མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོལ་རྒྱལ་བསྟེན་མཚམས་བཞག་སྟེ་མགྲོན་འབོད་བྱས་པ་ལྟར་ཡོང་བ་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་ཆོས་དེའང་བོད་ནས་དར་བ་ཞིག་ཡིན་དུས། མིང་ལ་བོད་ཡིག་དང་བྷོ་ཊི་ཞེས་ག་རེ་བཏགས་ཀྱང་དོན་ཐོག་བོད་ཡིག་ཆགས་ཡོད་སྟབས། ཁྱེད་ཚོས་བོད་ཡིག་ལ་དོ་སྣང་བྱས་ཏེ། ནང་ཆོས་ལ་གོ་བ་ལོན་ཏེ་དད་པ་འཐོབ་རྒྱུ་དེ་ཧ་ཅང་གལ་ཆེན་རེད། ཅེས་༧གོང་ས་མཆོག་གིས་གསུངས།

ཕྱི་ཟླ་ ༡༢ པའི་ཚེས་ ༩ ཉིན་གོང་ས་མཆོག་བཞུཊ་སྒར་ནས་ཆིབས་ཐོན་གྱིས་རྒྱ་གར་གྲོང་ཁྱེར་ལིག་ནོག་དང་འབྲས་ལྗོངས་རྒྱལ་ས་སྒང་ཏོག ཀ་སྦུག་དང་ར་ཝང་ལ། ས་ལུ་ག་ར་བཅས་སུ་ཕེབས་ཏེ། ཡུལ་ལུང་དེ་དག་གི་ས་གནས་མང་ཚོགས་ལ་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེར་སྐྱོང་བཞིན་ཡོད་ཅིང་། རྒྱ་གར་ཡོ་ཕི་མངའ་སྡེའི་ནང་པའི་ཆོས་ཚོགས་ཀྱིས་གདན་ཞུ་ལྟར། ཕྱི་ཚེས་ ༡༠ ཉིན་གོང་ས་མཆོག་གིས་ལིག་ནོག་གྲོང་ཁྱེར་དུ་ནང་ཆོས་ནི་དེང་དུས་སྤྱི་ཚོགས་དང་འཚམ་པོ་ཡིན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་དང་། ཕྱི་ཚེས་ ༡༡ ཉིན་ལིག་ནོག་ཏུ་འཚོགས་བཞིན་པའི་རྒྱལ་སྤྱིའི་ཁྲིམས་དཔོན་ཚོགས་ཆེན་མཛད་སྒོའི་སྟེང་༧གོང་ས་མཆོག་གིས། རྒྱ་ནག་དཔལ་འབྱོར་ཐོག་ཡར་རྒྱས་ཆེ་རུ་ཕྱིན་ཡོད་ཀྱང་། རྒྱ་གར་ནི་ལྷོ་ཤར་ཨེ་ཤ་ཡའི་བརྟན་ལྷིང་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པ་མ་ཟད། རྒྱ་གར་གྱི་བརྟན་ལྷིང་ནི་རང་དབང་ཅན་གྱི་ཁྲིམས་ཀྱི་ལམ་ལུགས་དང་། མང་གཙོའི་ལམ་ལུགས་ལྡན་པའི་གཞུང་འཛིན། ཆོས་དད་རང་མོས་དང་ཕྱི་གསལ་ནང་གསལ་ཅན་ཞིག་ཡིན་ཞེས་བཀའ་གནང་འདུག

ཡང་༧གོང་ས་མཆོག་གིས་མུ་མཐུད་དེ་དུས་རབས་ཉེར་གཅིག་པ་ནི་གྲོས་མོལ་གྱིས་རྩོད་རྙོག་སེལ་རྒྱུའི་དུས་རབས་ཤིག་ཏུ་བསྒྱུར་དགོས་རྒྱུ་དང་། གྲོས་མོལ་ཡོད་ཚད་བདེན་པ་གཞི་ལ་བཞག་པའི་བྱ་སྤྱོད་ལ་བརྟེན་དགོས་ཞེས་གསུངས་ཡོད། ཚོགས་ཆེན་དེར་བོད་གཞུང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། འཛམ་གླིང་རྒྱལ་ཁབ་ཁག་ ༢༠ ཙམ་གྱི་ཁྲིོམས་དཔོན་དང་རྒྱ་གར་ཁྲིམས་ཁང་ཁག་གི་ཁྲིམས་དཔོན། དེ་བཞིན་སློབ་མ་བཅས་ཁྱོན་མི་ཆིག་སྟོང་ལྷག་མཉམ་ཞུགས་བྱས་འདུག

ཕྱི་ཚེས་ ༡༢ ཉིན་གྲོ་མོ་དགེ་བཤེས་གཙོས་པའི་འདུས་དམངས་དང་། ཆོལ་ཁ་གསུམ། བོད་ཀྱི་གཞོན་ནུ་དང་བུད་མེད་ལྷན་ཚོགས། དགོན་སྡེ་དང་སློབ་གྲྭ་ཁག གཞན་རྟ་མང་བ་དང་ཤར་པ། བལ་པོ་མི་རིགས་བཅས་ཀྱི་ཕེབས་བསུའི་འོག་ཐར་པ་ཆོས་གླིང་དགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་། ཐར་པ་ཆོས་གླིང་དུ་ཞབས་སོར་འཁོད་མ་ཐག དགོན་པ་དེར་དབུ་འབྱེད་རབ་གནས་གནང་ཞིང་། མཛད་སྒོའི་སྟེང་གོང་ས་མཆོག་གིས་ཐར་པ་ཆོས་གླིང་དགོན་དང་འབྲེལ་ནས་བཀའ་གནང་དོན། དེ་རིང་ངོས་རང་ཐར་པ་ཆོས་གླིང་དུ་འབྱོར་བར་ཧ་ཅང་དགའ་པོ་བྱུང་། ཀ་སྦུག་ཁུལ་འདི་དུས་ཡུན་རིང་པོར་བོད་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་དང་། དགོན་པ་འདི་རྒྱ་གར་ནང་བོད་ཀྱི་དགོན་པ་རྙིང་ཤོས་དེ་ཆགས་ཡོད། ༡༩༥༦ ལོར་ངོས་རང་རྒྱ་གར་དུ་སངས་རྒྱས་མྱ་ངན་ལས་འདས་ཏེ་ལོ་ ༢༥༠༠ འཁོར་བའི་དུས་དྲན་ཐོག་ཡོང་སྐབས། ངོས་རང་དགོན་པ་འདིར་འབྱོར་ཡོད་ལ་དེའི་རྗེས་ཡང་བསྐྱར་ཐེངས་གཅིག་ཡོང་ཐུབ་པ་བྱུང་། བར་སྐབས་ནས་དགོན་པ་འདིའི་བླ་མ་དགེ་འདུན་ཚོས་དོལ་རྒྱལ་བསྟེན་གསོལ་ཆེ་རུ་བཏང་སྟབས་ངོས་རང་ཡོང་མ་ཐུབ། ལྔ་བཅུ་ང་གྲངས་ནང་ངོས་ཀྱང་དོལ་རྒྱལ་བསྟན་པ་རེད། བདུན་ཅུ་དོན་གྲངས་ནང་རིམ་བཞིན་ཉམས་ཞིབ་དང་དོ་སྣང་བྱས་ཡོང་དུས། དེ་ནི་གདོན་འདྲེ་ཡིན་པ་གསལ་རྟོགས་བྱུང་སྟེ་མཚམས་འཇོག་བྱས་པ་ཡིན། བར་ལམ་ཞིག་ནས་དགོན་པ་འདིའི་དགེ་འདུན་པ་ཚོས་དོལ་རྒྱལ་བསྟེན་མཚམས་བཞག་ཡོད་པ་མ་ཟད།  ངོས་ལ་འདིར་ཡོང་རོགས་ཞེས་འབོད་སྐུལ་ཞུས་པ་ལྟར་ཡོང་བ་ཡིན། ཞེས་གསུངས།   

ཕྱི་ཚེས་ ༡༣ ཉིན་༧གོང་ས་མཆོག་གིས་ཀ་སྦུག་ཏུ་ཞྭ་དམར་རིན་པོ་ཆེ་མཆོག་དང་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། རྒྱུད་སྟོད་སྨད་ཀྱི་མཁན་པོ་དབུ་མཛད་གཙོས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་དང་། ས་གནས་གནད་ཡོད་མི་སྣ། མི་དམངས་དང་སློབ་ཕྲུག་སོགས་ཁྱོན་མི་ ༤༠༠༠ ཙམ་ལ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་བསྩལ་ཡོད། སྐབས་དེར་༧གོང་ས་མཆོག་གིས་བོད་དང་ཀ་སྦུག་གི་འབྲེལ་བའི་ཐད་ནས་གསུངས་དོན། དེ་རིང་ཀ་སྦུག་ཏུ་ཚར་གཅིག་ཡོང་སྟེ་ཁྱེད་ཚོར་ཐུག་རྒྱུ་བྱུང་བར་ཤིན་ཏུ་དགའ་པོ་བྱུང་། ཀ་རྡོར་གཉིས་ནི་བོད་དང་འབྲེལ་བ་ཆེན་པོ་ཡོད་སྟབས་སེམས་ཐག་ཉེ་པོ་འདུག ངོས་རང་ཆུང་དུས་ཚོང་པ་དང་གཞུང་ཞབས་ཚོས་རྒྱ་གར་ལ་ཕྱིན་ཏེ་ཀ་སྦུག་དང་འབྲས་ལྗོངས། རྡོ་རྗེ་གླིང་། ཀ་ལི་ཀ་ཏ་བཅས་ཀྱི་ལོ་རྒྱུས་བཤད་སྐབས་ཧ་ཅང་སྙན་པོ་བྱུང་མྱོང་ཡོད་ལ།  རང་ཉིད་ཀྱང་ཀ་སྦུག་དང་རྡོར་གླིང་སོགས་སུ་བསླེབ་ཐུབ་ན་བསམ་གྱི་ཡོད། ཅེས་དང་།  

ཧི་མ་ལ་ཡའི་ནང་པའི་མི་རིགས་ཚོས་བོད་ཡིག་ཐོག་དོ་སྣང་བྱ་དགོས་པའི་ཐད། ངས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུའང་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་དེར་འགྱུར་བ་མ་བཏང་ན་ཡག་གི་རེད་ཅེས་བཤད་ཀྱིན་ཡོད། བོད་པ་དང་སོག་པོ་གཉིས་ཕ་མེས་ནས་ནང་པ་ཡིན་པ་བཞིན། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་ཆོས་དེའང་བོད་ནས་དར་བ་ཞིག་ཡིན་དུས། མིང་ལ་བོད་ཡིག་དང་བྷོ་ཊི་ཞེས་ག་རེ་བཏགས་ཀྱང་དོན་ཐོག་བོད་ཡིག་ཆགས་ཡོད་སྟབས། ཁྱེད་ཚོས་བོད་ཡིག་ལ་དོ་སྣང་བྱས་ཏེ། ནང་ཆོས་ལ་གོ་བ་ལོན་ཏེ་དད་པ་འཐོབ་རྒྱུ་དེ་ཧ་ཅང་གལ་ཆེན་རེད། ཅེས་གསུངས། དེའི་རྗེས་༧གོང་ས་མཆོག་གིས་སེར་སྐྱ་མང་ཚོགས་ལ་ཚེ་དབང་གནང་ཡོད་ལ། དེ་དང་མཉམ་དུ་ཀ་སྦུག་སེར་སྐྱ་མང་ཚོགས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་ཀྱང་ཕུལ་ཡོད་འདུག དེ་རིང་ཕྱི་ཚེས་ ༡༤ ནས་ ༢༡ ཉིན་བར་༧གོང་ས་མཆོག་གིས་རྒྱལ་ས་སྒང་ཏོག་གི་པདྨ་དབྱངས་རྩེ་དགོན་དང་བཀྲ་ཤིས་སྟེང་། ར་ཝང་ལ་བཅས་སུ་མུ་མཐུད་མཛད་འཕྲིན་བསྐྱང་རྒྱུ་ཡིན་པ་རེད།  

