ཟླ་འདིའི་ཚེས་ ༨ ནས་ཉིན་གཉིས་རིང་ལྡི་ལི་བོད་སྒར་བསམ་ཡས་གླིང་བརྒྱ་འཐུས་ལས་ཁུངས་དང་ས་གནས་གཞོན་ནུ། ས་གནས་བུ་མེད་བཅས་ཉམས་འབྲེལ་ཐོག་ལྡི་ལི་བོད་སྒར་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་སྐྱོ་བོའི་རིགས་ལ་རོགས་སྐྱོར་ཆེད། ཞལ་འདེབས་བསྡུ་སློང་གི་ལས་འགུལ་ཞིག་སྤེལ་ཡོད་ལ། ལས་འགུལ་དེའི་ཁྲོད་ཁྱོན་བསྡོམས་ཧིན་སྒོར་ ༤༠༠༠༠ ལྷག་དང་། གྱོན་ཆས་དང་ཉལ་ཆས་སོགས་ཀྱི་ཞལ་འདེབས་མང་པོ་འབྱོར་ཡོད་པ་རེད།
ལས་འགུལ་འདིས་སྐོར་ལ་ལྡི་ལི་བོད་སྒར་བརྒྱ་འཐུས་ལས་ཁུངས་ཀྱི་ལས་བྱེད་བློ་དགའ་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས་ངོ་སྤྲོད་གནང་དོན། ཉིན་འདི་འགར་ལྡི་ལི་ཁུལ་དུ་གནམ་གཤིས་ཧ་ཅང་གྲང་མོ་ཆགས་ཏེ། ལྡི་ལི་གཙོས་པའི་རྒྱ་གར་གྱི་ས་གནས་མང་པོ་ཞིག་ལ་གྲང་འཁྱག་གི་དཀའ་ངལ་ཤུགས་ཆེན་འཕྲད་ཀྱི་འདུག་ལ། ལྷག་པར་དུ་རྒྱལ་ས་ལྡི་ལི་ཁུལ་གྱི་སྡོད་ཁང་མེད་པའི་རྒྱ་གར་ཡུལ་མི་སྐྱོ་བོ་གང་མང་ཞིག་ལ་ཟ་མ་དང་གྱོན་ཆས། ཉལ་ཆས་སོགས་མེད་པར་ལྟོགས་ཤི་ཐེབས་བཞིན་འདུག བོད་སྒར་ཉེ་འཁོར་དག་ཏུ་ཡང་གྲང་ལྟོག་གིས་ཤི་བ་ཉིན་རེ་ལས་ཉིན་རེར་ཇེ་མང་རེད། དེར་བརྟེན། དེ་དག་ལ་ཁ་གསབ་དང་རོགས་སྐྱོར་ཀྱི་ཆེད་དུ་ཡིན་སྐོར་དང་། བསྡུ་རུབ་བྱས་པའི་ཞལ་འདེབས་ཧིན་སྒོར་ ༤༠༠༠༠ ཡོད་པ་དེས། སྡོད་ཁང་མེད་པའི་ཉམ་ཐག་དེ་དག་ལ་ཉལ་ཆས་དང་གྱོན་ཆས་ཉོ་རྒྱུ་ཡིན་སྐོར་བརྗོད་བྱུང་། །
གསར་འགྱུར་མཁོ་གཏོང་པ། ནེ་རོ་མཐོ་སློབ་ཀྱི་སློབ་ཕྲུག་ཤེས་རབ་རྡོ་རྗེ།
སྦྱིན་སོགས་རྣམས་དཀར་དགེ་བི་བྱ་བ་ཆེ་ཆུང་གང་ཡིན་ཡང་ཕྱོགས་རིས་མེད་པ་འདི་གལ་ཆེ
འདི་དགོས་ངེས་ཤིག་རེད་དེ་རང་རིགས་ལ་ལོ་རེ་ལས་ལོ་རེས་གོ་ཆགས་ཆེན་པོ་བྱུང་བཞིན་པ་འདི་ལས་ཀྱང་བོད་པ་ཚང་ལ་སྡུག་ཐོག་ལ་སྡུག་བཞག་པ་ཞིག་རེད། དེའི་ཕྱིར་རང་རིགས་ལའང་གྲ་སྒྲིག་ཡོད་དགོས་ངེས་རེད།