མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་འགུལ་མ་སྤེལ་རོགས།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

 

ད་ལྟ་རང་བཀའ་དྲུང་ཡིག་ཚང་བརྒྱུད་བཀའ་ཤག་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། དཔལ་རྒྱལ་བ་ཀརྨ་པ་མཆོག་གི་བླ་བྲང་དུ་དངུལ་གྱི་དོན་རྐྱེན་ཞིག་བྱུང་བ་དེར་བོད་རིགས་འདུས་སྡོད་ཁུལ་དུ་གདུང་སེམས་མཉམ་སྐྱེད་དང་། རྒྱ་གར་གསར་ལམ་ཁག་ཅིག་གིས་ཀརྨ་པར་གཞི་མེད་བསྙོན་འཛུགས་བྱས་པར་ངོ་རྒོལ་ལས་འགུལ་སྤེལ་གྱིན་ཡོད་པ་དེ་མཚམས་འཇོག་ཡོང་རྒྱུའི་འབོད་སྐུལ་ཞུས་འདུག

གསལ་བསྒྲགས་དེར་བཀོད་དོན། བར་ལམ་རྒྱལ་བ་ཀརྨ་པ་རིན་པོ་ཆེའི་བླ་བྲང་དུ་དད་ལྡན་ཕྱི་ནང་མང་ཚོགས་ནས་ཕུལ་བའི་དངུལ་གང་ཙམ་ཞིག་ཐོན་པའི་ཐད་རྒྱ་གར་གཞུང་ནས་ཞིབ་འཇུག་གནང་བཞིན་ཡོད་པ་དང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་རྒྱ་ནག་སྲིད་གཞུང་དང་འབྲེལ་བ་ཡོད་པའི་དོགས་གཞི་ཡོད་སྐོར་གྱི་གནས་ཚུལ་སྤེལ་སྒྲོག་བྱེད་བཞིན་ཡོད་པ་ནི་གཞི་མེད་དཀྲོག་གཏམ་འབའ་ཞིག་ལས་བདེན་པ་རྩ་བ་ནས་མིན་པར་ངོས་འཛིན་དང་། བསྙོན་འཛུགས་དེ་ལྟར་བྱེད་པ་དེ་ལ་བློ་ཕམ་ཚད་མེད་ཡོད། ཅེས་དང་།

མང་ཚོགས་ནས་རྒྱབ་སྐྱོར་ཚུལ་དུ་རང་འགུལ་གྱིས་མར་མེ་ཁྲོམ་སྐོར་སོགས་ལས་འགུལ་མང་དག་སྤེལ་བཞིན་པ་དང། སྤེལ་རྒྱུའི་གནས་ཚུལ་ཡོང་འདུག་པ་ནི་ཐུགས་ཁག་གཏན་ནས་མེད་མོད། འོན་ཀྱང་འདུ་འཛོམས་ཁྲོམ་སྐོར་ལྟ་བུའི་མང་ཚོགས་ཀྱི་ལས་འགུལ་སྣ་ཚོགས་པ་དེས། དང་པོ། འགྲོ་བཞིན་པའི་ཞིབ་འཇུག་པ་དོ་ཕོགས་འགྲོ་རྒྱུ་དང་། བླ་བྲང་གི་འཕྲལ་ཕུགས་གཉིས་ཀར་གནོད་གཞི་འབྱུང་སྲིད་པ་དང་། གཉིས་པ། ཡུལ་མི་དང་བོད་མིའི་བར་འཁོན་གཞི་ཆགས་རྒྱུའི་བཟོ་ལྟ་འཐོན་བཞིན་པ། གསུམ་པ། དེ་ལྟའི་ཟིང་ཆའི་གོ་སྐབས་བཟུང་སྟེ་རྒྱ་ཕྱོགས་ནས་སྲིད་བྱུས་འཛིན་བཞིན་པ་ཡུལ་མི་དང་བོད་མིའི་བར་འགལ་ཟླ་བཟོ་རྒྱུ། རྒྱ་གར་གཞུང་དང་བཙན་བྱོལ་སྒྲིག་འཛུགས་བར་འགལ་ཟླ་བཟོ་བ། བོད་མི་ནང་ཁུལ་བསམ་ཚུལ་དང་། གཞུང་མང་བར་འགལ་ཟླ་བཟོ་བའི་གོ་སྐབས་སོགས་ལེན་སྲིད་སྟབས། མང་ཚོགས་ནས་ལས་འགུལ་དེ་འདྲ་མི་སྤེལ་བའི་གོ་བསྐོན་སློབ་གསོ་དགོས་གཤིས། དེ་བཞིན་གཞུང་ཞབས་སྲི་ཞུ་བཅས་པར་ཡང་བཀོད་ཁྱབ་ནན་པོ་དགོས། ཞེས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༨ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༡ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 12

  1. ནོར་འཛིན་དོན་འགྲུབ། says:
    ལོ་ 16 སྔོན།

    ད་ནི་བོད་མི་ཚོར་ཡིད་ཆོས་དངོས་ནས་འདུག་རྒྱལ་་ོབ་ཀརྨ་ལགས་ཁྱོད་ནི་ང་ཚོས་དགེ་ལུགས་པས་ཡང་དོད་གུས་ཡོད་ལ་སྐྱིད་སྡུག་མཉམ་མྱོང་ཡིན་་་་་་་་་

    Reply
  2. JIGME says:
    ལོ་ 16 སྔོན།

    ད་རེས་ཀརྨ་པའི་གནས་ཚུུལ་དེ་བླ་བྲངགཅིག་གི་གནས་ཚུལ་རེད ཆུང་ཆུང་ཆེན་པོ་མ་བཟོས་ན་ཡག་གི་རེད མར་མེའི་ཁྲོམ་སྐོར་བྱས་དྲག་ན་་གྱོང་བོད་པར་རག་ངེས་རེད་

    Reply
  3. ཉི་ཟླ་སྐར་གསུམ། says:
    ལོ་ 16 སྔོན།

    བཀའ་ཤག་གིས་གསུངས་པ་དེ་བདེན་པ་རེད། སྐད་འབོད་སུ་ལ་བྱེད་ཀྱི་ཡོད་རེད།
    ག་རེ་ཡིན་པའི་ཚུལ་རེད། དངོས་གནས་ང་ཚོའི་བོད་རིགས་འདིས་ད་དུང་ལས་ཀ་བྱེད་སྟངས་ཧ་གོ་མི་འདུག། རྒྱ་གར་གཞུང་དམངས་གཉིས་ལ་དོ་ཕོག་མ་ཤོར་བ་ཞིག་ངེས་པར་
    དུ་བསམ་བློ་གཏོང་དགོས་།
    ལུང་པའི་ཁྲིམས་དང་མ་མཐུན་པ་ཞིག་ཀརྨ་བླ་བྲང་ལ་བྱུང་ཡོད་པ་ནི་བདེན་པ་རེད།

    Reply
  4. རྟོགས་སད་ཀྱི་སྨྱུ་བུ། says:
    ལོ་ 16 སྔོན།

    བཀའ་ཤག་གིས་གསུངས་པ་བཞིན་ཡིན་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་བྱེད་བཞིན་པ་འདི་ངེས་པ་ཅན་འཚམས་འཇོག་དགོས་པའི་འབོད་བསྐུལ་ཞིག་བོད་གཞུང་དང་བཀའ་ཤག་བྱེད་དགོས་པ་ལས་མི་མངས་གིས་ཁྲོད་དུ་འབོད་སྐུལ་དེ་སྔ་དྲག་མ་སོང་ངམ་་་་་་་་་་་་་་་་་་་་་་་་་་་་་

    Reply
  5. ཤར་ཕྱོགས་ཁུག་རྟ། says:
    ལོ་ 16 སྔོན།

    ཁ་སང་གནས་ཚུལ་འདི་གོ་མ་ཐག་ནས། རྒྱ་ནག་གཞུང་གིས་ཅིག་བྱས་མི་ཡོང་ངམ་བསམ་ནས་སེམས་འཚབ་ནས་བསྡད་ཡིན། དེའི་མ་ཟད་ཡུལ་མི་དང་ཡུལ་ཁྲིམས་སྤྱི་གཙུག་ཏུ་འཇོག་རྒྱུ་དབུས་སུ་བཞག་པ་ཡིན། དེ་ལྟར་ཁྱི་ལབ་འདྲ་རྒྱག་ཁུལ་བྱས་ཡོད། ད་ལྟ་༧དཔལ་ལྡན་བཀའ་ཤག་གིས་གང་གསུངས་པ་དེ་རྣམས་བོད་མི་སྤྱི་ཡོངས་ལ་དོ་ཕོག་མི་འགྲོ་ཆེད་རེད་འདུག་པས། ཀམ་ཚང་གཙོས་པའི་བོད་མི་ཚང་མས་ལས་འགུལ་མ་སྤེལ་ན་ཡག་གི་རེད། ད་མཚམས་ཟིན་ཚད་ཏག་ཏག་བསྡད་ཡོད་པ་རེད།

    Reply
  6. Dawai Shonu says:
    ལོ་ 16 སྔོན།

    གནས་དོན་འདི་གནས་ཚང་རྒྱལ་ཁབ་ཀྱི་ཁྲིམས་ལ་ཐུག་ཡོད། ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་འཁྱེར་དགོས་པ་མ་ཡིན་ནམ། ད་ལྟ་ང་ཚོ་རྒྱ་གར་ལུང་པར་སྐྱབས་བཅོལ་ནས་བསྡད་ཡོད། སྣང་བ་གང་དྲན་བྱེད་ས་མེད། བཙན་བྱོལ་བོད་མི་ཡོངས་ལ་སྡོད་བཟོད་མི་ཐུབ་པའི་གནས་སྟངས་ཤར་བའི་ཉེན་ཁ་ཆེན་པོ་ཡོད་པས་དེ་རྩིས་ཚང་མས་དགོངས་པ་བཞེས་རོགས།

    Reply
  7. གནམ་ལྕགས། says:
    ལོ་ 16 སྔོན།

    རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་དག་དང་ལྷག་དོན་ས་གནས་ཚགས་ཤོག་དག་ཏུ་བཟོད་མི་བཏུབ་པའི་དཀྲོག་གཏམ་སྤེལ་བ་སོགས་ལ་མི་མང་ངམ་ནུས་པ་ཅན་རེ་ཡོད་ན་ཁྲིམས་གཏུགས་དང་ཁུངས་སྐྱེལ་ར་སྤྲོད་ཀྱི་བདེན་པ་ཞིག་སློང་ཡང་མི་འགྲིག་པ་མི་འདུག་སྙམ། ལས་འགུལ་ལྟ་བུ་སྤེལ་ནས་མི་མང་ལ་དོ་ཕོག་འགྲོ་གཞིའི་ལས་རྩོམ་པ་ལས་དེ་ཡག་པར་མཐོང་།

    Reply
  8. གནམ་ལྕགས། says:
    ལོ་ 16 སྔོན།

    དེ་རིང་སོགས་ཀྱི་ངོ་རྒོལ་གྱི་ཁྲོམ་སྐོར་རྣམ་པ་འདི་ཅུང་ཚད་ལས་བརྒལ་བ་མིན་འགྲོ་དྲན་ནས་བསྡད་ཡོད། ལྷག་པར་དུ་འདིའི་སྐོར་ལ་ང་ཚོས་ཡང་དང་བསྐྱར་དུ་འདི་ལྟར་བྱས་ན། རྒྱ་གར་གཞུང་དང་མི་མང་ལ་དོ་ཕོག་ཡོང་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ།

    ༸གོང་ས་མཆོག་གིས་འདི་ལྟར་བཀའ་ཕབ་པ་འདི་དུས་ཐོག་ཆར་བར་གྱུར་ཡོད་ལ། ད་ནངས་ཞོགས་པར་བསྟན་འཛིན་བརྩོན་འགྲུས་སོགས་ཀྱིས་འགོ་ཁྲིད་ནས་རྡ་སྟེང་ནས་རྒྱུད་སྟོད་བར་སྐད་འབོད་བྱས་པ་དེ་ནི་ཧམ་པ་དང་སྐབས་འཚོལ། ཧོལ་རྒྱུགས་ཀྱི་རྣམ་པ་ཞིག་ལས་བོད་སྤྱི་དང་ལྷག་དོན་དཔལ་རྒྱལ་བ་ཀརྨ་པར་ཕན་པའི་ལས་ཤིག་གཏན་ནས་མིན།

    གཤམ་ནས་རྩོམ་སྒྲིག་པར་ཞུ་རྒྱུར། གསར་འགྱུར་འདིའི་མགོ་རུ་”ད་ལྟ་རིང་”ཞེས་པའི་རིང་དེའི་མགོ་ལ་བཞག་པའི་གི་གུ་དེ་ཕྱིར་འཐེན་བྱ་རྒྱུའི་རེ་བ་འབོད་སྐུལ་ཡོད།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    མི་དམངས་ཀྱིས་རྒྱབ་སྐྱོར་ཚུལ་དུ་རང་འགུལ་གྱི་ལས་འགུལ་སྤེལ་བར་དགེ་སྐྱོན་མང་དག་ཅིག་ཡོད་པ་དངོས་ཡོད་རེད། འོན་ཀྱང་དཀྲོག་གཏམ་དང་སྐུར་འདེབས་དེ་ལྟབུ་ཞིག་བྱེད་པ་ནི་ཧ་ཅང་ཚབ་ཆེན་པོ་རེད། དེར་བཟོད་བསྲན་དང་བསམ་གཞིགས་བྱེད་ཁག་པོ་འདུག
    རྗེས་འཇུག་པ་ཚང་མས་བདེན་པ་བདེན་སར་འཁྱོལ་བ་བྱེད་རྒྱུ་གལ་ཆེན་པོ་རེད།

    Reply
  10. ཤག་སྒང་པ། says:
    ལོ་ 16 སྔོན།

    ཉེས་མེད་ཉེས་འཛུགས་དང་། གསར་འགོད་པས་ཁུངས་མེད་བསྒྲགས་གཏམ་ལ་ཁ་བརྡ་རན་པོ་ཞིག་ད་བྱེད་དགོས་པ་མ་ཡིན་ནམ། ཡུལ་མིའི་མཐུན་ལམ་ཟེར་ནས་རྟག་པར་གྱོང་གུད་རྐྱང་རྐྱང་འཁུར་ནས་འདུག་དགོས་པར་དགོས་པ་དམིགས་བསལ་བ་ཞིག་མ་མཐོང་། འོས་འཚམ་གྱི་ལས་འགུལ་དང་འགྲེལ་བཤད་ཀྱི་ཁ་བརྡ་ངེས་པར་བྱེད་དགོས་པར་མཐོང་།

    Reply
  11. རིགས་བཟང་། says:
    ལོ་ 16 སྔོན།

    ཡོད་ཚད་འགོར་དྲགས་བྱ། ཕྲན་ཆུང་ང་རྩ་མ་ཉིད་ནས་མི་དམངས་ཀྱིས་ལས་འགུལ་སྤེལ་པ་དེ་ལ་འཐད་པ་བྱུང་མེད། ཇི་འདྲའི་གུ་དོག་པའི་སྤྱི་ཚོགས་ཤིག་ནས་མུ་ཏོའི་རྩམ་ཁུག་ལྟ་བུའི་བློ་ཕུགས་ལས་མེད་མཁན་འདི་ཚོས་གནོད་ལས་ཕན་ཐོགས་མེད།

    Reply
  12. རས་པ། says:
    ལོ་ 16 སྔོན།

    དུས་ཐོག་གསལ་བསྒྲིགས་གནང་བ་དང་། གསར་ཁང་གིས་གསར་འགྱུར་བཀོད་པ་ཡག་པོ་བྱུང་། དེ་མིན་ནོར་འཁྲུལ་ཅི་ཤོར་མི་ཤེས་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese