མདང་ནུབ་དང་ད་ནང་ཞོགས་པ་གཉིས་ལ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱ་གར་བ་གཉིས་སྡོད་པའི་རླངས་འཁོར་ཞིག་ལྡི་ལི་ནས་ཕྱིར་ངྷ་སར་ཡོང་བཞིན་པའི་སྐབས་སུ། ཧི་མ་ཅལ་མངའ་སྡེའི་ཨོ་ནཱ་ Una རྒྱ་གར་ཞིབ་བཤེར་ས་ཚིགས་ཀྱི་ལྟ་སྲུང་བས་སྔོག་བཤེར་བྱས་སྐབས། རླངས་འཁོར་ནས་ཧིན་སྒོར་དངུལ་རྐྱང་འབུམ་ ༡༠༠ ལྷག་ཅིག་ཐོན་ཡོད་འདུག
ཉེན་རྟོག་པས་རྒྱ་གར་བ་དེ་གཉིས་འཛིན་བཟུང་གིས་འདྲི་རྩད་བྱས་སྐབས་ཁོང་གཉིས་ཀྱིས། དངུལ་དེ་རྣམས་ལྡི་ལི་མན་ཇི་ཌི་ལཱའི་སྒེར་གྱི་དངུལ་ཁང་ཞིག་ནས་བླངས་བ་དང་། དེ་ནི་རྒྱལ་བ་ཀརྨ་པའི་ཞབས་འབྲང་བ་གྲྭ་རབ་རྒྱས་ཆོས་བཟང་གིས་ངྷ་སའི་རྒྱ་གར་བ་བྷ་རཱ་ཌི་ཝ་ཇི་KP Bharadwajཞེས་པའི་ལག་ནས་ས་ཆ་ཉོས་ཏེ་དགོན་པ་རྒྱག་འཆར་ཡོད་སྟབས། ངེད་གཉིས་དངུལ་འདི་དག་ཁོང་ལ་སྤྲོད་དགོས་ལུགས་བརྗོད་ཡོད་འདུག
ཁ་སང་རྒྱ་གར་ཉེན་རྟོག་པ་ངྷ་སའི་ཉེ་འགྲམ་གྱི་དཔལ་རྒྱལ་བ་ཀརྨ་པའི་བཞུགས་གནས་རྒྱུད་སྟོད་དགོན་པར་ཕྱིན་ཏེ། རབ་རྒྱས་ཆོས་བཟང་གི་སྡོད་ཁང་དང་ཀརྨ་པའི་ལས་ཁུངས་སོགས་སྔོག་བཤེར་བྱས་སྐབས། རྒྱ་སྒོར་དང་ཨ་སྒོར། དབྱིན་སྒོར། ཉི་ཧོང་། ཐེ་ལན་ཌི། ཨོ་སི་ཌི་ལི་ཡ་སོགས་རྒྱལ་ཁབ་ ༢༠ ལྷག་གི་དངུལ་སྒོར་ཕོན་ཆེན་ཐོན་ཡོད་འདུག་ཅིང་། ཁྱོན་བསྡོམས་ཧིན་སྒོར་འབུམ་ ༢༠༠ ལྷག་གི་མ་གནས་ཆགས་ཡོད་འདུག
གནས་ཚུལ་ནང་མུ་མཐུད་བཀོད་དོན། ད་ལྟ་གྲྭ་རབ་རྒྱས་ཆོས་བཟང་ཡང་རྒྱ་གར་ཉེན་རྟོག་པས་བཀག་ཉར་འདྲི་རྩད་བྱེད་ཀྱིན་ཡོད་འདུག་ལ། ཧི་མ་ཅལ་ཉེན་རྟོག་པ་ཚོ་ངྷ་ས་དང་ཨམ་བྷ་ལཱ། ཅན་ཏི་ངྒར། ལྡི་ལི་སོ་སོར་ཆེད་དུ་གནད་དོན་འདིའི་ཐད་རྩད་ཞིབ་བྱེད་པར་བཏང་ཡོད་པ་མ་ཟད། རྒྱ་གར་དབུས་གཞུང་གི་ལྷན་ཁང་ ( Enforcement Department and Income Department) བཅས་སུ་ཡང་གནས་ཚུལ་སྙན་གསེང་ཞུས་ཡོད་འདུག
རྒྱ་གར་ཉེན་རྟོག་པ་དག་གིས་དོགས་གཞི་བྱེད་ཡུལ་གཙོ་བོ་ནི། ཐེངས་འདིར་རྒྱལ་བ་ཀརྨ་པ་དང་འབྲེལ་བའི་དངུལ་ཕོན་ཆེན་དེ་འདྲ་ཞིག་ཕྱིར་ཐོན་པ་དེའི་ཡོང་ཁུངས་ཁྲིམས་མཐུན་ཡིན་མིན་གྱི་གནད་དོན་དེ་ཡིན་འདུག་ལ། ཉེན་རྟོག་པས་བརྗོད་པ་ལྟར་ན། དགོན་པར་སྔོག་བཤེར་བྱེད་སྐབས་ཀརྨ་པ་ཁོང་བཞུགས་ཡོད་ཀྱང་། ཁོང་དང་ཕྱག་རོགས་ཚོས་སྐད་ཆ་ཅི་ཡང་བཤད་མ་སོང་། རྗེས་ཕྱོགས་གནད་དོན་འདིའི་ཐད་ནས་སྐད་ཆ་འདྲ་འདྲི་དགོས་ཐུག་ཚེ། ཀརྨ་པ་ལ་ཐད་ཀར་སྐད་ཆ་འདྲི་རྒྱུ་ཡིན་ཞེས་བརྗོད་འདུག
གོང་གསལ་གནད་དོན་དེའི་ཐད། གསར་འགོད་པས་རྒྱལ་བ་ཀརྨ་པ་མཆོག་གི་གཉེན་འབྲེལ་བཀྲ་ཤིས་འགྱུར་མེད་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིའི་རྒྱ་གར་ཉེན་རྟོག་པའི་ཞིབ་བཤེར་ཁྲོད། བླ་བྲང་ནས་རྒྱལ་ཁབ་འདྲ་མིན་གྱི་དངུལ་སྒོར་ཕོན་ཆེན་ཞིག་ཕྱིར་ཐོན་པ་དེ་ནི། འཛམ་གླིང་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་ཚོས་བསྔོ་རྟེན་དང་སྐྱབས་རྟེན་ལ་ཕུལ་བ་དག་རེད། གནས་སྐབས་རིང་དངུལ་གྱི་འཛའ་ཐང་ཡག་པོ་མེད་པ་སོགས་ཀྱི་དབང་གིས་ཧིན་སྒོར་ལ་བརྗེ་བསྒྱུར་བྱ་མ་ཐུབ་པར་ལྷག་བསྡད་ཡོད་པ་དེ་རེད། དེ་རིང་བོད་གཞུང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་སོགས་ཕེབས་ཏེ་གནད་དོན་དེར་བཀའ་བསྡུར་གནང་མུས་རེད། ད་ལྟ་གསར་ལམ་ཁག་ཏུ་གནས་ཚུལ་སྣ་ཚོགས་ཤིག་འཐོན་བཞིན་ཡོད་སྟབས། མི་འགྱངས་པར་བླ་བྲང་རང་ནས་རྒྱ་གར་ཉེན་རྟོག་པ་དང་། མང་ཚོགས་ལ་ཁུངས་སྐྱེལ་ར་སྤྲོད་གསལ་བོ་ཞིག་བྱ་འཆར་ཡོད་པ་རེད། ཅེས་བརྗོད་བྱུང་།
གསར་འགོད་པ། བནྡེ་སྐྱབས།
སྒོར་མོ་དེ་ཙམ་ཡོད་པ་ལ་ཧང་སང་དགོས་པ་གང་ཡང་མེད། དོན་རྐྱེན་དེ་མ་བྱུང་བའི་ཉིན་ཤས་སྔོན་བོད་ནས་གསར་དུ་འབྱོར་བ་ཞིག་གིས་བསྔོ་རྟེན་དང་སྐྱབས་ཁོ་ནའི་ཆེད་རྒྱ་སྒོར་ཉིས་སྟ
སྤྱི་པོ་༢༠༡༠ལོར་རྒྱལ་ཁབ་འདྲ་མིན་Angola (Cameroon) (Uganda) (Democratic Republic of Congo) ། (Rwanda) (Somalia) འདི་ཚོའི་གཙོས་པའི་རྒྱལ་ཁབ་འདྲ་མིན་ཁག་ནས་གསར་འགོད་པ་མང་པོ་ཞིག་རྐྱེན་ལམ་དུ་བཏང་བ་དང་འཇུ་བཟུང་བྱས་གྲངས་གྱི་མེད། ལོ་གསར་པ་འདི་ནང་དུ་འཇུ་བཟུང་དགོས་པ་དང་ཤོས་དེ་ནི་ Z news གསར་འགོད་པའི་གཙོས་དོན་མེད་འཆལ་གཏམ་གཤད་མཁན་ཚོ་ཡིན།
དེའི་སྔོན་དགེ་རྒན་ཞིག་གིས་ང་ལ་འདི་ལྟར་རྗོད་མྱོང། ཇག་པ་དཀར་ནག་གཉིས་ཡོད་རེད་ཟེར། དེ་དངོས་གནས་རེད་འདུག། དཔེར་ན་ད་རེས་Z news ལྟ་བུར་ཆགས་བཞག་ན། དཔང་རྟགས་དང་ཁུང་ལུངས་གང་ཡང་མེད་པའི་འཁྱལ་གཏན་འདྲ་མིན་གསར་ལམ་རྒྱུད་ནས་བསྒྲགས་པ་ལྟ་བུ་རེད།
ཉེ་ཆར་དཔལ་རྒྱལ་བ་ཀརྨ་བའི་བླ་བྲང་ནང་གི་དངུལ་ལོར་ཕན་ཆེན་ཕྱི་རུ་ཐོན་པའི་གནས་ཚུལ་གསར་འགྱུར་ལམ་ཁག་ཏུ་ཧ་ལས་ཧང་སང་མདོག་གི་གླེང་བཞིན་འདུག།། དེ་ནི་རིན་པོ་ཆེ་ཁོང་གི་སྐྱོན་ཡིན་དང་ཡང་ན་ཁོང་གི་ཡིག་ཚང་ནང་གི་ལས་བྱེད་གང་རུང་བ་ཞིག་གི་སྐྱོན་ཡིན་གསལ་ཁ་གང་ཡང་མི་འདུག།། རྒྱལ་ཁབ་གང་ཡིན་རུང་དངུལ་ལོར་ཕོན་ཆེན་པོ་དངུལ་ཁང་མ་བརྒྱུད་་པར་དངུལ་རྐྱང་ཁྱེར་བ་ནི་ཁྲིམས་འགལ་ཡིན་པ་དེ་སུས་ཀྱང་འགེབས་མི་ཐུབ།
དངུལ་ཕོན་ཆེན་དེ་འདྲ་ཡོངས་ཁུང་ནི་སུས་བཤད་ཀྱང་འཛམ་གླིང་ཤར་ནུབ་གང་ནས་ཁོང་གི་སློབ་མ་དང་དད་ལྡན་པ་གྲངས་ཀྱི་མི་ལངས་བས་དད་པའི་རྟེན་ཏུ་ཕུལ་བ་ངོས་འཛིན་བྱས་ཆོག། ། འོན་ཀྱང་མི་ལ་ནག་ཉེས་མེད་ཟེར་བ་སུས་ཀྱང་བཤད་མི་ཕོད། རྒྱལ་བ་ཀརྨ་བའི་ལས་ཁུང་ནང་གི་ལས་བྱེད་ཁག་ཅིག་གི་བྱས་ཉེས་ཤོར་བ་ཐག་ཆོད་རེད། དེ་དག་གི་ཁྲོད་ན་རྒྱ་ནག་གི་རྒྱུགས་ཁྱི་རེ་ཟུང་མེད་པའི་ངེས་འང་མི་འདུག།། གནད་དོན་འདི་བོད་མི་རྩམ་ཟིན་པ་སུ་ཡིན་རུང་བརྟག་དཔྱད་ཡག་པོ་དང་ནན་ཏན་བྱེད་རྒྱུ་དེ་གལ་ཆེན་རེད། མི་རིགས་ཤིག་གི་ལ་རྒྱ་དང་རྩ་དོན་ལ་ཐུག་ཡོད་པས་སྣང་མེད་དུ་འཇོག་མི་རུང་ལ་གཞུང་གི་དབང་འཛིན་པ་ཁག་ཅིག་གིས་རྫུན་རྐུབ་དེ་ལས་ཀྱང་འགེབས་ཐབས་མེད།
བོད་མི་དམངས་སྤྱི་འཐུས་ཁག་ཅིག་ཀརྨ་བའི་བླ་བྲང་ལ་བཅར་བ་ལེགས་མོད་ཀྱང་མི་ཆེན་གྱི་ངོར་ཚིག་མི་བཞོག་པའི་གནས་སྟངས་འདི་ཧ་ཅང་གི་ཐབས་སྐྱོ་བའི་གནས་སུ་གྱུར་འདུག།། དམངས་གཙོ་དང་རང་དབང་ཁ་རུ་ཁྱེར་ནས་ལས་ཀ་བྱེད་སྟངས་འདིར་ཁ་སྐྱེངས་དགོས་བ་ཞིག་རེད། བྱེད་སྟངས་འདི་ལ་ལྟོས་དང་རྒྱལ་ཁབ་ཞིག་གི་ཆབ་སྲིད་ཀྱི་དབང་འཛིན་པ་ཞིག་གིས་བྱེད་སྟངས་རེད་དམ། རྒྱལ་བ་ཀརྨ་བའི་ལས་ཁུང་ལ་ཞིབ་འཇུག་བྱེད་རྒྱུའི་དབང་ཚད་ཡོད་ཚེ་ལེགས་ཉེས་བདེན་རྫུན་གྱི་དབྱེ་བ་ཡག་པོ་འབྱེད་དགོས། ཉེས་བ་དང་ནོར་འཁྲུལ་སུ་ཡིས་བྱས་ཡོད་ན་ཉེད་ཆད་དང་གནས་དབྱུང་གཏོང་དགོས་བར་མཐོང་། དེ་མིན་བོད་སྤྱི་དང་དཔལ་རྒྱལ་བ་ཀརྨ་བའི་མཚན་སྙན་ལ་གནོད་པའི་ལས་འདི་འདྲ་འབྱུང་འགྱུར་ཡང་ཡོངས་སྲིད་པས་གང་གཟབ་གནང་དགོས་བར་མཐོང་། བཙན་བྱོལ་གཞུང་འདིར་རྒྱལ་ཁབ་ཞིག་དང་རང་དབང་དམངས་གཙོ་སོགས་ཀྱི་ཆ་རྐྱེན་ཚང་བ་ཞིག་ཡོད་ན་ད་ཐེངས་ཀྱི་གནད་དོན་འདིར་ཁྲིམས་ལུགས་གཞིར་བཟུང་གིས་ཞིབ་བཞེར་བྱེད་དགོས། བོད་པའི་བྱེད་སྟངས་ཤིག་དང་སྐུ་དྲག་གི་སྲིད་ཇུས་ངན་པ་ཞིག་གིས་ཉེས་བ་སྦས་གསང་བྱེད་པ་འདི་དེང་སྐབས་བཙན་བྱོལ་བོད་གཞུང་དམངས་གཙོའི་གཞུང་ཞིག་ལ་མཚོན་ན་ཤིན་ཏུ་ཐབས་སྐྱོ་བོ་རེད།
མ་གཞིར་སྤྱི་འཐུས་ཚོས་གསར་འགོད་གསལ་བསྒྲགས་གནང་དུས་ཅིའི་ཕྱིར་རྒྱ་གར་གྱི་གསར་འགོད་སྐད་མ་བཏང་ཡིན་ནམ། རྙོག་འཛིང་འགོ་རྩོམ་མཁན་རྒྱ་གསར་འགྱུར་བརྒྱུད་ལམ་ཁག་ཡིན་པ་ལས་བོད་པའི་གསར་འགྱུར་དང་ཚགས་ཤོག་ཁག་མེན་ཤས་ཆེ།
དེ་རིང་གི་གསར་འགྱུར་ཁག་ཅིག་གི་ནང་རྒྱ་གར་གསར་འགོད་པས་༧གོང་ས་མཆོག་ལ་ཡང་འདིའི་སྐོར་བཀའ་འདྲི་ཞུས་འདུག།
རྒྱལ་བ་ཀརྨ་བའི་དངུལ་ཁོངས་འདེད་པ་ནི་གོང་ས་མཆོག་གིས་བོད་གཞུང་གི་དངུལ་ཟོས་ཡོད་མེད་གླེང་བ་དང་གཅིག་པ་རེད། བོད་མི་དམངས་ལ་འདི་ལས་ལྷག་པའི་བརྙོས་བཅོས་བྱེད་སྟངས་ཞིག་ཡོད་པ་མ་རེད། རྒྱ་གར་ཆེ་མཐོའི་ཁྲིམས་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ལ་ཡང་ཁྲིམས་ཁང་ཞིག་ཡོད་ན་ཁྲིམས་གཏུགས་བྱེད་རན་གདའ། སྔོན་ཆད་ཕོ་བྲང་ནང་དུ་རྒྱ་གར་ཡུལ་མི་ལྡུག་རྩིས་བྱས་པའི་སྐབས་ལ་ང་ཚོའི་གཞུང་ཡུལ་གཞན་ལ་སྐྱབས་བཅོལ་དུ་ཕེབས་རྩིས་བྱས་པ་རེད། ད་དེ་རིང་སྔར་ལས་འཐུ་བའི་བརྙས་བཅོས་བྱས་བྱུང་བས་ཨ་ཁ་ཁ། ད་བོད་མི་དམངས་ནས་ཁོང་སྲུང་སྐྱོབ་བྱེད་པ་མ་མཐོང་བས། བརྙེས་བཅོས་ཚད་མེད་འཁུར་བཞིན་པའི་ངའི་རྒྱལ་བ་ཀརྨ་བ་མཆོག་ཞིང་གཞན་ལ་ཕེབས་རོགས། དེ་མིན་ན་ཨ་རི་ལྟ་བུ་ཞིག་ལ་ཕེབས་རོགས་ཞུ།
ངས་གནས་ཚུལ་ཁ་ཤས་བསལ་བཤད་མ་བྱས་ན་བོད་མི་བློ་རྨོངས་བ་ཁ་ཤས་དང་ལམ་ལུགས་སྲོལ་མི་ཤེས་པ་ཁ་ཤས་ཀྱི་དཔལ་ཀརྨ་པ་ལ་ཐེ་ཝན་དང་ཧོང་ཀོང་ཉེ་ཧོང་སོགས་རྒྱ་རིགས་ལུང་པ་གཞན་གྱིས་་དད་ལྡན་ཆོས་ཞུ་པས་་འབུལ་ཕུལ་བའི་ཀྲུང་སྒོར་རས་དཀར་པོ་་ལ་ཐུམ་རྒྱབ་པ་འདི་དག་རྒྱ་མི་གུང་གྲན་གྱི་གཞུང་དང་འབྲེལ་བ་་ཡོད་པ་ལ་དོག་པ་བྱེད་བཞིན་འདུག་པས་དེ་ནི་འདི་ལྟར་རྩ་བ་ནས་མིན་་་་་་་་་་་་་ང་ཚོ་བོད་ལུགས་དགོན་སྡེ་ཚང་མར་རང་གི་བླ་མ་ལ་འབུལ་བ་ཕུལ་སྐབས་དངུལ་དམར་དད་ཀར་་འཕུལ་མི་རུང་བ་ཞིག་རེད་དེར་བརྟེན་དགོན་སྡེ་་ཕལ་ཆེ་བས་རས་དཀར་པོ་་ལ་ཐུམ་རྒྱབ་ནས་ཕུལ་བཞིན་ཡོད་པས་ར་འཕྲོད་བསལ་པོ་ཞེ་དྲགས་རེད་་་་དེ་བཞིན་རྒྱ་རིགས་ལུང་པ་གཞན་མང་པོར་ཡང་དངུལ་དམར་ལག་ཏུ་བརྔན་པར་སྤྲོད་སྲོད་མེད་དངོས་པོ་ཡང་དཔང་པོ་བྱེད་བཞིན་པར་་་་རྒྱ་གར་ནག་རིལ་བོད་བཙོང་པ་འདི་ཚོ་ཅི་ལབ་གི་ཡོད་རེད་
གནས་ཚུལ་དེ་སྒེར་ལ་ལྷག་པ་ཞིག་མ་རེད། དེ་ནི་ངེད་སྐྱབས་བཅོལ་བ་ཡོངས་ལ་ལྷག་པའི་གནས་ཚུལ་རེད་དེར་བརྟེན་ད་རེས་ང་ཚོས་ཐབས་ཤེས་ཡོད་རྒུ་བསྟོན་ཏེ་དཀའ་ངལ་དེ་དག་སེལ་ཐབས་བྱེད་དགོས། རང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་དག་གིས་རྒྱ་གར་གྱི་གསར་འགྱུར་རྫུན་མ་དེ་རྣམས་ལན་ཞིག་གནང་རོགས་ཤེས་སྙིང་དབུས་ནས་རེ་བ་ཞུ།།
ཁ་ཤས་ཤིག་གིས་གནས་ཚུལ་དེ་ཁ་བརྡའི་སྒང་ལ་ཁྱབ་སྤེལ་བྱེད་བཞིན་འདུག་པ་ལ་ལྟོས་ན་རྒྱ་གར་གྱི་ཉེན་རྟོག་པ་ལ་གསང་བའི་གནས་ཚུལ་སྤྲོད་མཁན་ཡང་བོད་རིགས་རང་ཡིན་པ་འདྲའོ།།།
རྩོམ་སྒྲིག་པ་གཙོས་པའི་དྲ་གྲོགས་ཚོས་གསུངས་པར་མོས་མཐུན་ཡོད།ང་ཚོས་འཛུབ་མོ་ལྔ་བཅངས་ཀྱི་ཁུ་ཚུར་བྱེད་དགོས་པ་ལས་།རང་བཅད་ན་རང་ཐུང་བྱེད་དང་།རང་བཞོག་ན་རང་འཕྲ་བྱེད་ཡིན་ཡིན་པས་ནམ་ཡང་བྱ་མི་རུང་།འོན་ཀྱང་བླུན་པོ་ཕག་འདྲ་བའི་ཕྱག་མཛོད་དེ་དག་ལ་དེ་ཙམ་དགོས་ངེས་ཡིན་།།
ད་ཐེངས་དོན་རྐྱེན་འདི་ནི་རྒྱལ་དབང་ཀརྨ་པ་མི་གཅིག་གི་གྱོང་རྒུད་ཡིན་ན་དེ་ཙམ་ཧ་ལས་ཧང་སོང་རྒྱུ་མེད་པར་སེམས། ཡིན་ན་ཡང་འདིས་རྐྱེན་ཏེ་རྒྱལ་སྤྱིས་བོད་ལ་བལྟ་སྟངས་དང་བོད་རིགས་དགེ་འདུན་པ་གཞན་ལ་ཡང་དོན་མེད་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཚད་ལྡན་ཞིག་ཐེབས་རྒྱུ་ཡིན་པས། རྗེས་སུ་རྨོང་ཞེན་རྐྱང་རྐྱང་གི་ལམ་ཁ་ནས་རྫིག་རྫིག་དང་རྣམ་འགྱུར་ཙམ་གྱིས་དོན་དག་མི་འགྲུབ་པའི་ཤེས་རྟོགས་དང་གོ་རྟོགས་ཡོང་བའི་རེ་བ་ཡོད། དེ་ལྟ་མིན་ན་བོད་མི་སྤྱི་བྱིངས་ལ་གྱོང་རྒུད་རབ་དང་རིམ་པས་ཐེབས་རྒྱུས་ཉེན་ཁ་ཡོད། ཀརྨ་པ་མཁྱེན
སྤྱི་འཐུས་ཚོགས་གཙོས་གསུངས་དོན་བཞིན་དཔལ་རྒྱལ་བ་སྐར་མ་རིན་པོ་ཆེ་མཆོག་གི་དོན་དེའི་སྒང་ལ་ཐུགས་འབྲལ་དེ་ཙམ་གནང་གི་མི་འདུག་ཞེས་ཐོས་བྲལ་ཡིད་སེམས་བདེ་བར་གྱུར། རྒྱལ་བ་སྐརྨ་པ་མཆོག་སྐུ་ཁམས་བདེ་བར་བཞུགས་ཤིག ཁྱེད་ཀྱི་སྐུ་རྒྱབ་ཏུ་ང་ཚོ་བོད་མི་མང་ཡོད། ང་ཚོས་རྒྱ་གར་གྱི་གཞི་མེད་གཏམ་འཆལ་བཤད་མཁན་གྱི་ Znews ལ་སོགས་པའི་གསར་ལམ་ཁག་ལ་ནམ་ཡང་ཡིད་ཆེས་མེད། སྐརྨ་པ་རྒྱས་གྱུར་ཅིག
དཔལ་རྒྱལ་བ་ཀརྨ་པའི་འབྲེལ་ཡོད་ཞིག་ནས་གནས་ཚུལ་དེ་འདྲ་ཞིག་ཐོན་པས་བློ་ཕབ་བྱུང།
དེ་རིང་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་འབྲེལ་ཡོད་ཞིག་ནས་གནས་ཚུལ་འདི་འདྲ་ཞིག་ཐོན་པ་ནི་ང་ཚོ་བོད་མི་ཡོངས་ལ་གེགས་ཆགས་རེད་མ་གཏོགས་སྐུ་སྒོས་ལ་མཚོན་ན་ཞེ་དྲག་ཚབས་ཆེ་མ་རེད། དེ་འདྲ་སོང་ཙང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་ཀྱང་གནས་ཚུལ་དེའི་རིགས་ལ་དོགས་ཟབ་གནང་རོགས་ཞུ།
ད་རེས་ཀྱི་དོན་རྐྱེན་འདིའི་ཐོག་ནས་བོད་མི་ཚོས་ཤེས་དགོས་རྒྱུ་ཞིག་ལ། གཞན་ཡུལ་ནས་དུས་ནམ་ཡང་རང་ཡུལ་བྱས་ཏེ་ལྷོད་ལྷོད་ཅིག་སྡོད་ས་མེད་པ་དེ་རེད། མྱུར་ཏུ་ང་ཚོ་རང་ཡུལ་རང་ས་ལ་ལོག་ཐབས་བྱ་རྒྱུ་དྲན་རན།
རྒྱ་གར་གྱི་ཛིའི་གསར་འགྱུར་ལས་ཁང་ནས་གནས་ཚུལ་བཀོད་གསལལྟར་བྱས་ན་ནི། Karmapa cash haul: Chinese link found II
Evidence emerging during investigation indicated that the currencies of China, Japan, the US, the UK, Australia, Thailand and several other countries recovered from Gyuto Monastery in Dharamlsala have come from Chinese sources. འབྱུང་ཁུངས་རྒྱ་ནག་ནས་ཡིན་པའི་རྡ་ས་རྒྱུད་སྟོད་དགོན་པའི་ནང་ནས་རྙེད་པའི་ཕྱི་རྒྱལ་གྱི་དངུལ་ལོར་རྒྱ་ནག་དང་། ཉིན་ཧོང་། ཨ་རི། དབྱིན་ཇི། ཨོ་སེ་ཀྲོ་ལིཡ། ཐ་ལེན་ཌ་སོགས་འགའ་ཤས་ནས་བྱུང་བ་བརྟག་དཔྱད་ར་སྤྲོད་བཞིན་པ་སོགས་དང་ཡང་།
Karmapa cash haul: Chinese link found III
Sources said investigators have found that such funds regularly keep coming to the Tibetan religious leader and he could be part of a Chinese design to help Beijing control all Buddhist monasteries located in the Himalayan region beginning from Ladakh in Jammu and Kashmir to Tawang in Arunachal Pradesh
བརྟག་དཔྱད་མཁན་གྱིས་བརྗོད་གསལ་ལྟར་ཀརྨ་པའི་དངུལ་གྱི་འབྱུང་ཁུངས་རྒྱ་ནག་ནས་ཡིན་པ་ཤེས་རྟོགས་ཐུབ་པ་དང་། རྒྱ་ནག་པེ་ཅིང་གཞུང་གིས་ཇུས་འགོད་ལྟར་ཁོང་རྒྱ་ནག་གིས་ཧི་མ་ལ་ཡའི་ནང་པའི་དགོན་སྡེ་ཁག་ལ་དབང་བསྒྱུར་བྱེད་ཆེད་ལྟར། དེ་ཡང་མགོ་ལ་དགས་ནས། ཇ་མུ། ཀ་ཤི་སྨིར། རྟ་དབང་བཅས་ཨ་རུ་ན་ཅལ་གྱི་ཁུལ་གྱི་ས་ཁུལ་བཅས་སུ། ཞེས་གང་བྱུང་མ་ཉེས་དང་འུར་སྒྲ་སྒྲོག་བཞིན་འདུག
ཆེས་རླབས་ཆེན་གྱི་སྐྱེས་བུ་དམ་པ་དཔལ་༸ རྒྱལ་བ་ཀརྨ་པ་མཆོག་ནི་རྒྱ་གར་དང་བོད་མི་རིགས་འདི་གཉིས་ལ་ཕན་རླབས་ཆེན་པོ་སྐྲུན་མཁན་ཞིག་ལས་ཞབས་འདྲེན་ཞུ་མཁན་གཅིག་རྩ་བ་ནས་མིན།
གཞུང་དང་། ཚོགས་པ། མི་དམངས་བཅས་ཚང་མས་འགན་འཁུར་མཉམ་ལེན་བྱེད་དགོས་ལ་རླབས་ཆེན་གྱི་སྐྱེས་བུ་ཁོང་ལ་དེ་འདྲའི་ནག་ཉེས་གཅིག་འགེལ་དུས་ཚང་མས་མཉམ་རུབ་བྱེད་དགོས།
འོད་ཟེར་པོད་ཁུག་ལས། གནས་ཚུལ་ཁ་ཤས་ནས་བཤད་པ་ལྟར་ན། རྒྱ་ཕྱོགས་ནས་དཔལ་རྒྱལ་བ་ཀརྨ་པར་འཛིན་པའི་སྲིད་ཇུས་ལངས་ཕྱོགས་ཐད། ད་ཆ།
རྒྱ་གར་བརྒྱུད་རིན་པོ་ཆེར་གནོན་ཤུགས་སྤྲོད་ཐབས་རེམ་བཞིན་ཡོད་ཟེར། འདིའི་
དམིགས་ཡུལ་ནི། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོགཡང་གཅིག་ཕྱིར་མ་ཐོན་རང་
ཐོན་བཟོ་འདོད་པ་རེད། འོ་ན། སླར་ཡང་ཕྱོགས་གང་དུ་ཐོན་དགོས་པ་རེད་ཟེར་ན། རྒྱ་ཕྱོགས་ནས་ཐོག་མཐའ་བར་གསུམ་དུ་ཀརྨ་པ་རིན་པོ་ཆེ་མཆོག་ལམ་ནོར་ལྡོག་ཤེས་དང་། ཁ་བསྐོར་ཤེས་ན་སྐམ་སར་ཐོན་ཟེར་བ་ལྟ་བུའི་རེ་བ་རྒྱག་གི་ཡོད་པས་རེད།
ངོ་མ་རྒྱ་གར་བའི་གསར་འགྱུར་རྒྱུད་ལམ་ཁག་ནས་མ་ཉེས་ཁག་གཡོག་གི་གནས་ཚུལ་གསལ་ཁ་མེད་གང་མང་ཐོན་ཡོང་དུས། ཤེས་ལྡན་པ་དང་རྒྱུས་ཡོད་དག་གིས་ངེས་བར་དུ་གསལ་ཁ་རེ་བྱེད་རོགས།
དེ་ནི་སེམས་ཁྲལ་དེ་འདྲ་བྱེད་དགོས་ས་ཞིག་མ་རེད། ལྷག་པར་དུ་རྒྱལ་ཁབ་འདྲ་མིན་གྱི་དངུལ་རིགས་བླ་བྲང་ནས་ཐོན་པ་འདིའི་དད་འབུལ་དང་སྔོ་རྟེན་ཞལ་འདེབས་སོཊ་ཡིན་པར་བརྒྱ་ཆ་99་བདེན་དཔང་བྱས་ཡོད།
འོན་ཀྱང་སེམས་ཁྲལ་ཅུང་ཞིག་ཡོད་ས་དེ་རྒྱ་གར་པ་འགས་མིག་ཚ་བ་ཡིན་མིན་གྱི་དོགས་པ་དེ་རེད། ཡིན་ཡང་ངས་བལྟས་ན་དེར་དེ་འདྲའི་གནད་དོན་ཞིག་མཐོང་གིན་མི་འདུག ཡུན་གྱིས་འགྲིག་འགྲོ་གི་རེད།
སྤྱིར་རྒྱལ་གར་བདེ་སྲུང་མི་སྣ་འདི་ལྟར་ཁྲིམས་མེད་ལུགས་མེད་ངང་དགོན་པའི་ནང་འཛུལ་ནས་བསྔོགས་བཤེར་བྱས་པ་ཁྲིམས་དང་འགལ་ཡོད་པ་རེད། གང་འདོད་དགོན་པའི་ནང་འཛུལ་ནས་བསྔོགས་བཤེར་དང་བཙན་འཕྲོག་བྱས་མི་རུང་། དགོན་པ་ལ་བསྔོ་རྟེན་དང་བསྔོ་སྨོན་སོགས་རིགས་འདྲ་མིན་གྱི་ཡོངས་ཁུངས་ཡོད་སྟབས་གང་བྱང་བྱེད་མི་ཆོག གལ་སྲིད་རྒྱ་གར་ཡུལ་མིའི་དགོན་པ་ཞིག་གི་ནང་བདེ་སྲུང་བས་དེ་ལྟར་བྱས་ཚེ་མི་དམངས་ནས་གཞུང་ལ་རྙོག་གླེང་དང་ངོ་རྒོལ་གནམ་ས་འགུལ་བ་ཞིག་བྱེད་ངེས་ཡིན། དགོན་པའི་ནང་གང་བྱུང་བསྔོགས་བཤེར་བྱེད་མི་ཆོག་པ་འདི་གནད་འགག་ཡིན།
རྩོམ་སྒྲིག་པས་གསུངས་པར་མངོན་པར་བསྟོད་དོ།
ཟླ་ཚེས་དེ་ནི་ངན་པ་དགུ་འཛོམས་ཏེ།
༡་་་དངུལ་འཁྱེར་དུས་དང་པོའི་ཉེར་དྲུག་ནི་དམ་དྲགས་ཆེ་བའི་ཉིན་དང།
༢་་དངུལ་འཁྱེར་མཁན་གཞན་མི།
༣་་འཁྱེར་ལུགས་དངུལ་རྐྱང།
༤་་ཕྱག་མཛོད་མདོ་མེད།་་་འཛམ་གླིང་གི་འགྲོ་སྟངས་མི་ཤེས་མཁན།
༥་་་ཞབས་ཕྱི་ལེ་ལོ།་་ཡུལ་ཁྲིམས་ལ་དོ་སྣང་མེད་པ།
༦་་དགྲ་བོའི་མགོ་ལོ་རྒོད་ལོ།
༧་་གསར་འགོད་པ་ནམ་ལང།
༨་་་བོད་མིའི་བསོད་ནམས་ཁ་བྲི།
༩་་་མི་རྣམས་དངུལ་ལ་དགའ་བའི་དུས་ཚོད།
འདི་དག་དུས་གཅིག་ཏུ་ཚངས་བས་མ་བྱུང་བ་ཡིན།
རྒྱུགས་པ་ལེབ་བརྡུང་མི་བྱེད་པའི་རེ་བ་ཞུ་རྒྱུ་ལས་གཞན་བྱེད་ཐབས་བྲལ།
མགྱོགས་མྱུར་ཐག་གཅོད་གཙང་སེལ་ཡོང་པའི་རེ་བ་དང་བཅས་སྨོན་ལམ་ཞུ་བཞིན་ཡོད།
རྒྱལ་བ་ཀརྨ་པས་བོད་ནང་གི་ཅི་འདྲ་འདྲའི་ཐོབ་དང་གོ་ས་མཆིལ་མ་བཞིན་བོར་ནས། རྒྱ་ནག་པོར་རྒྱབ་གཏོད་དང་།༸གོང་ས་མཆོག་གི་ཕྱག་རོགས་དཔུང་འདེགས་ཡོང་རྒྱུར་དམིགས་ཏེ་ཧི་མ་ལ་ཡའི་འཁྱགས་གླིང་བརྒལ་བ་ཙམ་གྱིས། བོད་དོན་དྲིལ་བསྒྲགས་དང་ཕན་དམིགས་ཅི་ཙམ་ཡོད་པ་ང་ཚོ་ཚང་མས་ཧ་གོ་སླ། དེས་ན། དོན་གནད་འདི་བཙན་བྱོལ་བོད་གཞུང་དམངས་ནས་དག་འབུད་དང་དཀར་འདོན་སླད་ངེས་པར་ཤུགས་རྒྱག་དགོས། །
རྒྱ་གར་གྱི་གསར་ལམ་གདེངའཇོག་དང་མཐོང་ཞེ་དྲག་མེད་མཁན་༼ZNEWS༽སོགས་སུ་དོན་འདིར་རྒྱ་གྲགས་སྤུར་གྲགས་བྱེད་ཀྱིན་འདུག་པ་མ་ཟད། བཀུར་འོས་ཚོགས་གཙོ་མཆོག་ལའང་བཀའ་འདྲི་བྱས་འདུག ད་དུང་མཆོག་སྤྲུལ་ཀརྨ་པ་མཆོག་ལའང་བཀའ་འདྲི་ཞུ་རྒྱུ་ཡིན་རབ་སོགས་གླེང་གིན་འདུག་སྟངས་ཀྱིས། ༧གོང་ས་མཆོག་ལའང་རྒྱ་གར་བ་ཚོས་བཀའ་འདྲི་ཞུ་རྒྱུ་ནི་ཐེ་ཚོམ་མི་དགོས་པ་ཞིག་རེད།
བྱེད་སྟངས་འདི་དག་གི་བརྒྱབས་ནས་རང་ཅག་གངས་ཅན་པ་ཚོར་དོན་དམ་གྱི་སེམས་ཁུར་དང་ངོས་འཛིན་གནང་སྟངས་ཤིག་མཐོང་རྒྱུར་ཚང་མས་གྲུང་ཤ་དོད་པོ་གནང་དགོས་པ་མ་ཟད། རྒྱ་ཕྱོགས་ནས་བྱེད་ཕྱོགས་འདྲ་མིན་སྤེལ་སྟེ་དོན་འདི་བེད་སྤྱོད་གཏོང་རྒྱུའང་གདོད་མི་ཟ་བ་ཞིག་ཡིན་སྟབས། བོད་རིགས་ཚང་མས་གཟབ་གཟབ་བྱེད་དགོས་ཀྱི་འདུག
རྩོམ་སྒྲིག་པ་ལགས་ཀྱིས་གསུངས་པར་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད་ལ་བོད་རིགས་ཡོད་དོ་ལྕོགས་འགན་མཉམ་འཁྱེར་གྱིས་ད་ལམ་རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་ནས་མ་ཉེས་ཁག་གཡོག་གིས་གནས་ཚུལ་འདྲ་ིམ་བཤཽད་བཞིན་པར་ཤེས་ལྡན་རྣམས་ཀྱིས་དུས་ཐོག་གསར་འགྱུར་འགོ་འཛིན་སོགས་ལ་ཡི་གེ་ལས་མ་བྱུང་ན་ཡང་འབུལ་ཐབས་བྱས་ན་དགེ་མཚན་ཆེ་བ་མ་ཟད་གནས་ཚུལ་དེ་རིགས་མེད་པར་ཞི་འཇམས་ཡོང་རྒྱུར་ཚང་མས་དགོངས་བསམ་བཞེས་རོགས།
དྲ་གྲོགས་ཡོངས་ལ་འབོད་སྐུལ་ཞུ་རྒྱུར། ཐེངས་འདི་ནི་དཔལ་རྒྱལ་བ་ཀརྨ་པའི་བླ་བྲང་ཙམ་དུ་མ་ཟད། བོད་སྤྱི་བར་ཕོག་པའི་གྱོང་གུད་ཆེན་པོ་ཅིག་དང་། ཡང་སྒོས་ཕུགས་རྒྱང་རིང་པོའི་བོད་པའི་རྩ་དོན་ཐོག་གི་འགལ་རྐྱེན་ཞིག་ཏུ་འགྱུར་ཉེན་ཡོད་སྟབས། ཚང་མས་གདོང་སེམས་མཉམ་སྐྱེད་ཀྱིས་གཅིག་རྒྱབ་གཅིག་ལངས་དང་། གཅིག་མཇུག་གཉིས་སྡོམ་གྱིས་ཆེན་པོ་ཆུང་ཆུང་དང་། ཆུང་ཆུང་མེད་པ་བཟོས་ཐབས་ལ་འབད་བརྩོན་གནང་རྒྱུ་གལ་ཆེ་ལ། ལྷག་པར་དུ་ཉིན་འདི་འགར་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་བདེན་མིན་ཅི་རིགས་ཤིག་ཡོང་གི་ཡོད་སྟབས། གནས་ཚུལ་ཆེན་པོ་བཟོ་མཁན་དག་གི་རྗེས་སུ་བརྒྱུགས་ཏེ་གཅིག་མགོར་གཉིས་བཏགས་ཀྱིས་དཀྲོགས་གཏམ་རིགས་ལ་ཐུགས་གཟབ་གནང་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེ།
གནས་ཚུལ་འདི་རིགས་ནི་ང་ཚོའི་དགྲ་ཁ་གཏད་རྒྱ་གཞུང་གི་འདོད་ཐོག་ཡིན་པ་མ་ཟད། བོད་ཀྱི་བླ་སྤྲུལ་དང་བོད་པ་ཆ་རྐྱེན་ཕྲན་བུ་ཡག་པོ་ཡོད་མཁན་རིགས་ལ་མི་དགའ་མཁན་དང་། བོད་རིགས་སྤྱི་ལ་ལྟ་སྟངས་མི་ལེགས་ཚོར་གོ་སྐབས་ཤིག་ཆགས་ཡོད་སྟབས། ང་ཚོས་དགྲ་དགའ་གཉེན་སྡུག་ཏུ་མ་སོང་བ་ཞིག་དང་། མེ་སྟག་ཕུ་ཐུང་ནང་ནས་གསོད་ཐུབ་པ་ཤིག་ངེས་པར་དུ་གནང་དགོས། ལྷག་པར་དུ་བོད་རིགས་ནང་ཁུལ་ནས་ཀྱང་གྲུབ་མཐའ་ལུང་ཚན་དང་། སྒེར་གྱི་དགའ་སྐྱོ་ཆགས་སྡང་གི་ཟུར་ཙམ་ཡང་མི་སྟོན་རྒྱུ་གཅེས། འདི་ལ་ཚང་མུས་ཐུགས་བསམ་བཞེས་ཏེ་བརྡ་འཕྲིན་བརྒྱུད་ལམ་ཁག་ཙམ་དུ་མ་ཟད། དགའ་བོ་ཉེ་བོ་དང་། ཐ་ན་ནང་མི་ཕན་ཚུན་བར་ལ་ཡང་ཁུངས་མེད་ལུང་མེད་དང་མགོ་འཚོས་མིན་གྱི་གསུང་མོལ་རིགས་མི་གནང་རྒྱུ་མཁྱེན། མཁྱེན། མཁྱེན།
བོད་རིགས་བླ་བྲང་དང་ཚོང་པ་ཚང་མས་གཟབ་གཟབ་བྱེད་དགོས་འདུག
དངུལ་ནང་དུ་མི་འཇོག་པར་ཐབས་ལམ་གཞན་མ་འཚོལ་དགོས་པའི་དུས་ལ་བབས་པ་རེད།
འདི་ནི་བརྡ་གཏོང་བྱ་སྐད་དང་པོ་དེ་རེད།
ཧི་མ་ཅལ་མངའ་སྡེའི་བློན་ཆེན་ནས་བོད་ཀྱི་དགོན་པ་དང་ཚོགས་སྡེ་སོགས་ལ་ཞིབ་འཇུག་བྱེད་དགོས་བྱུང་ཚེ་བྱེད་ཀྱི་ཡིན་ཅེས་བཤད་འདུག་པ་་་་་་་་
ད་གཟབ་གཟབ་བྱེད་དགོས།
ངོ་མ་བྱེད་ན་བོད་ཀྱི་བླ་མ་གཅིག་གིས་བྱེད་བབས་ལ་གཞིགས་ཏེ་བོད་རིགས་བླ་གྲྭ་ཡོངས་ལ་བསྔོག་བཤེར་བྱེད་ཚེ་དེ་ནི་ཏུབ་ཚོད་རང་རེད།
དེ་ལྟར་ན་རྒཡ་གར་བ་གཅིག་གིས་རྐུན་མ་བརྐུས་ན་རྒྱ་གར་བ་ཚང་མའི་ལག་ལ་ལྕག་སྒྲོག་རྒྱབ་རྒྱུ་ཡིན་ནམ།
ཨ་ཁ་་་་་་་་་
ད་ཡང་ན་རྒྱ་འོག
ཡང་ན་རང་བཙན།
ཡང་ན་དབུ་མ།
གང་ལྟར་ངེས་གཏན་གྱི་ས་ཞིག་བཟུང་རན་མི་འདུག་གམ།
ཀརྨ་པ་མཁྱེན་ཁྱེད་ལ་སྐུ་བགེགས་འདི་འདྲ་བྱུང་བ་ནི་སྔོན་ལས་ནི་ཡིན་རྒྱུ་མ་རེད།
ནང་བཀྲ་མ་ཤིས་ན་ཕྱི་རུ་འབྱུང་རྒྱུ་འདི་འདྲ་ལས་ཡོང་རྒྱུ་མེད།
ཁྱེད་ཀྱི་གསང་གསུམ་ལ་མི་མཐུན་འགལ་རྐྱེན་ཚབ་ཆེན་མི་འཕྲད་པའི་སྨོན་ལམ་ཡོད།
སྒྲུབ་བརྒྱུད་བསྟན་པའི་བདག་པོ་དཔལ་༸ རྒྱལ་བ་ཀརྨ་པ་མཆོག་ནི་བོད་ཀྱི་ལོ་རྒྱུས་དང་། བོད་བརྒྱུད་ནང་བསྟན་། བོད་མི་རིགས། བོད་ཀྱི་ཆབ་སྲིད། བོད་ཀྱི་རིག་གཞུང་། བོད་ཀྱི་སྤྱི་ཚོགས། བོད་མིའི་ལ་རྒྱ། བོད་མིའི་སྤོབས་པ་སོགས་གང་ས་སྤྱི་ཐད་ནས་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་དང་རླབས་ཆེན་ཞིག་ཆགས་ཡོད།
དང་པོ།
དཔལ་༸ རྒྱལ་བ་ཀརྨ་པ་དུས་གསུམ་མཁྱེན་པ་ནས་ཀརྨ་པ་སྐུ་ཡི་འཕྲེང་བ་ ༡༧ པ་ཆེན་པོ་མཆོག་གི་བར་ཁྱོན་མི་ལོ་ ༩༠༠ ཙམ་གྱི་རིང་ལ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སོགས་ཕྱོགས་སར་མཛད་རྗེས་རླབས་ཆེན་བཞག་ཡོད་པ་ལས་ཞབས་འདྲེན་རྩ་བ་ནས་བཞུས་མྱོང་མེད་སྟབས། སྐྱེས་མཆོག་ཁོང་གིས་རྒྱ་ནག་གུང་ཁྲན་ཏང་དང་ངན་པ་ལག་སྤྲེལ་རྩ་བ་ནས་གནང་མི་སྲིད་ལ་ཕྱི་ནང་བོད་རིགས་མི་དམངས་ཡོངས་ཀྱི་ངོས་འཛིན་གཅིག་གྱུར་བྱེད་ཐུབ་པ་ཞིག་ཡིན།
གཉིས་པ།
ཨ་རི་དང་། ཡོ་རོབ། ཉི་ཧོང་། ཀོ་རི་ཡ། ཐེ་ལན་ཌ། རྒྱ་ནག རྒྱ་གར། བལ་ཡུལ་སོགས་འཛམ་གླིང་ཡུལ་གྲུ་གང་ས་ནས་དད་ལྡན་མང་ཚོགས་ཀྱི་བསྔོ་རྟེན་དང་། སྐྱབས་ཞུ། ཞལ་འདེབས་སོགས་གནང་བ་ལས་ཁྲིམས་འགལ་གྱིས་མང་དངུལ་བསྡུ་རུབ་གནང་བ་ཞིག་གཏན་ནས་མིན།
ཡིན་ནའང་རྒྱ་ནག་སྐམ་ས་ཆེན་པོ་དང་། ཐེ་ཝན། སིང་ག་པུར་སོགས་བརྒྱུད་ནས་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་། ཀརྨ་པའི་དབར་། བོད་རིགས་མི་དམངས་དང་དཔལ་ཀརྨ་པ་མཆོག་གི་དབར། རྒྱ་གར་གཞུང་དང་ཀརྨ་མཆོག་གི་དབར་སོགས་ཕན་ཚུན་ཡིད་ཆེས་དང་། ཆ་འཇོག བརྩི་བཀུར་མི་ཡོང་སླད། ནང་དཀྲུགས་སོགས་སློང་ཆེད་དུ་རྒྱ་མིའི་དངུལ་ལོར་དངོས་ཤུགས་བརྒྱུད་གསུམ་ནས་གཏོང་སྲིད་སྟབས་རྒྱ་གར་དབུས་གཞུང་གིས་ཞིབ་འཇུག་མཐིལ་ཕྱིན་བྱེད་དགོས།
གསུམ་པ།
ཀརྨ་པ་མཆོག་གི་ཡིག་ཚང་ནང་དྲུང་ཆེ་དང་། ལས་བྱེད། གསོལ་དཔོན། མགྲོན་གཉེར་སོགས་ཞབས་འབྲིང་གནང་མཁན་ཚོར་ཤེས་ཡོན་དང་། འཇོན་ཐང་། ཐབས་ཇུས། ཀླད་པ་སོགས་ཕྱོགས་ས་ནས་ལྡང་ངེས་ཤིག་མེད་སྟབས་དཔལ་ཀརྨ་པའི་ཡིག་ཚང་དང་འབྲེལ་བའི་དངུལ་གྱི་གླེང་རྙོག་འདི་འདྲ་ཞིག་ལྷག་ཡོད་སྟབས་ཕྱིས་འབྱུང་དེ་འདྲ་མི་ཡོང་བར་ཉམས་མྱོང་གཅིག་བྱུང་བས་སླད་ཕྱིན་ཡོད་གཟབ་བྱེད་དགོས།
བཞི་པ།
རྒྱ་གར་གསར་ཤོག་ཁག་དང་བརྙན་འཕྲིན་བརྒྱུད་ལམ་སོགས་ནས་རྒྱ་མིའི་ཀརྨ་པ་་་pro-China་་་ཞེས་ཡང་རྒྱ་སྒོར་ཞེས་China’s Youn ཞེས་ངན་སྨྲས་བྱེད་བཞིན་ཡོད་པ་དག་ལ་ཀརྨ་པའི་ཡིག་ཚང་རང་ནས་གང་མགྱོགས་གསལ་བཤད་ཁ་གསལ་གཅིག་ངེས་པར་དུས་ཐོག་ཏུ་བྱེད་དགོས།
ལྔ་པ།
བཙན་བྱོལ་བོད་གཞུང་བཀའ་ཤག་དང་གྲོས་ཚོགས་ནས་དུས་ཐོག་ཏུ་གནད་དོན་དེ་ཚོར་གཞུང་འབྲེལ་ཐོག་ནས་རོགས་རམ་དང་འགན་འཁུར་དང་ལེན་བྱས་ཏེ་ཧི་མ་ཅལ་མངའ་སྡེའི་དབུས་གཞུང་དང་གནད་དོན་དེ་ཚོར་དབྱེ་ཞིབ་ཡག་པོ་བྱས་ཏེ་དུས་ཐོག་ཏུ་འགན་འཁུར་དང་གནད་དོན་གསལ་བཤད་བྱེད་དགོས།
དྲུག་པ།
ཀརྨ་པ་མཆོག་གི་ཡིག་ཚང་དང་སྦྲགས་བོད་མའི་དགོན་པ་དང་། ཚོགས་སྡེ། མི་སྒེར་སུ་ཞིག་ཡིན་ཀྱང་ཚང་མས་རྒྱ་གར་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་མང་དངུལ་རྣམས་ཐེབས་རྩ་ཁང་དང། དགོན་སྡེ། ཚོགས་པ། མི་སྒེར་སོགས་སོ་སོའི་ཁ་བྱང་དང་ཁྲིམས་མཐུན་ཐོག་གཞུང་གི་དངུལ་ཁང་དུ་བཅོལ་དགོས་ལ་ཁྲིམས་དང་མཐུན་པར་ཁྲལ་འཇལ་དགོས།
དེ་མིན་ཚོང་རྒྱག་པ་དང་། ས་ཆ་ཉོ་བ། ཁང་པ་རྒྱག་པ་སོགས་གང་བྱེད་ཀྱང་ངེས་པར་ཁྲིམས་དང་མཐུན་པའི་འགྲོ་ལུགས་གཉེར་ནས་གནད་དོན་གང་སར་རིག་པ་དངྭས་གསལ་བྱེད་དགོས་པ་ལས་ལྐུགས་རྟགས་བསྟན་ནས་ཡིད་ལ་གང་དྲན་དང་གང་བྱུང་ལྟ་བུ་རྩ་བ་ནས་བྱེད་མི་རུང་བ་ནི་གནད་འགག་གཅིག་ཡིན།
དཔལ་༸ རྒྱལ་བ་ཀརྨ་པ་མཆོག་སྐུ་ཁམས་བཟང་ཞིང་། སྐུ་ཚེ་རིང་ལ། མཛད་འཕྲིན་རྒྱས་ཏེ་བོད་བསྟན་སྲིད་ཀྱི་ཆེད་དུ་ཡོངས་སུ་སྨིན་པའི་སྨོན་འདུན་ཞུ།
༸རྒྱལ་དབང་ཀརྨ་པ་མཆོག་ལ་འགལ་རྐྱེན་དེ་ལྟར་འཕྲད་དགོས་རྒྱུ་ལ། དངོས་གནས་བློ་ཕམ་གྱི་རང་བཞིན་རེད། ཡིན་ནའང་དེ་ནི་རང་ཕྱོགས་ནས་མ་འགྲིག་པ་ཡིན་པ་གསལ་པོ་རེད། རང་ཕྱོགས་མ་ཡིན་པའི་མི་གཞན་གཉིས་ལ་ཡིད་ཆེས་བློས་འགས་ཀྱིས་དངུལ་ཕོན་ཆེན་དེ་འདྲ་ལག་ཏུ་བསྐུར་བ་ནི་ལྐུག་པའི་ལས་ཀ་རང་རེད། དེ་ནི་བླ་བྲང་ནང་གི་ཕྱག་མཛོད་དང་ལས་བྱེད་ལ་འཇོན་ཐང་དང་ཐབས་ཇུས་མེད་པའི་མངོན་རྟགས་རེད་ལ། ད་ཐེངས་འདི་ཙམ་མ་ཡིན་པར་འདས་པའི་ལོ་ཟླའི་ནང་༸་རྒྱལ་དབང་མཆོག་ལ་ཐེངས་འགའ་ཤས་རྐྱེན་ངན་འཕྲད་ཡོད་རེད་ལ། དེ་དག་གི་འགན་འཕྲི་ཚང་མ་སྐུ་འཁོར་ཡོད་པ་ལས་གཞན་སུ་ཡོད་པ་མ་རེད། གཞན་༸རྒྱལ་དབང་ཀརྨ་པ་མཆོག་གི་མཛད་འཕྲིན་ལ་ཏོགས་ཙམ་བར་ཆད་ཡོང་སྐབས་བཙན་བྱོལ་བོད་གཞུང་ལ་ཁ་གཡོགས་རྐྱང་བྱེད་མཁན་ཡོང་གི་འདུག་པས། དེ་ནི་ཆེད་དུ་མགོ་བདེ་དྲན་འཕྲུལ་ཅན་རེ་བཟུང་གིས་བཟོས་པ་ལས་དོན་དངོས་ཐོག་དེ་ལྟར་ག་ལ་ཡིནབློ་ལྡན་ཟུར་གནས་རྣམས་ཀྱིས་ཀྱང་གསལ་པོ་མཁྱེན་ངེས་རེད། ད་ཐེངས་གི་དོན་རྐྱེན་འདི་བཙན་བྱོལ་བོད་གཞུང་གི་སྒང་ལ་མི་གཡོགས་བའི་རེ་བ་ཡོད། མ་འོངས་བླ་བྲང་ནང་གནའ་དེང་གཉིས་ཀྱི་ཤེས་ཡོན་གནས་ཚད་ཡོད་པ་གསོ་སྐྱོང་དགོས་ངེས་དང་ལྷག་པར་གནས་ཡུལ་གཞུང་གི་ཡུལ་ཁྲིམས་དང། བྱུང་སོང་རྩིས་ཁྲ་ཁམས་གཙང་དགོས་རེད་ལ། དཔེར་ན་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དཔལ་འབྱོར་དོ་དམ་བྱེད་སྟངས་ལྟར་བྱེད་ན་མི་ཐུབ་རྒྱུ་གང་ཡོད་པ་མ་རེད་བསམ་གྱི་འདུག དེ་དག་གི་ལམ་ལུགས་མཁྱེན་མཁན་ལས་བྱེད་འགའ་ཤས་ཉར་ན་ལས་དོན་ཚགས་ཚུད་ཡོང་རྒྱུ་ཡིན་པ་དང། ཡིན་གཅིག་མིན་གཅིག་སྐུ་འཁོར་ཚང་མ་སེར་མོ་བ་ཡིན་དགོས་པའི་ངེས་པ་གང་ཡང་མ་མཐོང། དེ་ནི་བློ་རྨོང་བས་བསམ་འཆར་མདོར་ཙམ་༸རྒྱལ་དབང་མཆོག་ལ་ཕུལ་བ་ཡིན་ལ། ཁྱེད་སྐུ་ཚེ་ཡུན་རིང་དང་མཛད་འཕྲིན་ཡར་ངོས་ཟླ་ལྟར་རྒྱས་པར་སྨོན།
མཆོག་སྤྲུལ་ཀརྨ་པའི་སློབ་རྒྱུན་དང་དད་ལྡན་མང་ཚོགས་ནི་ཚད་ཡོད་ཅིག་མ་རེད་ལ། སོ་སོས་དད་པས་དང་དུ་བླངས་ནས་ཕུལ་བའི་དངུལ་དེ་དག་ཁྲིམས་མཐུན་ཡིན་མིན་གྱི་སྐད་ཆ་བཤད་ས་ཡོད་པ་མ་རེད།
ཡིན་ནའང། རྒྱ་གར་གཞུང་གིས་བླ་བྲང་སོགས་སུ་ཞིབ་བཤེར་བྱས་པ་དང། རྒྱ་གར་གྱི་གསར་ལམ་ཁག་གི་སྐད་ཆ་བཤད་སྟངས་དེ་དག་ཅུང་ཁྱད་མཚར་རེད། དོན་དག་འདི་བརྒྱུད་བོད་ཀྱི་བླ་མའི་གནས་སྟངས་མི་ཤེས་མཁན་ཞིག་ལ། འགྲེལ་བཤད་གཞན་དང་གཞན་གྱིས་བོད་སྤྱི་ལ་གནོད་པ་བཟོ་རྒྱུའི་ལག་ཆ་ཡོད་པ་རེད། བོད་མི་ཚོ་རྒྱ་གར་ནས་ཕྱུག་པོ་ཆགས་རབས་དང། ཡུལ་མི་གཡོག་པོར་ཉར་བ་ལ་སོགས་པའི་བྱེད་སྟངས་ཁ་ཤས་ཐོན་སྲིད་པ་རེད། དེས་བོད་མི་རྣམས་དང་རྒྱ་གར་ཡུལ་མིའི་བར་བསམ་བཞིན་གནོད་སྐྱེལ་འདྲ་བྱུང་སྲིད་པ་རེད།
དེ་བས་གནད་དོན་འདིའི་རྒྱབ་ཏུ་དོན་དངོས་རྒྱ་ནག་གཞུང་གི་བྱེད་ཕྱོགས་ཤིག་ཡོད་མེད་ལ་ཞིབ་འཇུག་བྱེད་དགོས་ཀྱི་འདུག་ལ། བོད་རིགས་ཚོས་གཟབ་གཟབ་ཀྱིས་དོན་དངོས་འགྲེལ་བཤད་རྒྱག་པ་དང། བླ་བྲང་དུ་ཐད་ཀར་སྔོགས་བཤེར་བྱས་ཆོག་མིན་བདེ་སྲུང་མི་སྣར་དྲི་བ་གཏོང་དགོས་ཀྱི་རེད།
ཀརྨ་པ་མཁྱེན་།་. དངུལ་དེ་འདྲ་མང་པོ་ནང་ལ་བཞག་པ་དེ་ཕྱག་མཛོད་ནས་བརྒྱ་ཆ་བརྒྱ་ཐམ་པ་ནོར་འཕྲུལ་འགན་ཡོང་རྫོགས་ཁོང་ལ་ཡོད་དེར་མ་ཟད་གསར་གནས་ཁག་ལ་ཕལ་ཆེར་རྒྱ་ནག་དང་འབྲེལ་བ་དྭོགས་པ་ཡོད་ཚུལ་སོགས་གནས་ཚུལ་བདེན་མིན་འཁོད་འདུག་ན་ཧ་ཅང་གིས་བློ་ཕམ་བཅས་ཕྲལ་དུ་ཕྱི་གསལ་ནང་གསལ་བཟོ་རོགས་། ཐུགས་རྗེ་གཟིགས་།
གནས་ཚུལ་འདི་གཞུང་དང་དངུལ་ཁང་གི་འགྲོ་ལུགས་ཆུང་ཚགས་ནས་ནོར་འཁྲུལ་ཡོད་ངེས་ཀྱང་། དོན་དངོས་བདེན་པ་བདེན་རྐྱང་ཡོད་ན་ང་ཚོར་ཤུགས་ཀྱིས་ཕན་ཐོགས་ཆེན་པོ་ཡོང་ངེས་རེད། དངུལ་འདི་དག་གི་ཡོང་ཁུངས་ཀྱང་བདེན་པ་རང་ལས་གཞན་ཞིག་ཡོད་དོགས་ཡེ་ནས་མི་འདུག བེདན་པར་ཕུགས་དང་རྩོད་ས་ཡོད་པས། སེམས་འཚབ་གནང་དགོས་མི་འདུག དུས་ཐོག་གསར་ལམ་ཁག་གིས་གནས་ཚུལ་ལོག་འགྲེལ་ལ་གསལ་བཤད་གནད་སྨིན་བྱ་དགོས་པ་ནི་གནད་ཀྱི་དང་པའི་ཛ་དྲག་དང་པོ་དེ་རེད། བོད་པའི་དྲང་བདེན་གྱི་གཤིས་ཀ་བདེན་པ་དེ་འཛམ་གླིང་ལ་སླར་ཡང་ཐེངས་གཅིག་བསྒྲགས་པའི་གོ་སྐབས་ཤིག་འཐོབ་པར་ངོས་འཛིན་བྱས་ཀྱི་ཡོད།
ཀར་མ་པ་མཆོག་ལ་བསྐྱོན་བརྗོད་བྱས་པ་འདི་ལ་གུས་མོས་ཐར་གཅིག་དུ་ཁས་ལེན་ཀྱི་མེད་ གནས་ཚུལ་འདི་འདྲ་བྱུང་བ་དེ་ཛ་དྲག་ཆེན་པོ་ཞིག་ཡིན་ཏེ་ འདི་ནི་ང་ཚོས་བོད་པ་ཚང་མས་ངོས་ལེན་བྱེད་ཀྱི་མ་རེད་ དེ་ནི་རྒྱ་གར་བརྙན་འཕྲིན་བརྒྱུད་ལམ་ཁག་ནས་བདེན་པ་མ་ཡིན་པའི་གནས་
ཚུལ་འུར་བརྗོད་བྱས་ནས་བཤད་འདུག
སི་ཏི་ཀརྨ་པའི་ཕྱག་དངུལ་འདི་དག་རྒྱར་གཞུང་གི་བླང་པ་དེ་བློ་འཕང་པ་ཞིག་རེད།
དེ་ལས་གྲྭ་རབ་རྒྱས་ཆོས་བཟང་འདྲི་བརྩད་ཀྱི་ནང་ནས་མ་རུང་པའི་ཚིག་ཉོག་དོན་མི་ཡོང་བའི་སྨོན་ལམ་ཡོད།
ྔདཀོན་མཆོག་མཁྱེན། རིན་པོ་ཆེ་མཆོག་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ
འབུམ་༡༠༠ལས་དུང་ཕྱུར་གཅིག་ཞེས་བརྗོད་ན་མི་འོས་སམ།
རྒྱལ་བ་ཀརྨ་པ་ནི་བོད་ཀྱི་བླ་ཆེན་ཞིག་རེད། བོད་ཀྱི་བླ་ཆེན་ཞིག་ལ་དེ་འདྲེའི་དངུལ་འབོར་ཆེན་ཞིག་ཡོད་པར་ཧང་སང་དགོས་དོན་མིན་འདུག། བརྒྱུད་དགོས་པའི་དངུལ་ཁང་མ་བརྒྱུད་པ་དང་དངུལ་ཉར་སྟངས་འཁྱེར་སྟངས་མ་འགྲིག་པ་ལས་གནས་ཚུལ་དེ་འདྲ་བྱུང་བ་རེད་སྙམ།
རྒྱ་གར་གྱི་ཚགས་པར་དེ་ཚོའི་ནང་དུ་གང་བྱུང་མང་བྱུང་བཤད་ཀྱི་འདུག
༧ རྒྱལ་བ་ཀརྨ་པ་རྒྱ་དང་ཕྱག་འབྲེལ་ཡོད་པ་གསལ་དུ་འགྲོ་བཞིན་ཡོད། ཅེས་དང་།
རྒྱལ་ཁབ་འདྲ་མིན་གྱི་དངུལ་ལོར་རྐྱང་པ་ཧིན་སྒོར་དུ་བསྒྱུར་ན་ས་ཡ་་༦ འདུག ཅེས་དང་། ཚགས་པར་ལ་རེས་ས་ཡ་༨་ཟིན་གྱི་ཡོད་བསྐོར་བཤད་འདུག
ཀརྨ་པ་མཆོག་ལ་ད་ལྟ་རྒྱ་གར་གཞུང་གིས་ད་བར་་Z-level སྐུ་སྲུང་བ་ཡོད་པ་དག་ཕྱིར་འཐེན་བྱས་ཟིན་ནས་ཁོང་སྐུ་འཁོར་དང་བཅས་པའི་འགུལ་བསྐྱོད་ལ་ས་གནས་ཉེན་རྟོག་པས་ཟབ་ནན་ངང་བལྟ་སྲུང་བྱེད་བཞིན་པ་རེད་ཟེར། ད་དུང་ས་གནས་ཉེན་རྟོག་དཔོན་རིགས་ཤིག་གིས་བཤད་རྒྱུར་བཙན་བྱོལ་བོད་ཀྱི་དགོན་སྡེ་ཁག་ཚུད་པའི་ཚོགས་སྡེ་ཁག་ལ་དུས་ཚོད་དང་བསྟུན་ཏེ་ཞིབ་བཤེར་བྱེད་དགོས་ཚེ་བྱེད་ཀྱི་ཡིན་ཟེར་བསྒྲགས་གཏམ་སྤེལ་འདུག
ཧིན་སྒོར་འབུམ་༢༠༠་ལས་མ་ཐོན་པས་རྒྱ་གར་སྐོར་སྲུང་པ་དེ་རྣམས་ཀྱི་འདོད་པ་ཇི་བཞིན་འགྲུབ་མེད་ནའང་། བོད་པ་རྣམས་ཀྱིས་དོག་ཟོན་དང་དོ་དན་བྱེད་དགོས་པའི་སྔོན་བརྡ་རེད། དེ་ཙམ་གྱིས་མ་ཚད་དེ་དག་གི་རྗེས་སུ་འམ་རྒྱབ་དུ་ཉེས་ཁ་ཆེ་ཙམ་ཡོད་པ་གསལ་པོ་བསྟན་ཡོད།
གནས་ཚུལ་འདི་ཡོངས་ཁུངས་དང་ཐོག་བོད་པ་ཞིག་གིས་རྒྱ་གར་ཚང་ལ་སྙན་ཞུ་ཞིག་འབུལ་ཡོད་པར་གོ་མ་ཆགས། མ་ཟད་སྙན་ཞུ་འབུལ་མཁན་དེ་ཡང་མི་རང་དགར་ཞིག་གཏན་ནས་མིན་རྒྱ་གར་བས་ཆ་འཇོག་བྱེད་འོས་པའི་མི་སྣ་ཞིག་ཡིན་ངེས། དེ་རིང་གནས་ཚུལ་འདིས་རྐྱེན་ཀརྨ་པ་ལ་དཔལ་འབྱོར་གྱི་ཆགས་སྒོ་ལ་ཧམ་བསམ་མི་དགོས་ཀྱང་ཕྱིས་བྱུང་བླ་མའི་མཛད་རིམ་ལ་འགལ་རྐྱེན་ཕྲད་ངེས་ལྟ་བུ་ཞིག་མཐོང་།
གནས་ཚུལ་འདི་ནི་ཡག་པོ་མ་རེད། སྤྱིར་བོད་ཀྱི་བླ་བྲང་མང་པོ་དང་། དེ་བཞིན་དགོན་པ་འགའ་ཡིས་མི་མང་ནས་དངུལ་ལེན་གང་ཐུབ་གནང་། འགྲོ་སོང་གནད་ལ་ཁེལ་བ་མི་གཏང་མཁན་མང་པོ་ཡོད་།
དེང་དུས་ང་ཚོའི་བླ་མ་མང་པོ་དང་གྲྭ་པ་མང་པོས་སྤྱི་ཚོགས་ནང་ལ་
དངུལ་གྱི་ཐོགས་ནས་རྫིགས་པོ་བྱེད་བཞིན་པ་རེད། དེ་རིང་འདི་ཡང་དེའི་ཆ་ཤས་ཤིག་མིན་ན་དྲག།
ཨ་ཁ།
ཀརྨ་པ་མཆོག་ལ་འགལ་རྐྱེན་སྣ་ཚོགས་ཤིག་འཕྲད་ཀྱིན་འདུག
དཱ་བྱེད་དུས་ཐོག་མར་བོད་ནས་ཚུར་ཕེབས་པ་ནོར་འདུག
ད་ལྟ་བཟང་བརྩོན་གྱི་རང་བཞིན་ལས་མ་འདས།
དཱ་དུས་གསུམ་གསལ་ལེར་གཟིགས་པའི་ཀརྨ་པ་མཁྱེེན་མཁྱེན།
ཀརྨ་པ་མཁྱེན།
ཀརྨ་པ་མཁྱེན་ནོ།
རྒྱ་གར་གསར་ཤོག་གིས་རྟ་རྒྱུགས་ཞོར་ལ་མེ་ཏོག་གཅོད།
ཅེས་པ་ལྟར་བོད་མིར་དོ་ཕོག་མི་ཡོང་པའི་རེ་བ་ཡོད།
རྒྱའི་སོ་ཉུལ་བར་དྭོགས་གཞིའི་འོག་ནས་རྒྱ་གར་ཉེན་རྟོག་པས་ཉིན་མཚན་ཁོར་མོ་ཡུག་ལ་རྒྱལ་བ་ཀརྨ་པ་སྲུང་ཡོད་པས། རྒྱ་གར་བ་ཚོར་བདུན་རེ་བཞིན་དུ་ཁོང་མཇལ་བར་ཡོང་མཁན་ཅི་ཙམ་ཡོད་པ་དང་དད་ལྡན་ཚོས་དངུལ་ཇི་ལྟར་ཕུལ་གྱི་ཡོད་པ་ཡང་གསལ་གསལ་ཐིང་ཐིང་ཙམ་དུ་མ་ཟད། དད་ལྡན་པ་རེ་རེ་བཞིན་དངུལ་འབྱོར་འཛིན་སྟེར་སྲོལ་དང་སྟེར་ལོང་གཉི་ཀ་མེད་པ་ཡང་ཧ་ཅང་གསལ། འོ་ན་རྒྱ་གར་གྱིས་ཅིའི་ཕྱིར་འདི་འདྲའི་བསྙད་འདོགས་བྱས་པ་ཡིན་ནམ། འདི་ནི་རྒྱ་གར་གྱིས་རྒྱ་ནག་ལ་སྤྲེལ་ལད་འཁྲབ་པ་ཞིག་ལས་མ་འདས་པས། བོད་མི་རྣམས་ཀྱིས་རང་གི་གནས་སྟངས་ངོས་བཟུང་གིས་བྱ་བ་གང་ལ་ཡང་གཟབ་དགོས་སོ།། བོད་མི་ཚོ། རང་ཡུལ་མེད་ན་འདི་འདྲ་རེད། ད་དུང་འདི་ལས་ལྷག་པའི་བརྙས་བཅོས་གཏོང་སྲིད། སྤྱི་ལོ་ ༡༩༩༣ ལོར་ཅི་བྱུང་རྗེས་དྲན་བྱོས།
གནས་ཚུལ་འདིས་རྐྱེན་པས་བོད་ཀྱི་བླ་ཆེན་དང་དགོན་ཆེན་ཁག་ལ་རྒྱ་གར་ཉེན་རྟོག་པས་དོག་གཞི་ཆེན་པོ་ཞིག་ཆགས་ཚར་བ་རེད་དེ་འདྲ་སོང་ཙང་ཚང་མས་གཟབ་གཟབ་བྱེད་དགོད་རེད་མ་གཏོགས་ཁྱི་ཁ་ལ་ཤ་ལྷུང་ན་མི་ཟ་བ་ཡོད་མ་རེད། ཆུ་མ་ཡོང་གོང་ནས་རགས་དང་རྐྱེན་མ་ཡོང་གོང་ནས་རིམ་འགྲོ་ཟེར་བ་ལྟར་རེད
སྤྱིར་གནས་ཚུལ་འདི་རྒྱ་གར་གསར་འགོད་པའི་འབྲེལ་བརྗོད་དང་གང་དྲན་དྲན་བཤད་པ་འདི་འདྲ་་རྩ་བ་ནས་མིན་འདི་ནི་གསར་འགོད་དང་བདེ་སྲུང་རྒྱ་ཡི་རྒྱུགས་ཁྱི་ཁོང་རང་ཚོའི་ངན་བྱུས་དང་རྒྱལ་བ་སྐརྨ་པའི་ཚན་སྨད་ཞུ་འདོད་ཁོ་ན་རེད་
འོན་ཀྱང་མ་འོངས་པར་ང་ཚོའི་དགོན་སྡེ་ཁག་གི་ལས་སྣེ་ཚོས་རྒྱ་གར་ཁ་ལ་མེ་འབར་འདི་རིགས་ལ་ཟབ་ཟབ་མ་བྱས་ན་ད་རེད་བོད་མི་སྐྱབས་བཅོལ་བ་ལ་བརྙས་བཅོས་བྱས་པ་སྐྱག་ལང་ལ་ཤོར་ནས་ཡང་ཡང་བྱ་སྲིད་པ་རེད་
དད་ལྡན་གྱི་དངུལ་བླ་མ་ལ་འཕུལ་བ་ཟ་འདོད་བྱེད་འཁན་་རྒྱར་རྒན་བཙོའོ་དེ་རིགས་ལ་བོད་ཀྱི་ལྷ་སྲུང་མས་གཟིགྶ་ནས་མི་རེས་གཉིས་ཀྱི་ཁ་ནས་ཁྲག་སྐྱུགས་ནས་དེ་མུར་ཟ་བརྒྱབ་ན་གོམས་པ་སྤོ་མ་ཐུབ་བྱུང་ན་བོད་ཀྱི་སྲུང་མ་གསོ་ཆོགས་པ་རེད་
དཔལ་རྒྱལ་བ་ཀརྨ་པ་ལྟ་བུའི་བླ་ཆེད་ཞིག་ལ་ཧིན་སྒོར་འབུམ་ཉིས་བརྒྱ་ཡོད་པར་ཧ་ལས་ཧང་སངས་དགོས་དོན་གང་ཡིན་ནམ། རྒྱ་གར་གྱི་མི་ལྔ་དྲུག་ཅན་གྱི་ས་ལས་པའི་འགོ་བ་ཞིག་ལའང་ཧིན་སྒོར་འབུམ་བརྒྲ་གྲངས་རེ་ཡོད་པ་ངས་ཀྱང་ཁུངས་སྐྱེལ་བྱེད་ཐུབ་གི་ཡོད། དྷ་སའི་ཀུན་དགའ་དང་ཨོྃ་ཟ་ཁང་། ལྷ་ས་ཟ་ཁང་སོགས་ལའང་ཧིན་སྒོར་འབུམ་ཉིས་བརྒྱའི་མི་ཚད་པ་ཡོད་ངེས་ཏེ། ལྷ་ས་ཟ་ཁང་གི་ཐོག་ཁའི་ཁང་པ་དེ་དག་ཧིན་སྒོར་འབུམ་བརྒྱ་ལྷག་ལ་བཙོང་ཟིན་པ་དྷ་སར་ཡོངས་གྲགས་མ་ཡིན་ནམ།
ཨ་སྒོར་དང་ཡོ་སྒོར་སོགས་ཀྱང་དད་ལྡན་མི་དམངས་ཀྱི་འདས་གསོན་གཉིས་ཀྱི་ཆེད་དུ་ཕུལ་བའི་དད་རྫས་ཡིན་པས་ན་རྒྱ་གར་ལྟོ་ལུག་དེ་ཚོས་ཅི་ཞིག་བྱེད་འདོད་ཡོད་ན།
འདི་ནི་ཆེ་ཆེ་གྲད་གྲད་དུ་བཤད་རིན་ཅན་གྱི་གསར་འགྱུར་ཞིག་མིན་ཡང་རྒྱ་གར་བས་གསར་ཤོག་དེ་ཚོས་བོད་ཀྱི་སྐྱོན་ཞིག་མ་མཐོང་བར་མུག་བསྡད་ཡོད་པ་རེད།
ང་ཚོ་བོད་པས་གསར་འགྱུར་ཚོས་ངེས་པར་དུ་འདིའི་ཏད་ནུས་པ་མི་དམན་པ་ཞིག་འདོད་ཐུབ་པའི་རེ་བ་བཅས་རྒྱ་གར་ལྷོ་ཕྱོགས་ཕུ་ན་ནས་གུས་ཕུལ།
གནས་དོན་འདི་རིགས་ནི་རྒྱ་གར་བ་ཚོས་བོད་ལ་བརྙས་བཅོས་བྱེད་འདོད་ཡོད་མེད་ཀྱི་གནད་དོན་མ་རེད་ལ། གཙོ་བོར་ང་ཚོ་བོད་པ་ཚོས་ལྐུགས་རྟགས་བསྟན་དྲགས་པའི་རྐྱེན་རེད། སྒོར་མོ་ཕོན་ཆེན་སྒེར་གཉེར་བྱེད་པ་དང་དེའི་ཡོང་ཁུངས་ཀྱང་ཁྲིམས་ཐོག་ནས་མ་ཡོང་པ་དང་། ཡང་ན་རྒྱ་གར་དངོས་ཁྲལ་ལས་ཁོངས་མ་བརྡ་ལན་དང་ཐོ་འགོད་བྱེད་མེད་ཚེ། ཁྲིམས་ལུགས་དང་འགལ་པ་རེད་ལ། རྒྱ་གར་ཟ་འདྲེ་ཚོས་བཟའ་འདོད་ཡོད་ཀྱང་རྒྱུ་མཚན་བཤད་ས་མེད་པའི་གནད་དོན་ཞིག་ཡིན་པས། ཕྱིན་ཆད་ང་ཚོ་བོད་པ་སྒེར་དང་ཚོགས་པ་ཚོས་གཟབ་གཟབ་བཟོ་དགོས་སྙམ།
ད་ཡིན་ན། རྒྱ་གར་གྱི་ཁྲམ་པ་ཚོར་བསྟན་པ་དར་སོང་བ་རེད། ཡིན་ནའི། འདི་བཙན་བྱོལ་བོད་མིར་བརྙས་བཅོས་བྱེད་འགོ་ཚུགས་པའི་རྟགས་གཙོ་བོ་ཞིག་ཀྱང་ཡིན།