ཁ་སང་ཕྱི་ཚེས་ ༣༠ ཉིན་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་བའི་སློབ་མ་ཚེ་ལྷ་རྒྱལ་དང་ཚེ་རིང་རྡོ་རྗེ་གཉིས་ཀྱིས་སློབ་གྲྭའི་དགུན་ཁའི་གུང་གསེང་དང་བསྟུན་ཏེ། ལྡི་ལི་བོད་སྒར་བསམ་ཡས་གླིང་དགོན་པ་ནས་བཞུགས་སྒར་ངྷ་རམ་ས་ལ་བར་ལྕགས་རྟ་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ-་རེད།
དེ་ནི་རྒྱ་ནག་གཞུང་གིས་འདས་པའི་ལོ་མང་གོང་ནས་བོད་ནང་གི་ས་ཁུལ་མང་དག་ཅིག་ཏུ་བོད་ཡིག་སློབ་ཚན་ལས་གཞན་པའི་བསླབ་བྱ་ཆ་ཚང་རྒྱའི་སྐད་ཡིག་ཐོག་འཁྲིད་སྤེལ་བྱེད་ཀྱི་ཡོད་པར་ངོ་རྒོལ་དང་། ལྷག་པར་དུ་ ༢༠༡༠ ལོར་མཚོ་སྔོན་ཕྱོགས་སུ་རྒྱ་ཡིག་གཙོ་བོ་བྱེད་པའི་སྐད་གཉིས་སློབ་གསོའི་སྲིད་ཇུས་གཏན་འབེབས་བྱས་པ་དེར། རེབ་གོང་གཙོས་པའི་ས་ཁུལ་དང་རྫོང་རིམ་པའི་སློབ་མ་ཚོས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བར་རྒྱབ་སྐྱོར། དེ་བཞིན། བཙན་བྱོལ་ནང་གི་བོད་ཡིག་གི་ཉག་ཕྲ་བའི་གནས་སྟངས་ལ་གཞིགས་ཏེ། བཙན་བྱོལ་དུ་ཡོད་པའི་བོད་པའི་གཞོན་སྐྱེས་ཚོར་རང་བོད་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཆེད་སེམས་ཤུགས་སྤེལ་ཐབས་བཅས་ཀྱི་ཆེད་དུ་ཡིན་འདུག
ལྕགས་རྟ་སྐོར་སྐྱོད་ཀྱི་ལས་འགུལ་དེ་ཁ་སང་ལྡི་ལི་བོད་སྒར་ནས་མགོ་འཛུགས་ཀྱིས། དེ་རིང་ནས་བཟུང་རྒྱ་གར་གྱི་གྲོང་ཁྱེར་པ་ནེ་པ་རྡུ་དང་ཧ་རེ་རྡེ་ཝ། ལྡེ་ར་ལྡུན། ཨམ་བྷེ་ལ། ཅན་ངྷི་སྒར། པ་ཀྲན་ཀོ་ཀྲི། ངྷ་ལ་ཧོ་སི། སུ་ཇཱ་བོད་ཁྱིམ་བཅས་རིམ་གྱིས་བསྐོར་ཏེ། ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་བཞུགས་སྒར་ངྷ་རམ་ས་ལར་འབྱོར་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ
རྐང་འཁོར་ལས་འགུལ་བསྐོད་སྐྱོད་པ་གཉིས་ལ་ངས་ལག་གཉིས་བྲང་ལ་སྦྱར་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། སྤྱིར་བོད་ཀྱི་རྩ་དོན་ནི་མི་རེ་ངོ་རེ་ལ་འགན་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། དཔལ་འབྱོར་ཡོད་མཁན་ཚོ་ཡིན་ནའང་ཞལ་འདེབས་ཕྲན་བུ་རེ་རྒྱབས་ན་མ་འགྲིག་པ་མིན་འདུག
ནམ་འཆི་ལ་ངེས་པ་མེད་པ་ནི་ཚང་མས་ཤེས་ཀྱི་རེད། བོད་ཀྱི་རྩ་དོན་ནི་མི་སྒེར་གཅིག་གི་དོན་ཞིག་མ་རེད།

རྐར་འཁོར་གྱིས་འཁོར་ཡུགལ་ཕན། དགོངས་སེང་གིས་སྤྲོ་སྐྱིད་ལ་ཕན། ལས་འགུལ་གྱིས་བོད་ཡིག་བོད་སྐད་ལ་ཕན་པས། ཕན་པ་རྣམ་གསུམ་ལ་དགས་བསུ་ཡོད།