མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༡ ལོའི་བོད་ཀྱི་དུས་སྟོན།

བོད་ཀྱི་དུས་བབ།
༢༠༡༡/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིས་ཚེས་བརྒྱད་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནེ་རོ་གཙུག་ལག་སློབ་གཉེར་ཁང་གི་བོད་རིགས་མཐོ་རིམ་སློབ་མ་དག་གི་གོ་སྒྲིག་འོག ཉིས་སྟོང་བཅུ་གཅིག་ལོའི་བོད་ཀྱི་དུས་སྟོན་ཞེས་པའི་མཛད་སྒོ་ཞིག་སློབ་གྲྭ་དེ་གའི་ཁྲིམས་ལུགས་སྡེ་ཚན་དུ་ཚོགས་ཡོད་ཅིང་། དུས་སྟོན་དེའི་ཐོག་༼ བོད་དང་རྒྱ་ནག རྒྱ་གར་བཅས་ཀྱི་འབྲེལ་ལམ ༽ཞེས་པའི་བརྗོད་གཞིའི་ཐོག་མཁས་དབང་རྣམ་པས་གཏམ་བཤད་བགྲོ་གླེང་གནང་ཡོད།

མཛད་སྒོའི་སྐུ་མགྲོན་གཙོ་བོ་དག་ནི། ནེ་རོ་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཚན་རིག་གླིང་གི་སློབ་དཔོན་ཆེན་མོ་ཨ་ནན་ཌ་ཁོམ་མར་དང་། བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས། རྒྱ་གར་རྒྱལ་ཡོངས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་སྐུ་ཞབས་སྦ་ར་ཌ་ཀར་ཎ་ཏི། ནེ་རོ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དང་ལྡི་ལི་རྒྱ་ནག་ཉམས་ཞིབ་ལྷན་ཁང་གི་འགན་འཛིན་གཅིག་ལྕོག་སྐུ་ཞབས་སཱ་རེ་ཀ་ཏི་ཀོ་ཌེ་ཕ་ལེ་སོགས་ཆེད་ཕེབས་གནང་འདུག

ཐེངས་འདིའི་མཛད་རིམ་སློར་ལ་ལས་འགུལ་གཙོ་སྐྱོང་ལས་རོགས་འཇིགས་མེད་ལགས་ཀྱིས་བརྗོད་དོན། བོད་ཀྱི་དུས་སྟོན་ཞེས་པའི་ལས་འགུལ་འདི་ཚན་པ་ལྔར་བགོས་ཏེ་གོ་སྒྲིག་བྱས་ཡོད། དང་པོ། བོད་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་དང་པར་རིས་འགྲེམས་སྟོན་དང་། གཉིས་པ། བོད་ཀྱི་ཞབས་བྲོ་འཁྲབ་སྟོན། གསུམ་པ། བོད་དང་རྒྱ་གར། རྒྱ་ནག་བཅས་ཀྱི་འགྲེལ་ལམ་ཐད་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད། བཞི་པ། ༼སྤྲིན་རྒྱབ་ཀྱི་ཉི་མ༽ ཞེས་པའི་བོད་དོན་སྐོར་ཀྱི་གློག་བརྙན་གཟིགས་འབུལ་ཞུས་པ་ཡིན། ལྔ་པ། མཇུག་བསྡོམས་གསུང་བཤད་དང་སྦྲགས་གདན་ཞུའི་སྐུ་མགྲོན་དག་ལ་ལེགས་སྐྱེས་ཕུལ་བ་ཡིན། ཞེས་དང་། ནེ་རོ་གཙུག་ལག་སློབ་གྲྭར་དུས་སྟོན་འདི་གོ་སྒྲིག་བྱེད་ཐེངས་དང་པོ་ཡིན་ཡང་། ཕྱོགས་ཡོངས་ནས་ཡག་པོ་བྱུང་སོང་། མ་འོངས་པར་ཡང་བསྐྱར་གོ་སྒྲིག་ཞུ་ཐུབ་ན་སྙམ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།  

ནེ་རོ་མཐོ་སློབ་ཀྱི་སློབ་ཕྲུག་ཤེས་རབ་རྡོ་རྗེ་ལགས་ཀྱིས་བཏང་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༣ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. ལྷ་སའི་འཁྱམ་ཕྲུག says:
    ལོ་ 15 སྔོན།

    མཁྱེན་ཡང་སློབ་བུ་ཤེས་རབ་རྡོ་རྗེ་ལགས་སུ་ང་ཚོས་ཀྱང་ཁྱེད་ཀྱིས་གནང་བའི་ལས་དོན་དག་ལ་དངོས་ཤུགས་རྒྱུད་གསུམ་དུ་རྒྱབ་སྐྱོར་ཞུ་བཞིན་ཡོད་ལ་སྤྱིར་ང་རང་དུས་འཛོམས་དེའི་སྐབས་སུ་བསྡོད་དགོས་བསམ་ཀྱང་བྱུང་མ་སོང་འོན་ཀྱང་ཁྱེད་རྣམས་ནས་དུས་སྟོན་དེ་གོ་སྒྲིགས་ཡག་པོ་བྱུང་བར་རྟེན་ཧ་ཅང་དགའ་ཚོར་བྱུང་བས་སླད་མུ་མཐུད་ཁྱེད་རྣམས་པའི་བྱ་བཞག་ལམ་ལོང་ཡོང་བར་བཀྲ་ཤིས་སྨོན་འདུན་ཞུ།

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    སློབ་བུ་ཤེས་རབ་རྡོ་རྗེ་ལགས་ཁྱེད་ཀྱིས་གནང་བའི་ལས་དོན་དག་ལ་དགའ་སྤྲོའི་འཚམས་འདྲིའི་མེ་ཏོག་ང་ཚོ་གཞི་ལུས་བོད་མི་ཡོངས་ནས་ཞུ་གི་ཡོད། བདེ་དོན་གསལ་སྨོན་ལམ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese