མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིར་བོད་ཀྱི་རིག་གཞུང་དུས་སྟོན།

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སིའི་བོད་ཀྱི་རིག་གཞུང་དུས་སྟོན་ཐེངས་གསུམ་པ་དེ་བདུན་ཕྲག་སྔོན་མའི་གཟའ་མཇུག་ཏུ་ཚོགས་ཡོད་ཅིང་། དུས་སྟོན་ཐོག་བོད་པ་དང་ཡུལ་མི་ཆིག་སྟོང་བརྒྱད་བརྒྱ་ཙམ་འདུ་འཛོམས་བྱུང་ཡོད།

 ལོ་ལྟར་ཧྥ་རན་སི་བོད་རིགས་ཚོགས་པས་གོ་སྒྲིག་འོག་འཚོགས་བཞིན་པའི་བོད་ཀྱི་རིག་དུས་སྟོན་དེ་ཕྱི་ཟླ་༤ ཚེས་ ༣༠ དང་ཕྱི་ཟླ་ ༥ ཚེས་༡ སྟེ། བདུན་སྔོན་མའི་རེས་གཟའ་སྤེན་པ་དང་ཉི་མའི་ཉིན་རྒྱལ་ས་ཕ་རི་སིའི་ཉེ་འཁྲིས་ (Bios de Vincennes) ས་ཁུལ་དུ་ཚོགས་ཡོད་ལ། དུས་སྟོན་མཛོད་སྒོའི་ཐོག་ཧྥ་རན་སིའི་གྲོང་ཚོ་སང་གྷི་ར་སིན་(ville de saint gratien) གྱི་སྤྱི་ཁྱབ་པ་ལྕམ་སྐུ་ (Jacqueline Eustache-Biniou) ལགས་སྐུ་མགྲོན་དུ་ཕེབས་ཏེ། ཐེངས་འདིའི་དུས་སྟོན་སྦྱིན་བདག་གི་མཚན་གནས་བཞེས་ཡོད་འདུག

ཉིན་གཉིས་རིང་གི་དུས་སྟོན་ཐོག་ཧྥ་རན་སི་བོད་རིགས་ཚོགས་པའི་ཟློས་གར་ཚོགས་པ་དང་། བོད་ཀྱི་དཔལ་ཡོན་སློབ་གྲྭ བོད་ཀྱི་དཀྱིལ་འཁོར་རོལ་དབྱངས་ཚོགས་པ་སོགས་ཀྱིས་གནའ་དེང་གི་གཞས་དང་ཞབས་བྲོ་ཁག་གཅིག་གཟིགས་འབུལ་ཞུས་ཡོད་པ་དང་། ཁང་གསར་སྐལ་བཟང་ཚེ་རིང་གི་༼ ངའི་གྲོགས་པོ་འབྱོར་ལྡན། ༽ ཞེས་པ་དང་། ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་( ལྗང་བུ། ) ཡི་༼ མཚོ་སྔོན་པོ། ༽ ཨ་ནན་ཁ་ཐི་རིན་(Anne-Catherine Cravate)དང་མེ་ཤེལ་ལེ་ཇིན་(Michel Leine)གཉིས་ཀྱི་༼ འགའ་ཤས་ཀྱི་རྨི་ལམ་དང་གཞན་ཚོའི་སྡུག་བསྔལ། ༽ ལོ་ཌི་ཝེ་སི་གྷརའི་(Ludovic Segarra)༼ རྐུ་ལ་ཤོར་པའི་བྱིས་པ། ༽ ཧྥུ་རན་རེ་ཅལ་(Franz Reichien) གྱི་༼ བོད་ཀྱི་གསོ་བ་རིག་པ། ༽ སོགས་བོད་པ་དང་ཕྱི་གླིང་བས་བཟོ་སྐྲུན་བྱས་པའི་བོད་སྐོར་གྱི་དངོས་བྱུང་གློག་བརྙན་ཁག་ཅིག་གཟིགས་འབུལ་ཞུས་ཡོད་པ་མ་ཟད། སྐབས་འབྲེལ་གློག་བརྙན་དེ་དག་བཟོ་མཁན་ནམ་འབྲེལ་ཡོད་མི་སྣས་རང་རང་གི་གློག་བརྙན་སྐོར་ལ་ངོ་སྤྲོད་དང་དོགས་གཅོད་ལན་འདེབས་ཀྱང་གནང་ཡོད།

དེ་བཞིན་གསར་འགོད་པ་དང་སྲིད་དོན་ཉམས་ཞིབ་པ་ཨེ་ལོ་ཌི་བྷེ་ནག་ (Elodie  Bernard) ལགས་ཀྱིས་ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་ཆེན་མོའི་སྔ་ཕྱི་ཞེས་པ་དང་། བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོས་རྔ་བ་ཀིརྟི་དགོན་པའི་ད་ལྟའི་ཛ་དྲག་གི་གནས་སྟངས། སྨན་པ་ལྷ་རྗེ་ཚང་བན་དེ་ཚེ་རིང་ལགས་ཀྱིས་བོད་སྨན་གྱི་ཕན་ནུས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གཏམ་བཤད་ཀྱང་གནང་ཡོད་འདུག

སྐབས་དེར་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་གསུང་བཤད་གནང་དོན། དུས་སྟོན་འདི་ལོ་རེ་བཞིན་འཚོགས་ཀྱི་ཡོད་པ་རེད། དུས་ཡུན་ཉིན་གཉིས་རིང་རེད། ཐོག་མར་བོད་རིགས་ཚོགས་པ་ཧྥ་རན་སིའི་གཞུང་ལ་གསར་འཛུགས་དེབ་སྐྱེལ་བྱས་སྐབས་ཀྱི་ཡིག་ཆའི་ནང་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། ཧྥ་རན་སིའི་མི་དམངས་བར་རིག་གཞུང་བརྗེ་རེས་ཀྱིས་མཚོན་པའི་རིག་གཞུང་བྱེད་སྒོ་གཙོ་བོ་སྤེལ་རྒྱུ་ཡིན་ཞེས་འཁོད་ཡོད།  ཡིན་ན་ཡང་ད་བར་དུ་བྱེད་སྒོ་གཙོ་བོ་ངོ་རྒོལ་སྐད་འབོད་དང་སྐུའི་འཁྲུངས་སྐར་སྲུང་གཙི་སོགས་མ་གཏོགས་རིག་གཞུང་གི་བྱེད་སྒོའི་སྒང་ལ་ལས་ཀ་དེ་ཙམ་བྱེད་ཐུབ་ཡོད་པ་མ་རེད།

དེར་བརྟེན། ང་ཚོས་དུས་སྟོན་གོ་སྒྲིག་བྱ་དགོས་པའི་དམིགས་ཡུལ་གཙོ་བོ་དེ་རེད། དེ་ནས་དུས་ཡུན་ཉིན་གཉིས་ལས་མེད་ནའང་དུས་སྟོན་འདི་འདྲ་ཞིག་གོ་སྒྲིག་བྱས་པ་ཡིན་ན། བོད་པ་ཚོ་ཡིན་ན་རེད། ཡུལ་མི་ཚོ་ཡིན་ནའང་རེད། ཚང་མ་མཉམ་དུ་འཛོམས་ནས་བོད་སྐད་བཤད་པ་དང་། བོད་ཆས་གྱོན་པ། དེ་བཞིན་ནང་ཆོས་བཤད་འཆད་ཉན། དཀྱིལ་འཁོར་བཞེངས་པ། བོད་དོན་སྐོར་ལ་སྐད་ཆ་བཤད་པ། གློག་བརྙན་སྟོན་པ། བོད་པའི་གཞས་དང་ཞབས་བྲོ་འཁྲབ་པ། བཙན་བྱོལ་སྤྱི་ཚོགས་ནང་ཐོན་སྐྱེད་བྱས་པའི་ཅ་ལག་རིགས་འགྲེམས་སྟོན་དང་། ཚོང་འབྲེལ་བྱེད་སའི་ཁོར་ཡུག་དང་གོ་སྐབས་བསྐྲུན་པར་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། བོད་རིགས་ཚོགས་པ་རང་གི་དཔལ་འབྱོར་འདུ་འགོད་ལའང་ཕན་ཐོགས་ཆེན་པོ་རེད།  དུས་སྟོན་འདི་གཅིག་བུའི་སྒང་ནས་བོད་རིགས་ཚོགས་པས་ལོ་རེ་བཞིན་ཡུ་སྒོར་སུམ་སྟོང་ནས་བཞི་སྟོང་ལྷག་འདུ་འགོད་བྱེད་ཐུབ་ཀྱི་ཡོད། ༽ ཅེས་དུས་སྟོན་འདིའི་དམིགས་ཡུལ་དང་། ཕན་ཐོགས་བཅས་ཀྱི་སྐོར་ངོ་སྤྲོད་གནང་བྱུང་།

ཧྥ་རན་སིའི་བོད་ཀྱི་རིག་གཞུང་དུས་སྟོན་འདི་ཕྱི་ལོ་༢༠༠༩ ལོ་ནས་མགོ་འཛུགས་ཀྱིས་ད་ལོའི་བར་ཐེངས་གསུམ་ཚོགས་ཡོད་པ་དང། ཐེངས་འདིའི་དུས་སྟོན་སྟེང་བོད་པ་དང་ཧྥ་རན་སིའི་ཡུལ་མི་ ༡༨༠༠ ཙམ་འདུ་འཛོམས་བྱུང་ཡོད་འདུག

ཧྥ་རན་སིའི་འདི་གའི་གསར་འགོད་པ་ཟླ་བ་ཚེ་རིང་ལགས་ཀྱིས་བཏང་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༢ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese