དེ་རིང་ཕྱི་ཚེས་ ༢༨ དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་གསལ་བསྒྲགས་སྤེལ་ཏེ། འདས་པའི་ལོ་གཅིག་གི་ནང་སྲོག་ཁྲིམས་ལག་བསྟར་བྱེད་མཁན་གྱི་རྒྱལ་ཁབ་ ༢༣ བྱུང་ཡོད་པ་དང་། དེ་ནི་ ༢༠༠༩ ལོ་དང་བསྡུར་ན་རྒྱལ་ཁབ་ ༤ མང་དུ་ཕྱིན་ཡོད་འདུག་ལ། རྒྱ་ནག་གིས་སྲོག་ཐོག་བཏང་བའི་གྲངས་འབོར་ནི་འཛམ་གླིང་སྤྱིའི་བསྡོམས་འབོར་ལས་ཀྱང་མང་བ་ཆགས་ཡོད་འདུག
སྲོག་ཁྲིམས་གཅོད་མཁན་རྒྱལ་ཁབ་ ༢༣ ཁྲོད་སྲོག་ཐོག་གཏོང་མཁན་ཆེས་མང་ཤོས་ཀྱི་རྒྱལ་ཁབ་དག་ནི། རྒྱ་ནག་གིས་མི་གྲངས་ ༥༢༧ ལ་སྲོག་ཁྲིམས་དང་། ཨེ་རན་ (Iran)གྱིས་མི་གྲངས་ ༢༥༢ ། བྱང་ཀོ་རི་ཡ་( North Korea)མི་གྲངས་ ༦༠ ། ཡེ་མན་གྱིས་ ( Yemen)མི་གྲངས་ ༥༣ ། ཨ་རིའི་མི་གྲངས་ ༤༦ ། སོ་ཏི་ཨ་རབ་( Saudi Arabia)ཀྱིས་མི་གྲངས་ ༢༧། ལེ་བྷི་ཡས་མི་གྲངས་ ( Libya) ༡༨ ། སིར་ཡ་ཡིས་མི་གྲངས་ ( Syria) ༡༧ བཅས་ཡིན་འདུག
ཨ་རི་ནི་བྱང་ཨ་རིའི་ཁུལ་དུ་སྲོག་ཁྲིམས་ལག་བསྟར་བྱེད་མཁན་རྒྱལ་ཁབ་གཅིག་པུ་དེ་ཆགས་ཡོད་ནའང་། ལོ་སྔོན་མར་ཨ་རིའི་ཁྲིམས་ཁང་གིས་སྲོག་ཁྲིམས་ ༡༡༠ རྩིས་མེད་བཟོས་ཡོད་པ་དང་། ལོ་སྔོན་མའི་ཕྱི་ཟླ་ ༣ པའི་ལི་ལིས་ནའོ་སི་ (Illinois) མངའ་སྡེ་ནང་སྲོག་ཁྲིམས་རྩིས་མེད་བཟོས་ཏེ་ཨ་རིའི་མངའ་སྡེ་ཁྲོད་སྲོག་ཁྲིམས་རྩིས་མེད་བཟོས་ཟིན་པའི་མངའ་སྡེ་ཨང་ ༡༦ པ་དེ་ཆགས་ཡོད་པ་རེད།
རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་འགན་འཛིན་རའོ་སིན་རེ་ཧྥི་ལགས་ཀྱིས་གསར་ལམ་ཁག་ཏུ་བརྗོད་དོན། རྒྱ་ནག་གིས་དྲག་སྤྱོད་ཉེས་དོན་མ་ཡིན་པའི་རིགས་ལའང་ཁྲིམས་མཐུན་མ་ཡིན་པར་གསང་བའི་སྒོ་ནས་སྲོག་ཐོག་གཏོང་བཞིན་ཡོད་པར་མ་ཟད། སྲོག་ཐོག་བཏང་བའི་མིའི་གྲངས་འབོར་ངོ་མ་རྒྱལ་སྤྱིའི་སྟེང་གསལ་ཁ་འདོན་གྱི་མེད་པ་དང་། དེ་བཞིན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་རྒྱལ་ཁབ་ཁག་ནང་སྲོག་ཁྲིམས་ཉུང་དུ་འགྲོ་བཞིན་པའི་སྐབས་སུ། ཐེ་ཝན་གྱིས་སྔར་མེད་ཀྱི་སྲོག་ཁྲིམས་ཁྲིམས་ལུགས་ཤིག་བསྐྱར་དུ་ལག་བསྟར་བྱས་པ་དེ་ནི་ཧ་ཅང་བློ་ཕམ་གྱི་གནས་ཞིག་རེད། ཅེས་བརྗོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
དགྱ་གཞུང་གི་མགོ་འཛིན་པ་ཧུའུ་ཅིན་ཐོ་ཞེས་པའི་མི་ངན་དེ་འུ་ཅག་ཁ་བ་ཅན་པའི་གདོན་ཡིན་པ་མ་ཟད་གླིང་འདིའི་ཤ་ཁྲག་རུས་གསུམ་ལ་རྔམ་པའི་ཤན་པ་ཆེ་ཤོས་དེ་ཡང་ཡིན།
དེ་དོན་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་ཨོྃམཎིཔདྨེཧཱུྃཿ་་་་་་་
མེས་རྒྱལ་ཁྱིམ་ཚང་ཆེན་མོས་མི་གྲངས་ ༥༢༧ ལ་སྲོག་ཁྲིམས་བཏང་བ་ལས་ཕྱེད་ཙམ་བོད་པ་ཡིན་ནི་གཏན་གཏན་རེད། རྒྱ་ནག་ཤད་རྭ་ཆེན་པོ་དེ་ནང་ཡོད་པའི་བོད་མི་རྣམས་ལ་སྙིང་ནས་ཡ་རེ་ང།
ངའི་མེས་རྒྱལ་ཁྱིམ་ཚང་ཆེན་མོས་མི་གྲངས་ ༥༢༧ ལ་སྲོག་ཁྲིམས་བཏང་ཤག འ་ཛིའི་ཞེད་སྣང་ལགས། སྲོག་ཁྲིམས་གཅོད་མཁན་རྒྱལ་ཁབ་ ༢༣ ཁྲོད་སྲོག་ཐོག་གཏོང་མཁན་ཨང་དང་པོ་ཆགས་ཤག ང་ཚོ་འཛམ་གླིང་མི་མང་ལ་ཡང་ངོ་ཚ་དགོས་པ་རྒྱ་ནག་དཔོན་རིགས་བཟོས་མི་འདུག་གེ ལགས། ཨ་ཁ་ཁ།