མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཆུབ་དར་རྒྱས་གླིང་།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༦ ནས་ ༨ བར་གྱི་ཉིན་གསུམ་རིང་། རྒྱ་གར་བྱང་ཤར་ཨ་རི་ན་ཅལ་མངའ་སྡེ་པད་མ་བཀོད་དུ་གྲུབ་དབང་པདྨ་ནོར་རིན་པོ་ཆེ་མཆོག་གི་དགོན་པ་༼ ངེས་གསང་སྔགས་བྱང་ཆུབ་དར་རྒྱས་གླིང་ ༽གི་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་ལེགས་འགྲུབ་ཀྱི་མཛད་སྒོ་རྒྱས་པ་ཞིག་བསྡུས་ཡོད་འདུག མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ཡུལ་གདན་རབས་བཅུ་གཉིས་པ་སྐྱབས་རྗེ་རིན་པོ་ཆེ་མཆོག་དང་བཙན་བྱོལ་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག ཨ་རུ་ན་ཅལ་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་ཨ་ལོ་ལི་བྷང་དང་ས་གནས་རྫོང་དཔོན། དེ་བཞིན། ཏི་ཛུ་དང་མེའོ་ས་གནས་མགོ་འཛིན་དང་རྙིང་མའི་སྤྱི་འཐུས་རྣམ་གཉིས་བཅས་ཕེབས་ཡོད་འདུག མཛད་སྒོའི་ཐོག་མར་གཙུག་ལག་ཁང་སྒོ་འབྱེད་ཀྱི་དར་མཚོན་བཅད་པ་དང་། འབྲེལ་ཡོད་ལས་སྣེ་དག་གིས་དགོན་པ་ངོ་སྤྲོད་དང་འབྲེལ་བྱ་བའི་གོ་རིམ་སྙན་སྒྲོན་ཞུས་ཤིང་། ཉིན་རྒྱབ་གླིང་བྲོ་བདེ་ཆེན་རོམ་མོའི་གཙོས་པའི་གཞས་སྣ་འཁྲབ་སྟོན་བྱས་ཡོད།

 

ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོར་ཨ་རུ་ན་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་ཕེབས་ཏེ། གཙུག་ལག་ཁང་ཐོག་བརྩེགས་གཉིས་པའི་སྟེང་ཡོད་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྙིང་དང་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་སྐུ་གདུང་། དངོས་རྫས་གསར་རྙིང་གི་རྒྱལ་སྤྱིའི་འགྲེམས་སྟོན་ཁང་། དེ་བཞིན། རྒྱལ་བའི་བཀའ་བསྟན་གྱིས་གཙོས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་ཕྱག་དཔེ་རྣམས་བཞུགས་སའི་དཔེ་མཛོད་ཁང་བཅས་སྒོ་འབྱེད་མཛད་ཡོད་འདུག དེའི་རྗེས་མངའ་སྡེ་བློན་ཆེན་མཆོག་གིས་གསུང་བཤད་གནང་ཞིང་། ཀློ་བ་དང་མོན་པ། བོད་རིགས་བཅས་ནས་གཞས་སྣ་འཁྲབ་སྟོན་བྱས་ཡོད་འདུག ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོར་སྐྱབས་རྗེ་རིན་པོ་ཆེའི་ཞབས་བརྟན་ཚེ་སྒྲུབ་གནང་ཞིང་། ཕྱི་དྲོར་རིན་པོ་ཆེ་མཆོག་གིས་དད་ལྡན་སེར་སྐྱ་མི་མང་ལ་གཏེར་སྟོན་མི་འགྱུར་རྡོ་རྗེའི་གཏེར་ཆོས་འོད་དཔག་མེད་ཀྱི་བཀའ་དབང་བསྩལ་ཡོད་འདུག

 

གཙུག་ལག་ཁང་དེ་ནི། ཕྱི་ལོ་ ༢༠༠༣ ལོར་༸གོང་ས་ཆིབས་བསྒྱུར་སྐབས་དགོན་ས་བྱིན་གྱིས་བརླབས་ཤིང་གཙུག་ལག་ཁང་གི་རྨང་རྡོ་དང་བྱང་ཆུབ་ལྗོན་ཤིང་བཙུགས་ཏེ། མ་འོངས་པར་ས་འདིར་དཔལ་ཡུལ་པད་ནོར་རིན་པོ་ཆེའི་ཆོས་བརྒྱུད་ཀྱི་དགོན་པ་ཞིག་བཞེང་འཆར་ཡོད་པ་དེ་ཧ་ཅང་ཡག་པོ་རེད། ཆོས་བརྒྱུད་གྲྭ་ཚང་གི་སྒྲིག་འཛུགས་དང་། མི་མང་ལ་ནང་ཆོས་ངོ་སྤྲོད་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་རེད། ཅེས་དང་། དགོན་པའི་སྒོའི་གཡས་གཡོན་ལ་རྒྱལ་ཆེན་བཞི་རྫིག་པོ་དེ་འདྲ་བྲིས་ཏེ་ཕན་ཐོགས་ཨེ་ཡོད་མི་ཤེས་ཏེ། སྲིད་པ་འཁོར་ལོ་དང་མཐུན་པ་སྤུན་བཞིའི་རི་མོ་བྲིས་ཏེ་མཆོད་མཇལ་བ་ཚོར་འགྲེལ་བཤད་བརྒྱབ་ན་ཕན་ཐོགས་ཡོང་གི་རེད། ཅེས་བཀའ་གནང་ཡོད་འདུག དེ་རྗེས་པདྨ་ནོར་རིན་པོ་ཆེ་མཆོག་ཕེབས་ཏེ་དགོན་པའི་མཚན་ལ་༼ ངེས་གསང་མདོ་སྔགས་བྱང་ཆུབ་དར་རྒྱས་གླིང༽ ཞེས་གསོལ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༩ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༢ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 4

  1. JIGME says:
    ལོ་ 16 སྔོན།

    འཇང་གཡུ་ལྷ་ཐོགས་འགྱུར་ལགས་ ངས་་༼ བོད་པའི་བླ་མ་རྣམས་ཀྱི་༽་ ཞེས་བཤད་པ་ལས་ཆོས་ལུགས་གང་ཡིན་བཤད་མེད་ལ་དེ་རྣམས་ཀྱི་ཁྱད་པར་ཤེས་ཀྱི་ཡང་མེད་ དིང་སྐབས་བཙན་པོའི་དུས་རབས་ཀྱི་རྗེས་ལ་བྱུང་མྱོང་མེད་པའི་བོད་པ་རྣམས་གཅིག་འགྱུར་ཞིག་བྱུང་བཞིན་ཡོད་པས་ཁྱེད་རང་གྱི་བརྩེ་མོ་་དེ་རིགས་མ་བརྩེས་ན་དགའ་ ལྷག་པར་དུ་ཁྱེད་རང་གྲ་པ་མིན་ན་རང་གི་བུ་ཕྲུག་རྣམས་ལ་བརྩེ་མོ་རྙིང་པ་དེ་མ་བརྩེས་ན་ལེགས་སོ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    འཇིགས་མེད་རང་གི་སེམས་དྭོགས་དེ་བདེན་པ་རེད། འོན་ཀྱང་བསྒྱུར་བ་གཏོང་ཐུབ་མཁན་ཅིག་མ་བྱུང་བར། བྱང་ཆུབ་དར་རྒྱས་གླིང་དར་རྒྱས་ཤོག་སྨོན་རྒྱུ་ཙམ་ལས་མ་འདས་སོ། །

    Reply
  3. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 16 སྔོན།

    ངའི་ལྟོས་ན་ཡང་དགོན་པ་འདི་སྡོག་ཕྱོགས་ཞིག་ཡིན་གྱི་རེད་གང་ཡིན་ཟེར་ན་ དགོན་པ་འདི་དགེ་ལུགས་པ་མ་རེད་མོ ཨ་ལ་བརྩེ་མོ་ཡིན་ད་ ཧཧཧཧ
    གང་ལྟར་ཡང་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་ལེགས་འགྲུབ་བྱུང་བ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།

    Reply
  4. JIGME says:
    ལོ་ 16 སྔོན།

    ཡུལ་ཁྲིམས་དང་མཐུན་པ་བྱས་ཡོད་བཞག་རེད་ རྩ་བའི་སངས་རྒྱས་ཤིང་སྡོང་འོག་ལ་བཞུགས་ནས་དཀའ་བ་བཅད་ནས་སངས་རྒྱས་ནའང དེ་ཡི་རྗེས་གྲངས་པ་ཡིན་ཟེར་མཁན་བོད་པའི་བླ་མ་རྣམས་ཀྱི་དེ་དྲའི་དགོན་པ་ཆེན་པོ་དང་རྒྱས་སྤྲོད་ཆེན་པོ་གནང་བ་དེས་ངའི་སེམས་ལ་དྲི་བ་མང་པོ་ཞིག་འཁོར་བཞིན་འདུག་ ངས་ལྟས་ན་ཁོང་ཚོའི་གནང་སྟངས་དེ་སངས་རྒྱས་ཀྱི་གནང་སྟངས་ཀྱི་སྡོག་ཕྱོགས་་སུ་གནང་བ་ཞིག་མཐོང་གི་འདུག་ དེ་ལྟར་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese