མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནི་ཆོས་ལུཊ་མཐུན་སྒྲིལ་གྱི་མིག་དཔེ་ལྟ་ས་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ངོས་ལ་མཚོན་ན། ཀླད་པའི་རྡུལ་རྫས་ཕྲ་མོ་རྣམས་རྒྱ་གར་ནཱ་ལཎྜའི་ཤེས་ཡོན་གྱིས་ཁེངས་བསྡད་ཡོད་ལ། ལུས་པོར་ཆ་མཚོན་ནའང་རྒྱ་གར་གྱི་འབྲས་དང་དྷ་ལིར་བརྟེན་ནས་འཚོ་བསྡད་ཡོད། དེར་བརྟེན་ངོས་རང་རྒྱ་གར་གྱི་བུ་ཡིན་ལབ་ཀྱི་ཡོད།

ཉིན་འདི་འགར་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ལྟར། ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན་༧གོང་ས་མཆོག་གིས་བྷིང་ལོར་སེན་ཇོ་སེབ་ཡེ་ཤུའི་སློབ་གྲྭའི་དགེ་ལས་སློབ་ཕྲུག་ ༣༠༠༠ ཙམ་ལ། དུས་རབས་ ༢༡ པ་ནི་གྲོས་མོལ་གྱི་དུས་རབས་ཤིག་ཆགས་དགོས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། སྐབས་དེར་༧གོང་ས་མཆོག་གིས། ང་ཚོའི་དམིགས་ཡུལ་ནི་དམག་དཔུང་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་ཡིན་ལ།  དེ་ལྟར་ཡོང་བར་མི་རེ་ངོ་རེ་ནས་འབད་བརྩོན་བྱ་དགོས།  དུས་རབས་ ༢༡ པ་དེ་བྱམས་བརྩེ་དང་ཞི་བདེ་ལྡན་པ་ཞིག་ཡོང་མིན་གཙོ་བོ་གཞོན་སྐྱེས་ཚོར་རག་ལས་ཡོད། ངོས་ལ་མཚོན་ན། ཀླད་པའི་རྡུལ་རྫས་ཕྲ་མོ་རྣམས་རྒྱ་གར་ནཱ་ལཎྜའི་ཤེས་ཡོན་གྱིས་ཁེངས་བསྡད་ཡོད་ལ། ལུས་པོར་ཆ་མཚོན་ནའང་རྒྱ་གར་གྱི་འབྲས་དང་དྷ་ལིར་བརྟེན་ནས་འཚོ་བསྡད་ཡོད། དེར་བརྟེན་ངོས་རང་རྒྱ་གར་གྱི་བུ་ཡིན་ལབ་ཀྱི་ཡོད། ཅེས་གསུངས་ཡོད།

 

 ཉིན་དེའི་ཕྱི་དྲོར་ཆོས་འཁོར་གསུམ་གླིང་ཆོས་ཚོགས་དང་ཐེག་ཆེན་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་ཐེབས་རྩ་གཉིས་ཀྱི་གདན་ཞུ་ལྟར། ༧གོང་ས་མཆོག་གིས་ས་གནས་མང་ཚོགས་ ༧༠༠༠ ཙམ་ལ་༼ བཀའ་རྙོག་གི་དུས་སྐབས་སུ་བདེ་སྐྱིད་འཚོལ་བ། ༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྟེ། རྒྱ་གར་ལ་ལོ་ངོ་སྟོང་ཕྲག་རིང་ཆོས་ལུགས་འཆམ་མཐུན་བྱུང་ཡོད་པ་དེ་ནི། འཛམ་གླིང་སྟེང་ཆོས་ལུགས་མཐུན་སྒྲིལ་གྱི་མིག་དཔེ་ལྟ་ས་ཞིག་ཆགས་ཡོད། རྒྱ་གར་མི་དམངས་ཚོས་སྲོལ་རྒྱུན་ནས་དར་བའི་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་གྱི་གཅེས་ནོར་དེ་འཛམ་གླིང་ནང་གོང་མཐོར་གཏོང་བར་འབད་བརྩོན་གནང་དགོས། ཞེས་གསུངས་འདུག

ཕྱི་ཚེས་ ༣༡ ཉིན་ Hubli གནམ་ཐང་དུ་ཕེབས་འབྱོར་སྐབས། རྒྱ་གར་གསར་འགོད་པའི་དྲི་བའི་ལན་དུ། ང་སླར་ཡང་ས་འདིར་འབྱོར་བར་དགའ་ཚོར་ཆེན་པོ་བྱུང་། མོན་གྷོ་ནི་བོད་མིའི་གཞིས་སྒར་ཙམ་དུ་མ་ཟད། ལོ་རྒྱུས་རང་བཞིན་ཅན་གྱི་གདན་སའི་སློབ་གཉེར་ཁང་གཉིས་ཀྱང་འདིར་ཡོད་ལ། སློབ་གཉེར་ཁང་དེ་ཚོའི་ནང་། སོག་རིགས་དང་ཧི་མཱ་ལ་ཡའི་རི་རྒྱུད་ཁུལ་གྱི་སློབ་གཉེར་བ་སྟོང་ཕྲག་ཁ་ཤས་ཀྱིས་སློབ་སྦྱོང་བྱེད་བཞིན་ཡོད། ལྷག་པར་དུ་ཀར་ན་ཊ་ཀ་མངའ་སྡེ་གཞུང་གིས་ས་གནས་བོད་མི་བཞི་ཁྲི་ ༤ ལྷག་ལ་གཞིས་ཆགས་ཀྱིི་མཐུན་རྐྱེན་གནང་ཡོད་པ་རེད། ཐེངས་འདིར་ངོས་རང་སླར་ཡང་ས་གནས་འདིར་འབྱོར་ཐུབ་པར་ཤིན་ཏུ་དགའ་བོ་བྱུང་ཞེས་གསུངས།

ཁ་སང་སྔ་དྲོར་༧གོང་ས་མཆོག་གིས་འབྲས་སྤུངས་འདུ་ཁང་གསར་པ་དབུ་འབྱེད་དང་རབ་གནས་དང་སྦྲགས། ངོས་རང་ཁ་སྔོན་སེ་ར་ཆོས་སྒར་དུ་ཕྱིན་ཏེ་རྩོད་རྒྱུགས་བྱས་པ་ཡིན། དེ་རིང་འདིར་འབྲས་སྤུངས་དང་དགའ་ལྡན་ལ་རྩོད་རྒྱུགས་ཤིག་བྱ་ཐུབ་ན་བསམ་བྱུང་། གང་ལྟར་ང་ཚོའི་གདན་ས་ཆེ་ཁག་གིས་གཞུང་ཆེན་སློབ་གཉེར་བྱ་རྒྱུ་དེ་དཔལ་ནཱ་ལནྡྲའི་ཆོས་བརྒྱུད་འཛིན་སྟངས་ཡང་དག་པ་ཞིག་ཆགས་ཡོད། ནཱ་ལནྡྲའི་མཁས་པ་ཚོས་བརྩམས་པའི་གཞུང་ལ་སློབ་སྦྱོང་བྱས་ཏེ་རྒྱུས་ཡོད་མཁན་ཞིག་མིན་ན་དཔལ་ནཱ་ལནྡྲའི་རྒྱུད་འཛིན་ཡིན་ཞེས་བརྗོད་ན་དགོས་པ་མེད། ཅེས་དང་།

ཤར་རྩེ་གྲྭ་ཚང་ལ་དེ་སྔོན་ཡིན་ན་ཆོས་འབྲེལ་བྱ་རྒྱུར་སྟབས་བདེ་བོ་ཞིག་བྱུང་ཡོད་པ་མ་རེད། ད་ཆར་གཙང་མ་ཆགས་ཡོད་སྟབས་ཆོས་འབྲེལ་བྱེད་བདེ་བོ་ཆགས་འདུག རྭ་སྟོད་གྲྭ་ཚང་གི་འདུ་ཁང་གསར་པ་བརྒྱབ་སྟེ་དབུ་འབྱེད་དུ་ཡོང་རོགས་ལབ་པ་ལྟར་བཅར་བ་ཡིན། ས་གནས་འདིར་འབྱོར་སྐབས་སེར་སྐྱ་མང་ཚོགས་ཀྱིས་དད་པ་དམ་ཚིག་ལ་གཡོ་བ་མེད་པར་དགའ་བསུ་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། རྒྱ་གར་ས་གནས་ཡུལ་པ་ཚོས་ཀྱང་དགའ་བསུའི་རྣམ་འགྱུར་ཡག་པོ་ཞིག་སྟོན་གྱི་ཡོད་པས་ཁོང་ཚོར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག  

ང་ཚོ་བྱེས་ལ་འཁོད་པའི་གདན་ས་ཁག་དེ་དག་དགེ་རྒན་ཁག་སློབ་སྦྱོང་བྱེད་ས་ལྟ་བུ་ཆགས་འདུག ངོས་ཀྱིས་སྔོན་མ་ནས་བཤད་ཀྱི་ཡོད། ད་ལྟའི་གནས་སྟངས་འདིའི་འོག་རྒྱ་གར་དུ་སློབ་གཉེར་བྱས་ཏེ། རང་ཡུལ་ལ་ལོག་རྗེས་སོ་སོའི་ཡུལ་དགོན་ཚོར་ཞབས་འདེགས་བསྒྲུབ་དགོས་པ་རེད། དཔེར་ན། ལ་དྭགས་དང་མོན་ཁུལ་ནས་ཡོང་བ་དེ་ཚོས་སློབ་གཉེར་བྱས་རྗེས། རང་ཡུལ་དུ་སོང་སྟེ་བསྟན་པ་དང་འགྲོ་བའི་དོན་ལ་ལས་དོན་སྒྲུབ་བཞིན་ཡོད་པ་རེད་ལ། བོད་གངས་ཅན་གྱི་ལྗོངས་སུ་ཡིན་ནའང་རྒྱ་གར་ནས་སློབ་གཉེར་བྱས་ཏེ། དགེ་བཤེས་ཆ་ཚང་ཐོན་ཡོད་མེད་ལ་མ་ལྟོས་པར་སོ་སོའི་དགོན་པར་ཕྱིན་ཏེ་དཔེ་ཁྲིད་གྱི་ཐོག་ལ་ཞབས་འདེགས་བསྒྲུབ་རྒྱུ་ཡག་པོ་བྱུང་ཡོད། ཅེས་གསུངས།  

མཐའ་མར་༧གོང་ས་མཆོག་གིས་གསུངས་དོན། ལུང་རྟོགས་ཀྱི་ཡོན་ཏན་ཞེས་པ་ནི། ལོ་ནས་ལོ་བསྟུད་དེ་སློབ་གཉེར་དང་ཉམས་ལེན་བྱས་ཏེ། སེམས་ལ་གོམས་འདྲིས་ཡོང་དགོས་པ་ཞིག་ཡིན་སྟབས། མ་འོངས་པར་ལུང་རྟོགས་ཀྱི་བསྟན་པའི་བྱ་བ་རྒྱ་ཆེན་པོ་ཞིག་ཡོང་བར། ཁྱེད་ཚོ་བཙུན་པ་ཚོས་གཞོན་དུས་ནས་ལུང་རྟོགས་ཀྱི་བསྟན་པ་ངོ་ཤེས་པའི་ཐོག་བསླབ་རྒྱུ་གལ་ཆེན་པོ་ཡིན་ལ།  དེ་བཞིན་སྦྱིན་བདག་ཚོ་ཡང་བསྟན་པའི་མེ་རོ་གསོ་རྒྱུར་ཞབས་འདེགས་སྒྲུབ་མཁན་ཞིག་ཆགས་ཡོད་དུས། ཁྱེད་རང་ཚོའི་མཐུན་རྐྱེན་སྦྱར་བ་དེ་དག་བསྟན་པའི་ཞབས་འདེགས་སྒྲུབ་ཀྱི་ཡོད་སྟབས། སོ་སོའི་ཀུན་སློང་ཡག་པོ་ཞིག་འཁྱེར་ཐུབ་ན་ཚོགས་ཆེན་པོ་གསོག་ཐུབ་ཀྱི་ཡོད། ཅེས་གསུངས་ཡོད་ལ།  

སང་ཉིན་ནས་༧གོང་ས་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་བཅས་སུ་མུ་མཐུད་མང་ཚོགས་ལ་ཆོས་འབྲེལ་འཇོག་རྒྱུ་ཡིན་པར་མ་ཟད།  སྐབས་དེར་ཆོས་ཞུ་བར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་གནང་རྒྱུ་དང་གསུང་ཆོས་ཀྱི་མཇུག་ཏུ་དགེ་འདུན་འདུས་མང་ཡོངས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་ཤིག་ཀྱང་འབུལ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

ཆུ་ཚོད་ ༣ སྔོན་ལ།
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

མཆན། 3

  1. མི་རབས་གསར་པ་ says:
    ལོ་ 16 སྔོན།

    བླ་མ་རིན་པོ་ཆེའི་དགོངས་གཞི་རྣམས་མྱུར་མྱུར་བ་འགྲུབ་གྱུར་ཅིག །

    Reply
  2. མི་རབས་གསར་པ་ says:
    ལོ་ 16 སྔོན།

    ༸ཞབས་པད་སྲིད་མཐའི་བར་དུ་བརྟན་འགྱུར་ཅིག །

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ༸ཞབས་པད་སྲིད་མཐའི་བར་དུ་བརྟན་འགྱུར་ཅིག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese