དེ་རིང་འདི་གའི་གསར་འགོད་པས་ངྷ་ས་བདེ་དོན་ལས་ཁུངས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་སྔོན་མའི་ཚེས་ ༣༠ ཉིན་གྱི་དགོང་མོར་ངྷ་ས་མེག་གྷན་དུ་རྒྱ་གར་ཡུལ་མིའི་དྲ་ཁང་དང་པར་ཁང་། གྱོན་ཆས་ཚོང་ཁང་། ཆང་བཙོང་ཁང་བཅས་ཚོང་ཁང་ཆེ་བ་བདུན་དང་ཆུང་བ་གཅིག་ལ་མེ་སྐྱོན་བྱུང་བར། ཕྱི་ཚེས་ ༡ ཉིན་བོད་གཞུང་ནང་སྲིད་ལས་ཁུངས་ཀྱིས་གནོད་སྐྱོན་ཅུང་ཚབས་ཆེ་བའི་ཚོང་ཁང་ཁག་བདུན་ལ་ཧིན་སྒོར་ ༥༠༠༠ རེ་དང་། གནོད་སྐྱོན་བྱུང་བ་ཚབས་ཆུང་བའི་ཚོང་ཁང་ཆུང་བ་གཅིག་ལ་ཧིན་སྒོར་ ༢༥༠༠ བཅས་ཀྱི་ཞལ་འདེབས་རོགས་རམ་ཕུལ་འདུག་ལ། རྒྱ་གར་གཞུང་གིས་ཀྱང་ཚོང་ཁང་རེར་ཧིན་སྒོར་ ༥༠༠༠ རེའི་ཞལ་འདེབས་ཕུལ་ཡོད་འདུག
དེ་བཞིན། ཕྱི་ཚེས་ ༢ ཉིན་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་ཡུལ་མིའི་ཚོང་ཁང་སྐྱིད་སྡུག་ཚོགས་པ་བརྒྱུད་ཧིན་སྒོར་ ༧༠༠༠ ཙམ་གྱི་རོགས་དངུལ་ཞལ་འདེབས་ཕུལ་ཡོད་འདུག འབྱུང་འགྱུར་ཕྱི་ཚེས་ ༡༠ ཉིན་ཏེ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོ་དང་བསྟུན་ཏེ། ཧིན་བོད་མཛའ་འབྲེལ་ཚོགས་པས་ཚོང་ཁང་རེར་ཧིན་སྒོར་ ༢༠༠༠ རེ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་སྟེ། བོད་རང་དབང་སློབ་ཕྲུག་ཚོགས་པ་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་དང་ས་གནས་བུད་མེད། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཀྱིས་ངྷ་ས་ཁུལ་གྱི་མང་ཚོགས་ལ་ཞལ་འདེབས་བསྡུ་སློང་བྱས་ཏེ་ཧིན་སྒོར་ ༥༧༠༠༠ ཙམ་ངྷ་ས་ཡུལ་མིའི་ཚོང་ཁང་སྐྱིད་སྡུག་ཚོགས་པར་འབུལ་རྒྱུ་ཡིན་འདུག
གསར་འགོད་པ། ཨ་རིག་འགྱུར་མེད།
བྱས་སྟངས་འགྲིག་བཟོ་འདྲ་བོ་འདུག བོད་པ་སྐྱབས་བཅོལ་བ་ཚོས་ཡུལ་ཕྱོགས་ག་བར་བསྡད་ཀྱང་ས་གནས་ཡུལ་མི་དང་བསྟུན་མཁས་བྱེད་རྒྱུ་གལ་ཆེའུ།།།
དེ་ལས་གལ་ཆེ་བའི་འགན་ཞིག་ཡོད་པ་ནི་རང་གཞན་ཚང་མས་བོད་པ་ནང་ཁུལ་གྱི་མཐུན་བསྒྲིལ་གོང་སྤེལ་གཏོང་རྒྱུ་དེ་རེད།།། ཤུགས་རྒྱོབས།།།།
བོད་མི་ནི་དངོས་ནས་བཀའ་དྲིན་བསམ་ཤེས་ཐུབ་མཁན་གྱི་མི་དམིགས་བསལ་བ་ཤིག་རེད་།
ཌྷ་སཱའི་བོད་མི་ཚོར་བསྔགས་བརྗོད་ཡོད་།