ངྷ་སའི་རིགས་ལམ་སློབ་གཉིེར་ཁང་གིས་རིས་མེད་དགེ་བཤེས་ཐེངས་དང་པོ་དང་གཉིས་པ་ཐོན་མཁན་སློབ་གཉེར་བ་གྲངས་བཅུ་ལ་འབུམ་རམས་པ་ (Ph.D) དང་མཉམ་པའི་ཕྱག་འཁྱེར་སྩོལ་བའི་མཛད་སྒོ་ཞིག་བསྡུས་ཡོད།
ཁ་སང་སྔ་དྲོ་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་ངྷ་ས་རིགས་ལམ་སློབ་གཉེར་ཁང་གི་ཡན་ལག་ས་རཱ་མཐོ་སློབ་ཏུ་མཐར་ཕྱིན་སློབ་མར་ཕྱག་འཁྱེར་སྩོལ་བའི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་དབུས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག དེ་མིན། ཤེས་རིག་དྲུང་ཆེ་ཀརྨ་དགེ་ལེགས། བཀའ་ཟུར་སྐལ་བཟང་ཡེ་ཤེས། བཀའ་ཟུར་རིན་ཆེན་མཁའ་འགྲོ ངྷ་ས་ཉེ་འཁོར་གྱི་སློབ་གྲྭ་དང་དགོན་སྡེ་ཁག་ཅིག་གི་མཁན་པོ་དང་སློབ་སྤྱི་བཅས་ཕེབས་འདུག
མཛད་སྒོ་དབུ་འཛུགས་ཐོག་དཔེ་དེབ་ཁག་ཅིག་དབུ་འབྱེད་དང་འབྲེལ་ཏེ། སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་གིས་རིས་མེད་དགེ་བཤེས་འཐོན་མཁན་ ༡༠ ལ་འབུམ་རམས་པའམ། (Ph.D) དང་མཉམ་པའི་ཕྱག་འཁྱེར་བསྩལ་ཡོད་པ་དང་། ཤེས་རིག་བཀའ་བློན་མཆོག་གིས་རིས་མེད་སློབ་དཔོན་ཆེན་མོ་འཐོན་མཁན་ ༡༧ ལ་ཕྱག་འཁྱེར་བསྩལ་ཡོད། དེ་བཞིན། བཀའ་ཟུར་སྐལ་བཟང་ཡེ་ཤེས་དང་བཀའ་ཟུར་རིན་ཆེན་མཁའ་འགྲོ། ཤེས་རིག་དྲུང་ཆེ་ཀརྨ་དགེ་ལེགས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་བཅས་ནས་རིམ་པ་བཞིན་དབུ་མ་རབ་འབྱམས་པ་དང་རིག་གནས་རབ་འབྱམས་པ་འཐོན་མཁན་དག་ལ་ཕྱག་འཁྱེར་བསྩལ་སོང་།
སྐབས་དེར་རིགས་ལམ་སློབ་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་མཛད་སྒོའི་ངོ་སྤྲོད་གསུང་བཤད་གནང་དོན། ཐོག་མར་སློབ་མ་ ༢༣ ལས་གྲུབ་པའི་རིགས་ལམ་སློབ་གཉེར་ཁང་འདི་ ༡༩༧༣ ལོར་གསར་འཛུགས་བྱས་པ་ནས་རིམ་བཞིན་འཕེལ་རྒྱས་བཏང་སྟེ། ད་ཆར་རྨང་གཞིའི་བསྡུས་གྲྭ་ནས་རིས་མེད་དགེ་བཤེས་པར་སློབ་སྦྱོང་སྤྲོད་བཞིན་ཡོད་ལ། རིས་མེད་དགེ་བཤེས་སློབ་མཐར་ཕྱིན་པར་ཐོག་མར་བསྡུས་གྲྭ་ལོ་གཅིག་དང་། ཕར་ཕྱིན་ལོ་དྲུག དབུ་མ་ལོ་གསུམ། དེ་ནས་རིས་མེད་སློབ་དཔོན་ལ་ལོ་བཞི་ལ་བཏོན་རྗེས་གསང་སྔགས་སློབ་གཉེར་ལོ་གཉིས་ལ་གནང་དགོས། དེ་དག་རེ་རེ་ལ་འབྲི་རྒྱུགས་དང་རྩོད་རྒྱུགས་ཡོད་པ་བཞིན། ལོ་ངོ་ ༡༦ རིང་ཡིག་ཚད་ཡོངས་སུ་འཕྲོད་ན། ད་གཟོད་རིས་མེད་དགེ་བཤེས་(Ph.D)ཞེས་པའི་ཕྱག་འཁྱེར་འདི་ཐོབ་ཀྱི་ཡོད། ཅེས་ངོ་སྤྲོད་གནང་སོང་།
བོད་བརྒྱུད་ནང་བསྟན་རིག་པའི་ལོ་རྒྱུས་ཐོག་གི་རིས་མེད་དགེ་བཤེས་འཐོན་མཁན་བཙུན་མ་ཐོག་མ། འཇར་མན་པ་བཙུན་མ་སྐལ་བཟང་དབང་མོ་ལགས་ཀྱིས་མོ་རང་གི་ལོ་རྒྱུས་ངོ་སྤྲོད་དང་སྦྲགས་ནང་ཆོས་སློབ་གཉེར་གནང་བའི་མྱོང་ཚོར་སྐོར་གསུངས་དོན། གུས་མོ་ནི་འཇར་མན་(Germany) མི་རིགས་ཞིག་ཡིན་ལ། རང་ཉིད་སྐྱེས་ས་དང་གཞི་རིམ་སློབ་སྦྱོང་བྱེད་སའང་འཇར་མན་ཡིན། གཞི་རིམ་སློབ་མཐར་ཕྱིན་སྐབས་གུང་སེང་དང་བསྟུན་ཏེ། རྒྱ་གར་དང་དབྱིན་ཇའི་ལུང་པ་ཁག་ཅིག་ལ་སྤྲོ་འཆམ་ལ་ཕྱིན་སྐབས་བོད་མི་སྐྱབས་བཅོལ་བའི་སྐོར་ཐོས་ཏེ་ངྷ་སར་ཡོང་པ་ཡིན། སྐབས་དེར་༧གོང་ས་མཆོག་གི་ནང་ཆོས་ངོ་སྤྲོད་ཀྱི་དཔེ་དེབ་འགར་མཇལ་རྒྱུ་བྱུང་སྟབས། ནང་པའི་ཆོས་ལ་དོ་སྣང་དང་སློབ་སྦྱོང་བྱ་འདོད་ཆེན་པོ་བྱུང་སྟེ། རྒན་དམ་པ་ལགས་ཀྱི་དྲུང་དུ་བཅར་ནས་རིགས་སློབ་ནང་ཚུད་ཐབས་ཡོང་པའི་སྐྱབས་འཇུག་ཞུས་པ་ཡིན། སྐབས་དེར་རིགས་སློབ་ལ་སྡོད་གནས་སོགས་ཀྱི་དཀའ་ངལ་ཡོད་ཀྱང་། དམིགས་བསལ་དགོངས་བཞེས་ཐོག་སློབ་འཇུག་གནང་པ་མ་ཟད། དུས་དེ་ནས་མཐར་ཕྱིན་རག་བར་རོགས་རམ་མཐུན་འགྱུར་བླ་མེད་གནང་བྱུང་། ཞེས་བརྗོད་བྱུང་།
ཁོང་མོས་མུ་མཐུད་དོན། ༧གོང་ས་མཆོག་དང་དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་གཙོས་པའི་དགེ་བའི་བཤེས་གཉེན་རྣམ་པ་དང་། ལས་བྱེད་སློབ་གྲོགས་ཚང་མའི་བཀའ་དྲིན་ལ་བརྟེན་ནས། ང་ལ་ནང་ཆོས་སློབ་སྦྱོང་གི་གོ་སྐབས་འདི་བྱུང་པས། གོ་སྐབས་འདི་བརྒྱུད་སློབ་གཉེར་ཁང་འདིའི་དགེ་བའི་བཤེས་གཉེན་རྣམ་པ་དང་ལས་བྱེད་སློབ་གྲོགས་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདས་པའི་ལོ་ངོ་ ༡༦ ལྷག་ལ་ཕྱི་ནང་གི་དཀའ་ངལ་ཁྱད་སད་ཐོག་དེ་རིང་ང་ལ་རིས་མེད་དགེ་བཤེས་ཀྱི་ཕྱག་འཁྱེར་ཐོབ་པ་འདི་ནི། བུད་མེད་ཚོ་ལ་ཤེས་ཡོན་གྱི་ཐོབ་ཐང་དང་གོ་སྐབས་འདྲ་མཉམ་ཡོད་པའི་མཚོན་རྟགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། མ་འོངས་པར་ཡང་ང་རང་གིས་དྲིན་ལན་འཇལ་ཕྱིར་མུ་མཐུད་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ། རང་ནུས་གང་ཡོད་ཀྱིས་ནང་ཆོས་ཕྱིའི་སྐད་ཡིག་འདྲ་མིན་ཐོག་བསྒྱུར་ཐབས་ལ་འབད་བརྩོན་བྱ་རྒྱུའི་དམིགས་ཡུལ་ཡོད། ཅེས་བརྗོད་སོང་།
དེའི་རྗེས་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་མཆོག་གིས་གསུང་བཤད་གནང་དོན། རིགས་ལམ་སློབ་གཉེར་ཁང་འདི་དམིགས་བསལ་ཞིག་ལ་ངོས་འཛིན་བྱ་ཆོག་པ་ཞིག་རེད། བོད་ཀྱི་སྲོལ་རྒྱུན་བསླབ་པ་སློབ་གཉེར་གནང་སྟངས་འདི་ཕལ་ཆེར་ཆོས་སྡེ་ཁག་ན་མ་གཏོགས་མེད་པ་འདྲ་བོ་ཞིག་ཆགས་ཡོད། སྲོལ་རྒྱུན་བསླབ་པ་སློབ་གཉེར་གནང་སྟངས་དང་བླ་སློབ་བར་གྱི་འབྲེལ་བ་འདི། དེང་རབས་ཀྱི་སློབ་གཉེར་གནང་སྟངས་དང་མི་འདྲ་བ་ཞིག་ཆགས་ཡོད། དེང་རབས་ཀྱི་སློབ་གཉེར་གནང་སྟངས་འདི་ཐག་བཅད་ནས་བཤད་ཐུབ་པ་ཞིག་ལ་ཚེ་འདིའི་ལྟོ་གོས་གཏམ་གསུམ་དང་། དེ་དང་འབྲེལ་བའི་བྱ་གཞག་ཁོ་ན་གཙོ་བོར་འཛིན་པ་ཞིག་མ་གཏོགས། མི་བཟང་པོ་དང་འཛམ་བུ་གླིང་ལ་ཕན་ཐོགས་བྱེད་ཐུབ་མཁན་ཞིག་ཡོང་རྒྱུ་ནི། དེང་རབས་ཤེས་ཡོན་སློབ་སྦྱོང་གི་དམིགས་ཡུལ་མ་རེད། དེར་བརྟེན། མུ་མཐུད་ནས་སློབ་གཉེར་ཁང་འདིས་ཤུགས་སྣོན་རྒྱག་དགོས་པ་གལ་ཆེན་པོ་རེད། ལྷག་པར་དུ་ནང་ཆོས་སྐད་རིགས་གཞན་པའི་ནང་འཆད་སྒྱུར་བྱ་ཐུབ་ན་ཕན་རླབས་ཆེན་པོ་ཡོང་གི་རེད། ང་ཚོས་ནང་ཆོས་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་མ་རེད། ང་ཚོས་ནང་ཆོས་ཀྱི་བསླབ་བྱ་གཞན་ལ་འཐོབ་ཐབས་བྱས་ཏེ། འཛམ་གླིང་ཞི་བདེ་དང་འཆམ་མཐུན་ལ་ནང་ཆོས་ལས་ལྷག་ཅིག་མེད་པ་ཤེས་སུ་འཇུག་དགོས་པ་རེད། ཆེས་གསུངས་སོང་།
མཐར་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་གསུང་དོན། ནང་པ་སངས་རྒྱས་པའི་ཆོས་འདི་གྲྭ་བཙུན་གཅིག་པོས་སློབ་སྦྱོང་བྱ་རྒྱུ་ཙམ་མ་ཡིན་པར། སེར་སྐྱ་ཕོ་མོ་ཀུན་གྱིས་བློ་སྦྱོང་བྱ་དགོས་པའི་ཆོས་ཤིག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་ཡོད། དེ་བཞིན་ནང་བསྟན་ཆོས་ལུགས་ནི་ནང་པའི་རྒྱལ་ཁབ་ཙམ་མ་ཡིན་པར་འཇིག་རྟེན་ཀུན་ཁྱབ་ཀྱི་མིའི་རིན་ཐང་གོང་འཕེལ་གཏོང་བར་མེད་ཐབས་མེད་པ་ཞིག་ཆགས་ཡོད་སྟབས། ཚང་མས་སློབ་སྦྱོང་བྱ་དགོས་པ་དང་ཀུན་ལ་ཁྱབ་སྤེལ་གནང་རྒྱུ་གལ་ཆེན་པོ་རེད། དེར་ཚེ་འདི་ཕྱི་གཉིས་ཀྱི་བསླབ་བྱ་འདུས་ཡོད། སྐྱ་སེར་ཕོ་མོ་དབྱེར་མེད་ཐོག་ནང་ཆོས་ལ་སློབ་སྦྱོང་བྱ་དགོས་ལ། ལྷག་པར་དུ་གྲྭ་བཙུན་ཚོ་ལ་མཚོན་ན། རབ་ཏུ་བྱུང་པ་དང་ནང་ཆོས་ལ་སློབ་གཉེར་བྱེད་པ་འདི་ལྟོ་རྒྱབ་རག་ཐབས་དང་། དངུལ་གསོག་ཐབས། ཆོས་ཚོགས་འཛུགས་ཕྱིར་མིན་པར་ཐར་བ་དང་ཐམས་ཅན་མཁྱེན་པའི་གོ་འཕང་འཐོབ་པར་བྱ་རྒྱུ་དེ་རེད། ཅེས་གསུངས་སོང་།
གསར་འགོད་པ། བནྡེ་སྐྱབས།
ཨ་མ་ལོ། སྔོན་བྱུང་མ་མྱོང་བའི་མཚར་གཏམ། ཐོབ་ཐང་འདྲ་མཉམ་ཕྱག་འཁྱེར། མ་འོངས་པ་ན་སྐྲ་སེར་རིགས་ཀྱི་དགེ་སློང་དང་དགེ་སློང་མའོ།
ད་ལྟ་རིགས་ལམ་སློབ་གཉེར་ཁང་གི་ཕོ་མོ་འདྲ་མཉམ་ཐོག་དགེ་བཤེས་མ་དང་འབུམ་རམ་མའི་མཚན་གནས་དང་ཕྱག་ཁྱེར་གནང་བ་ང་ཚོའི་ཕྱི་ཚོགས་ནང་བྱུང་མ་མྱོང་བའི་གུ་ཡངས་གི་བསམ་བློ་དང་མདུན་སྐྱོད་ཀྱི་རྣམ་པ་ཞིག་རེད་རྗེས་སུ་ཡི་རང་ཡིན།
སྤྱིར་བཏང་གིས་བཀྲ་ཤིས་བདེ་ལེགས་དང་རྟེན་འབྲེལ་ཞུས་པ་ཡིན། བུད་མེད་དགེ་བཤེས་དང་བཙུན་མའི་དགེ་བཤེས་ཟེར་བ་ནི་ཚིག་མ་བདེ་བ་དང་མི་སྙན་པ་ཞིག་འདུག དགོད་བྲོ་བ་ཞིག་ཀྱང་རེད། དེ་ཡང་སྔོན་ཆོས་ལུགས་ཚོགས་ཆེན་ཞིག་གིས་སྟེང་ནས་ལྷ་རམས་པ་ཞིག་གིས་གསུངས་དོན། ཨ་ནེ་དགེ་བཤེས་ཟེར་ན་ལྟས་རྟགས་རེད་ཟེར་བ་ཡང་དོན་པོ་མེད་པའི་གཏམ་ཞིག་ཁྱོན་ནས་མ་ཡིན་པས་དཔྱད་རིན་འདུག་སྙམ་པ་བྱུང་།
གཞན་ཡང་འབུམ་རམས་པ་དང་Ph.Dཟེར་བ་གཉིས་དོན་གཅིག་གཅིག་ལྟ་བུར་བསམ་བློ་གནང་ན་ཏག་ཏག་ཅིག་ཡོང་བཞིན་ཡོད་མེད་མི་ཤེས་པས། ཉེ་སྔར་ཁོ་བོས་འདིའི་སྐོར་ལ་གླེང་བསློང་ཞིག་བྱས་ཡོད་པས་དེར་གཟིགས་ནས་དགོངས་འཆར་རེ་གནང་ན་བསམ་པ་ཡང་བྱུང་། འོག་གི་དྲ་བྱང་དུ་གཟིགས་གནང་ཞུ།
http://blog.amdotibet.cn/triyung/archives/18817.aspx
དེང་བཙན་བྱོལ་སྤྱི་ཚོགས་འདིའི་ནང་དུ། འབུམ་རམས་པ་ཟེར་བའི་བརྗོད་ཚིགས་ཤིན་ཏུ་ནས་མ་བདེ་བ་ཞིག་བེད་སྤྱོད་བྱས་ནས། རབས་འབྱམས་པ་ལས་ལྷག་ཙམ་ཞིག་ཡིན་མདོག་བསྟན་གྱིན་འདུག དངོས་གནས་བྱས་ན། ཁྲིམས་ལུགས་རབ་འབྱམས་པ་བློ་བཟང་སེང་གེ་ཟེར་བ་དང་། བརྩིས་པ་རབ་འབྱམས་པ་ཟེར་པ་དང་། སྨན་པ་རབ་འབྱམས་པ་ཅེས་སྨྲས་ན་ལོ་རྒྱུས་དང་མཐུན། བརྗོད་ཚིག་བདེ། ནུབ་ཕྱོགས་པའི་པའི་ལག་ཁྱེར་རྣམས་དང་ཐོབ་ཐང་གཅིག་པ་བྱས་ན་ཤིན་ཏུ་ལེགས། འབུམ་རམས་ཟེར་བ་སྔོན་མར་མ་གྲགས་པ། གསར་བཟོས་བརྗོད་མི་བདེ་། གོ་རྒྱུ་ཆུང་བ་དེའི་རིགས་དེ་དོར་ན་ལེགས མཁས་དབང་ཟེར་བའི་ཚིག་དེ། ph D , Md ་ཡིན་ཚད་ལ་བོས་ན་རིན་ཐང་ཁྱོན་ནས་མེད་པ་ཆགས་འགྲོ། དེང་སང་བཙན་བྱོལ་ནང་ནས། མཁས་དབང་ཟམ་གདོང་རིན་པོ་ཆེ་ཟེར་བོས་ན་དངོས་གནས་དོན་དང་མཐུན། མིང་འདི་བེད་སྤྱོད་བྱེད་གྲགས་ན་སྐད་ཆ་མང་པོ་ཞིག་ལ་རིན་ཐང་ཆེ་ཆུང་གང་ཡང་མེད་པ་ཆགས་ཀྱི་འདུག
དེ་དང་ཤེས་རིགས་བཀའ་བློན་ལགས་དང་། སྤྱི་འཐུས་ཚོགས་གཙོ་རྣམས་གཉིསརང་དབང་ཚད་ལྡན་ཡོད་པའི་ནུབ་ཕྱོགས་པའི་སྲིད་འཛིན་ལས་ཀྱང་རང་སྣང་མཐོ་ཙམ་བྱས་ནས་སྡད་འདུག ཚོགས་འདུ་ཐོག་ཏུ་ཕེབས་སྐུ་མགྲོན་གཙོ་བོའི་གྲས་སུ་ཕེབས་ནས་བཞུགས་སྟང་འདིས་མཛད་སྒོ་འདི་ལ་མོས་མཐུན་མེད་པའི་རྣམ་འགྱུར་རེད་མི་འདུག་གམ རྗེས་མར་བཀའ་སྤྱི་སུ་ཡིན་ནའང་སོ་སོ་བོད་མིའི་ལས་རོགས་གཡོག་པོ་ཞབས་ཞུ་པ་ཞིག་ཡིན་བསམ་པའི་བསམ་ཚུལ་ལས། དཔོན་ཆེན་གོ་གནས་ཤིན་ཏུ་མཐོ་པོ་ཞིག་ཡིན་བསམ་ལག་གཉིས་ཕན་ཚུན་བསྣོལ་ནས་མ་འགྱིང་ན་ལེགས
བོད་ཀྱི་ལོ་རྒྱུས་ཀྱི་ནང་གི་བུད་མེད་དགེ་བཤེས་རབ་འབྱམས་མའི་མཚན་གནས་དང་པོ་ཁྱེར་མཁན་དེ། འཇ་མིན་ཞིག་ཡིན་པ་དེས་གསལ་བཤད་ཞུ་མི་ཐུབ་པའི་གནས་ཚུལ་མང་པོ་བྱས་འདུག གང་ལྟར་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་བགྱི་ཡིན་ལ། རིས་མེད་རབས་འབྱམས་ཟེར་བའི་མཚན་དེ་སྙན་སྙན་འདྲ་བས། ཛོར་མདོག་ཞི་དྲག་བསྟན་འདུག གང་ཞིག་བསྟན་པ་རེད་ཟེར་ན། དགེ་ལུགས་པ་ལ་སོགས་པའི་དགེ་བཤེས་རྣམས་རིས་སུ་ཆད་པའི་དགེ་བའི་བཤེས་གཉེན་ཡིན་པ་དང་། རིས་སུ་ཆད་པའི་དགེ་བའི་བཤེས་གཉེན་རྣམས་ནི་དགེ་བཤེས་ཡང་དག་པར་མིན་པ་བཅས་བསྟན་བཞག་འདུག
དགེ་བཤེས་རབ་འབྱམས་པའི་མཚན་གནས་ཀྱི་གོ་ས་དང་པོ་སྤྲད་པའི་ལུགས་སྲོལ་དེ་ས་སྐྱའི་བྱམས་ཆེན་རབས་འབྱམས་པ་སངས་རྒྱས་འཕེལ་ནས་བརྩམས་པ་ཡིན་པར་ལོ་རྒྱུས་སུ་གསལ་འདུག་རུང་དེང་དུས་སུ། ས་སྐྱར་མཁན་པོའི་མཚན་གནས་འདོགས་བའི་ལུགས་སྲོལ་ལས་དགེ་བཤེས་རབས་འབྱམས་པའི་མཚན་གནས་འདོགས་པའི་ལུགས་སྲོལ་ཆད་ལ་ཁད་རེད་ཤག སྤྱིར་དགེ་བཤེས་ཟེར་གུས་ཞབས་ཉེ་ཚིགས་ཀྱིས་སོ་སོའི་དགེ་བའི་བཤེས་གཉེན་ལ་འབོད་པའི་སྲོལ་ནི་དུས་རབ་བཅུ་གཅིག་ནས་ཡོད་པ་གསལ་ཞིང་རབ་འབྱམས་པ་ཞེས་འབོད་སྲོལ་ཡང་སྔོན་ནས་ཡོད་འདུག་ནའང་དགེ་བཤེས་རབ་འབྱམས་པའི་མཚན་དེ་གོ་སའམ་ཐོབ་ཐང་གི་མཚན་གནས་སུ་བྱས་ནས་ཐོག་པའི་དང་པོ་དེ་བྱམས་ཆེན་རབས་འབྱམས་པ་སངས་རྒྱས་འཕེལ་ལས་སྔོན་དུ་ས་དགེ་དཀར་རྙིང་གང་གི་ནང་དུ་བརྙེད་ཀྱིན་མི་འདུག དེའི་སྔོན་དུ་བཀའ་བཅུ་བའི་མཚན་གནས་འདོགས་པའི་ལུགས་སྲོལ་ཞིག་ས་སྐྱའི་ལས་ཆེན་རེ་མདའ་བ་གཞོན་ནུ་བློ་གྲོས་དུས་ནས་དར་འདུག
རིས་མེད་རབ་འབྱམས་ཟེར་བའི་སྙན་པའི་མཚན། །བལྟས་ན་མཛེས་ཀྱང་དཔྱད་ན་ཛོར་མདོག་བསྟན། །རིས་སུ་ཆད་པས་ཐེགས་ཆེན་གྲས་ལས་ཕུད། །ཐེག་ཆེན་མིན་ན་རྡོ་རྗེ་ཐེག་པའང་མིན།
བོད་མིར་རམ་བུད་མེད་ལ་དགེ་སློང་མའི་སྡོམ་པ་བོག་ཆོག་ལ་ཉམས་སད་པའི་ཆེད་དུ་མིན་པར། དགེ་བཤེས་མའམ། ནང་ཆོས་འབུམ་རམས་པ་ཞེས་མཁས་པའི་གོ་ས་སྤྲད་པ་ལས། ཉམས་ལེན་གྱི་གོ་ས་ཕུལ་བ་མ་ཡིན་པས། དེ་གཉིས་ལ་ཁྱད་པར་གནམ་ས་ཡོད་རེད་སྙམ།
ཁག་ཅིག་གིས་གསུངས་པ་བཞིན་ཐེངས་དང་པོའི་བུད་མེད་ཀྱི་དགེ་བཤེས་ཀྱི་མཚན་རྟགས་དེའི་སྤྲད་ཕྱོགས་་ལ་དགོངས་པ་ཡག་པོ་བཞེས་ཡོད་མེད་གང་ཤེས། ད་དུང་དེ་ཐག་གཅོད་གནང་མཁན་སུ་ཡིན་ནམ། གནའ་ནས་ད་བར་བྱུང་མ་མྱོང་བའི་ལས་རིམ་གལ་ཆེན་ཞིག ང་ཚོས་རབ་བྱུང་གི་ཐོག་མ་སད་མི་མི་བདུན་ཡིན་ནམ་གཅིག་བཤད་སྲོལ་ཡོད་པ་བཞིན། ནང་པའི་བུད་མེད་ཀྱི་དགེ་བཤེས་ཐོག་མ་ཞེས་པའི་མིང་དེ་དེ་འདྲ་ཞིག་ལ་སྤྲད་་་་
ཇོ་རུ་ཚེ་རིང་ཨམ་དེའི་ཧོལ་རྒྱུག་ལ་ལྟོས་དང་། སྐད་ཆ་བཤད་མཁན་སུ་ཡིན་ཤེས་མི་འདུག་རུང་། ད་དུང་སྐྱོན་བརྗོད་བྱས་ཁུལ་བྱས་པ་ཡ་ཆ།
བོད་པ་ཚོ་རྗེས་ལུས་མ་གཏོགས་ཅི་ཡོད། ཡང་བོད་པའི་བཙུན་མ་རྣམས་ཀྱང་རྗེས་ལུས་ཡོངས་སུ་ཐེད་སོང་།
ཚ་བ་བློ་བཟང་རྒྱལ་མཚན། ནོར་གླིང་།
དགེ་བཤེས་འབུམ་རམས་ཚོར་བཀྲ་ཤིས་བདེ་ལེགས་ཞུ།
དོན་དངོས་ཐོག་ལ་འབབ་ཐུབ་པ་ཅིག་བྱེད་དགོས།
དེ་མིན་དགེ་བཤེས་དང་འབུམ་རམས་པའི་མིང་ཙམ་ལ་ཡ་མཚར་རྒྱུ་མེད་
མིང་དོན་མཚུངས་པའི་འབུམ་རམས་པ་(Ph.D) ཞིག་སྐྱེད་སྲིང་བྱེད་ཐུབ་རྒྱུ་གནད་ཀྱི་དོན་གོ་རེད། དེ་མ་གཏོགས་ལོ་བསགས་ན་ཤེས་ཚད་ཀྱི་མིང་ཐོབ་ལེན་པ་ཡིན་ན་དེར་སྙིང་པོ་ཆེར་མི་འདུག
ད་དུང་བཤད་འདོད་པ་ཞིག་ལ། འུ་ཚང་གི་སྡིངས་ཆ་མཐོན་པོར་བསྡད་ནས་སྐད་ཆ་བཤད་མཁན་རྣམ་པས་རང་ཉིད་ཀྱིས་བོད་བཙན་བྱོལ་སྤྱི་ཚོགས་འདིའི་གནས་རིམ་ངེས་ཅན་ཞིག་ལ་འགན་བླངས་ནས་སྐད་ཆ་བཤད་དགོས་པ་བརྗེད་མ་འཇུག ཁ་ནང་ལ་གང་ཡོང་བཤད་དེ་བླུན་རྟགས་མ་སྟོན་རོགས། བཀའ་བློན་ཚེ་རིང་ཕུན་ཚོགས་ཀྱིས་བརྗོད་པའི་༼མི་བཟང་པོ་དང་འཛམ་བུ་གླིང་ལ་ཕན་ཐོགས་བྱེད་ཐུབ་མཁན་ཞིག་ཡོང་རྒྱུ་ནི། དེང་རབས་ཤེས་ཡོན་སློབ་སྦྱོང་གི་དམིགས་ཡུལ་མ་རེད།༽ཞེས་པ་འདི་དག་ནི་ངོ་ཚ་རྒྱུ་མེད་པའི་ཧམ་བཤད་དང་། ད་དུང་འཛམ་བུ་གླིང་འདིའི་ཟུར་ཙམ་ཡང་མཐོང་མེད་པའི་རང་གཟུགས་ཕྱིར་བསྟན་པ་མ་ཡིན་ནམ། སློབ་གསོ་རིག་པ། སྤྱི་ཚོགས་དོ་དམ་རིག་པ། ཀུན་སྤྱོད་རིག་པ། མཛེས་དཔྱོད་རིག་པ་སོགས་བགྲང་གིས་མི་ལངས་པའི་འཛམ་གླིང་གི་དེང་རབས་གནས་ཀྱི་ཁྱབ་ཁོངས་དག་གིས་ཅི་ཞིག་བརྗོད་ཀྱིན་ཡོད་པ་རེད། ད་དུང་འཛམ་གླིང་མི་གྲངས་ཀྱི་བརྒྱ་ཆ་༩༥ ཡན་གྱིས་དེང་རབས་སློབ་གསོ་མྱངས་ནས་ནར་སོན་པ་རེད། འོན་ན། འཛམ་གླིང་གི་མི་བརྒྱ་ཆ་ ༩༥ ཚང་མ་ངན་པ་རེད་ཅེས་ཁྱོད་ཀྱིས་ཁས་ལེན་ཐུབ་བམ། སྐུ་མཁྱེན། ཁ་ནང་ལ་གང་ཡོང་དུ་མ་གསུང་རོགས། སྟེགས་བུའི་སྟེང་ནས་ཆོས་རིག་བཀའ་བློན་གྱི་འགན་དང་ངོ་བོའི་ཐོག་ནས་སྐད་ཆ་བཤད་དགོས་པ་མ་བརྗེད་རོགས་མཁྱེན།
ང་ཚོའི་བོད་པའི་བཙུན་མ་རྣམས་ལ་ཅི་བྱུང་སོང་བ་རེད། འབུམ་རིམས་པའམ་དགེ་བཤེས་གཅིག་ཀྱང་ད་བར་ཐོན་རྒྱུ་མི་འདུག་་་་་་་ཕྱིར་རྒྱལ་མགོ་སེར་རང་དང་སྐད་ཡིག་མི་གཅིག་པའི་བཙུན་པ་གཅིག་གིས་འདི་ལྟར་འོད་སྣང་དང་གཟི་བརྗིད་ངོམས་ན་ང་ཚོའི་བཙུན་པ་དེ་དག་གི་སེམས་ལ་ཅི་ཞིག་དྲན་གྱིན་ཡོད་པ་ཡིན་ནམ།
ང་ཚོའི་མགོ་རིལ་མི་མོ་དེ་དག་གི་བློ་རིག་དང་ཅི་ལ་ཞ་སོང་བ་ཡིན་ནམ། དེ་ཚོའི་རྕ་ལམ་ལ་ཟུངས་ཁྲག་ཅི་ལ་མ་བརྒྱུད་ཡིན་ནམ།་་་ངོ་མ་ངོ་ནོངས་བ་ཞིག་རེད།
ངྷ་སའི་རིགས་ལམ་སློབ་གཉིེར་ཁང་གིས་རིས་མེད་དགེ་བཤེས་ཐེངས་དང་པོ་དང་གཉིས་པ་ཐོན་མཁན་སློབ་གཉེར་བ་གྲངས་བཅུ་ཕྱག་འཁྱེར་གནང་བ་དེ་དོན་ངེས་ཐོག་ཕན་པ་ལས་གནོད་པ་གང་ཡང་མེད།བུ་དང་བུ་མོ་གང་ཡིན་ཡང་རང་ལ་ཡོན་ཏན་ཡོད་ན་གདན་ས་ཡིན་དགོས་དོན་གང་ཡང་མེད།དགེ་བཤེས་ལ་རིགས་མང་པོ་ཡོད། སྤྱི་ཚོགས་ནང་ཕན་པའི་དགེ་བཤེས་སློབ་གྲྭ་ཁག་གི་ནང་དང་དགོན་སྡེ་ཆུང་ཆུང་དག་གི་ནང་བྱུང་གི་ཡོད་པ་དོན་དངོས་རེད། མའོས་པ་གང་ཡང་མེད་ཟེར་ཐུབ། སློབ་མཐར་ཕྱིན་པའི་སློབ་མ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་གི་ཡོད།
ཐོབ་ཐང་འདྲ་མཉམ་དགོས་ན་གཅིན་པ་ལོང་ནས་གཏོང་ཤོག
ཐོབ་ཐང་འདྲ་མཉམ་དགོས་ན་ཟླ་དྲུག་ཕྲུ་གུ་འཁུར་ཤོག
རིགས་ལམ་སློབ་གཉེར་ཁང་མ་ལག་གཉིས་ཀྱི་སློབ་མཐར་སོན་པའི་སློབ་གཉེར་བ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས། ལྷན་རྒྱས་ས་ཕྱོགས་གང་དང་གང་དུ་ཕེབས་ཀྱང་༸གོང་ས་མཆོག་དང་སྤྱི་ཁྱབ་དབུ་འཛིན་མཆོག་གིས་བཀའ་སློབ་ལམ་སྟོན། དེ་བཞིན་དེང་དུས་བོད་པའི་སྤྱི་ཚོགས་ནང་ཕྱག་ལས་གནང་དང་གནང་བཞིན་པའི་སློབ་ཟུར་རྣམ་པའི་མཛད་རྗེས་ལྟར། རིགས་ལམ་སློབ་གཉེར་ཁང་གི་རྩ་བའི་དམིགས་ཡུལ་གསུམ་པོ་གང་རུང་དང་མ་བྲལ་བར། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་གང་ནུས་གང་ལྕོགས་ཀྱིས་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་གྱུར་ཅིག །
ཕོ་མོ་འདྲ་མཉམ་བསྟན་པ་རྒྱས་གྱུར་ཅིག །
རིག་ལམ་མཐོ་རིམ་སློབ་གཉེར་ཁང་འདིས་བོད་མི་རིགས་ཙམ་མ་ཚད་ས་ཡི་གོ་ལ་ཧྲིལ་པོ་ལ་བོད་ཀྱི་ཐུན་མིན་ནང་ཆོས་དང་ཤེས་ཡོན་སློབ་གསོ་ཚན་རིག་གང་ཅིའི་ཐད་སྐྱ་སེར་ཀུན་ལ་དགའ་འོས་པ་དང་སྤོབས་པ་བྱ་འོས་པ་ཞིག་གི་བྱ་བཞག་དང་གྲུབ་རྒྱ་ཆེན་པོ་འཇོག་ཐུབ་པའི་ཡིད་ཆེས་དང་རེ་སྨོན་བཅང་བཞིན་ཡོད། སློབ་མཐར་ཕྱིན་པའི་སློབ་མ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་གི་ཡོད། མི་རིགས་ཀྱི་བྱ་བཞག་སྒྲུབ་པ་ལ་མི་གཡེལ་བ་བྱེད་རོག་ཞེས་འབོད་བསབསྐུལ་ཡང་ཞུ་གི་ཡོད།
བུད་མེད་དགེ་བཤེས་དེ་ཚོས་འདུལ་བ་ཁྲིད་ཞུས་ཡོད་དམ།
སྐྱ་བོ་དེ་ཚོས་འདུལ་བ་ཁྲིད་ཞུས་ཡོད་དམ།
ཨ་ཁ་ཚོས་ཚོགས་མང་པོའི་རིང་ལ་བཙུན་མའི་དགེ་བཤེས་སྐོར་ལ་ཐག་གཅོད་བྱེད་མ་ཐུབ་པའི་གནད་འགག་ཚང་མ་དེ་རིང་བཏོལ་སོང།
དེ་རིང་ཐག་བཅད་སོང།
ད་གདན་ས་བ་དེ་ཚོས་ཅི་ཤིག་སྨྲ་གི་རེད་དམ།