ་ཏུ་བསྲེས་ཏེ་རྫི་བོ་འཇོག་པ་དང་། དེའི་ཤུལ་གྱི་འབྲོག་པ་མང་ཚོགས་གཞན་རྣམས་ལས་ཀ་འཚོལ་དུ་འགྲོ་དགོས་ཀྱི་ཡོད་འདུག་ལ། དབྱར་དུས་དབྱར་རྩྭ་དགུན་འབུ་རྐོ་རུ་འགྲོ་བ་དང་། ས་ལས་རྡོ་ལས་བྱེད་པ། ཚོང་ལས་དང་གླ་ལས་སོགས་བྱས་ཏེ་ཐུན་མོང་གིས་གསག་པའི་ཡོང་སྒོ་ཚང་མ་ཐུན་མོང་ལ་བགོ་བཤའ་རྒྱག་རྒྱུ་ཡིན་སྐོར་བརྗོད་ཀྱི་འདུག

གང་ལྟར། བྱེད་ཐབས་འདིར་བལྟས་ན་དེ་སྔོན་མའོ་ཙེ་ཏུང་སྐབས་ཀྱི་མཉམ་ལས་སྲིད་ཇུས་དང་འདྲ་བོ་འདུག ཡང་རྒྱ་ནག་གི་སྲིད་ཇུས་འདིའི་མཇུག་མཐའི་དམིགས་ཡུལ་གང་ཡིན་མ་གཏོགས་པར། ཁྱིམ་ཚང་མང་བོ་ཞིག་གིས་ཕྱུགས་ཟོག་ཐུན་མོང་ཅན་དུ་བསྒྱུར་རྗེས་རང་ལ་དེའི་སྟེང་ནས་དམིགས་བསལ་གྱི་ཡོང་འབབ་མེད་པ་དང་། གཞུག་ཕྱོགས་རང་གི་འཚོ་བར་དཀའ་ཁག་འབྱུང་རྒྱུ་ཡིན་པ་སོགས་ལ་སྐྲག་སྟེ། ཕྱུགས་ཟོག་མང་བོ་ཕམ་བཙོང་བྱེད་མཁན་ཡང་འདུག  ཡང་སྲིད་གཞུང་གིས་སྔར་བགོས་པའི་རྩྭ་ས་རང་འཇགས་འཇོག་རྒྱུ་ཡིན་སྐོར་བསྒྲགས་པ་ལྟར། འབྱོར་ལྡན་ཁྱིམ་ཚང་མང་པོ་ཞིག་གིས་ཁྱིམ་ཚང་གཞན་གྱི་ས་ཆ་ཉོ་བ་སོགས་བྱེད་ཀྱིན་འདུག དེ་ལྟར་དེང་སྐབས་ཕ་ཡུལ་གྱི་གྲོང་གསར་འཛུགས་སྐྲུན་གྱི་ཁ་གཡང་འོག་འབྲོག་པ་མང་ཚོགས་ཞང་དང་རྫོང་རིམ་པར་གནས་སྤོར་བྱེད་པའི་སྲིད་ཇུས་གསར་བ་ཞིག་ལག་བསྟར་བྱེད་ཀྱིན་པ་དང་། མང་ཚོགས་ཁྲོད་དེའི་སྐོར་གྱི་སྐད་ཆ་འདྲ་མིན་སྣ་ཚོགས་གོ་རྒྱུ་འདུག་ཀྱང་། སྲིད་ཇུས་གསར་བ་འདིའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ངོ་མ་སུ་གཅིག་ཀྱིས་ཀྱང་ཤེས་ཀྱི་མི་འདུག ཅེས་བརྗོད་བྱུང་།  

 

ཡང་གོང་གསལ་གནས་ཚུལ་དང་གཅིག་པ་ཞིག་ནི། ངྷ་སར་གནས་སྡོད་ཚེ་རིང་རྡོ་རྗེ་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་དོན། དེང་སྐབས་ཕ་ཡུལ་དུ་ཁ་པར་གཏོང་སྐབས་ཕ་ཡུལ་གྱི་འབྲོག་པ་མང་ཚོགས་རྣམས་ཀྱིས་དེང་སྐབས་གོ་རྒྱུ་ཐོས་རྒྱུ་མང་བོ་འདུག་ཟེར་ལ། གཙོ་བོ་སྔོན་མ་རིག་གནས་གསར་བརྗེ་ཆེན་མོའི་སྐབས་ཀྱི་མཉམ་ལས་ཟེར་བ་ཕྱིར་འཛུགས་རྒྱུ་རེད་ཟེར་མཁན་འདུག ཡང་ཁག་ཅིག་གིས་ད་ལྟའི་ཆར་མཉམ་ལས་འཛུགས་ཀྱི་མིན་པ་འདྲ། རྒྱུ་མཚན་ནི་རྭ་རྒྱ་ས་ཁུལ་ནས་ཞིང་ཧེ་དང་འདྲིས་མཚམས་ཀྱི་ས་ཆའི་ནགས་རྫོངས་སུ་གློག་འཐེན་གྱིན་འདུག་ལ།  དེར་བལྟས་ན་ཕལ་ཆེར་འབྲོག་རུ་ཡོངས་རྫོགས་ད་དུང་གཏོར་གྱི་མིན་པ་འདྲ། འབྲོག་པའི་ཁྱིམ་ཚང་རེ་རེ་བཞིན་གློག་འཐེན་བཞིན་འདུག འོན་ཀྱང་། ད་ལྟ་སྲིད་ཇུས་གསར་བ་ཞིག་བསླེབས་ཏེ་མི་གཅིག་ལ་འབྲི་གཅིག་དང་མ་མོ་གཅིག་གི་བགོས་སྐལ་མ་གཏོགས་མེད་པར་བྱས་ཏེ། དེའི་ཤུལ་གྱི་ཕྱུགས་ཟོག་ཆ་ཚང་མེད་པར་གཏོང་དགོས་ཟེར་ནས་ཚོགས་འདུ་སྐོང་གི་ཡོད་འདུག གོ་ཐོས་བྱུང་བ་ལྟར་ན། ཐིན་ཏེ་དང་ཞིང་ཧེ་ས་ཁུལ་དུ་མཉམ་ལས་འཛུགས་སྐྲུན་བྱ་རྒྱུར་ཚོད་ལྟ་བྱེད་ཀྱིན་འདུག་ཟེར་མོད། གནས་ཚུལ་གསལ་བོ་ཤེས་རྟོགས་བྱུང་མ་སོང་ཟེར།  

 

དེ་བཞིན། ཕྱི་ཚེས་ ༡༧ ཉིན་ཀན་ལྷོ་ཁུལ་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཟླ་ ༧ པར་བསང་ཆུ་རྫོང་གི་རྣམ་པ་གསར་བའི་རོང་འབྲོག་སྡེའི་སྤྱི་ཚོགས་རྒན་གསོ་འགན་སྲུང་གི་ཚོད་ལྟའི་བྱ་བ་ལག་བསྟར་བྱས་པ་ནས་བཟུང་།  བླ་བྲང་གྲོང་རྡལ་ནང་ཁུལ་གྱི་ཞང་དང་ལས་སྒྲུབ་ཁང་ ༡༤ ཡིས་རྣམ་པ་གསར་བའི་རོང་འབྲོག་སྡེའི་སྤྱི་ཚོགས་རྒན་གསོ་འགན་སྲུང་ཁྱབ་གདལ་གཏོང་མགོ་བརྩམས་ཤིང་།   སྤྱིར་རྒན་གསོ་འགན་སྲུང་ནང་ཞུགས་དགོས་བའི་མི་ ༣༦༩༠༠ ཡོད།  ཟླ་ ༩  བའི་ཚེས་ ༣༠ ཉིན་བར།  བསང་ཆུ་རྫོང་གི་རོང་འབྲོག་དམངས་ ༥༢༦༥ རྒན་གསོ་འགན་སྲུང་གི་ནང་དུ་ཞུགས་ཟིན་པ་དང་།   རྫོང་ཡོངས་ཀྱི་ལོ་ ༦༠ ཡན་ཆད་ཀྱི་རོང་འབྲོག་སྡེའི་སྡོད་དམངས་ ༡༡༡༠༣ ལ་གཞི་རྩའི་རྒན་གསོའི་མ་དངུལ་སྔོན་རྩིས་བྱས་ཡོད།   ཟླ་ ༡༠ པ་ནས་བཟུང་བསང་ཆུ་རྫོང་གི་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་མུ་མཐུད་དུ་བྱ་བའི་འཕེལ་ཚད་ཇེ་མགྱོགས་སུ་བཏང་ཞིང་།  སྔོན་རྩིས་ལྟར་ན།  ད་ལོའི་ལོ་མཇུག་བར་དུ་རྒན་གསོ་འགན་སྲུང་གི་ནང་ཞུགས་ཚད་བརྒྱ་ཆ་ ༩༠ ཙམ་ལ་བསླེབ་སྲིད།  ༢༠༡༡ ལོར་བསང་ཆུ་རྫོང་གིས་རྣམ་པ་གསར་བའི་རོང་འབྲོག་སྡེའི་སྤྱི་ཚོགས་རྒན་གསོ་འགན་སྲུང་དེ་རོང་འབྲོག་སྡེའི་ལོ་ན་རན་པའི་སྡོད་དམངས་ཚང་མར་ཁེབས་པ་ཕལ་ཆེར་མངོན་འགྱུར་བྱེད་ཐུབ་ངེས་རེད་ཅེས་བརྗོད་འདུག

གསར་འགོད་པ། ཨ་རིག་འགྱུར་མེད།

 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༧ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༨ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 5

  1. སྨྲ་བརྗོད་རང་དབང་། says:
    ལོ་ 15 སྔོན།

    ཐབས་ཇུས་དེ་ངའི་ཡུལ་ལ་ཡང་ལག་ལྟར་བྱེད་རྒྱའི་སྔོན་བརྡ་བཏང་སོང་ཟེར་ནས་འབྲོག་ཚོས་སེམས་ཁྲེལ་བྱེད་ཀྱིན་འདུག ད་འབྲོག་ཁུལ་ནས་འདི་ལྟར་ལག་ལེན་བྱས་པ་ཡིན་ན་དངོས་གོམ་གཤིས་ལ་བཙན་འཛིན་བྱེད་རྒྱུ་རེད། དྭངས་གཙང་ལྷད་མེད་ཀྱི་འབྲོག་པའི་གཤིས་ཀ་རྒྱ་ལ་བསྒྱར་རྒྱུ་རེད

    Reply
  2. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    གཤམ་གྱི་གསར་འགྱུར་དག་གིས་གོང་གསལ་གསར་འགྱུར་གྱི་བསྟན་དོན་ལྟར། འབྲོག་པ་མང་ཚོགས་རང་གི་ཕ་གཞིས་དྲོན་མོ་དང་བོད་མདོ་དབུས་མཐོ་སྒང་གི་རྫ་ལུང་རི་གཤོངས་ནས་ཞང་དང་རྫོང་རིམ་པར་གནས་སྤོར་བྱེད་ཀྱིན་པའི་གནས་སྟངས་སྟོན་གྱིན་འདུག

    2010-11-26   ཀན་ལྷོ་ཁུལ་རླུང་འཕྲིན་ཁང་།
    ཉེ་ཆར། བསང་ཆུ་རྫོང་གིས་སྐོར་ཁག་དང་པོའི་ཁྱིམ་ཚང948 མུན་ནག་སྡོད་ཁུལ་དང་བོའི་ཁང་གླ་དམའ་བའི་སྡོད་ཁང་ནང་དུ་འདུག་པའི་མཛད་སྒོ་སྤེལ་བ་རེད། བསང་ཆུ་རྫོང་མུན་ནག་སྡོད་ཁུལ་དང་བོའི་ཁང་གླ་དམའ་བའི་ལས་གཞིའི་སྤྱིའི་རྒྱ་ཁྱོན་མུའུ42ཡོད་པ་དང་། ཇུས་འགོད་དུ་ཚིགས 6 ཅན་གྱི་སྒྲོམ་གཞིའི་ཐོག་ཁང 11 ཡོད་ལ། ཁྱིམ་ཚང་རེར་རྒྱ་ཁྱོན་སྨི་གྲུ་བཞི་མ52.5རེ་ཡོད་པ་དང་བསྡོམས་པས་ཁང་གླ་དམའ་བའི་ཁང་བ་948ཡོད་དེ། སྤྱིའི་བཟོ་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ 4900 དང་། སྤྱིའི་དངུལ་གཏོང་སྒོར་ཁྲི6710 རེད། ལས་གཞི་དེ་2009ལོའི་ཟླ6ནས་བཟུང་དངོས་སུ་འཛུགས་སྐྲུན་བྱས་ཤིང་། ལོ་གཅིག་ལྷག་ལ་འཛུགས་སྐྲུན་བྱས་རྗེས། ཉེ་ཆར་དངོས་སུ་བཀོལ་སྤྱོད་བྱས། ཉེ་བའི་འགའི་རིང་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དམངས་འཚོའི་བྱ་བར་མཐོང་ཆེན་བྱས་ཏེ། འགན་སྲུང་ཅན་གྱི་སྡོད་ཁང་འཛུགས་སྐྲུན་བྱ་བ་བསྟུད་མར་ལོ་བཞི་ལ་སྲིད་གཞུང་གི་དམིགས་འབེན་དཔྱད་ཞིབ་ནང་དུ་བཅུག་པ་ཅིང་། དཔྱད་ཞིབ་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས། མིག་སྔར་ཁུལ་ཡོངས་སུ་ཁང་གླ་དམའ་བའི་ཁང་བ 4628 སྐྲུན་ཚར་ཞིང་། ཁང་བ 969 ཡི་ནང་དུ་བསྡད་ཡོད་པས། ཕན་ཡོད་ལྡན་པའི་སྒོ་ནས་ཡོང་སྒོ་དམའ་བའི་ཁྱིམ་ཚང་གི་སྡོད་ཁང་གནད་དོན་ཐག་གིས་བཅད།

    2010-11-26  ཀན་ལྷོ་ཁུལ་རླུང་འཕྲིན་ཁང་།
    ད་ལོར། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱིས་སྤྱིའི་ལམ་ཐག་སྤྱི་ལེ་280ལྷག་གི་རོང་འབྲོག་སྡེ་བའི་གཞུང་ལམ་ལ་མ་དངུལ་སྒོར 8400 བཏང་ཞིང་། ད་སྔ་སྡེ་བ་རིམ་པའི་གཞུང་ལམ 23 ལེགས་འགྲུབ་བྱུང་པ་དང་། གསར་དུ་བསྣན་པའི་ཞང་གྲོང་རིམ་པའི་གཞུང་ལམ་4འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད།

    2010-11-29   ཀན་ལྷོ་ཁུལ་རླུང་འཕྲིན་ཁང་། 
    མིག་སྔའི་བར་དུ། ཀན་ལྷོ་ཁུལ་གྱིས་རིགས་སྣ་ཚོགས་ཀྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་བསྡོམས་པས་ཁྲི 2.0872 ཕུབ་ཅིང་། དེའི་ནང་དུ་ལེགས་འགྲུབ་བྱུང་ཞིང་མི་བསྡད་ཡོད་པའི་ཁང་གླ་དམའ་མོའི་སྡོད་ཁང 966 ཡོད་པ་དང་། ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་རིགས་སོ་སོའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི 1.9903 ཡོད་ཅིང་། ལས་འགོ་བརྩམས་ཚད100%ཡིན་པ་རེད།

    Reply
  3. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    གོང་གི་གནས་ཚུལ་དེ་ནི་ཉེ་བའི་ལོ་འདི་དག་ཏུ་རྒྱ་ནག་གིས་ཆེད་དུ་བོད་ཁམས་ཡོངས་སུ་སྤེལ་བཞིན་པའི་གནས་ཚུལ་ཞིག་རེད་ལ། དངོས་གནས་ཡིད་སྐྱོ་བ་ཞིག་ཀྱང་རེད། དགོངས་དག གཞན་ཞིག་བརྗོད་འདོད་པ་ནི་པར་རིས་དེ་ནི་དངོས་གནས་ད་ལྟའི་འབྲོག་ཁུལ་གྱི་གནས་སྟངས་དང་རྣམ་པ་གསལ་བོར་མཚོན་འདུག་པས། ཡིད་བཀུག་སོང།

    Reply
  4. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    རྒྱ་གུང་ཁྲན་ཏང་གི་སྲིད་བྱས་འདི་ཧ་སང་བའི་ཛ་དྲག་རེད། འདི་ལ་དངོས་ངོས་ལེན་བྱེད་རྒྱུ་ཡོད་པ་མ་རེད། མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་བའི་དུས་ལ་བབ་འདུག
    བཙན་བྱོལ་གཞུང་དམངས་གཉིས་ཀྱིས་ལས་རིགས་འདི་ལ་གདོང་ལེན་བྱེད་དགོས་ཡ།
    མའོ་ཙེ་ཏུང་གི་ལྟ་བ་འདི་ལག་ལེན་དུ་སོང་ན་བོད་མི་ཡོངས་རྫོགས་ལྟོགས་སྐོམ་ངང་ག་ལེར་ཚར་འགྲོ་བ་མ་གཏོགས་མེད་ཡ།
    དྲ་གྲོགས་ཚང་མའི་འདི་ལ་འགན་ཏང་བླངས་བྱས་ནས་བསམ་ཚུལ་ལྷུག་པོ་རེ་གསུངས་ཐུབ་ན་དགེ་མཚན་ཆེ།

    Reply
  5. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    དཀོན་མཆོག་མཁྱེན་བོད་དེ་རྒྱ་ནག་གིས་རྩ་མེད་བཟོ་རྒྱུ་འཆར་གཞི་འདྲ་མིན་སྟོན་གྱི་འདུག་ག
    མའོ་ཙེ་ཏུང་སྐབས་ཀྱི་མཉམ་ལས་སྲིད་ཇུས་ད་ལྟའི་ཆར་བོད་ཀྱི་འབྲོག་ཁུལ་དུ་སྤེལ་ཚར་འདུག
    ཉིན་གཅིག་འབྲོག་པོ་ཚོས་སྔོན་གྱི་སོ་སོའི་བསག་པས་ཕྱུགས་ཟོག་མིག་གིས་མཐོང་རྒྱུ་མེད་རྒྱ་ཡི་འོག་ཏུ་གླ་བ་བྱས་ནས་འཚོ་བ་སྐྱེལ་རྒྱུ་ཉག་ཅིག་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese