ཕྱི་ཚེས་ ༡༠ ཉིན་བྷེལ་ཇམ་ཁུལ་གྱི་བོད་མི་ ༣༠༠ ལྷག་བྷེལ་ཇམ་ལྟེ་བའི་མེ་འཁོར་བབས་ཚུགས་ཉེ་འགྲམ་གྱི་ཐང་ཆེན་དུ་ལྷན་འཛོམས་གནང་སྟེ། ཡུ་རོབ་གྲོས་ཚོགས་ཀྱི་མདུན་ཐང་བར་ཞི་བའི་གོམ་བགྲོད་སྐད་འབོད་ཅིག་གནང་ཡོད། སྐབས་དེར་སྦེལ་ཇམ་སྐུ་ཚབ་དོན་གཅོད་ཀྱི་འཐུས་མིས་༧གོང་ས་མཆོག་གི་གསུང་འཕྲིན་སྒྲོག་སྦྱོང་གནང་ཡོད་ཅིང་། དེ་ནས་བྷེལ་ཇམ་བོད་རིགས་ཚོགས་པ་དང་ཡུ་རོབ་གྲོས་ཚོགས་འཐུས་མི། བོད་ཀྱི་གྲོགས་པོ་ཚོགས་པ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱིས་བོད་དོན་དང་འབྲེལ་བའི་གཏམ་བཤད་གནང་འདུག ཉིན་གུང་རྗེས་སླར་ཡང་ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་ཚབ་བར་ཞི་བའི་གོམ་བགྲོད་སྐད་འབོད་བྱས་མཐར་རྒྱ་ནག་གཞུང་ཚབ་མདུན་ཐང་དུ་ལས་འགུལ་མཇུག་བསྡོམས་གནང་ཡོད་ཅིང་། ཉིན་དེར་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་དང་། བྷེལ་ཇམ་གྱི་གསར་ཁང་ཁག་གི་གསར་འགོད་པ་མང་པོ་ཞིག་བསླེབས་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
བྷེལ་ཇམ་བོད་མི་གཞིས་སྡོད་རྣམས་པར་ཐུགས་རྗེ་ཆེ་ཞུ་རང་ཉིད་བོད་མི་ཡིན་པ་ངོ་ཤེས་པ་དང་ཤ་གསེང་ན་རུས་པ་ཡོད་པའི་རྟགས་མཚན་རེད་མི་མཐུད་དུ་་་་