 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༧ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༤ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 25

  1. ཁུ་བྱུག་། says:
    ལོ་ 14 སྔོན།

    འབྱུང་པོ་བསྟེན་པའི་མི་དང་འདྲེས་བྱས་ན་། མི་ཚེ་སྟོང་ཟད་འགྲོ་པའི་ཉེར་རྒྱུ་ཡིན་། དམ་ཚིག་ནམས་པའི་མི་དང་འགྲོག་པ་ན་། རྡོ་རྗེ་དམྱལ་བ་འགྲོ་བའི་ཉེར་རྒྱུ་ཡིན་།

    Reply
  2. ཐོགས་མེད says:
    ལོ་ 14 སྔོན།

    ཞ་དམར་རིན་པོ་ཆེ་་་་༧གོང་ས་མཆོག་་ཕེབས་བསུ་ལ་ཤི་ལི་སྒུ་རི་བཅར་པ་ཙམ་མ་ཟད་་་གསུང་ཆོས་ལ་ཕེབས་འདུག་ཟེར་
    ་་
    གོང་ས་མཆོག་ནས་ཞ་དམར་རིན་པོ་ཆེདགེ་སློང་སྡོམ་པ་སྒྲུབ་རེད།།།།ཅེས་གོ་སོང་་་་་
    ཟླ་བ་ཁ་ཤས་སྔོན་ལའང་༧་གོང་ས་མཆོག་དང་མཇལ་ཡོད་རེད་ཅེས་གོ་སོང་་

    Reply
  3. རྒྱ་རྙི། says:
    ལོ་ 14 སྔོན།

    ཟླ་བ་ཚེ་རིང་གིས་མཚན་རིང་སྦྲུང་གི་མི་འཆོལ་ཅེས་པའིརྩོམ་ཡིག་གི་ཡང་སྙིང་ནི། དབུ་མའི་ལམ་ལ་མི་འདོད་པའི་རྒོལ་གཏམ་ཞིག་དང་རང་བཙན་ལ་འུད་བསྟོད་ཞིག་ཡིན་པ་མངོན་ཏེ། ཐད་ཀར་ཡིད་བཞིན་ནོར་བུའི་མཚན་དངོས་སུ་མ་བཟུང་ཡང་། བསྐོར་ནས་ཟམ་གདོང་བླ་མའི་མ་འགྱོན་རབས་སོགས་སྐྱོན་བརྗོད་འབའ་ཞིག་བྱས་འདུག དངོས་གནས་བཤད་ན་ཁྱོད་ལ་ཤེས་འཇོན་དང་སེམས་ཤུགས་ཡོད་ན་བཀག་རྒྱ་གང་ཡང་མི་འདུག་པས། བོད་སྤྱི་བའི་དོན་ལ་བྱས་རྒྱས་རེ་འཇོག་ཐུབ་ན་ཨ་མའི་བུ་ཡིན། མ་གཞི་རང་གི་འགན་གང་ཡང་མི་ལེན་པར་གདོང་རྩེ་ནང་ལོག་རྐྱང་རྐྱང་ལ་བསྐོར་ནས་རྒྱགས་གཏམ་འབའ་ཞིག་གི་དུས་འདའ་ན་བཟང་བོའི་སྤྱོད་པ་ལས་ཕྱི་རོལ་དུ་གྱུར་བའོ།། ད་དུང་དེར་མ་ཚད་ཁྱོད་ཀྱིས་སྐྱབས་གསུམ་ལས་གཞན་པའི་སྐྱབས་བཞི་བ་ཞིག་འཚོལ་བར་བརྟག་ན། ཁྱོད་ཀྱི་རྒྱུ་ལ་སྐྱབས་འགྲོ་ཡོད་མེད་ཡང་གསལ་ལོ།། ཨ་ལེ་ཀུ་རེ་ཡིན། དེ་ཁྱོད་རང་གི་འདོད་པ་རེད།

    Reply
  4. སྐར་མདའ། says:
    ལོ་ 14 སྔོན།

    རེད་རེད།
    ཁྱེད་ཅག་གིས་གསུང་བ་བདེན་པ་རང་རེད་འདུག
    ངས་བཤད་པ་ནོར་འདུག {{དགེ་བཤེས་བློ་བཟང་རྒྱ་མཚོ་}}མ་རེད་བློ་བཟང་རྒྱ་མཚོ་རེད།
    དགོངས་པ་དྭངས་བར་ཤོག

    གང་ལྟར་མི་ལ་ནོར་འཆུག་མེད་པ་དང་།
    ཤིང་ལ་འཛེར་བ་མེད་མཁན་གང་ན་ཡོད།
    ཏོག་ཙམ་ནོར་འཆུག་ཡོང་སྲིད་པ་ཞིག་རེད།
    ནོར་འཁྲུལ་གཅིག་ཐམས་ཅད་མེད་པར་བཟོས་ན་ག་ལ་འགྲིགས་ཏེ་མི་འགྲིགས་སོ།

    སློབ་སྦྱོང་བྱེད་དགོས་ཤེས་པ་དེ་ཡང་ཡག་པོ་རེད།
    འོ་ན་ཁྱེད་རང་གིས་སློབ་སྦྱོང་བྱེད་མི་དགོས་སམ་མཐར་ཕྱིན་པ་མིན་ནམ།
    ཤེས་བྱ་ལ་མཐའ་མེད་ཙང་སློབ་སྦྱོང་བྱས་ན་རྫོགས་ཡ་མེད་པ་ཤེས་དགོས་གལ་ཆེ།

    ད་དུང་།
    མིའི་མིང་ཧ་མ་གོ་བ་མ་རེད། དེ་འདྲ་བའི་དམ་ཉམས་ང་ཚོའི་སྤྱི་ཚོགས་ནང་ལ་མང་དྲག་པའི་རྐྱེན་གྱི་མིང་ཕན་ཚུན་ནོར་འཆུག་ཡོང་མི་སྲིད་དམ།

    བཅོམ་ལྡན་འདས་ཀྱིས{{་ གང་ཟག་གིས་གང་ཟག་གི་ཚོད་འཛིན་མི་ཐུབ་ལ།
    ང་དང་ང་འདྲ་བས་གང་ཟག་གི་ཚོད་འཛིན་པར་བྱའོ་ཞེས་གསུངས་པ་མ་མཁྱེན་ནམ། ཡིན་ན་འང་ངས་ངའི་ནོར་འཆུག་ཡོ་སྲིང་བྱེད་རྒྱུ་ཡོད།

    Reply
  5. ཞི་བདེ་ says:
    ལོ་ 14 སྔོན།

    སྐད་ཆ་མང་པོ་མ་ཤོད། དེ་ལས་འདི་ལ་བལྟ། http://www.westernshugdensociety.org/

    Reply
  6. pema karpo says:
    ལོ་ 14 སྔོན།

    ཞི་བདེ་ལགས་།
    ཁྱེད་ཀྱི་མཚན་རྗེས ལ་་༼གཏོར་མཁན་༽ ཞེས་སྦྱར་ན་གང་འདྲ་འདུག་། གང་ཡིན་ཟེར་ན་མིང་དོན་དང་མཚུངས་ཀྱི་མེད་འདུག་།

    Reply
  7. kelsang says:
    ལོ་ 14 སྔོན།

    རྒྱལ་སྲས་ཐོགས་མེད་ཀྱི་གསུང་རྒྱལ་སྲས་ལག་ལེན་ལས།
    གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ།
    དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར།
    བླང་དོར་བརྗེད་པའི་གཏེ་མུག་མུན་ནག་ཅན།
    ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།

    ཞེས་དང་།

    ནང་གི་ཞེ་སྡང་དགྲ་བོ་མ་ཐུབ་ན།
    ཕྱི་རོལ་དགྲ་བོ་བཏུལ་ཤིང་འཕེལ་བར་འགྱུར།
    དེ་ཕྱིར་བྱམས་དང་སྙིང་རྗེའི་དམག་དཔུང་གིས།
    རང་རྒྱུད་འདུལ་བ་རྒྱས་སྲས་ལག་ལེན་ཡིན།

    ཞེས་དང་།

    ཉོན་མོངས་དབང་གིས་རྒྱས་སྲས་གཞན་དག་གི
    ཉེས་པ་གླིང་ན་བདག་ཉིད་ཉམས་གྱུར་པས།
    ཐེག་པ་ཆེ་ལ་ཞུགས་པའི་གང་ཟག་གི
    ཉེས་པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན།

    ཞེས་དང་།

    རྩུབ་པོའི་ཚིག་གིས་གཞན་སེམས་འཁྲག་འགྱུར་ཞིང་།
    རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཉམས་འགྱུར་བས།
    དེ་ཕྱིར་གཞན་གྱི་ཡིད་དུ་མི་འོང་བའི།
    ཚིག་རྩུབ་སྤོང་བ་རྒྱས་སྲས་ལག་ལེན་ཡིན།

    ཞེས་སོགས་གསུང་པ་ལྟར། ཉམས་བཞེས་ཀྱིས་རང་རྒྱུད་བཏུད་བའི་ཆོས་པ་ཚུལ་ལྡན་ཞིག་ཡིན་ཕྱིན་ཆོས་སྲུང་ལ་སྙད་ནས་རང་གི་རྩ་བརྒྱུད་ཀྱི་བླ་མ་ལྷ་སྲུང་ལ་སྐུར་འདེབས་དང་དགེ་འདུན་དབྱིན་འབྱེད་ཀྱི་བདུད་ལས་འདི་འདྲ་འབྱུང་ག་ལ་སྲིད།

    Reply
  8. ཞི་བདེ་ says:
    ལོ་ 14 སྔོན།

    སྐར་མདའ་ལགས་ཁྱེད་རང་མིའི་མིང་ཡང་ཧ་མི་གོ་བར་འབྲེལ་བཤད་བྱེད་པ་ངོ་མི་ཚའམ། དེ་ལས་དུས་ཚོད་བྱུང་ན་སློབ་སྦྱོང་མང་ཙམ་བྱེད་ན་ལེགས། མ་གཞི་ནས་ཁྱོད་རང་ནི་གནས་ཚུལ་དེ་ལ་མགོ་མི་ཚོད་མཁན་ཞིག་ཡིན་པ་ཐག་ཆོད་རེད།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ངས་ཀྱང་དོལ་རྒྱལ་འགོག་མཁན་སྙན་སྒྲགས་ཅན་གྱི་དགེ་བཤེས་བློ་བཟང་རྒྱ་མཚོ་ཞེས་པ་ཞིག་གོ་མྱོང་བ་དང་། ཡང་གཏམ་ངན་དང་དངུལ་ལོར་ནང་རུལ་པའི་དགེ་བཤེས་ཡིན་མིན་མི་ཤེས་ཀྱང་ལོན་ཊོན་ལ་སྐལ་བཟང་མཚོ་ཞེས་པའི་དམ་ཉམས་པ་གཅིག་ངོ་ཤེས་ལགས།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སྐར་མདའ་ལགས་ཀྱིས་མི་སྣ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ།

    Reply
  11. དམག་ལོག་ says:
    ལོ་ 14 སྔོན།

    སྐར་མདའི་དགེ་བཤེས་བློ་བཟང་རྒྱ་མཚོ་དང་གཅིག ཟེར་བ་དེ་དགེ་བཤེས་སྐལ་བཟང་ལ་ཟེར་བ་འདྲ། ཡིན་ནམ། སྐར་མདའ་ལགས།

    Reply
  12. སྐར་མདའ། says:
    ལོ་ 14 སྔོན།

    ཀརྨ་རྡོ་རྗེ་ལགས།
    དགེ་བཤེས་བློ་བཟང་རྒྱ་མཚོ་ཟེར་ན་སེ་ར་སྤྱིའི་དགེ་བཤེས་ཤིག་རེད།
    ད་ལྟ་ཕ་ཆེར་ལོ་བདུན་ཅུ་དོན་གྲངས་ཡེ་མས་ཤིག་ཡིན་པ་འདྲ།
    སྔོན་ཆད་སེ་ར་སྤྱིའི་ཡན་ལག་བལ་ཡུལ་གྱི་ཀོ་པན་དགོན་པར་ཡོང་སྟེ་བླ་མ་བཟོད་པ་རིན་པོ་ཆེ་ལ་སྐྱབས་འཇུག་ཞུས་ཏེ་ཁོང་གི་ཕྱི་རྒྱལ་ཁག་གི་ཆོས་
    ཚོགས་ལ་འགྲོ་ཐབས་བྱས་ནས་ཕྱི་རྒྱལ་ལ་ཐར་བ་ཞིག་རེད།
    ཕྱི་རྒྱལ་གྱི་སྡོད་གནས་གཙོ་བོ་དབྱིན་ལན་ཊི་རེད།
    ལྟས་ངན་བསྟན་བཤིག་དེས་དབྱིན་ལན་ཊི་ནས་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་པ་འདས་ཟིན་གྱི་གནས་ཚུལ་དེ་ཚོ་ཁྱེད་ཀྱིས་མཁྱེན་ཡོད་ཚོད་དུ་སྣང་། ད་ལྟ་ཏོག་ཙམ་འཇགས་ཡོད་པ་འདྲ།
    འགྲེལ་བཤད་མདོར་བསྡུས་ཤིག་བྲིས་ན་འདི་ལྟར་ལགས།

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སྐར་མདའ་ལགས། དགེ་བཤེས་བློ་བཟང་རྒྱ་མཚོ་དང་གཅིག ་་་་ ཟེར་ན་སུ་རེད་ངོ་སྤྲོད་ཅིག་གནོངས་དང་།

    Reply
  14. འཁེར་སྐྱ། says:
    ལོ་ 14 སྔོན།

    ཞི་བདེ་ལགས་་ཁྱོད་ཀྱི་མིང་ཞི་བདེ་ཡིན་ཡང་སེམས་ཏེ་ཉོན་མོངས་དུག་གསུམ་གིའི་གང་ཡོད་པ་འདྲ་་་མི་འདི་ཡང་ཐེ་བུན་གི་ཕོག་ཟ་ནི་ཞིག་ཡིན་པ་འདྲ་་་་་

    Reply
  15. སྐར་མདའ། says:
    ལོ་ 14 སྔོན།

    ཞི་བདེའི་བཤད་པར་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད།
    གང་ཡིན་ཟེར་ན་དོལ་རྒྱལ་གདོན་འདྲེ་དང་མི་ཤ་རློན་པ་ཟ་བའི་གདོན་ནག་དེར་ཡིད་ཆེས་བྱས་ནས་བོད་ག་ཚོད་ཀྱི་སེམས་ལ་སྡུག་བསྔལ་བཞགས་ཡོད་པ་མ་ཤེས་སམ།

    ད་དུང་འདྲེ་གདོན་དེ་ལ་བསྐྱབས་སུ་འགྲོ་བ་ཡིན་ན་ཁེ་ཕན་གང་ཡོད་དམ།
    སྔོན་ཆད་གདོན་འདྲེ་དེ་ལ་བསྐྱབས་སུ་བཅོལ་ནས་གངས་ཅན་པའི་གྲས་ནས་བུད་དེ་དགྲ་བོའི་དཔུང་རོགས་སུ་གྱུར་བ་དེ་ནི་ཡིད་ལ་དྲན་རྒྱུ་མི་འདུག་གམ།

    ནུས་པ་ཡོད་ན་རང་མགོ་རང་གིས་སྐྱོངས༎
    གཟུགས་མེད་གདོན་འདྲེ་ཞིག་ལ་བསྐྱབས་བཅོལ་ནས༎
    གཉེན་ཉེ་མགོ་ལག་གཅོད་པའི་དགྲ་བོ་ཡིས༎
    ཞེ་འདོད་སྒྲུབ་ན་དགྲ་བོ་དེ་ལས་གང་༎

    Reply
  16. སྐར་མདའ། says:
    ལོ་ 14 སྔོན།

    {{ཆོས་ཀྱི་སྙིང་པོ་རང་རྒྱུད་ལ་སྦྱར་མ་ཐུབ་པའི་འབར་རྫས།}}
    དགེ་བཤེས་བློ་བཟང་རྒྱ་མཚོ་དང་གཅིག ང་བླ་མ་དང་གཉིས། གངས་ཅན་བླ་མ་དང་གསུམ། འདི་གསུམ་ནི་རི་བོ་དགེ་ལུགས་པའི་བསྟན་པའི་དགྲ་བོ་དང་། མཐོང་ན་རྡོ་གཞུ་དགོས་པ་ཞིག་དང་། གོ་ན་རྣ་བར་མི་སྙན་པའི་མིང་འདི་ཚོ་དང་འབྲེལ་པའི་གདོན་གེགས་ཀྱི་རིགས་ལ་བསྐྱབས་བཅོལ་བྱེད་ཚང་མས་མདོ་སྔགས་རིག་གནས་ལ་སྦྱངས་པ་ནན་ཏན་གྱི་འབྲས་པུ་ཕུན་སུམ་ཚོགས་པ་ཞིག་སྨིན་ཡོད་ན་འང་། དོན་གྱི་དེ་དག་རང་རྒྱུད་ཀྱི་ཉོན་མོངས་དུག་གསུམ་འཇོམས་བྱེད་ཀྱི་ལག་ཆ་ལྟ་བུར་མ་གྱུར་བ་དེ་ནི་སློབ་སྦྱོང་ཡོད་ཀྱང་གཤིས་ལུགས་མེད་ཅེས་པ་དང་ཁྱད་གང་ན་ཡོད།

    དེ་དང་དེ་འདྲ་བའི་ཆོས་ལུགས་ཁག་གི་ཚད་ལྡན་མ་ཡིན་པའི་བླ་སྤྲུལ་དགེ་བ
    ཤེས་སུ་དང་སུ་ཡིན་ནའང་། གཞུང་བཀའ་པོད་ལྔའི་སྦྱངས་འབྲས་མཐོ་རུ་སོང་ན་ཞེན་ཁ་ཕྱོགས་རེས་ཀྱི་གདུག་རྩུབ་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་དེ་ཚོ་ཡིད་ལ་ཤར་དུས།
    སེམས་སྐྱོ་དགོས་པ་ཞིག་ལས་སློབ་སྦྱོང་གི་གནས་ཚད་མཐོ་བའི་མི་རིགས་ཀྱི་སྣེ་ཁྲིད་ཅིག་མིན་པ་རྗེས་ནས་གསལ་བོར་ཆགས།

    ངས་འདི་ལ྄ྟར་བཤད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ནི་ཆོས་ལུགས་དབྱེན་སྦྱོར་དང་། མི་མཐུན་འགལ་ཟླར་འཇུག་པའི་རིགས་དེ་ཚོ་ལ་བཤད་ཀྱིན་ཡོད།

    Reply
  17. ལྷ་ལུང་ says:
    ལོ་ 14 སྔོན།

    ཞ་དམར་༧གོང་ས་མཆོག་གི་གསུང་ཆོས་ལ་བཅར་ཡོད་ནམ་།

    Reply
  18. ཞི་བདེ་ says:
    ལོ་ 14 སྔོན།

    སྲ་མོ་རྡོ་ ཁྱོད་རང་མིང་དེ་དང་གཅིག་མཚུངས་གི་ཀླད་པ་མཁྲེགས་པོ་ཡིན་པ་འདྲ། ད་དུང་མགོ་མ་ཚོད་པར་བསྡད་ཡོད་པ་འདྲ། མི་སུ་འདྲ་ཡིན་རུང་རང་ཉིད་ཀྱི་ཁེ་ཕན་ཐོག་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། ང་ཡང་ད་ག་ཡིན། ཡིན་ན་ཡང་གོང་ས་མཆོག་གི་སྐུ་དྲིན་ཞེས་པ་དེ་ག་དུས་རེད་དམ། ང་རང་མི་ལོ་ཧྲིལ་པོ་བོད་ལ་བསྡད་ཡོད་ཀྱང་ཁོང་གི་ང་ཚོ་བོད་ལ་གནང་བ་ཞེས་པ་ནི་མིག་གི་མཐོང་མ་སོང་ལ་རྣ་བས་ཀྱང་མཐོས་མ་སོང། གལ་སྲིད་ཁྱེད་རང་གི་མཁྱེན་ན་གཅིག་གསུང་དང།།ག་དུས་རེད་དམ། ག་རེ་གནང་ཡོད་དམ། དོལ་འདྲེ་དམ་ལ་བཏག་ཡོད་མེད་ཧ་གོ་མ་སོང་ ཡིན་ན་ཡང་དོལ་འདྲེ་དེ་ལ་ལོག་པར་བྱེད་མི་རྣམས་༡༩༥༩ནས་ད་ལྟ་བར་རིམ་བཞིན་ང་ཚོ་གངས་ཅན་ལྗོངས་དེ་ནས་ཕྱིར་འབུད་གཏོང་བཞིན་འདུག། ཧཧཧཧཧ བོད་མི་དེ་རིགས་ནམ་ཡང་ལོག་མི་ཐུབ་པ་བཟོ་གི་རེད། དེ་ནི་དོལ་རྒྱལ་གྱི་སྟོབས་ཤུགས་རེད།།།། ཧ་གོ་སོང་ངམ།།།

    Reply
  19. སྲ་མོ་རྡོ། says:
    ལོ་ 14 སྔོན།

    ཞི་བདེ་འབོད་པའི་མི་གཟུགས་དེར་བཤད་རྒྱུར། ཁྱོད་ཀྱང་བོད་རིགས་ཤིག་ཡིན་པའི་ཆ་ནས་བོད་པའི་བརྩེ་བ་ཡོད། ཁྱོད་ཀྱིས་དོལ་མཆོད་བྱས་ནས་ཁེ་བཟང་ལེན་ཐུབ་ན་དེ་ནི་ཁྱོད་རང་ཉིད་ཀྱི་ཁ་བཟང་བྱོས། ང་ཚོར་ངོམ་སོ་བྱེད་དགོས་དོན་མི་འདུག་ལ། ངོམ་རིན་ཅན་ཞིག་ཡིན་པའང་མཐོང་མ་སོང་། སེམས་ཆུང་བྱེད་དགོས་བ་ཞིག་ལ་ཁོག་ལ་འགྲོ་ཚད་ཁ་རུ་བཅུག་ན་རྐུབ་ལ་དཀའ་ངལ་འཕྲད་ཡོང་ངོ། ༧གོང་ས་མཆོག་གི་སྐུ་དྲིན་ལ་གྲོད་ཁོག་མ་ལྟོགས་པས་ད་དུང་བསམ་ཤེས་མེད་པ་འདྲ། དོལ་འདྲེ་དམ་ལ་བཏག་ཟིན་པས་ད་ང་ཚོས་དེ་ལ་རྩོད་པ་བྱེད་དོན་མི་འདུག་པས་ངས་དེའི་སྐོར་ནས་ཅི་ཡང་མི་བཤད་དོ།

    Reply
  20. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    ཀ་སྦུག་དགེ་ལྡན་ཐར་བ་ཆོས་གླིང་དགོན་གྱི་བླ་མ་དང་དགེ་འདུན་པ་ཚོས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་ནས་༸གོང་ས་མཆོག་གདན་འདྲེན་ཞུ་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply
  21. ཕྱོགས་གླང། says:
    ལོ་ 14 སྔོན།

    ང་ཚོ་བོད་ཀྱི་ཆོས་རྒྱུད་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་ད་ལྟ་ལས་ལྷག་པ་བྱུང་མྱོང་མེད་ཅེས་ལབ་ན་མ་འགྲིགས་པ་མི་འདུག། དེ་ནི་བོད་ཀྱི་རྩ་དོན་འཐབ་རྩོད་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་མ་རེད་པས། དེ་བཞིན་བོད་ཀྱི་བླ་མའི་ཆོས་ལུགས་ནས་བོད་ཀྱི་སངས་རྒྱས་པའི་ཆོས་ལུགས་སུ་བསྒྱུར་འགྲོ་གི་འདུག། གནས་ཚུལ་དེ་ཚོ་ང་ཚོ་དགའ་དགོས་པ་ཞིག་མ་ཡིན་ནམ། དེ་ནི་གཙོ་བོ་༧གོང་ས་ཆེན་པོའི་ཐབས་མཁས་ཐུགས་རྗེའི་མཛད་རྗེས་ཤིག་མ་རེད་པས། བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ལྷག་གི་འདོད་པ་ཁེངས་ན་རེ་གཉིས་འདོད་པ་མ་ཁེངས་ནའང་བྱ་ཐབས་བྲལ་བ་རེད། དེ་ནི་མང་གཙོའི་འགྲོ་སྟངས་ཀྱང་རེད།།

    Reply
  22. འབྲུག་སྒྲ་སྐྱབས། says:
    ལོ་ 14 སྔོན།

    དོལ་རྒྱལ་དང་དེའི་འཁོར་གཡོག་རྣམས་ནི་གདོན་འདྲེ་གསོན་པོ་མི་ཡུལ་དུ་བྱོན་པ་ཞིིག་རེད། ཁོང་ཚོས་ག་དུས་ཡིན་ནའང་བོད་དང་བོད་མི་རིགས་ལ་གནོད་འཚེ་བྱེད་ཀྱིན་ཡོད། ད་དུང་ཆོས་དད་རང་མོས་ཁ་ལ་འཁུར་ནས་ནང་བ་ཡོང་ཀྱི་ཞབས་འདྲེན་བྱེད་ཀྱིན་ཡོད། རྒྱ་ནག་དམར་པོའི་རྐུབ་ལ་རྒྱུགས་ནས་བོད་པའི་ནང་ཁུལ་དམར་གསོད་དང་རྡུང་རྡེག་བྱེད་ཀྱིན་ཡོད།
    ལྷག་པར་དུ་དེང་སང་སེ་ར་ན་དགོན་པ་གསར་རྒྱག་ནས་བལ་ཡལ་གྱི་མཐའ་འཁོར་ན་ཡོད་པའི་དབུལ་ཕྲུག་མང་པོ་གསོར་ཉར་བྱེད་ཀྱིན་འདུག ཁོང་ཚོས་དངུལ་མཐོང་ན་ཕ་ཡང་གསོད་ཐུབ་ལ་མ་ཡང་བཙན་གཡབ་བྱེད་ཐུབ།
    བོད་པ་ཚང་མས་དོལ་ཚོགས་དང་ཆོས་དང་ཟིང་ཟིང་འབྲེལ་བ་མི་བྱེད་ཞེས་དང་བཅའ་བཞག་ཡོད་ནའང་ད་དུང་སེ་རའི་གྲྭ་བ་ཁ་ཤས་ཀྱིས་དམ་བཅའ་ནས་མགོ་གཉིས་མ་བྱེད་ཀྱིན་འདུག ད་རུང་ooty(ooty is near to Mysore)ན་ཁྱིམ་ཚང་ཁ་ཤས་ཀྱིས་ད་རུང་དོལ་རྒྱལ་བསྟེན་ནས་བསྡད་ཡོད།

    Reply
  23. ཞི་བདེ་ says:
    ལོ་ 14 སྔོན།

    ཀརྨ་རྡོ་རྗེ་ལགས། དོལ་རྒྱལ་ཞེས་པ་སྨོན་ལམ་ལོག་པ་ཡིན་ཚུལ་གང་འདྲ་ཡིན་ནམ།།རྒྱུ་མཚན་མཐའ་ཡས་པའི་ནང་ནས་རེ་གཉིས་གསུང་དང། ཁྱེད་རང་གི་ལུང་གསར་པ་གང་འདྲེན་རྒྱུ་ཡོད།།། ཁྱེད་རང་གི་གསུང་པའི་དུས་རབས་ཉེར་གཅིག་གི་ནང་པ་ཞེས་པ་དེ་གང་འདྲ་ཡིན་ནམ། རང་ཉིད་ཀྱི་སྐུ་ཕྲེང་རིམ་བྱོན་དང་བླ་མ་བཀའ་དྲིན་ཅན་རྣམས་ཀྱི་གཞུང་རྣམས་མེད་པ་བཟོ་ཐབས་དེ་ཡིན་ནམ། རི་བོ་དགེ་ལུགས་མགོན་སྡེ་རྣམས་ཁ་བྲལ་བཏང་ཐབས་དེ་ཡིན་ནམ། རང་ཉིད་ཀྱི་སྐུ་ཕྲེང་རིམ་བྱོན་དང་བླ་མ་རྣམས་ལ་བསྐྱོན་བརྗོད་བྱེད་ཡས་དེ་ཡིན་ནམ། ཧཧཧཧཧ
    རང་ཚོད་ཟུང་ཞེས་ སྡིག་ར་བསྐུལ་གི་ཡོད་དམ། ཁྱེད་རང་གི་སྡིག་ར་དེ་རང་དབང་དང་དམངས་གཙོའི་ལུང་པར་འགྲོ་གི་མ་རེད། ཆོས་དད་རང་མོས་ཡིན་པ་ཁྱོད་རང་གི་བརྗེད་འདུག་གམ།།།།

    Reply
  24. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཞི་བདེ་ལགས། ཞི་བདེ་དགོས་ན། དོལ་རྒྱལ་ནི། སྨོན་ལོག་ཡིན་པ་དང་། གདོན་འདྲེ་ཡིན་པ་དང་། གནོད་འཚེའི་རང་བཞིན་ཡི་པ་སོགས་རྒྱུ་མཚན་མཐའ་ཡས་པ་ཞིག་ཡོད་རེད། དེ་ལས་རང་ཉིད་དུས་རབས་ཉེར་ཅིག་པའི་ནང་པར་ཚུད་ཐབས་བརྩོན་ན་མི་ལེགས་སམ། བཀའ་སློབ་བརྩལ་མ་ཐག་ཏུ་དེ་འདྲའི་ཤོད་མཁན་བོད་མི་རིགས་ཀྱི་ཞབས་འདྲེན་པ་ཅིག་ཡིན་པའི་རྟགས་རེད། ད་རང་ཚོད་བཟུང་ན་ལེགས།

    Reply
  25. ཞི་བདེ་ says:
    ལོ་ 14 སྔོན།

    འགྲོ་བ་མི་ཡི་ཤེས་རྟོགས་མཐོ་རུ་འགྲོ་བཞིན་པའི་དུས་རབས་ཉེར་གཅིག་འདིར་བོད་པ་རྣམས་ད་དུང་གཟུགས་མེད་ཀྱི་ལྷ་ཞིག་ལ་མགོ་འཁོར་དོན་གང་ཡིན་ནམ། བྱས་ན་ལྷ་དེ་མ་བརྟེན་པར་བཙན་བྱོལ་གཞུང་ལ་དམིགས་གསལ་གྱི་ནུས་པ་གང་ཐོན་ཡོད་དམ། བོད་རྒྱའི་འབྲེལ་ལམ་ཡག་དུ་སོང་ཡོད་དམ། བོད་རིགས་སྤུན་ཟླ་རྣམས་དང་གདན་ས་རྣམས་ཁ་བྲལ་བཏང་བའི་ཕན་པ་གང་ཡོད་དམ། བྱས་ན་ལོ་ངོ་ལྔ་བརྒྱ་ཙམ་གྱི་ནང་གདན་སའི་བླ་སྤྲུལ་དགེ་འདུན་རྣམས་ནས་ལྷ་དེ་བརྟེན་པར་གནོད་པ་གང་བྱུང་ཡོད་དམ། ལྷ་དེ་མ་བརྟེན་པར་བོད་རང་བཙན་རག་སྲིད་དམ།
    འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་གོང་ས་ཏཱ་ལའི་བླ་མ་མཆོག་ བོད་རྒྱལ་ཁབ་གྱི་དབུ་འཁྲིད་ནས་གཟུགས་མེད་ཀྱི་ལྷ་ཞིག་དང་བརྩོད་པ་བྱེད་དགོས་པའི་དགོས་པ་དང་ནུས་པ་གང་ཐོན་གི་ཡོད་དམ།།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese