མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དང་སོག་པོ་མན་ཇུ་གསུམ་གྱི་འབྲེལ་བའི་སྐོར་གླེང་བ།

བོད་ཀྱི་དུས་བབ།
༢༠༡༠/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུགས་སྒར་ངྷ་རམ་ས་ལར་བོད་རིག་པའི་ཆེད་མཁས་པ་ཁག་ཅིག་གིས་བོད་དང་སོག་པོ་མན་ཇུ་གསུམ་གྱི་འབྲེལ་བའི་སྐོར་ལ་གཏམ་བཤད་དང་བགྲོ་གླེང་གནང་ཡོད།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་༼ བོད་སོག་བར་གྱི་ཆིངས་ཡིག་དང་། བོད་དང་མན་ཇུའི་འབྲེལ་བའི་སྐོར ༽ ཞེས་པའི་བརྗོད་གཞིའི་ཐོག་ཉིན་གཉིས་རིང་གི་མཁས་གཏམ་བཤད་བགྲོ་གླེང་ཞིག་དབུ་འཛུགས་གནང་ཡོད་ལ། བགྲོ་གླེང་དེའི་ཐོག་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཚེ་རིང་ཤཱཀྱ་ལགས་དང་། ཨ་རིའི་ཨིན་ཌི་ཡ་ནཱ་གཙུག་ལག་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་དཔོན་ཨེ་ལོ་ཊི་སི་ཕི་ལིན་ Elliot sperling སོགས་ཆེད་མཁས་མི་སྣ་ ༧ ཙམ་གྱིས་ཉེ་རབས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་གཏམ་བཤད་གནང་རྒྱུ་ཡིན་པ་དང་། ཚོགས་ཞུགས་གནང་མཁན་བོད་གཞུང་གི་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་དང་ཉམས་ཞིབ་པ། གཞན་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་མི་ ༡༠༠ ལྷག་ཚོགས་ཞུགས་གནང་འདུག

 

བགྲོ་གླེང་དབུ་འཛུགས་ཀྱི་ཐོག་མར་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་ཚོགས་འདུའི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་དོན། དེ་རིང་གི་བརྗོད་གཞི་ནི་བོད་སོག་དང་བོད་དང་མན་ཇུའི་འབྲེལ་བའི་སྐོར་ལ་གཏམ་བཤད་གནང་རྒྱུུ་དེ་རེད། ཉེ་ཆར་མཁས་དབང་ཁོང་རྣམས་སོག་ཡུལ་དུ་ཕེབས་ཏེ་བོད་སོག་གི་འབྲེལ་བའི་སྐོར་གྱི་བགྲོ་གླེང་གནང་ཡོད་ལ། ཁ་སྔོན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཟླ་བ་འདིའི་ཟླ་མཇུག་ཏུ་མཁས་དབང་རྣམས་བཞུགས་སྒར་དུ་ཕེབས་ཀྱི་ཡོད་སྟབས། བགྲོ་གླེང་དེར་ཉན་ཐུབ་ན་ཕན་ཐོགས་ཡོང་ས་རེད་ཅེས་གསུངས་པ་ལྟར། ཕྱི་དྲིལ་གྱིས་ཀྱང་ལས་དོན་དེ་གལ་ཆེན་ཞིག་ཏུ་མཐོང་སྟེ། བཀའ་ཤག་ལ་སྙན་སེང་ཞུས་པ་བཞིན་བཀའ་འཁྲོལ་ཐོབ་སྟེ། དེ་རིང་གཞུང་ཞབས་རྣམ་པར་མཁས་པའི་གཏམ་བཤད་ཀྱི་ཚོགས་འདུ་འདི་གོ་སྒྲིག་ཞུ་རྒྱུ་བྱུང་བ་རེད། ཚང་མས་མཁྱེན་གསལ་ལྟར། བརྗོད་གཞི་འདི་གཉིས་ནི་ང་ཚོར་ཐོག་མ་ནས་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། ལོ་རྒྱུས་ཀྱི་ཐོག་ནས་གསལ་པོ་ག་རེ་ཡོད་པ་དེ་ཚང་མས་མཁྱེན་དགོས་ཀྱི་ཡོད་ལ། དེར་ཚང་མར་ཤེས་འདོད་དང་ཉན་འདོད་ཀྱང་ཡོད་པ་རེད། ཅེས་གསུངས་སོང་།

སང་ཉིན་མཇུག་སྡོམ་མཛད་སྒོའི་སྟེང་བཀའ་ཁྲི་ཟམ་གདོང་རིན་པོ་མཆོག་ཆེད་ཕེབས་ཀྱིས་འདས་པའི་བོད་སོག་མན་ཇུ་གསུམ་གྱི་ལོ་རྒྱུས་སྐོར་ལ་གསུང་བཤད་གནང་རྒྱུ་ཡིན་འདུག་ཅིང་། བགྲོ་གླེང་འདི་ནི་ཕྱི་ཟླ་ ༡༠ པའི་ནང་སོག་ཡུལ་དུ་བོད་ཀྱི་ལོ་རྒྱུས་སྐོར་གྱི་ཚོགས་འདུ་ཞིག་ཚོགས་རྗེས་སླར་ཡང་བཞུགས་སྒར་དུ་སྐོང་ཚོགས་བྱས་པ་ཞིག་ཡིན་འདུག

 

ཐེངས་འདིའི་ཉིན་གཉིས་རིང་གི་མཁས་པའི་གཏམ་བཤད་ཀྱི་བརྗོད་གཞི་ཁག་ནི། རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཚེ་རིང་ཤཱཀྱ་ལགས་ཀྱིས་༼དུས་རབས་ཉི་ཤུ་བའི་མགོ་སྟོད་ནས་བོད་སོག་གི་རྒྱལ་ཁབ་འཛུགས་བསྐྲུན་ལ་དོ་སྣང་དང་ཞིབ་འཇུག༽ ཞེས་པ་དང་། ཨ་རིའི་ཨིན་ཌི་ཡ་ནཱ་གཙུག་ལག་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་དཔོན་ཨེ་ལོ་ཊི་སི་ཕི་ལིན་ལགས་ཀྱིས་༼༡༩༡༣ ལོའི་བོད་སོག་ཆིངས་ཡིག་ནི་རྒྱལ་སྤྱིའི་རང་བཞིན་ལ་ཁ་ཕྱོགས་ཡོད།༽ ཞེས་པ། ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་༼༡༩༡༣ ལོའི་ཟླ་ ༡ པོའི་བོད་སོག་གི་ཆིངས་ཡིག༽ ཝར་ན་མཐོ་སློབ་ཀྱི་རྒྱལ་རབས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས་༼༡༩༡༣ ལོའི་བོད་སོག་གི་ཆིངས་ཡིག་ནི་ཁྲིམས་མཐུན་ཞིག་ཡིན།༽ སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་༼ བོད་སོག་གཉིས་ཀྱི་འབྲེལ་ལམ་དང་བོད་སོག་ཆིངས་ཡིག་གི་སྔ་རྗེས།༽ བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་༼ བོད་སོག་ཆིངས་ཡིག་མ་བཞག་གོང་གི་བོད་དང་མན་ཇུ་བར་གྱི་འབྲེལ་བར་དཔྱད་པ། ༽བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཉམས་ཞིབ་པ་ཆུང་ཚེ་རིང་ལགས་ཀྱིས་༼ ཕག་རིའི་གསང་མོལ། བོད་སོག་ཆིངས་ཡིག་གི་གལ་གནད་དང་རྒྱབ་ལྗོངས། ༽ བཅས་ཀྱི་ཐོག་གཏམ་བཤད་གནང་འཆར་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༧ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༠ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 11

  1. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    ༸གོང་ས་སྐྱབས་མགོན་ཆེན་པོར་གུས་ཕྱག་སྔོན་དུ་བཏང་སྟེ། ལོ་སར་གྱི་འཚམས་འདྲི་དང་བསྦྲགས། དེ་གར་བགྲོ་གླེང་པ་དང་གོ་སྒྲིག་པ། ལྷན་ཞུགས་པ་དང་གསར་འགྱུར་བརྒྱུད་ལམ་འདིར་དངོས་སུ་གསན་གཟིགས་གནང་བཞིན་པ་དང་། ལྷག་པར་དུ་བོད་ནང་གི་རྒྱལ་གཅེས་དཔའ་བོ་རྒན་གཞོན་བར་གསུམ་བཅས་ཚང་མར་བརྒྱུད་རིམ་འདི་ནས་རྒྱལ་སྤྱིའི་ལོ་སར་གྱི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  2. གཡག་རྒོད། says:
    ལོ་ 16 སྔོན།

    བོད་དང་སོག་པོ་མན་འཇུ་སོགས་འདས་པའི་ལོ་རྒྱུས་རྣམས་ག་ཚོད་གླེང་སློང་བྱས་ཀྱང་རྒྱ་གཞུང་ལ་ཕན་གནོད་གང་ཡང་བྱིན་མི་སྲིད།
    དེ་དོན་ང་ཚོས་ད་ནས་བཤད་ནས་བསྡད་པ་དང༌། ཉན་ནས་འདུག་རྒྱུ་ཙམ་མིན་པར་ཚོར་ཤུགས་ཆེ་བའི་གཡོ་འགུལ་ཅིག་རྒྱག་དགོས།
    ང་ཚོས་ད་དབར་མི་ལོ་ཧྲིལ་པོ་༦༠ ལྷག་ལ་བཤད་རྐྱང་དང་ཉན་རྐྱང་བྱས་ནས་དུས་ཚོད་སྐྱེལ་ཡོད་པ་ཐེངས་གཅིག་དྲན་གསོ་གཏོང་རོགས། སང་ཕྱི་ལོ་གསར་པ་འགོ་བཙུགས་ཀྱི་ཡོད་སྟབས་ལས་འགུལ་གསར་པ་དང་འཆར་གཞི་གསར་པ། ལངས་ཕྱོགས་གསར་པ། ལྟ་གྲུབ་གསར་པ། རིག་པ་གསར་པ། བསམ་བློ་གསར་པ་སོགས་གསར་པ་རྐྱང་རྐྱང་གི་ལས་དོན་བསྒྲུབ་ཐབས་བྱོས། རྙིང་བཤད་དང༌། གསར་བཤད་སོགས་གོང་ནས་བཤད་པ་དང༌། འོག་ནས་ཉན་རྐྱང་ཁོ་ན་མ་བྱེད་པར་ལས་ཀ་གསར་པ་ཞིག་བསྣམས་ཏེ་རྒྱ་གཞུང་སྐྲག་དགོས་པ་དང༌། བོད་དགའ་དགོས་པའི་གཡོ་འགུལ་ཆེ་བའི་ལས་དོན་བརྩམ་ཐབས་བྱོས།

    Reply
  3. ཤག་སྒང་པ། says:
    ལོ་ 16 སྔོན།

    གསར་འགོད་པ་ཨ་རིག་ལགས་གཙོས་བོད་ཀྱི་དུས་བབ་ལགས་སུ། ཧ་ཅང་ཡག་པོ་འདུག མཁས་པའི་བགྲོ་གླེང་གནང་བའི་དཔྱད་ཞིབ་ཀྱི་སྙན་ཐོ་འདི་དག་རིན་ཐང་ཆེས་པས། བོད་ཀྱི་དུས་བབ་གསར་ཁང་ནས་ཡིག་ཆ་འདི་དག་དྲ་རྒྱར་མྱུར་དགོད་ཐུབ་ན། འབྲེལ་ཡོད་སློབ་གཉེར་བ་མང་དག་ལ་ཐུགས་མཁོ་མཆིས་པས་ཅིས་ཀྱང་ཕྱག་བསྟར་གནང་རོགས་གནང་། ཐུགས་རྗེ་ཆེ།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    རྣམ་པ་ཚོས་མཁྱེན་གསལ་ལྟར། རྒྱ་ནག་གཞུང་གི་ནུབ་བརྒྱུད་ཐོན་འབྱེད་ཆེན་མོ་ཞེས་པ་དེས་ཐད་ཀར་དུ་ Ethnocide ཞེས་པ་ཞིག་ལག་ལེན་ལ་བསྟར་གིན་འདུག

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    འཛམ་གླིང་དམག་འཁྲུག་གཉིས་པའི་རྗེས་ཏེ། ༡༩༤༨ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ Convention on Genocide 1948 ཞེས་པ་ཞིག་བཞག་པ་མ་རེད་དམ། ལོ་ ༦༠ རྗེས་ལ་ཏཱ་ལའི་བླ་མ་མཆོག་གིས་ཡོངས་ཁྱབ་ཀྱིས་ Genocide ཞེས་པ་དེ་མདོ་དབུས་མཐོ་སྒང་ལ་རྒྱ་ནག་གཞུང་གིས་མུ་མཐུད་ནས་ལག་བསྟར་བྱེད་ཀྱིན་འདུག་ཅེས་ཡོངས་བསྒྲགས་གནང་བ་མ་རེད་དམ།

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ད་ཐེངས་རྣམ་པ་ཚོས་ Genocide དང་ Ethnocide གཉིས་ཀ་གླེང་དགོས་པ་འདྲ་ཞིག་འདུག ད་ཕན་༧གོང་ས་མཆོག་གིས་སྔ་མ་དེ་མ་གཏོགས་ཕྱི་མ་དེ་གླེང་གི་མི་འདུག ངས་ཁ་སང་དེ་རིང་ཕྱི་མ་དེ་མངོན་གསལ་གྱིས་མཐོང་གི་འདུག

    Reply
  7. འདྲེ་མེ་འབུད། says:
    ལོ་ 16 སྔོན།

    བོད་སོག་གནད་དོན་དེ་ནི་ལོ་རྒྱུས་ཀྱི་གནད་དོན་ཞིག་ཡིན་ལ། མ་འོངས་པའི་ཚེ་སྲོག་གི་གནད་དོན་ཞིག་ལ་གཏན་དུ་འབྲེལ་མེད་པའི་ཁ་ཚོན་སུ་ཞིག་གིས་གཅོད་ཐུབ།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་སོག་མེན་ཇུ་གསུམ་ཙམ་མ་ཟད། ཀོ་རི་ཡ་ཇ་པེན་ཀམ་བོ་ཏྲི་ཡ་ལ་སོགས་ཆོས་རིག་གཅིག་འགྱུར་ལྟ་གྲུབ་ཀྱི་གོམ་གང་མདུན་སྤོས་བྱ་དགོས་པའི་དུས་ཚོད་ཅིག་སླེབས་མེད་དམ་སྙམ།

    Reply
  9. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས། ཁྱེད་ཀྱིས་བྲིས་གནང་བའི་གསར་འགྱུར་ནང་། (བགྲོ་གླེང་དེའི་ཐོག་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཚེ་རིང་ཤཱཀྱ་ལགས་དང་།) ཞེས་བཀོད་འདུག་པས་ཚེ་རིང་ཤཱཀྱ་ལགས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ཡིན་ནའང་ཚོགས་གཙོ་མ་རེད།
    ཞིབ་ཕྲ་ཁྱེད་རྣམ་ཚང་གི་གསར་འགྱུར་འདི་རང་ལ་གཟིགས།
    https://tibettimes.net/wordpress/news.php?cat=6&&id=3237
    ཕྱི་ཚེས་ ༢༠ ཉིན་རྒྱལ་སྤྱིའི་བོད་རིག་པའི་ཚོགས་པ་འདིའི་ཚོགས་གཙོ་དང་རྒྱུན་ལས་རྣམས་འོས་འདེམ་བྱས་པ་དང་། དེ་བཞིན་དུ་ཐེངས་རྗེས་མར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་ ༡༣ པ་དེ་འཚོགས་ཡུལ་བཅས་ལ་གོ་བསྡུར་བྱས་ཡོད། རྒྱལ་སྤྱིའི་བོད་རིག་པའི་ཚོགས་པ་འདིའི་ཚོགས་གཙོ་ནི་ཨོ་ཁུ་སི་ཧྥོར་ཌི་ནས་ཡིན་པའི་ཌོག་ཊར་ ཆར་ལི་སི་ རམ་བྷར་ལགས་རང་འཇགས་བདམས་ཡོད། རྒྱུན་ལས་བཅུ་གསུམ་ཡོད་པའི་གྲས་སུ་དགེ་རྒན་ཆེན་མོ་ཚེ་རིང་ཤཱཀྱ་ལགས་དང་བློ་བཟང་ཤསྟྲི། དགེ་རྒན་ཆེན་མོ་ཚེ་རིང་ཐར་བཅས་ཀྱང་ཚུད་ཡོད་པ་རེད།

    Reply
  10. རྒྱ་རྙི། says:
    ལོ་ 16 སྔོན།

    ད་རེ་གྱི་ལྷན་འཛོམས་བྱུང་བའི་མཁས་དབང་དག་གིས་གནད་འགག་ཆེ་བའི་བོད་སོག་གི་བྱུང་རབས་ལོ་རྒྱུས་ཐད་བགྲོ་གླེང་བྱུང་བར་དངོས་གནས་དགའ་བོ་བྱུང་།

    མ་འོངས་པར་འདི་ལྟ་བའི་བགྲོ་གླེང་ཡང་ཡང་གནང་བར་འཚལ།

    Reply
  11. རྣམ་དོན། says:
    ལོ་ 16 སྔོན།

    དེ་རིང་བཀའ་བློན་རྣམས་འོག་ཡར་ཁ་བསྐོར་འདུག་ད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese