མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་ཅག་བོད་པའི་འཐབ་རྩོད་ནང་མཉམ་ཞུགས་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

གལ་སྲིད་བོད་ཀྱི་གནད་དོན་ཆབ་སྲིད་ཁོ་ན་ཞིག་ཡིན་ན། ངོས་ཀྱིས་ཇུས་གཏོགས་བྱེད་ཀྱི་མ་རེད། འོན་ཀྱང་བོད་དོན་སངས་རྒྱས་བསྟན་པ་དང་འབྲེལ་བ་ཆགས་ཡོད་དུས་ངོས་ཀྱིས་ཐེ་བྱུས་བྱེད་ཀྱི་ཡོད་ལ། ཁྱེད་ཚོས་ཀྱང་གདུང་སེམས་མཉམ་སྐྱེད་དང་འཐབ་རྩོད་ནང་མཉམ་ཞུགས་བྱ་དགོས།

ཕྱི་ཚེས་ ༡༢ ཉིན་༧གོང་ས་མཆོག་གིས་གནས་མཆོག་ཝ་ར་ཎ་སིར་བོད་ནས་བཀའ་ཆོས་ཞུར་བར་ཕེབས་མཁན་ ༡༨༠༠ ཙམ་དང་། ཧི་མ་ལ་ཡའི་རི་རྒྱུད་ནས་མི  ༧༠༠༠ གཙོས་པའི་འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་སུམ་ཁྲི་ ༣༠༠༠༠ ལྷག་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང་། སློབ་དཔོན་ཀ་མ་ལ་ཤིས་མཛད་པའི་སྒོམ་རིམ་བར་པའི་ཆོས་འབྲེལ་སོགས་མགོ་འཛུགས་གནང་ཡོད་ཅིང་། ཕྱི་ཚེས་ ༡༣ སྟེ་ཉིན་གཉིས་པར་༧གོང་ས་མཆོག་གིས་དགེ་སློབ་བར་གྱི་དམ་ཚིག་སྐོར་གསུངས་དོན། སེར་སྐྱ་མང་ཚོགས་ནང་དོལ་རྒྱལ་བསྟེན་མཁན་ཡོད་ན་དབང་ལ་མ་ཡོང་རོགས། གཞིས་ལུས་རྒྱ་ཆེའི་མི་མང་དང་བཙན་བྱོལ་དུ་ཡོད་པའི་བོད་མི་ཡིན་ནའང་རེད། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཡིན་ནའང་རེད། བོད་ཀྱི་ཆོས་རྒྱུད་འཛིན་མཁན་ཡོངས་ནས་ངོས་ཀྱིས་དགེ་སྐྱོན་གསལ་བཤད་བྱས་རྗེས་སོ་སོས་བསམ་བློ་བཏང་སྟེ། དེ་སྔ་བསྟེན་མཁན་ཁག་ཅིག་གིས་དོལ་རྒྱལ་བསྟེན་མཚམས་བཞག་སྟེ་ཧ་ཅང་ཡག་པོ་བྱུང་ཡོད། བོད་ནང་དུ་མང་ཆེ་བ་ཧ་ཅང་ཡག་པོ་ཡོད་སྟབས་གསལ་བཤད་དགོས་དོན་མི་འདུག ངོས་ཀྱིས་རྟག་པར་བཤད་དགོས་དོན་མེད་ཀྱང་ཁ་ཤས་ཀྱིས། ༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཀྱང་དོལ་རྒྱལ་སྐོར་ལ་གང་ཡང་གསུངས་མ་སོང་། གཅིག་བྱས་ནས་དེ་དཀྲོག་གཏམ་ཡིན་གྱི་རེད་ཅེས་བཤད་མཁན་འདུག ཁྲི་བྱང་རིན་པོ་ཆེ་དང་སྐྱབས་རྗེ་ཕ་བོང་ཁ་གཉིས་ནས་བསྟན་གྱི་ཡོད་ལ། དེའི་ཤུགས་རྐྱེན་འོག་ངོས་ཀྱིས་བསྟན་པ་རེད། ༡༩༧༠ ལོ་སྟོད་ནས་ངོས་རང་དོགས་པ་བྱུང་སྟེ། ཆོས་ཕྱོགས་ནས་བརྟག་དཔྱད་མང་པོ་བྱས་སྐབས་མ་འགྲིག་པ་མང་པོ་ཞིག་ཆགས་ཡོང་གི་ཡོད་སྟབས་བསྟེན་མཚམས་བཞག་པ་ཡིན། ཞེས་གསུངས།

ཕ་མེས་ཀྱི་ཆོས་ལུགས་ལ་འགྱུར་བ་མ་བཏང་ན་ཁེ་ཕན་ཡོད་པའི་སྐོར་ལ།  ངོས་ཀྱིས་འཛམ་གླིང་གི་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཚང་མར་གུས་ཞབས་བྱེད་ཀྱི་ཡོད་ལ།  ཆོས་བརྒྱུད་འཛིན་མཁན་ཚོས་ཀྱང་སོ་སོའི་ཆོས་བྱས་ནས་ཡག་གི་རེད། ཆོས་ལུགས་བརྗེ་ན་ཡག་པོ་མེད། ཅེས་བཤད་བཞིན་ཡོད།  ང་ཚོས་ཀྱང་སོ་སོའི་ཕ་མེས་ཀྱི་ཆོས་བརྒྱུད་འཛིན་ཐུབ་ན་ཡག་གི་རེད། ཡེ་ཤུའི་ཆོས་ལ་ཆ་བཞག་ན་འཛམ་གླིིང་མིའི་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུར་ཧ་ལས་པའི་ཞབས་འདེགས་སྒྲུབ་བཞིན་ཡོད་ཀྱང་། སྐབས་རེར་ཆོས་ལུགས་སྤེལ་རྒྱུའི་ལས་འགུལ་ཤུགས་ཆེན་ཡོང་བཞིན་འདུག  སོག་པོ་དང་ཀོ་རི་ཡར་མང་པོ་ཞིག་ཡེ་ཤུ་ཆོས་ལ་བསྒྱུར་ཚར་འདུག་ལ། ཝི་ཏི་ནམ་དུའང་། ལྷོ་བྱང་ཝི་ཏི་ནམ་ཡོད་སྐབས་སུ་བྱང་ཝི་ཏི་ནམ་གུང་ཁྲན་རེད། ལྷོ་ཝི་ཏི་ནམ་ཡེ་ཤུ་ཆོས་ལུགས་སུ་བསྒྱུར་འདུག ལྟ་གྲུབ་ཡོད་པའི་ཆོས་ལུགས་མེད་མཁན་གྱི་ས་ཁུལ་ཁག་ལ་ཡེ་ཤུའི་ཆོས་སྤེལ་ན་དགའ་བསུ་ཡོད། ལྷ་གསོལ་པ་ལས་ལྟ་གྲུབ་ཡོད་པའི་ཡེ་ཤུའི་ཆོས་བྱས་ན་ཡག་གི་རེད། ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་གཅིག་གི་ས་ཁུལ་ལ་ཆོས་ལུགས་གཞན་ཞིག་སྤེལ་ན་དཀའ་ངལ་རེད། ཧི་མ་ལའི་རི་རྒྱུད་ནི་ཕ་མེས་ནས་སངས་རྒྱས་པ་ཡིན་དུས་དེ་བདག་པོ་རྒྱག་རྒྱུ་གལ་ཆེན་རེད། ཆོས་ལུགས་མ་བསྒྱུར་ཞེས་པ་ཆོས་ལུགས་གཞན་ལ་གུས་ཞབས་མེད་པའི་སྐད་ཆ་མིན་པར། ཕ་མེས་ཀྱི་གཅེས་ནོར་ངོ་ཤེས་པའི་ཐོག་བདག་པོ་རྒྱག་རྒྱུ་གལ་ཆེན་རེད། ཅེས་གསུངས།  

 

ཕྱི་ཚེས་ ༡༣ ཉིན་༧གོང་ས་མཆོག་གིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མང་ཚོགས་ ༧༠༠༠ ཙམ་ལ་བོད་པའི་འཐབ་རྩོད་དེ་ཆབ་སྲིད་ཁོ་ན་མིན་པར་ཆོས་དང་འབྲེལ་བ་ཡོད་སྐོར་གསུངས་དོན། ངོས་ལ་ཆ་བཞག་ན་དགེ་སློང་ཞིག་ཡིན། བོད་ཀྱི་གནད་དོན་ནི་ཆབ་སྲིད་རྐྱང་པ་ཡིན་ན་ངོས་རང་དེའི་ནང་ཞུགས་ཀྱི་མ་རེད། ངོས་ཀྱིས་སྐབས་རེར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་གྲོགས་ཚོར། རབ་བྱུང་ན་དགེ་འདུན་པ་ཚོ་ཆབ་སྲིད་ནང་མ་ཞུགས་ན་ཡག་གི་རེད་ལབ་ཀྱི་ཡོད། བོད་པའི་རྩ་དོན་འཐབ་རྩོད་དེ་ཆབ་སྲིད་ཙམ་ཆགས་ཡོད་པ་མ་རེད། འོས་བསྡུ་ཚར་སྐབས་དགོན་པའི་ནང་གི་དགེ་འདུན་པ་ཚོས་གཅིག་གིས་གཅིག་ལ་མིག་ལོག་གིས་བལྟས་ཏེ་སྡོད་པའི་བཟོ་འདྲ་ཞིག་ཡོང་གི་འདུག དེ་ནི་ཆབ་སྲིད་བྱབ་ཆུང་རེད། མང་གཙོ་ཆ་ཚང་མ་ཆགས་གོང་ལ་དེ་འདྲ་ཡོང་གི་ཡོད། མང་གཙོའི་རྒྱལ་ཁབ་དེ་དག་ནང་འོས་ལངས་སྐབས་རྩོད་པ་ཤུགས་ཆེན་པོ་ཡོང་ཡང་། འོས་མི་ཐག་གིས་བཅད་རྗེས་ཕན་ཚུན་ལ་ལག་པ་གཏོང་རེས་བྱས་ཏེ་ཧ་ཅང་འཆམ་མཐུན་ཡོད། གལ་སྲིད་བོད་ཀྱི་གནད་དོན་ཆབ་སྲིད་ཁོ་ན་ཞིག་ཡིན་ན། ངོས་ཀྱིས་ཇུས་གཏོགས་བྱེད་ཀྱི་མ་རེད། འོན་ཀྱང་བོད་དོན་སངས་རྒྱས་བསྟན་པ་དང་འབྲེལ་བ་ཆགས་ཡོད་དུས་ངོས་ཀྱིས་ཐེ་བྱུས་བྱེད་ཀྱི་ཡོད་ལ། ཁྱེད་ཚོས་ཀྱང་གདུང་སེམས་མཉམ་སྐྱེད་དང་འཐབ་རྩོད་ནང་མཉམ་ཞུགས་བྱ་དགོས། ཞེས་གསུངས་འདུག  

དེ་རིང་ཕྱི་ཚེས་ ༡༤ ཉིན་༧གོང་ས་མཆོག་གིས་ཝེ་ཏི་ནམ་དང་སོག་པོ། ཀོ་རི་ཡ། ཉི་ཧོང་། སི་ཕན། ཊི་ཊ་ལི། ཐེ་ཝན་བཅས་ནས་ཕེབས་པའི་ཆོས་ཞུ་བ་ ༡༨༠༠ ཙམ་ལ་བཀའ་སློབ་གནང་དོན། ལྟ་གྲུབ་ཀྱི་ཆ་ནས་ཆོས་ལུགས་ཕན་ཚུན་བར་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་ལ་དེ་ནི་ང་ཚོར་དགོས་ངེས་ཤིག་ཀྱང་ཆགས་ཡོད།  སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་དགོས་དབང་གིས་ལྟ་གྲུབ་ཀྱི་རྣམ་བཞག་འགལ་ཟླ་ཡིན་པ་མང་པོ་གསུངས་ཡོད། ལོ་ངོ་སྟོང་ཕྲག་རིང་འཛམ་གླིང་ས་ཕྱོགས་འདྲ་མིན་དུ་ཡུལ་སྲོལ་གོམ་གཤིས་དང་། གནམ་གཤིས། འཚོ་བ་སྐྱེལ་སྟངས་མི་འདྲ་བ་ཡོད་པ་དེར་རང་བཞིན་གྱིས་བསམ་བློ་མི་འདྲ་བ་ཡོད་པ་ལས་བྱུང་རེད། ཡེ་ཤུའི་ཆོས་གྲོགས་ཚོས་སྟོང་པ་ཉིད་སྐོར་ལ་དོ་སྣང་བྱེད་སྐབས། ངོས་ཀྱིས་དེ་ནི་ནང་པའི་ལས་ཀ་ཡིན་པ་ལས་ཁྱེད་ཚོའི་ལས་ཀ་མ་རེད། ཅེས་བརྗོད་ཀྱི་ཡོད། ནང་ཆོས་ནས་གསུངས་པའི་སྟོང་ཉིད་ཀྱི་ལྟ་བ་དེ་ཡེ་ཤུའི་ཆོས་པ་ཚོས་འཛིན་པའི་འཇིག་རྟེན་བཀོད་པ་པོ་འདོད་པའི་བསམ་བློ་དེར་གནོད་ཀྱི་ཡོད་ཀྱང་། ནང་པ་ཚོས་ཡེ་ཤུའི་ཆོས་ལུགས་ནས་གསུངས་པའི་བསླབ་བྱ་མང་པོ་ལེན་དགོས་ཀྱི་ཡོད། ཆོས་ལུགས་མ་བསྒྱུར་བར་ཕན་ཚུན་བློ་བསྐྱེད་ལེན་རྒྱུ་མང་པོ་ཡོད་ནའང་། ཕ་མེས་ནས་ནང་པ་ཡིན་མཁན་ཚོས་རང་གི་ལེགས་བྱང་གི་རིན་ཐང་དེ་ཤེས་ཐུབ་དགོས་ཀྱི་ཡོད། ཅེས་གསུངས་ཡོད་འདུག

 གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༩ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ང་ཅག་ནི། ༸གོང་ས་མཆོག་ཁྱེད་དང་མཉམ་དུ་འཁོར་བ་ཇི་སྲིད་མ་སྟོང་བར་དུ་བོད་དོན་འཐབ་རྩོད་ལ་བཞུགས་ཟིན་ཏོ། །

    Reply
  2. བསེ་རུ། says:
    ལོ་ 15 སྔོན།

    “ཁྲི་བྱང་རིན་པོ་ཆེ་དང་སྐྱབས་རྗེ་ཕ་བོང་ཁ་གཉིས་ནས་བསྟན་གྱི་ཡོད་ལ། དེའི་ཤུགས་རྐྱེན་འོག་ངོས་ཀྱིས་བསྟན་པ་རེད།”

    བསྟན། བསྟེན།
    བསྟན། བསྟེན།

    ཁྲི་བྱང་རིན་པོ་ཆེ་དང་སྐྱབས་རྗེ་ཕ་བོང་ཁ་གཉིས་ནས་བསྟེན་གྱི་ཡོད་ལ། དེའི་ཤུགས་རྐྱེན་འོག་ངོས་ཀྱིས་བསྟེན་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese