མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པའི་གཞུང་འཛིན་མི་སྣའི་ནོར་འཁྲུལ་འགེབ་ཐབས་མེད།

བོད་ཀྱི་དུས་བབ།
༢༠༡༡/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཁྲི་མཆོག་གིས་ ༡༨༩༠ ཡས་མས་ནས་ ༡༩༡༥་དང་ ༢༠ བར་དུ་བོད་གཞུང་གི་ཆབ་སྲིད་སྣེ་ཁྲིད་པ་རྣམས་ཆབ་སྲིད་ཀྱི་ཐོག་ཏུ་གོ་རྟོགས་དང་གཟིགས་རྒྱང་གཉིས་ཀ་མེད་པའི་དབང་གིས་བོད་ཀྱི་གནས་བབ་དེ་ཉག་ཕྲ་བོ་དང་དཀའ་ལས་ཁག་པོ་བྱུང་བ་རེད། དེ་ང་ཚོས་ངོས་ལེན་མ་བྱས་པར་འགེབ་ཐབས་བྱས་ན་འགྲིག་གི་མེད་གསུངས་བྱུང་།

ཟླ་འདིའི་ཚེས་ ༣༠ དང་ ༣༡ ཉིན་གཉིས་རིང་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་ ༼ བོད་སོག་བར་གྱི་ཆིངས་ཡིག་དང་། བོད་དང་མན་ཇུའི་འབྲེལ་བའི་སྐོར ༽ ཞེས་པའི་བརྗོད་གཞིའི་ཐོག་ཆེད་མཁས་མི་སྣ་ ༧ ཙམ་གྱིས་ཉེ་རབས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་གཏམ་བཤད་གནང་ཡོད་པ་དང་། ཚོགས་ཞུགས་གནང་མཁན་བོད་གཞུང་གི་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྒྱུན་ལས། སྡེ་ཚན་ཁག་གི་འགན་འཛིན་དང་ཉམས་ཞིབ་པ། གཞན་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་གནད་ཡོད་མི་ ༡༠༠ ལྷག་ཚོགས་ཞུགས་གནང་ཡོད།

ཚེས་ ༣༡ ཉིན་གྱི་ཕྱི་དྲོར་བགྲོ་གླེང་དེ་མཇུག་སྡོམ་མཛད་སྒོའི་ཐོག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་ལ། སྐབས་དེར་བཀའ་ཁྲི་མཆོག་གིས་གསུངས་དོན། བྱུང་རབས་སྨྲ་བའི་མཁས་དབང་ཚོས་གསུངས་པ་ལྟར། སོག་པོའི་ངོས་ནས་ཆིངས་ཡིག་འདི་སྔོན་མར་དེ་ཙམ་དྲིལ་བསྒྲགས་བྱེད་ཀྱི་མེད་མོད།  འདས་པའི་ལོ་ཤས་ནང་ཁོང་ཚོས་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་གི་སྟེང་ནས་དྲིལ་བསྒྲགས་བྱ་རྒྱུ་ཐག་གཅོད་བྱུང་བ་དང་། སྐབས་དེར་བཙན་བྱོལ་སྒྲིག་འཛུགས་དང་ནང་དོན་གོ་བསྡུར་བྱས་ཏེ་ཐག་གཅོད་བྱས་པ་རེད། ཡིན་ནའང་། རྗེས་མར་ང་ཚོ་ལས་ཁོང་ཚོར་དྲིལ་བསྒྲགས་བྱ་རྒྱུར་སེམས་ཤུགས་ཆེ་བ་འདུག ང་རང་སྒེར་བ་ལྟ་བུར་མཚོན་ན་ཆིངས་ཡིག་འདི་གསལ་བོ་བཟོ་རྒྱུ་དང་དྲིལ་བསྒྲགས་བྱ་རྒྱུར་སེམས་ཤུགས་ཡོད་མཁན་ཞིག་མིན་ཞིང་། དེ་ནི་ཆིངས་ཡིག་འདིའི་ནང་འཁོད་པའི་བརྗོད་བྱའི་ནང་ད་ལྟའི་བཙན་བྱོལ་གཞུང་གི་གཞུང་འབྲེལ་གྱི་ལངས་ཕྱོགས་དང་མི་མཐུན་པ་ཁ་ཤས་ཤིག་ཡོད། དེར་བརྟེན། ང་ཚོས་འདི་ཆེན་པོ་བཟོས་ཚེ་སོ་སོའི་ལངས་ཕྱོགས་དང་མི་མཐུན་པའི་བརྗོད་ཚིག་ཡོད་པ་དེ་ཚོ་ཡང་ཁས་ལེན་བྱས་པའི་བཟོ་འདྲ་བོ་ཞིག་ཆགས་ཀྱི་འདུག ཅེས་དང་།

 

ཡང་ཁོང་གིས། ཆིངས་ཡིག་མགོ་བཙུགས་དུས་ནས་སོག་པོ་དང་བོད་པ་གཉིས་ཀ་མན་ཇུའི་མངའ་འོག་ནས་རང་བཙན་མཉམ་དུ་ཐོབ་པ་དང་། རྒྱུ་མཚན་དེར་བརྟེན་ང་ཚོས་ཆིངས་ཡིག་འཇོག་གི་ཡིན་ཞེས་བརྗོད་ཡོད། སོག་པོ་མན་ཇུའི་མངའ་འོག་ཏུ་ཆ་ཚང་བར་ཡོད་པ་དེ་རྒྱལ་སྤྱིའི་ནང་སྨོས་མེད་ཐོག བོད་ཀྱིས་ ༡༩༥༡ ལོའི་བར་དུ་མན་ཇུ་དང་སོག་པོ། གང་ལྟར་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཀྱི་མངའ་དབང་བསྐྱར་གསོ་མཛད་པ་ནས་བཟུང་སྟེ། ༡༩༥༡ བར་ང་ཚོ་རྒྱལ་སྤྱིའི་ཁྲིམས་མཐུན་ཐོག་མན་ཇུའི་འོག་ཏུ་ཕྱིན་མེད་ཅེས་ལབ་ཀྱི་ཡོད། ང་ཚོའི་བྱེད་སྟངས་དེ་སྐབས་དེ་དུས་ཁེ་བཟང་ཡོད་སྐབས་མན་ཇུའི་འོག་ཏུ་ཕྱིན་ཡོད་ཤག་ཤག་དང་། དཀའ་ངལ་འཕྲད་སྐབས་མིན་མདོག་མདོག་བྱས་པ་མ་གཏོགས། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཞིབ་ཚགས་པོས་བལྟས་ཡོང་ན། མན་ཇུའི་མངའ་འོག་ཏུ་ང་ཚོའི་མངའ་ཐང་ཆ་ཚང་མེད་པ་བྱས་ཏེ་ཕྱིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད།

དེའི་ཐོག་གཞན་ག་རེ་མཚོན་གྱི་ཡོད་ཟེར་ན། སྐབས་དེ་དུས་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རྒྱལ་སྤྱིའི་ནང་བོད་ཀྱི་མངའ་དབང་གསལ་བོ་བཟོ་རྒྱུར་རྒྱུན་རིང་བོར་དགོངས་པ་རླབས་ཆེན་བཞེས་ཡོད་ཀྱང་། ༧གོང་ས་མཆོག་གི་དགོངས་པར་གང་ཡོད་པ་ནང་བཞིན་ལག་ལེན་དུ་བསྟར་ཏེ་ཕྱག་ལས་གནང་ཐུབ་མཁན་གྱི་སྲི་ཞུའི་ལས་བྱེད་པ་དཀོན་པའི་ཉེར་ལེན་ལ་བརྟེན། ཁ་ཤས་ནི་གཞུང་གི་སྣེ་ཁྲིད་ཀྱི་དོན་དག་བཞག་སྟེ་ཨ་ཕ་གྲོངས་པའི་དོན་དག་ལ་ཕེབས་དགོས་བྱུང་བ་སོགས་བྱུང་ཡོད་པར་མ་ཟད། ཆབ་སྲིད་དང་རྒྱལ་སྤྱིའི་ནང་ང་ཚོའི་མངའ་དབང་གསལ་འདོན་བྱེད་རྒྱུའི་ལས་དོན་མང་བོ་ཞིག་འཐུས་ཤོར་དུ་ཕྱིན་ཡོད། དེ་འདྲའི་འཐུས་ཤོར་ཕྱིན་པའི་གྲས་སུ་མཚན་ཞབས་རིན་པོ་ཆེ་དབུས་པའི་སོག་པོའི་ཆིངས་ཡིག་ཟིན་བྲིས་རྒྱག་སྐབས། ཚིག་རེ་རེ་བཞིན་སྲིད་དོན་དང་འདས་པའི་བྱུང་རབས་ལ་འབྲེལ་བ་ཡོད་པའི་གནད་འགག་ག་རེ་ཡོད་པ་རྣམས་ཞིབ་ཚགས་པོ་བྱས་ཏེ་གཟིགས་ཡོད་པ་མ་རེད། ཕྱོགས་གཞན་ནས་བོད་ཀྱི་མངའ་དབང་རང་བཙན་དུ་གནས་པ་གསལ་བོ་མ་ཆགས་པའི་ཐབས་ཤེས་དེ་རྒྱ་ནག་དང་དབྱིན་ཇིའི་དབང་འོག་ཏུ་ཡོད་པའི་རྒྱ་གར་གཉིས་ཀྱིས་མུ་མཐུད་དེ་གནང་བ་རེད། དེ་གསལ་བོ་ཞེ་དྲག་རེད།

འོན་ཀྱང་། རྒྱ་གར་རང་བཙན་འཐོབ་རྒྱུར་ཐུགས་གཏན་འཁེལ་བའི་རྗེས་དང་རང་བཙན་འཐོབ་ལ་ཉེ་སྐབས། རྒྱ་གར་རང་བཙན་གྱི་གཞུང་གསར་བའི་བསམ་བློའི་ནང་དུའང་བོད་དེ་རྒྱ་ནག་དང་འབྲེལ་བ་མེད་པར་རང་བཙན་གཙང་མར་སྡོད་ཐུབ་ན་བསམ་པའི་རེ་བ་བྱས་པར་མ་ཟད་རེ་བ་ཆེན་པོ་བྱས་པ་རེད། ༡༩༤༧ ལོར་ཨེ་ཤ་ཡ་འབྲེལ་མཐུད་ཚོགས་ཆེན་ཚོགས་སྐབས། གོ་མིན་ཏང་གིས་བཟུང་བའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་དགག་བྱ་ཆེན་པོ་བྱས་མིན་ལ་མ་ལྟོས་པར། བོད་ཀྱི་སྐུ་ཚབ་ཚོ་རྒྱ་ནག་གི་སྐུ་ཚབ་ལས་ཟུར་དུ་གདན་ཞུ་བྱས་ཡོད་ལ།  རྒྱལ་གླུ་གཏོང་བཅུག་པ་དང་རྒྱལ་དར་བསྒྲེང་བཅུག་ཡོད། ཅེས་གསུངས་བྱུང་།

 

ཡང་ཁོང་གིས། རྒྱ་གར་རང་བཙན་ཐོབ་མ་ཐག་སྲིན་བློན་ནེའུ་རུ་ལགས་ཀྱི་མཚན་ཐོག་ནས་རྒྱལ་ཁབ་ཚང་མར་ཕྱག་རིས་གནང་བ་དང་། བོད་ལ་དབྱིན་ཇིའི་སྐབས་ཡོད་པའི་ཆིངས་ཡིག་དང་ཆོད་དོན་གང་འདྲ་ཞིག་ཡོད་ཀྱང་ང་ཚོས་དེ་ཚང་མར་གུས་བཀུར་བྱེད་ཀྱི་ཡོད། ཁྱེད་ཚོས་ཀྱང་གུས་བཀུར་གནང་ཤག་རེད། དེ་ཚོའི་ཐོག་ང་ཚོས་རིམ་གྱིས་བསྒྱུར་བཅོས་ག་རེ་གཏོང་དགོས་པ་དང་།  གསར་བ་ག་རེ་སྣོན་དགོས་ཀྱི་ཡོད་མེད་ཐད་བཀའ་བསྡུར་བྱ་ཆོག་ཅེས་ཕྱག་འཕྲིན་བསྩལ་སྐབས། ང་ཚོའི་ངོས་ནས་དོན་དང་མཐུན་པའི་ལན་འདེབས་གནང་མེད་ཐོག རྒྱ་ནག་ནང་གསར་བརྗེ་ཆེན་པོ་བྱུང་སྐབས་ཀྱང་རྒྱ་ནག་ལ་གསར་བརྗེ་ཡོང་གི་འདུག་ལ། རྒྱ་ནག་དམར་ཤོག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་འདུག ཁྱེད་ཚོར་འཆར་གཞི་ག་རེ་ཡོད་དམ་ཟེར་ནས་ནེའུ་རུས་བསྐྱར་དུ་ཕྱག་འཕྲིན་གནང་འབྱོར་བྱུང་སྐབས་ཀྱང་། བོད་གཞུང་གི་ངོས་ནས་ང་ཚོར་དོགས་པ་རྣམ་རྟོག་གང་ཡང་མེད། འཆར་གཞི་བསྒྲིག་དགོས་པ་གང་ཡང་མེད་ཅེས་བཀའ་ལན་གནང་འདུག ཅེས་པ་སོགས་མདོར་ན། བཀའ་ཁྲི་ཁོང་གིས་ ༡༨༩༠ ཡས་མས་ནས་ནས་ ༡༩༡༥ ནས་ ༢༠ བར་དུ་བོད་གཞུང་གི་ཆབ་སྲིད་སྣེ་ཁྲིད་པ་རྣམས་ཆབ་སྲིད་ཀྱི་ཐོག་ཏུ་གོ་རྟོགས་དང་གཟིགས་རྒྱང་གཉིས་ཀ་མེད་པའི་དབང་གིས་བོད་ཀྱི་གནས་བབ་དེ་ཉག་ཕྲ་བོ་དང་དཀའ་ལས་ཁག་པོ་བྱུང་བ་རེད། དེ་ང་ཚོས་ངོས་ལེན་མ་བྱས་པར་འགེབ་ཐབས་བྱས་ན་འགྲིག་གི་མེད་སྐོར་གསུངས་ཡོད།

གསར་འགོད་པ། ཨ་རིག་འགྱུར་མེད།

 

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༢༡ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༢༢ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 7

  1. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ལགས། ཉིད་ཀྱིས་གསུངས་པ་ལྟར་ཨ་ཕ་གྲོངས་པ་དང་ཨ་བ་འཁྲུངས་པ་གཉིས་ནོར་འདུག་སྙམ། དེ་ནི་དངོས་གནས་དབུས་སྐད་གཙང་མ་ཞིག་མི་འཁྱོངས་པའི་ལན་པ་མིན་འགྲོ གང་ལྟར་གསལ་འདེབས་གནང་བར་ཐུགས་རྗེ་ཆེ་ཞུའོ། །

    Reply
  2. གཡག་རྒོད། says:
    ལོ་ 15 སྔོན།

    བོད་སོག་དབར་གྱི་ཆིངས་ཡིག་གི་བརྗོད་བྱའི་ནང་ད་ལྟའི་བཙན་བྱོལ་གཞུང་གི་གཞུང་འབྲེལ་གྱི་ལངས་ཕྱོགས་དང་མི་མཐུན་པ་ཁ་ཤས་ཤིག་ཡོད་རབས་བཀའ་ཁྲིས་བཤད་འདུག
    དེ་དག་གང་ཡིན་གསལ་པོ་བྱུང་ཐུབ་ཚེ་ཧ་ཅང་ཡག་པོ་འདུག་་དེ་ཚོ་གནད་འགག་རེད་སྙམ།
    ད་ཆར་སོག་པོ་ཚོས་ཆིངས་ཡིག་དེ་གནད་འགག་བརྩི་དགོས་པའི་རྒྱུ་མཚན་གང་ཡིན་ནམ།དེ་ཚོ་སོག་པོ་ཡང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མཚོན་གྱི་ཡོད་པ་རེད་དམ།་
    མདོར་བསྡུས་ནས་བཤད་ན་བཀའ་ཁྲིས་ད་ལན་ཆེད་ལས་མཁས་པའི་མིང་འཛིན་པ་བདུན་པོས་བཤད་མ་ཐུབ་ཅིང།་དྲན་ཡུུལ་ནང་མེད་པའི་གལ་ཆེ་རང་བཞིན་ཅན་གྱི་འབྱུང་རབས་རྟིང་འབྲུ་ཚ་ནན་གནང་འདུག་པས་ངོ་མཚར་སྐྱེས་དགོས་པ་ལོས་ཡིན་སྙམ་པ་བྱུང།་་

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    མཁས་དབང་ཚོའི་ཚོགས་འདུ་འདིའི་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་ཁ་མི་འདུག་སྙམ།

    Reply
  4. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    རིན་པོ་ཆེ་ཡང་སྲིད་གཅིག་དགོས་མིན་མི་ཤེས་གལ་སྲིད་དགོས་དབང་བྱས་ནའང་རིན་པོ་ཆེ་ཁོང་ལྟ་བུ་མི་ཡོང་པ་མ་ཟད་ཁོང་གིས་མཛད་རྗེས་ལས་ལྡོག་པའི་བྱ་སྤྱོད་གནང་མཁན་ཞིག་མ་བྱུང་ན་ད་དུང་བསོད་བདེ་རེད། དྲང་བདེན་ལགས།

    Reply
  5. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    ཁེ་བཟང་ཡོད་དུས་མན་ཇུ་འོག་ཏུ་འགྲོ་ཤག་དང་ཁེ་བཟང་མེད་དུས་མན་ཇུ་འོག་ཏུ་མིན་མདོག་བྱས་པ་ཙམ་ལས་དོན་ངོ་མ་རང་བཙན་གཙང་མའི་རྒྱལ་ཁའི་ཞིག་ཏུ་ལོ་རྒྱུས་ཀྱི་བདེ་ཐེར་དེ་མི་མང་དང་བསམ་མེད་ཀྱི་རྩོམ་པ་པོ་རེ་གཟུང་གིས་ཤེས་དགོས་གལ་ཆེ།

    Reply
  6. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 15 སྔོན།

    འདི་དངོས་གནས་རིན་པོ་ཆེའི་ལྡེབས་གཅིག་ལ་ཞིབ་ཚག་དེ་འདྲ་གསུངས་འདུག། ལོ་རྒྱུས་དང་བྱུང་རབས་ཐོག་བཀའ་མོས་གནང་དགོས་ན་ཚིག་ཚོགས་ཉུང་ངུ་གཅིག་གི་ནང་སྡོམ་རྒྱབ་ཏེ་དེབ་ཐེར་གསར་པ་གཅིག་ཐོན་པ་འདྲ་པོ་རིན་པོ་ཆེའི་གསུངས་འདུག། དེ་ཡོད་བོད་སོག་མཁས་པ་ཡིན་ཟེར་མཁན་ཚོ་ཉམ་དམའ་པོའི་ཐོག་བཀའ་སློབ་གསན་སྡོད་པ་འདྲ་པར་ཐོག་བལྟས་ན་རྟོགས་ཐུབ་པ་འདུག། ད་ཐེངས་རྗེས་མའི་བཀའ་ཁྲི་དེ་རིན་པོ་ཆེའི་ཡང་སྲིད་གཅིག་བྱུང་ན་མ་གཏོག་འདི་དང་དེ་འདྲ་ཡོང་བ་མི་འདུག།

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ཨ་རིག་འགྱུར་མེད་ལགས། ཟམ་གདོང་རིན་པོ་ཆེའི་གསུང་དུམ་འདི་(ཁ་ཤས་ནི་གཞུང་གི་སྣེ་ཁྲིད་ཀྱི་དོན་དག་བཞག་སྟེ་ཨ་ཕ་གྲོངས་པའི་དོན་དག་ལ་ཕེབས་དགོས་བྱུང་བ་སོགས་བྱུང་ཡོད་པར་མ་ཟད། ཆབ་སྲིད་དང་རྒྱལ་སྤྱིའི་ནང་ང་ཚོའི་མངའ་དབང་གསལ་འདོན་བྱེད་རྒྱུའི་ལས་དོན་མང་བོ་ཞིག་འཐུས་ཤོར་དུ་ཕྱིན་ཡོད།)
    མཁས་དབང་བཀྲ་ཤིེས་ཚེ་རིང་རལ་བ་ཅན་གྱིས་རྩིས་བ་ལོང་ཤར་གྱི་སྐུ་ཟླར་ཕྲུ་གུ་སྐྱེ་གྲབ་ཡོད་པས་ངེས་པར་དུ་ཕྱིར་བོད་དུ་ལོག་དགོས་པ་དང་། དབྱིན་ཇིར་ཕྲུ་གུ་སྐྱེས་ན་མགོ་སེར་པོ་དང་མིག་ལྗང་ཁུ་ཅན་ཞིག་སྐྱེས་ན་ཇི་ལྟར་བྱེད་ཅེས་རྙོག་དྲ་བཟོས་རྐྱེན་ལོང་ཤར་གྱི་ལས་དོན་མཐའ་སྐྱོང་འཕྲོར་སྐྱུར་ཏེ་ཕྱིར་བོད་དུ་ལོག་པའི་དགོས་སྒྱུང་དེའི་ཚིག་ཟུར་དྲོས་ནས་བཤད་པ་ཞིག་ཡིན་སྙམ་སོང་། འདི་ཡང་དབུས་གཙང་མངའ་རུ་ཕྱོགས་ཀྱི་སྐད་ཅིག་ཡིན་ཏེ། ཨ་ཕ་གྲོངས་བ་མ་ཡིན་པར་ཨ་བ་འཁྲུངས་པ་ཡིན་ཏེ། དོན་ནི་ དོན་ནི་ཕྲུ་གུ་བཙའ་བའི་དོན་ཡིན་ནོ། །
    ཁྱོད་ཀྱིས་དབུས་སྐད་ཅུང་ཙམ་རེ་བཤད་ཤེས་པ་མིན་ནམ། ཧ་ཧ་ཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese