མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་བགྲེས་ཡོལ། – སྐྱོ་བྲག་དགའ་དབང་།

བོད་ཀྱི་དུས་བབ།
༢༠༡༡/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཁོང་རིང་མིན་བགྲེས་ཡོལ་ཆ་ཚང་དུ་ཕེབས་རྒྱུའི་ཐུགས་འདུན་ཡོད་པའི་བཀའ་ནན་སྔ་རྗེས་སུ་བསྩལ་བ་དེས། དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་སྐྱབས་མེད་མགོན་མེད་ཀྱི་ཚོར་སྣང་ལྟ་བུ་སྐྱེས་ཏེ། ཚོགས་སྒེར་མང་པོས་གཏན་བཞུགས་གནང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་ཀྱིན་ཡོད་ནའང་། སྔ་རྗེས་སུ་བསྩལ་བའི་བཀའ་སློབ་རྣམས་དང་། ལྷག་པར་ཉེ་དུས་ཝཱ་རཱ་ཎ་སཱིར་ཆོས་ཞུ་བ་རྣམས་ལ། ངོས་རང་ཕྱེད་རྒན་ཡོལ་ཞེས་པ་དེ་ཕྱི་ལོ་ ༢༠༠༡ ནས་ཡིན་ལ། ད་ཆར་ད་དུང་ངོས་ཀྱིས་སྲིད་འཛིན་གྱི་མིང་འཛིན་ལྟ་བུ་བྱས་ཏེ། ཡིག་ཆ་དེ་འདྲ་ལ་མིང་རྟགས་འགོད་རྒྱུས་མཚོན་པའི་ལས་འགན་འགའ་རེ་ཡོད་པ་དེ་དག་བསྒྱུར་བཅོས་གཏོང་དགོས་ཀྱི་འདུག །ཅེས་བསྩལ་བ་དང་། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས། བོད་ནས་གསར་དུ་འབྱོར་བ་རྣམས་ལ། འབྱུང་འགྱུར་ཕྱི་ཟླ་ ༣ པའི་ནང་བགྲེས་ཡོལ་ཆ་ཚང་ཕེབས་རྒྱུ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་གནས་བབ་ཐོག་༧གོང་ས་མཆོག་གིས་ཐུགས་འགན་བཞེས་མི་དགོས་རྒྱུའི་བཀའ་བསྩལ་ཡོད། ཅེས་གསུངས་པ་རྣམས་ལ་བལྟས་ན་ཏན་ཏན་ཁོང་བགྲེས་ཡོལ་དུ་ཕེབས་གནང་གི་རེད།

 

ཁོང་བགྲེས་ཡོལ་དུ་ཕེབས་པའི་དགོས་དམིགས་ཡེ་ཤེས་དབྱིངས་དཔྱད་ཡིན་པའི་རྒྱུ་མཚན་གྱིས་ང་ཚོས་དཔྱིས་ཕྱིན་ཞིག་ཤེས་པར་དཀའ་ནའང་། ཕར་བལྟས་ཚོད་ལ། རྒྱ་ནག་གཞུང་གི་ཕྱི་ནང་གསང་བའི་བྱེད་བབས་གང་ཐད་ནས་གནས་སྐབས་རིང་བོད་དོན་ཐག་གཅོད་མི་ཡོང་བ་མངོན་གསལ་དུ་གྱུར་པས། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་འདི་ཡུན་གནས་ཡོང་ཆེད་གཞོན་སྐྱེས་རྣམས་ལ་སྤྱི་ཡོངས་ནས་བརྒྱུད་སྤྲོད་བྱས་ཏེ་འགན་འཁུར་གྱི་སྦྱོང་བརྡར་བྱ་བཅུག་པ་དང་། རྒྱ་རིགས་གདུལ་བྱའི་གཙོ་བོར་བྱས་པའི་ཤར་ནུབ་ཀྱི་ཡུལ་གྲུ་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་འཁོར་སྔར་ལྷག་གིས་བསྐོར་ཏེ། གོང་ས་ལྷ་མིའི་རྣམ་འདྲེན་གྱི་མཚན་གནས་མཐར་ཕྱིན་པ་ཞིག་དང་། ཆབ་སྲིད་ཀྱི་རྙོག་མིང་འདྲ་མིན་མེད་པའི་གོ་སྐབས་དང་བསྟུན་ཏེ་ཕ་ཡུལ་བོད་དང་། རྒྱ་ནག་གི་ས་ཆ་རྣམས་སུ་ཆིབས་སྒྱུར་བསྐྱང་ཐུབ་པའི་འབད་འབུང་གནང་རྒྱུ་མ་ཚད། རི་བོ་ཧི་མ་ལ་ཡའི་ལྷོ་ཕྱོགས་ཀྱི་རི་སུལ་ཡས་མས་རྣམས་སུ་ཕེབས་བཞུགས་ཀྱིས་མདོ་སྔགས་ཀྱི་ཉམས་ལེན་དཔྱིས་ཕྱིན་གནང་བས་ཉམས་རྟོགས་གོང་འཕེལ་དུ་མཛད་དེ། དེང་སྐབས་འཛམ་གླིང་ཐོག་གླེང་སློང་ཆེ་གྲས་ཡིན་པའི་ཁོང་གི་ཡང་སྲིད་གོང་ས་བཅོ་ལྔ་པའང་གང་ཟག་གཞན་པའི་ཐག་གཅོད་ལ་ལྟོས་འདུག་མི་དགོས་པ། ཀརྨ་པ་སྐུ་ཕྲེང་ན་རིམ་རྣམས་ཀྱི་ལུགས་ལྟར། འདའ་ཁའི་ཞལ་ཆེམས་རང་གིས་ཁྲི་ལ་འཁོད་ཐུབ་པ་ཞིག་གནང་བ་སོགས་ཡིན་སྲིད།

 

ཁོང་བགྲེས་ཡོལ་དུ་ཕེབས་རྗེས་ནམ་རྒྱུན་གྱི་འཛིན་སྐྱོང་ལ་ཇུས་གཏོགས་དང་། གླེང་རྙོག་ཆུང་ཚེགས་ཐག་གཅོད་མི་དགོས་པ་དེས། བོད་མི་སྤྱི་ཡོངས་ཀྱི་ངོས་ནས་གུས་མཐོང་སྔར་བས་ཆེ་རུ་འགྲོ་ངེས་ཤིང་། ཁོང་གིས་གཞི་རྩའི་བོད་མིའི་བདེ་སྡུག་ནམ་ཡང་བློས་གཏོང་གནང་མི་སྲིད་པའི་ཕྱིར་ན། ཁོང་གི་སྐུ་ཚེ་ཞབས་པད་བརྟན་རིང་ང་ཚོའི་མགོན་སྐྱབས་ཀྱི་ལྷ་དང་། ལམ་སྟོན་གྱི་ཉི་མ་མེད་པ་ཡོང་གི་མ་རེད། ཁོང་བགྲེས་ཡོལ་དུ་ཕེབས་པའི་སྐུ་ཚབ་ནི། ཁོང་གིས་བོད་དོན་ཐད་ཡུན་རིང་སྐུ་ལས་བསྐྱོན་པའི་གྲུབ་འབྲས་གཙོ་བོ། ཆོས་སྲིད་ཟུང་འབྲེལ་གྱི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཡིན་ཅིང་། འདི་ཉིད་བོད་མི་ཁག་གཅིག་ལྟར་བོད་དོན་ཁ་ལ་ཁྱེར་ཞོར་དགྲ་གྱོད་ཀྱི་ནང་དུ་གཡུག་མ་བཞག་པར། བོད་དོན་གྱི་རྩ་བའི་སྲོག་གནད་དུ་ཤེས་པའི་རྩི་མཐོང་གིས་ཡུན་གནས་དང་ཡར་རྒྱས་ཡོང་ཐབས་ལ་འབད་ན་དེ་གས་ཆོག་བསྡད་ཡོད། འདི་ལས་ལྷག་པའི་སྐུ་ཚབ་ཅིག་རྙེད་ཐབས་མེད་ལ་དགོས་དོན་ཀྱང་མེད་དོ། །

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 7

  1. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    བབ་འོས་བགྱིས་ན་ལས། མ་རྟོག་ལོག་རྟོག་གིས་གང་སར་ལག་པ་འཆང་དགོས་དོན་མི་འདུག

    ༼ཁ་གཏད་རྒྱ་ཕྱོགས་མཁྲེགས་དབང་༽གིས་ཟེར་བ་ལྟ་བུའི་བསམ་ཚུལ་འདི་རིགས་གང་དུ་འཐེན་ཆོག་ཆོག་ཅིག་ཡིན་སྟབས། ཁ་ཙམ་ལས་ནང་མ་སྟོང་བ་ཞིག་ལབ་དགོས་ཀྱི་རེད།

    དེ་མིན་༧གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱོགས་གཞན་དཔེ་མཚུངས་བསྡུར་མི་དགོས་པའང། ༧སྟོན་པ་རང་ཉིད་བསྟན་པའི་ནང་དོན་ལ་མངའ་བརྙེས་པས་རེད།

    དཔེར་ན། འདི་ལོའི་ལོ་འགོར་རྒྱ་རིགས་ཚོར་དྲ་ལམ་ནས་བཀའ་བསྩལ་བ་ལྟར་རོ།

    Reply
  2. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    དྲྭ་གྲོགས་ལྷ་མོ་དོན་གྲུབ་ལགས། བོད་ཀྱི་དུས་བབ་ཁང་ནས། ༸གོང་ས་མཆོག་བགྲེས་ཡོལ་དུ་བཞུགས་འོས་མིན་སྐོར་ལ་འོས་ཤོག་བསྡུས་ནས་བགྲེལ་ཡོལ་དུ་ཕེབས་བཞེད་བཞིན་གནང་བར་མོས་མཐུན་གནང་མཁན་བརྒྱ་ཆའི་བརྒྱད་ཅུ་ཟིན་པ་བདུན་ཕྲག་སྔོན་མའི་དུས་བབ་ཚགས་ཤོག་ཏུ་བཀོད་ཟིན་པ་རེད།

    Reply
  3. ཁ་བའི་གྲང་ངར། says:
    ལོ་ 15 སྔོན།

    སྤྱི་འཐུས་ནས་༸གོང་ས་མཆོག་གྲེས་གཡོལ་དུ་མི་ཕེབས་རོགས་ཞུས་པར་བློ་ཕམ་ཡོད། སྤྱི་འཐུས་ལྷན་རྒྱས་ནས་རྩོམ་འདིར་བསམ་བློ་ཞིབ་ཚགས་ཤིག་ཐོངས་རོགས། ༸གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བསྲ་བརྟན་དང་རང་མགོ་རང་འཐོན་བཟོ་རྒྱུའི་ཐབས་ཤེས་མཛད་བཞིན་པ་འདིར་ཟམ་གདོང་རིན་པོ་ཆེ་ལྟར་སྤྱི་འཐུས་ནས་ཀྱང་རྒྱབ་སྐྱོར་གནང་གལ། ཕྲན་གྱིས་སྔ་མོ་ནས་རྒྱབ་སྐྱོར་ཆ་ཚང་ཞུ་ཡི་ཡོད།

    Reply
  4. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    བོད་ཀྱི་དུས་བབ་ཁང་ནས། ༸གོང་ས་མཆོག་བགྲེས་ཡོལ་དུ་བཞུགས་འོས་མིན་སྐོར་ལ་འོས་ཤོག་ཅིག་བསྡུས་ན་ག་འདྲ་འདུག

    Reply
  5. གཅེན་པོ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་ངེས་པར་དུ་བགྲེས་ཡོལ་དུ་ཕེབས་དགོས། ཁོང་བགྲེས་ཡོལ་དུ་ཕེབས་ན་དགེ་མཚན་ཤིན་ཏུ་ཆེ། བོད་ཀྱི་གནད་དོན་འཕྲལ་མར་མི་འགྲུབ་ཀྱང་བོད་དོན་ཐོག་ཕ་ཚ་བུ་རབས་བརྒྱུད་ནས་འཛིན་དགོས་པ་དང་དེ་ཉིད་མི་ཉམས་རྒྱུན་འཛིན་བྱེད་སའི་ས་གནས་དང་གཞུང་ཅིག་ངེས་པར་དུ་དགོས་པས། ད་ལྟ་༧གོང་ས་མཆོག་བཞུགས་ཡོད་པའི་སྐབས་ནས་བོད་ཀྱི་དབུ་འཁྲིད་ཞིག་ཡོད་ན་གཞུང་གི་འགྲོ་སྟངས་རྣམས་ཚགས་ཚུབ་པོ་ཡོང་བ་དང་ལྷག་པར་དུ་༧གོང་ས་མཆོག་གློ་བུ་ར་གཤེགས་ཀྱང་གནང་དག་མེད་པར་བརྟན་པོར་གནས་ཐུབ། དེ་མིན་གོང་ས་མཆོག་བཞུགས་པའི་སྐབས་འདིར་ཁོང་དགོངས་པ་མ་རྫོགས་བར་དུ་བོད་ཀྱི་དབུ་འཁྲིད་གནང་ཞེས་གསོལ་བ་འདེབས་ན་ཁོང་ཞིང་དུ་ཕེབས་རྗེས་ག་འདྲ་གནང་གི་ཡིན་ནམ། ཡང་ན་ཁོང་བསྐལ་བརྒྱར་སྐུ་མི་གཤེགས་པར་བཞུགས་ཀྱི་རེད་དམ། ཁོང་སྐུ་མི་གཤེགས་པར་དུ་གསོལ་བ་རང་འདེབས་ནས་བོད་ཀྱི་དབུ་འཁྲིད་གནང་དགོས་ལབ་བསྡད་ན་ཉིན་གཅིག་༧གོང་ས་མཆོག་སྐུ་གཤེགས་པ་དང་བོད་ཕྱི་ནང་གཉིས་སུ་གཏན་གཏན་གནས་ཚུལ་ངན་པ་ཞིག་ལྷག་གི་རེད།
    ད་དུང་༧གོང་ས་མཆོག་ནས་ཏན་ཏན་གྱི་ཁོང་གི་ཡང་སྲིད་འདི་ཡིན་ཞེས་པའི་ཕྱག་ཡིག་ཞིག་མ་གནང་ཚེ་དེ་ནས་བོད་འདི་གོང་ས་མཆོག་གི་ཡང་སྲིད་ཐད་ལ་གནད་དོན་ཆེན་པོ་ཞིག་ལྷག་ཡོང་བ་མངོན་གསུམ་རེད། བོད་ཕྱི་ནང་གཉིས་ནས་རེ་རེ་ཡོང་གི་རེད་ལ་དེའི་ཐད་ལ་ཆོས་རྒྱུད་ཁག་དང་ཆོལ་ཁའི་བར་དུ་གནད་དོན་མང་པོ་ཞིག་ལྷག་གི་རེད། རབ་བྱུང་ན་༧གོང་མཆོག་གིས་ངའི་ཡང་སྲིད་འདི་ཡིན་ཞེས་དང་ཡང་ད་ནས་བཟུང་ཡང་སྲིད་མེད་ཞེས་གསུངས་ན་ཡག་ཤོས་རེད། བོད་ཀྱི་དབུ་འཁྲིད་ནི་བཀའ་ཁྲིས་གནང་གི་རེད་ལ་ཆོས་ལུག་ཁག་ནི་སོ་སོའི་དགེ་བཤེས་དང་མཁན་པོ་གྲུབ་དབང་རྣམས་ཀྱི་སྐྱོང་གི་རེད། བོད་གཞུང་རང་ལ་ཆོས་ལུགས་མེད་ཀྱང་མཆོག

    Reply
  6. pema karpo says:
    ལོ་ 15 སྔོན།

    སྐྱོ་བྲག་དགའ་དབང་ལགས་སུ་༽. ཀརྨ་པ་འདའ་ཁའི་ཞལ་ཆེམས་རང་གིས་ཁྲི་ལ་འཁོད་ཐུབ་པ་སོགས་༽ ་ཞེས་ཁ་གསལ་མཚན་འཁོད་མེད་འདུག་། དེར་རྟེན་སི་ཏུ་ཞ་དམར་གཉིས་ཀའི་ཀརྨ་རྣམ་གཉིས་ལ་ངོ་འཛིན་ཞུས་ན་ཆོག་གམ་??????????ཆོག་ན་གང་དགེ་ཞུ་རྒྱུ་། དེ་མིན་གཅིག་རང་རེད་ཟེར་ནས་གསུངས་རྒྱུ་འདྲ་ཡོད་ན་། ????!

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གི་བགྲེས་ཡོལ། – སྐྱོ་བྲག་དགའ་དབང་། ལགས་ཀྱི་རྩོམ་འདི་རྨད་དུ་བྱུང་བ་རེད་འདུག་པས། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་ལགས། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese