མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་བལ་དམག་མིའི་མཛའ་འབྲེལ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་ཕྱི་ཚེས་ ༢༠ ཉིན་རྒྱ་གར་དབུས་སྤྱི་ཁྱབ་དམག་དཔོན་ཆེན་མོ་བེ་ཇཱཡེ་ཀོ་མར་ Vijay Kumar Singh གཙོས་དམག་དོན་འཐུས་མི་ ༦ ཙམ་བལ་ཡུལ་ནང་བསྐྱོད་དེ། བལ་ཡུལ་གྱི་དམག་སྤྱི་ཆེན་མོ་ཅཱཧ་ཊི་ར་མན་ Chhatraman Singh Gurung དང་མཇལ་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་མཐའ་མཚམས་སྲུང་སྐྱོབ་དང་། རྒྱལ་དོན་བདེ་འཇགས། ཉེས་དོན་འགོག་སྲུང་བཅས་ཀྱི་སྐོར་ལ་གྲོས་མོལ་བྱེད་ཀྱིན་ཡོད་འདུག

འདིའི་སྐོར་ལ་བལ་ཡུལ་དམག་དོན་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པས་བརྗོད་ན། རེས་གཟའ་ཟླ་བའི་ཉིན་ཕྱོགས་གཉིས་ཀྱི་དམག་སྤྱི་ལྷན་འཛོམས་ཐོག རྒྱལ་ཁབ་གཉིས་ཀྱི་ས་འབྲེལ་མཐའ་མཚམས་ཁག་ལ་སྲུང་སྐྱོབ་དང་། འཇིགས་སྐུལ་རིང་ལུགས་པར་འགོག་རྒོལ་གྱིས་རྒྱལ་ཁབ་ཕན་ཚུན་ནང་ཤུགས་རྐྱེན་མ་ཐེབས་པ་བྱ་རྒྱུ་དང་། རྒྱལ་སྤྱི་རང་བཞིན་གྱི་དྲག་སྤྱོད་འཇིགས་རྒོལ་པ་དང་ཁྲིམས་འགལ་ཉེས་བསགས་དོན་རྐྱེན་རིགས་ལ། བལ་ཡུལ་གཞུང་ཕྱོགས་ནས་ལས་དོན་ཇི་ལྟར་བསྒྲུབ་དགོས་པ་སོགས་ཀྱི་ཐད་གྲོས་བསྡུར་བྱས་ཡོད་འདུག

དེ་རིང་རེས་གཟའ་མིག་དམར་ཉིན་དམག་སྤྱི་ཆེན་མོ་བེ་ཇཱཡེ་ཀོ་མར་དང་། དམག་དོན་འཐུས་མི་རྣམས་བལ་བོད་ས་མཚམས་ཀྱི་གློ་མོན་ཐང་ Mustang རི་འཛེགས་སྦྱོང་བརྡར་དམག་གི་བསྟི་གནས་སུ་ལྟ་སྐོར་དུ་བསྐྱོད་ཡོད་ལ། ས་གནས་དེར་ལོ་ ༤༠ ཡར་སྔོན་དུ་བོད་ཀྱི་འཇབ་དམག་གི་རྟེན་གཞི་བྱས་ཏེ། རྒྱ་ནག་ལ་དྲག་རྒོལ་གྱིས་འཐབ་འཛིང་བྱས་ཤིང་། རྗེས་སུ་བལ་ཡུལ་དམག་དཔུག་གིས་དྲག་རྒོལ་བྱས་ཏེ་བོད་དམག་རྣམས་ཕམ་ཉེས་བཏང་ཡོད། ད་ལྟའི་ཆར་ས་གནས་དེར་བལ་ཡུལ་གཞུང་གི་བཀའ་འབྲེལ་ཐོག རྒྱ་གར་དང་དབྱིན་ཇི། ཧྥ་རན་སི། ཨི་ཊ་ལི། སིང་ངྒ་ལཱ་བཅས་ཀྱི་དམག་མིར་སྦྱོང་བརྡར་སྤྲོད་བཞིན་ཡོད་འདུག

རྒྱ་གར་དམག་དཔོན་གྱིས་གློ་མོན་ཐང་ས་ཁུལ་གྱི་བལ་ཡུལ་དམག་གི་སྒྲུག་འཛུགས་ཁག་གི་ལྟ་སྐོར་གྲུབ་རྗེས། བལ་ཡུལ་སྤོག་ར་ས་གནས་ཀྱི་རྒྱ་གར་དམག་མིའི་སྦྱོང་བརྡར་རུ་ཤོག་གི་རྟེན་གཞི་གཙོ་བོར་གཟིགས་སྐོར་དང་། བལ་ཡུལ་སྤྱི་ཁྱབ་དམག་དཔོན་གཞོན་པ་ནཱར་བྷ་ཧ་ཌོར་དང་ལྷན་དུ་བལ་ཡུལ་ནུབ་ཁུལ་དམག་སྒར་ཁག་ཅིག་ཏུའང་བསྐྱོད་འཆར་ཡོད་འདུག

དེ་བཞིན། པཱན་ཆི་ཀལ་ས་གནས་ཀྱི་བལ་ཡུལ་གཏན་སྲུང་དམག་སྒར་ལ་གཟིགས་སྐོར་གྲུབ་རྗེས་བལ་ཡུལ་གྱི་རྒྱལ་ས་ཀ་ཐཱ་མན་ཌི་རུ་ཤེ་ཊལ་ནེ་ཝ་སིའི་དུས་སྟོན་མཛད་སྒོར་ཞུགས་རྒྱུ་དང་། སྐབས་དེར་བལ་ཡུལ་གྱི་སྲིད་བློན་དང་བདེ་སྲུང་བློན་ཆེན་སོགས་ལ་ཐུག་འཕྲད་དང་། མཛད་སྒོ་དེའི་སྟེང་བལ་ཡུལ་སྲིད་འཛིན་རཱམ་བྷ་རན་ Ram Baran Yadav ལགས་ཀྱིས། ཁོང་ལ་བལ་ཡུལ་རྒྱལ་ཁབ་གྱི་དམག་སྤྱི་ཆེན་མོའི་ཆེ་བསྟོད་གཟེངས་རྟགས་ཤིག་ཀྱང་འབུལ་རྒྱུ་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese