སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས།
༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་སྔ་ཕྱི་བར་གསུམ་གྱི་བཀའ་སློབ་དང་གསུང་འཕྲིན་ཁ་གསལ་དང་། གྲོས་ཚོགས་ཀྱིས་བགྲོ་གླེང་སྦྱང་བཤད། མི་མང་གི་ཚོགས་ཆེན་དང་བཅས་བཅའ་ཁྲིམས་སྒྱུར་བཅོས་ཐད་ལ་ཟབ་ཅིང་རྒྱས་པ། ཕྱི་གསལ་ནང་གསལ། དོ་ཁུར་གཟབ་ནན་གྱི་བརྒྱུད་རིམ་ཆ་ཚང་ཞིག་ཡོད་བཞིན་དུའང་གློ་བུར་བའི་འགྱུར་བ་དང་མ་བརྟགས་པའི་བསྒྱུར་བཅོས་སོགས་སུ་སྨྲ་བའི་ཐག་ཉེ་རིང་ཀུན་ནས་ཧ་གོ་ལ་མ་གོ་བའི་ཚུལ་དུ་ཚོར་སྣང་གི་དཔྱད་བརྗོད་སྤེལ་ཁུལ་བྱེད་པ་འདི་རིགས་ཀྱིས་མ་མཐར་ཡང་བདེན་པ་འདི་བཅུ་ཡིད་ལ་ངེས་པར་གྱིས།
གཅིག དེ་སྔ་ཞིག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པ་འདི་གཏམ་བཤད་དང་ཡིག་ཆ་མང་པོའི་ནང་ལ་བསླེབས་ཟིན་ཞིང་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ངོས་ནས་དེ་ཉིད་བཅའ་ཁྲིམས་སུ་གཏན་ལ་འབེབས་པའི་རྒྱབ་གཉེར་ཞུས་པ་བདེན།
གཉིས། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཐོག‘བཙན་བྱོལ་བོད་གཞུང‘ཟེར་བའི་མཚན་བྱང་རང་འཇགས་འཇོག་རྒྱུར་མང་མོས་བྱུང་བ་བདེན། ༸
གསུམ། གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་ཆེན་གྱི་བསམ་འཆར་སྙན་ཞུ་ཕུལ་མ་ཐག་ཚོགས་ཞུགས་པ་ཡོངས་ལ་སྤྱིར་བཅའ་ཁྲིམས་ཀྱི་སྒྲོམ་གཞིར་བསྐྱར་བཅོས་དང་བྱེ་བྲག་ཏུ་བོད་གཞུང་ཟེར་བར་ཡར་མིང་སྒྱུར་གནང་གལ་ཆེ་ཚུལ་སྐོར་ལ་བཀའ་སློབ་ཞིབ་པར་ཕེབས་པའང་བདེན།
བཞི། སྐབས་དེར༸གོང་ས་མཆོག་གིས་གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་ངམ་སྒྲིག་འཛུགས་ལྟ་བུར་སྒྱུར་ན་ཅི་འདྲ་འདུག་ཅེས་དགོངས་ཚུལ་གསུངས་པའང་བདེན།
ལྔ། ཕྱི་ཉིན་གྲོས་ཚོགས་ལ་བསྩལ་པའི་བཀའ་ལན་ནང་བཙན་བྱོལ་སྒྲིག་འཛུགས་ཞེས་བཀོད་འདུག་པ་དང། ཚོགས་གཙོ་མཆོག་གིས་ཁ་སང་གསུངས་པ་དང་དེ་རིང་གི་དེ་མི་འདྲ་བས་ཞལ་པར་ཐོག་ནས་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ལ་དོགས་སློང་གི་དྲི་བ་ཞིག་གནངས་རྗེས་སླར་ཡང་བོད་མིའི་སྒྲིག་འཛུགས་སུ་སྒྱུར་དགོས་བཀའ་ལན་བསྩལ་པའང་བདེན།
དྲུག ཐོག་མར་བཀའ་བློན་ཁྲི་པ་མཆོག་གིས་གྲོས་ཚོགས་ནང་ཚོགས་གཙོས་གནང་སྟངས་དེ་མི་འོས་ཚུལ་གསུངས་པ་དང། ཡང་མཐར་ཚོགས་གཙོས་ཡར་བཀའ་འདྲི་ཞུས་པ་དེས་མཚན་བྱང་ཇེ་ལེགས་ལ་སོང་ཚུལ་དང་། ཚོགས་གཙོར་སྐྱོན་བརྗོད་ཀྱི་སྐད་ཆ་དེ་དག་ཕྱིར་འཐེན་བྱས་པར་མ་ཟད་དགོངས་དག་ཀྱང་ཞུས་པ་བདེན།
བདུན། གྲོས་ཚོགས་ནང་བདག་གིས། ༸གོང་ས་མཆོག་གིས་ཞལ་ནས་གསུངས་པ་དང་བཀའ་ལན་ཕེབས་པ་གཉིས་ལ་བསམས་ཏེ། གངས་ལྗོངས་བོད་མིའི་རང་དབང་མང་གཙོའི་སྒྲིག་འཛུགས་ཞེས་མིང་ཆ་ཚང་དང་། དེ་བསྡུས་ནས་བོད་མིའི་སྒྲིག་འཛུགས་ཞེས་བཏགས་ན་༸འོས་ཚུལ་བཤད་ཀྱང་རྒྱབ་རྩ་བྲལ་མཐར་བོད་མིའི་སྒྲིག་འཛུགས་ཞེས་པར་སྤྱི་མོས་གཏན་ལ་ཕབ་པའང་བདེན།
བརྒྱད། གངས་ལྗོངས་ཞེས་པ་བོད་ཡུལ་དང་། བོད་མི་ཞེས་པས་བོད་ཀྱི་ཡུལ་མི་ཚང་མར་གོ་བས། འདི་གཉིས་གང་གི་ཐོག་ནས་མིང་བཏགས་ཀྱང་དོན་ལ་ཁྱད་པར་ཆེན་པོ་ཞིག་མེད་ལ། སྒྲིག་འཛུགས་ཤིག་ཡིན་ན་གཞུང་ཞིག་མ་ཡིན་པ་ཡིན་མི་དགོས་ལ། ཡང་གཞུང་ཞེས་པ་དེར་ངེས་པར་རྒྱལ་ཁབ་ཀྱི་མཚོན་དོན་ཡོད་པའང་མིན་པ་བཅས་ཀྱང་བདེན།
དགུ། མཐར་མཚན་བྱང་དང་བཅས་པའི་བཅའ་ཁྲིམས་ཀྱི་གཞི་རྩའི་སྒྲོམ་གཞིར་འགྱུར་བ་བཏང་བ་འདི་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་གཞི་ལ་གྲོས་ཚོགས་ཀྱིས་བསམ་ཤེས་དང་ངོས་འཛིན་ཐུབ་པའི་ཐག་གཅོད་ཅིག་ཆགས་པའང་བདེན།
བཅུ། མདོར་ན། དམངས་གཙོའི་ཀ་ཆེན་གསུམ་པོ་སྔར་ལྟར་གནས་ལ་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིགས་སྐྱོང་དང་ཡང་བྲལ་མེད་པར་དེ་སྔའི་བོད་གཞུང་གི་ངོ་བོ་མ་བརླགས་པའི་ཐོག་སྲ་བརྟན་ཡུན་གནས་ཐུབ་པར་གདེང་ཚོད་ལྡན་པར་གྱུར་པའི་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་གངས་ལྗོངས་བོད་མིའི་རང་དབང་དམངས་གཙོའི་སྒྲིག་འཛུགས་མཚན་དོན་མཚུངས་པ་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་ཞིག་ཆགས་ཡོད་པའང་བདེན་ནོ།།
སླར་སྨྲས་པ།
ཡར་ལ་ཞུས་པ་བཙན་བྱོལ་བོད་གཞུང་དང་། མར་ལ་གནངས་པ་བོད་མིའི་སྒྲིག་འཛུགས་ཡིན། གངས་ལྗོངས་གོ་དོན་བོད་མིས་མ་རྟོགས་མིན། གང་གི་གསུང་ལ་མངོན་པར་བཀུར་བ་སྟེ། ལེགས་ཉེས་འབྲས་བུ་དུས་ཀྱིས་སྟོན་པར་འགྱུར།
ཁྲིམས་བཟོ་ལྷན་ཚོགས་སྔར་བཞིན་བརྗིད། འཛིན་སྐྱོང་བཀའ་ཤག་སྔར་ལས་མཐོ། ཁྲིམས་ཞིབ་ཁང་ནི་བླ་མེད་གྱུར། ཡིད་བཞིན་ནོར་བུའི་གཟིགས་སྐྱོང་བཅས། དོན་ལྔ་སྣོད་དྲུག་ཚང་བཞིན་དུ། ནང་ཁོག་སྟོངས་པར་སྨྲ་བ་མཚང་།
དོན་རྒྱུས་མངའ་མེད་པའི་འཆར་སྣང་དག ཤ་ཚ་བའི་སྙིང་གཏམ་ཡིན་ན་ཡང་། ནང་མཐུན་སྒྲིལ་གཏོར་བའི་རྒྱུར་གྱུར་ན། ཕྱི་དགྲ་ལས་ཐུ་བའི་གནོད་པ་སྟེ། གཏམ་གཟབ་པར་གྱིས་དང་སྤུན་ཟླ་ཚོ།།
ཁྱེད་ཀྱིས་བཤད་པ་དེ་དག་གི་གཞི་རྟེན་དམངས་གཙོའི་སྒྲིག་འཛུགས་ཀྱི་གཞུང་འདི་ལ་བརྟེན་ནས་བྱུང་བ་རེད། གལ་ཏེ་དམངས་གཙོའི་ལམ་དུ་བསྐྱོད་ཐུབ་མེད་ན་ད་ལྟ་བཙན་བྱོལ་བོད་གཞུང་ཟེར་བ་ཞིག་ཡོད་མེད་ཀྱང་བཤད་དཀའ་ཚོད་རེད། དེའི་རྒྱུ་མཚན་ཁྱོད་ཀྱིས་དེ་སྔའི་བཙན་བྱོལ་བོད་གཞུང་གསར་འཛུགས་སྐབས་ཀྱི་ལོ་རྒྱུས་དང་རྒྱ་ནག་དང་རྒྱལ་སྤྱིའི་གནས་བབ་ཚང་མར་བལྟས་ན་གཞི་ནས་རྟོགས་ཐུབ།
དམངས་གཙོའི་གཞུང་འདིར་གང་ཞིག་མ་འགྲིགས་པ་དང་ནོར་འཁྲུལ་ཤོར་བའི་དོན་ཆེན་དམིགས་འཛུགས་ཀྱིས་སྐྱོན་གླེང་རྒྱུ་ཅང་མེད་ན་སྤྱི་འཐུས་འོས་འདེམས་དང་འབྲེལ་བའི་གནད་དོན་དེ་དག་སྐྱོན་ཆེན་པོ་ཞིག་མ་རེད། དེ་འདྲའི་ཞན་ཆ་དམངས་གཙོའི་རྒྱལ་ཁབ་གཞན་དག་ལ་ཡང་ཡོད།
མཐའ་དོན། གལ་ཏེ་ད་ལྟའི་བོད་མིའི་དམངས་གཙོའི་སྒྲིག་འཛུགས་འདིས་བོད་དོན་བདེན་མཐའ་གསལ་བར་ཕན་ཐོགས་མི་ཆེ་ན་༸གོང་ས་མཆོག་གིས་དབུས་བཀའ་སྤྱི་ཚང་མ་རྨོངས་འཐོམས་ཡིན་པ་རེད། གང་ལྟར་ལམ་ཞིག་བཟོས་ཟིན་པས་སོང་གིན་སོང་གིན་གསལ་བོ་མཐོང་གི་རེད།
ད་ལྟ་དང་མ་འོངས་པའི་ཆེད་དུ་དམིགས་བསལ་བྱེད་འོས་པ་དང་བྱེད་ཐུབ་པའི་རིགས་ཀྱི་བསམ་འཆར་རིགས་ཡོད་ན་ཕན་ཐོགས་ཆེ་སྙམ།
གཟི་མིག་༣ ལགས།
དེའི་རྒྱུ་མཚན་སྔ་ཕྱི་མང་པོ་ཡིག་ངག་གཉིས་ཐོག་ནས་གང་སར་བརྗོད་ཟིན་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། ད་ལྟའི་བཅའ་ཁྲིམས་དེ་མ་འོངས་བོད་རང་བཙན་གྱི་བཅའ་ཁྲིམས་ཆགས་མེད་ལ། ད་ལྟའི་བོད་གཞུང་དམངས་ཀྱི་རྩོད་ལེན་དེ་ཡང་བོད་རང་བཙན་ཆགས་མེད་པའི་དོན་གྱི་འགྱུར་བ་འདི་དག་སྔ་ས་ནས་སོང་ཚར་བས། ད་མིང་རྫིག་པོ་ཞིག་བཏགས་ཀྱང་དགོས་པ་མེད། ༸གོང་ས་མཆོག་ལ་དོགས་འདྲི་དང་སྙན་ཞུ་སོགས་འབུལ་རྒྱུའི་ཐོབ་ཐང་ཚང་མ་ལ་ཡོད་པས། རང་གིས་ཐད་ཀར་བཀའ་འདྲི་གནང་ན་འགྲིགས། ངས་ནི་བཤད་དགོས་པ་དང་ཞུ་དགོས་པ་ཚང་མ་ཞུས་ཚར་བ་ཡིན། ད་ནི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ཤར་སྐྱོད་བྱ་རྒྱུ་ལས་ཅང་ལྷག་མེད།
བདེན་མཐའ་གསལ་ཐབས་སུ་ང་ཚོ་དམངས་གཙོའི་ལམ་དུ་ཁྲིད་པ་དེ་གཙོ་བོ་ག་ལ་ཡིན། དེ་ལས་ལྷག་པར། དམངས་གཙོའི་སྒྲིག་འཛུགས་འདི་བོད་དོན་འཐབ་རྩོད་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ཏུ་སྒྱུར་སྐྲུན་གནང་བ་བརྒྱུད་རྒྱལ་སྤྱིའི་ཐོག་བོད་ཀྱི་བདེན་དོན་ཁྱབ་བསྒྲགས་དང། རྒྱལ་སྤྱིའི་སྲིད་གཞུང་དང། གྲོས་ཚོགས། མི་མང་བཅས་ཀྱི་རྒྱབ་སྐྱོར་བཙལ་བ། བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་དང་ལས་འགུལ་སྤེལ་བ། ལྷག་པར་རྒྱ་ནག་དང་མཉམ་དུ་གྲོས་མོལ་རིམ་པར་གནང་བ། བོད་གཞིས་བྱེས་བར་འབྲེལ་བ་གོང་སྤེལ་བཏང་བ། གཞིས་ལུས་མི་མང་གིས་ཞི་བའི་ངོ་རྒོལ་མཚམས་མ་ཆད་པར་གནང་བ་སོགས་ལས་རིམ་མང་པོ་བརྩམས་ཡོད་པ་རེད། བདེན་མཐའ་གསལ་ཐབས་གཙོ་བོ་དེ་ཚོ་རེད།
བོད་དོན་འཐབ་རྩོད་ཀྱི་ནུས་པ་ཅན་ཡིད་བཞིན་ནོར་བུ་ཁོ་ན་རེད་ལབ་མེད། མི་མང་ལ་ནུས་པ་མེད་ལབ་མེད། ནུས་པ་ཡོད་ཀྱང་འདོན་གྱི་མི་འདུག་ལབ་ཀྱི་ཡོད། ཡིན་ནའང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་གཙོ་བོ་རྒྱ་ནག་དང་མཉམ་དུ་བཀའ་མོལ་གྱིས་ཞི་འགྲིག་ཡོང་བ་ལ་ནི་ནུས་པ་ཆེ་ཤོས་ཡིད་བཞིན་ནོར་བུ་རེད་ལབ་ཀྱི་ཡོད། ཝང་ལི་ཞུང་གིས་བཤད་པ་ལྟར་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལྡེ་མིག་དེ་ཡིད་བཞིན་ནོར་བུ་ཡིན་པས། ལྡེ་མིག་འདི་ཟུར་དུ་འཇོག་རྒྱུར་ངས་བློས་མ་ཐོངས་པ་ཡིན། བོད་མི་ཚང་མས་བློས་ཐོངས་ཀྱི་མེད། ང་ཚོས་དམངས་གཙོ་ཚད་ལྡན་དགོས་ཞེས་དམངས་གཙོའི་ཆེད་དུ་ལྡེ་མིག་འདི་བློས་བཏང་ན་མི་འགྲིག་གི་ལབ་ཀྱི་ཡོད། བོད་མི་ཚོར་དམངས་གཙོ་ཚད་ལྡན་མི་དགོས་པ་མིན་ནའང། ད་ལྟའི་ཆར་ནི་བོད་མི་ཚོར་དམངས་གཙོ་ལས་འདི་ཉིད་གལ་ཆེ་བར་འདོད།
ད་ཕན་ང་ཚོས་དམངས་གཙོའི་འགན་ཁུར་བསྒྲུབས་མེད་ཚུལ་ནི། དམངས་གཙོའི་ལས་དོན་གལ་ཆེ་ཤོས་རང་གི་འཐུས་ཚབ་སྤྱི་འཐུས་དང་འགོ་ཁྲིད་བཀའ་ཁྲི་འདེམས་པའི་སྐབས་སུ་འོས་ཤོག་འཕེན་མཁནནི་བཙན་བྱོལ་བོད་མིའི་བརྒྱ་ཆ་ལྔ་བཅུ་ཙམ་ཡང་ལོང་གི་མེད། དེ་ནི་འགན་མ་འཁྱེར་བའི་རྟགས་གསལ་ཤོས་དེ་རེད། དེ་ལྟར་བདམས་པའི་སྤྱི་འཐུས་ཚོས་ཀྱང་མི་མང་གི་ཚབ་བྱས་ཏེ་གྲོས་ཚོགས་ནང་ཆ་ཤས་ལེན་རྒྱུ་དང་གཞུང་ལ་སྟངས་འཛིན་སོགས་བྱེད་དགོས་ཀྱང་གྲོས་ཚོགས་སུ་མི་གཅར་མཁན་ཡང་གང་མང་མང་རེད། མི་མང་དང་མི་མང་གི་འཐུས་ཚབ་བཅས་ཕལ་ཆེ་བ་སོ་སོའི་ལྟོ་གོས་ཀྱི་ཆེད་དུ་ཕྱི་རྒྱལ་ལ་ཐར་ཐབས་དང་དཔལ་འབྱོར་འཚོལ་སྒྲུབ་ལ་མགོ་འཁོར་ནས་བསྡད་ཡོད་པ་ལས་རྩ་དོན་ཆེད་འབད་མཁན་ནི་རེ་ཟུང་ཙམ་རེད། སེམས་ཤུགས་ཅན་གྱི་གྲྭ་པ་རེ་ཟུང་དང་གཞོན་ནུ་རེ་ཟུང་རེད། རྩ་དོན་ལ་ཕན་པའི་གནས་ཚུལ་བརྒྱ་ཆའི་དགུ་བཅུ་གོ་དགུ་༸གོང་ས་མཆོག་གི་མཚན་སྙན་དང་མཛད་འཕྲིན། སྐུ་ལས་བསྐྱོན་པ་ལས་བྱུང་བ་ཤ་སྟག་རེད།
ཁྱེད་ཀྱིས་༼ཡིད་བཞིན་ནོར་བུས་གཞུང་དམངས་གཉིས་ལ་དེ་འདྲ་ཞིག་གསུང་ཡོད་དམ།༽ཟེར། ངས་ཡིད་བཞིན་ནོར་བུས་དེ་འདྲ་གསུངས་ཡོད་ཅེས་བཤད་མེད། ང་རང་གི་བསམ་ཚུལ་བཤད་པ་ཡིན།
ཕྱོགས་སྐྱོད་ནས་འཁོར་རྗེས་བགྲོ་གླེང་མུ་མཐུད་གནང་ཐུབ་ན་མཉམ་ཞུགས་བྱེད་རྩིས་ཡོད། བདེ་མོ།
སྤྱི་ཟུར་ལྷ་སྐྱབས་ལགས་དྲི་བ་ཞིག་འཕུལ་མཆོག་པ་ཞུ་་་་་བཙན་བྱོལ་གཞུང་གི་མཚན་བྱང་བསྒྱུར་ཡད་དང་ཐམ་ཀའི་འོག་གི་མཚན་བསྒྱུར་ཡད་ནི་དེ་རྒྱུ་ཚན་ཅི་ཡོད་དམ་་་་གཉིས་པ་འོ་ན་རྒྱ་གར་མི་འགའ་ཤས་ཀྱིས་འདིའི་སྐོར་གནས་ཚུལ་གླེང་ན་ང་ཚོས་བློ་བུར་དེ་ལ་ཆ་མཇོག་དང་བསྒྱུར་བ་གཏོང་དགོས་སམ་་་་་གསུམ་པ་དེ་ལྟར་བསྒྱུར་ནས་དོན་གནས་མ་འཁེལ་ན་སུས་འགན་ལེན་གྱི་རེད་པས་ཉམས་ཆུང་བོད་མི་དམངས་ཡང་ན་བོད་གཞུང་དེ་བཞིན་༸གོང་ས་མཆོག་་ད་རེས་ཀྱི་གནས་ཚུལ་ནི་ཚོགས་ཆེན་སྐབས་ཀྱི་གནས་ཚུལ་དང་རྒྱབ་འགལ་ཡིན་པས་ང་མི་མཐུན་རྩ་བ་ནས་མེད་་་་་་ང་ཚོས་ཆོས་དང་སྲིད་ཀྱི་གང་ཟག་སྒེར་ལ་་ལྟ་བ་འཛིན་ཚུལ་མ་ནོར་བ་བྱ་མི་དགོས་སམ་ཆོས་སྐབས་༸གོང་ས་མཆོག་བོད་མིའི་བླ་མ་རེད་འོན་ཀྱང་སྲིད་སྐབས་ལ་ཡང་བསམ་བློ་དེ་བཏང་ན་ནོར་བ་མ་ཡིན་ནམ་སྲིད་སྐབས་ཁོང་མཁས་དབང་ཀྱི་ངོར་ང་ཚོས་གྲོས་མོལ་བྱ་མི་དགོས་སམ་ དེ་སྔ་ནས་མིང་མི་བསྒྱུར་བ་ཅི????
རྒྱུ་མཚན་ལོས་ཡོད། ཡོད་ནས་གནངས་པ་རེད་ལ། རྒྱུ་མཚན་མཐའ་དག་ཡིག་ངག་གཉིས་ཐོག་ནས་གསུངས་ཡོད། དེའི་ཕན་ཆད་ཀྱི་རྒྱུ་མཚན་ལྐོག་གྱུར་ཅིག་ཡོད་པར་འདོད་ན་ངས་མི་ཤེས།
ང་ཚོ་དམངས་གཙོའི་ལམ་དུ་ཁྲིད་པ་འདི་གནས་སྐབས་ཀྱི་བཙན་བྱོལ་བོད་གཞུང་སྤུས་དག་ཡོངས་ཐབས་དང་དེའི་མཚུངས་བོད་དོན་འཐབ་རྩོད་ཀྱི་ནུས་པ་འདོན་ཐབས་ཕུགས་ལ་མ་འོངས་བོད་དེ་ཡང་དེ་མཚུངས་ཡོང་རེ་ཡིན་པ་ད་བར་གྱི་ཡིག་ངག་གཉིས་ཐོག་ལ་གསལ་འཁོད་ཡོད། གལ་ཏེ་འདི་དག་བོད་ཀྱི་བདེན་མཐའ་གསལ་ཕྱིར་མིན་ན་འོ་ན་བོད་ཀྱི་བདེན་མཐའ་གསལ་ཐབས་ཀྱི་གཞི་རྟེན་དང་ལས་རིམ་གང་དག་སོང་ཡོད་དམ།
དབུ་མའི་ལམ་དེ་ཡང་ང་ཚོའི་མང་གཙོའི་རྒྱབ་རྟེན་ཐོག་ནས་གནང་བཞིན་པ་རེད། ཁྱོད་ཅག་ལྟར་ན་ཡིད་བཞིན་ནོར་བུ་ཁོ་ན་བོད་དོན་བདེན་མཐའ་གསལ་མཁན་ལས་ཁོང་གི་གཞུང་དམངས་གཉིས་མིན་པར་ཁས་ལེན་རྒྱུ་ཡི་ནམ། ཡིད་བཞིན་ནོར་བུ་ཁོ་ན་ལས་བོད་མི་རིགས་ལ་བོད་དོན་འཐབ་རྩོད་ཀྱི་ནུས་པ་རྩ་བ་ནས་མེད་པར་ངོས་འཛིན་གྱིན་ཡོད་དམ།
ཕྱིན་ཆད་ཀྱང་དམངས་གཙོའི་སྒྲིག་འཛུགས་ཀྱི་གཞུང་འདིས་བོད་དོན་བདེན་མཐའ་གསལ་ཕྱིར་ཕན་ནུས་མི་འབྱུང་ན་ད་འོ་ན་གཞུང་ངམ་སྒྲིག་འཛུགས་གསར་བ་ག་རེ་འཛུགས་དགོས་སམ།
ང་ཚོས་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱད་པ་ལས་དམངས་གཙོའི་འགན་ཁུར་བསྒྲུབས་མེད་ཟེར་བ་འདིར་རྒྱུ་མཚན་གསལ་བཤད་ཅིག་གནང་རོགས། བོད་དོན་བདེན་མཐའ་གསལ་ཕྱིར་ལ་འགན་གང་དང་གང་ཁུར་མ་སོང། གང་དང་གང་སྒྲུབ་ཐུབ་མ་སོང།
ཡིད་བཞིན་ནོར་བུས་གཞུང་དམངས་གཉིས་ལ་དེ་འདྲ་ཞིག་གསུང་ཡོད་དམ།
ཉིན་ཤས་རིང་ཕྱོགས་སྐྱོད་ལ་འགྲོ་དགོས་པས་བདེ་མོ།
རྒྱ་ནག་གི་རྙོག་དྲ་དེ་རིགས་རིམ་པས་སངས་ཆེད་དུ་ཁོང་ཚོས་གོམ་པ་དལ་སྤོ་བྱེད་ཀྱི་ཡོད་པ་རེད། ཁོང་ཚོས་རྒྱལ་ཁབ་ཀྱི་རྩ་དོན་སྟེང་ནས་བལྟས་ན་རྙོག་དྲ་དེ་ཚོ་དོན་དག་ཆུང་ཆུང་རེད།
༸གོང་ས་མཆོག་གིས་བཙན་བྱོལ་གཞུང་དམངས་འདི་དམངས་གཙོའི་ལམ་དུ་ཁྲིད་པ་བདེན་ལ། བོད་དོན་བདེན་མཐའ་མྱུར་དུ་གསལ་བར་དམངས་གཙོའི་གཞུང་འདི་གལ་ཆེ་བར་དགོངས་པའང་བདེན། འོན་ཀྱང་༸གོང་ས་མཆོག་གིས་དགོངས་པ་ཇི་བཞིན་བྱུང་མེད། དེ་ནི། ༸གོང་ས་མཆོག་གི་ཐུགས་རེ་ལ། དམངས་གཙོར་བསྒྱུར་འབྲས་སུ་མི་མང་གིས་བོད་དོན་འཐབ་རྩོད་ཀྱི་འགན་ཆེ་ཙམ་འཁྱེར་ཏེ་བོད་དོན་བདེན་མཐའ་མྱུར་དུ་གསལ་བ་ལ་ནུས་པ་ཆེན་པོ་ཞིག་ཐོན་ན་དགོངས་པ་ཡིན་ཡང། མི་མང་གིས་ནི་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱད་པ་མ་གཏོགས་དམངས་གཙོའི་འགན་ཁུར་སྒྲུབ་མེད་པས་ནུས་པ་དེ་འདྲ་ཐོན་ཐུབ་མེད། ཕྱིན་ཆད་ཀྱང་དེ་ལྟར་ཡིན་པས་དམངས་གཙོའི་ལམ་དུ་ཅི་ཙམ་བསྐྱོད་ནའང་བོད་དོན་བདེན་མཐའ་གསལ་བ་ལ་ཕན་དཀའ་སྙམ། ལར་ནས་ང་ཚོ་དམངས་གཙོའི་ལམ་དུ་ཁྲིད་པ་འདི་བོད་དོན་བདེན་མཐའ་གསལ་བའི་ཆེད་དུ་མིན་པར། བདེན་མཐའ་གསལ་བའི་རྗེས་ནས་རང་ཡུལ་རང་གིས་འཛིན་སྐྱོང་བྱེད་པའི་སྐབས་དམངས་གཙོའི་ལམ་དུ་ཤར་སྐྱོད་བྱེད་ཐུབ་པའི་ཆེད་དུ་རེད། བོད་དོན་འཐབ་རྩོད་མུ་མཐུད་གནང་དགོས་ཚེ་བཙན་བྱོལ་སྒྲིག་འཛུགས་འདི་གལ་ཆེ་བ་བདེན། འོན་ཀྱང་ངའི་རེ་བ་ནི། བོད་དོན་འཐབ་རྩོད་མུ་མཐུད་གནང་མི་དགོས་པར་༸གོང་ས་མཆོག་གིས་དབུ་ཁྲིད་པའི་སྐབས་འདིར་བོད་དོན་བདེན་མཐའ་གསལ་ཐུབ་པ་ཞིག་བྱུང་ན་སྒྲིག་འཛུགས་སྲ་བརྟན་དུ་གནས་ཐབས་ལ་འབད་མི་དགོས་སྙམ་པ་ཡིན་མོད་དེ། འདི་གནས་ཐབས་ལ་འབད་པ་ནི་གྲ་སྒྲིག་སྡུག་ས་ནས་གནང་བ་ཡིན་སྲིད།
ཡིད་བཞིན་ནོར་བུས་མི་མང་གིས་ངའི་ཁ་ལ་ཉན་གྱི་མི་འདུག་གསུངས་ནས་དགོངས་ཞུ་གནང་བ་མིན་པ་བདེན། ཁོང་གིས་དམངས་གཙོ་ཚད་ལྡན་དུ་འགྱུར་བའི་ཆེད་དུ་དགོངས་ཞུ་གནང་བ་ཡིན་གསུང་གི་ཡོད། དེ་བཞིན་ཁོང་སེམས་ཤུགས་ཆག་པའང་མིན་ཞེས་ཞལ་དྲོན་པོ་ནས་གསུང་གི་ཡོད་པས། དེ་འདྲ་རེད་ཅེས་བཤད་མི་ཐུབ། ཡིན་ནའང། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་སོགས་སུ་ཁོང་གིས་བོད་རང་དབང་ཐོབ་མཚམས་སྲིད་འགན་རྩིས་སྤྲོད་གནང་རྒྱུ་ཡིན་པ་ཡོངས་གྲགས་གསལ་པོར་གསུངས་ཡོད་པས། དེ་ལ་མ་ཐུག་གོང་རྩིས་སྤྲོད་གནང་བ་འདི་ལ་རྒྱུ་མཚན་ཞིག་ཡོད་ངེས་རེད།
གསུང་འཕྲིན་ནང་སྤྱི་འཐུས་དང་མི་མང་གི་གནས་ཚད་ཚད་ལོངས་འདུག་པར་དགོངས་པ་དེ་གཙོ་བོ་ཁོང་བགྲེས་ཡོ་གནང་རྒྱུའི་ཐད་ལ་བསམ་ཤེས་བྱེད་ཐུབ་པའི་དུས་ཚོད་ཅིག་ལ་གཟིགས་པ་རེད་ལ་དེ་ག་ནང་བཞིན་བསམ་ཤེས་ཐུབ་སོང་བ་རེད། ཁོང་གི་དགོངས་གཞི་འཐུས་ཚང་ཞིག་མི་མང་གིས་ལག་བསྟར་ཐུབ་རྒྱུར་ད་དུང་དུས་ཚོད་འདང་ངེས་དགོས་ལ་གཅིག་བྱས་ན་བཀྲ་ཤིས་ལུགས་ལེགས་དེ་འདྲ་འབྱུང་དཀའ་ཡང་སྲིད།
སྤྲུལ་སྐུའི་རིན་ཐང་གི་ངོས་འཛིན་འདི་ནང་ཆོས་ཀྱི་དགོངས་དོན་དཔྱིས་ཕྱིན་པའི་དགེ་བཤེས་རྣམ་པའི་ཐུན་མིན་གྱི་ངོས་འཛིན་གནང་སྟངས་ཤིག་རེད། གཏིང་ཟབ་དོན་ཡང་དེ་རེད། སྤྱིར་བཏང་མི་མང་གིས་དེ་འདྲ་མི་ཐུབ་ཀྱང་དགེ་སྒྲུབ་སྡིག་སྦྱོང་གི་ལས་འབྲས་རགས་པ་ཞིག་ཤེས་པའི་ཐོག་དད་པའི་ནུས་སྟོབས་ཀྱིས་ཁོང་ཚོ་ཆེས་ངོ་ཚ་ཁྲེལ་མེད་ཀྱི་མ་རབས་ཐ་ཤལ་གྱི་མི་རུ་འགྱུར་དུ་མི་འཇུག་སྙམ།
མ་གཞི་ངེད་གཉིས་ཀྱི་བསམ་ཚུལ་འདི་རིགས་བོད་སྤྱི་ཚོགས་ཀྱི་ལྟ་ཚུལ་གཙོ་གྲས་ཤིག་ཆགས་ཡོད་པས་དུས་ཚོད་བཏང་བ་ཡང་གཏོང་རིན་ཡོད་པ་ཞིག་ཆགས་ཡོད། དེ་བས་བསམ་ཚུལ་ཇི་བཞིན་བརྗོད་པར་བཀའ་དྲིན་ཆེ།
ད་ང་ལ་ཁ་བརྡ་བྱེད་རོགས་གཞན་ཞིག་ཐོན་བྱུང། དེང་སང་ང་ཅུང་ཁོམ་པ་ཡོད་པས་དོན་སྙིང་ཡོད་པའི་སྐད་ཆ་འདི་རིགས་ལ་དོ་སྣང་རེ་བྱེད་འདོད་འདུག
༡ ༽ གནད་དོན་ཁ་ཤས་ད་དུང་ལོ་རྒྱུས་ཁྲོད་ཀྱི་ཐེ་ཚོམ་རྐྱང་པའི་འོག་ཐག་གཅོད་བྱས་འདུག་སྟབས། དོགས་པ་ནི་ག་དུས་ཡིན་ཡང་དོགས་པ་རང་ཡིན། སྔ་མོ་ནས་ཞུས་ཟིན་པ་ལྟར་གསུང་འཕྲིན་ནང་འཁོད་པའི་མི་མང་གི་གནས་ཚད་སྨིན་པར་ངོས་འཛིན་བགྱིས་པ་ཏག་ཏག་བསྡད་མི་འདུག་ཅེས་སྟོང་ཕྲག་མང་པོ་ཞུས་ཚར་བ་ཡིན།
༢ ༽ ༼ བོད་མི་ཚོས་ཏཱ་ལའི་བླ་མ་འཕགས་པའི་སྤྲུལ་བར་ངོས་འཛིན་ཚུལ་འདི་ངས་བལྟས་ན་མི་རིགས་གཞན་ལས་གཏིང་ཟབ་པའི་ངོ་ཤེས་སྟངས་ཤིག་རེད་འདོད།༽འདི་ནི་རྒན་ལགས་ཀྱི་འདོད་པ་ཙམ་ཡིན་མོད་ཀྱང་། སྤྱི་ཚོགས་ནང་སྨྱུ་གུ་འཛིན་མཁན་ཞིག་ཡིན་པ་སོང་ཙང་། དོན་དངོས་བརྗོད་རྒྱུ་ལ་འཛེམས་དོགས་མི་ཉན་པ་ཞིག་རེད། བོད་མིའི་བྱ་དངོས་ཀྱི་རིན་ཐང་ལྟ་ཚུལ་རྒན་ལགས་དགེ་རྒན་ཆེན་མོ་ཞིག་ཡིན་པའི་ཆ་ནས་གསལ་ཆ་ཡོད་ངེས་ལ་སོང་། དེང་སང་རྩོམ་རིག་ནང་མཛེས་དཔྱོད་ཡིན་ན་ཅིག་ཟེར་བ་འདིར་ཏན་ཏན་དཀའ་ངལ་ཞིག་ཡོད་པ་གསལ་བོ་རེད། རྒྱུ་མཚན་དེས་གཏིང་ག་ཚོད་ཅིག་ཟབ་མིན་གསལ་བཤད་བྱས་འདུག་བསམས།
༣ ༽ བོད་ཀྱི་ཆོས་འཛིན་ལམ་ལུགས་འགྱུར་བ་ཐེབས་བཞིན་པ་དེ་ངས་གོང་དུ་ཞུས་ཟིན་པ་ལྟར་རྒན་ལགས་ཀྱིས་གསུངས་བར་མོས་མཐུན་ཡོད། དཔེར་ན། རྒྱུ་མཚན་འདིའི་རིགས་ཀྱིས་མཆོད་ཡོན་སྦྱིན་བདག་གི་ཐ་སྙད་སོགས་ཀྱིས་ལས་ཀ་རང་བཞིན་གྱིས་བྱེད་ཀྱི་མ་རེད། དེ་ནི་སྦྱིན་བདག་རང་ངོས་ནས་ཆོས་ཀྱི་རྣམ་བཞག་ཤེས་ལ་རྣམ་རྟོག་སྐྱེས་སོང་བས་ཡིན་སྟབས། སྐྱ་བོའི་སྡེ་ནས་སེར་མོ་བའི་རིགས་ཀྱི་རིན་ཐང་ལྟ་ཚུལ་ག་འདྲ་ཞིག་ཡིན་མིན་བཤད་མི་དགོས་བཤམས་བཤམས་པ་རེད། འདིའི་རིགས་ནི་དུས་ཚོད་ཀྱི་གནང་སྒོ་ཡིན་པས། འདི་ལ་སུས་ཀྱང་གཡོལ་ཐབས་ཆེ་ཡོད་བསམ། འོན་ཀྱང་། ང་ཚོའི་སྐྱ་སེར་གཉིས་ཀྱི་སྡེ་ལ་ཆེ་ས་སྒོམས་ཉམས་ལེན་ཕུད་ཆུང་ས་རྒྱུན་གྱི་འཚོ་བར་སྤྱོད་བྱའི་ཆོས་ཀྱི་བསླབ་བྱ་རྒྱུན་འཇགས་བརྟན་པོ་ཞིག་ཚུགས་མི་འདུག དེས་ངས་ག་རེ་ལབ་ཀྱི་ཡོད་རེད་ཟེར་ན། ༧གོང་ས་མཆོག་གི་བྱིན་ནུས་དམངས་ཀྱི་བག་ཆགས་ངོས་སུ་དོགས་གཞི་བསྐྲུན་མ་རན་པའི་སྐབས་ཤིག་ལ་དོགས་སློང་བྱེད་ཀྱི་འདུག དེས་༧གོང་ས་མཆོག་གི་དགོངས་གཞི་གོང་གི་བསླབ་བྱ་དེ་དག་བརྟན་ཚུགས་ཡོང་རྒྱུར་གནོད་ཀྱི་འདུག་ཅེས་པ་དེ་རེད། ཆབ་སྲིད་བཤད་སྐབས། མིའི་རིགས་ཀྱི་སེམས་ཁམས་ལ་གཅེས་སྤྲས་དང་དངོས་ཡོད་འགུལ་ཤུགས་ལ་མ་གདན་བྱེད་རྒྱུ་ནི་གལ་ཆེ་རེད་འདོད་ལ། དེ་ལ་བསྟུན་ནས་ཆབ་སྲིད་ཀྱི་མཁས་མཛངས་བསྟན་ཆོག་པ་ཞིག་རེད་འདོད།
འོ། ད་ནས་ངས་དགོངས་པ་ཞུ་རྒྱུ་ཡིན། རྒན་ལགས་ཀྱིས་ངེད་དང་མཉམ་དུ་དུས་ཚོད་བཏང་ནས་བཀའ་མོལ་གནང་བ་ཐུགས་རྗེ་ཆེ་ལགས།
རྒྱ་གཞུང་གིས་དམངས་གཙོ་གཙོ་བོར་མ་བཟུང་བས་རང་དབང་འདྲ་མཉམ་མིན་པ་སོགས་ཆབ་སྲིད་བརྟན་བརླིང་མིན་པའི་གནས་ཚུལ་འདི་བྱུང་དང་འབྱུང་བཞིན་པ་རེད།
ཡིད་བཞིན་ནོར་བུས་ཆེས་ཐོག་མ་ནས་བཙན་བྱོལ་དམངས་གཙོའི་ལམ་དུ་ཁྲིད་གནངས་པ་འདིས་བོད་དོན་འཐབ་རྩོད་ཐད་ལ་གལ་ཆེའི་ནུས་པ་ཐོན་པ་རེད། ཁོང་གི་དགོངས་གཞི་ནི་བོད་དོན་བདེན་མཐའ་མཡaུར་དུ་གསལ་བ་ལའང་ང་ཚོའི་དམངས་གཙོའི་གཞུང་ངམ་སྒྲིག་འཛུགས་འདི་ཧ་ཅང་གལ་ཆེ་བར་དགོངས་ཀྱིན་ཡོད།
ཕྱོགས་གཞན་ཞིག་ནས་ང་ཚོ་ཅི་ཙམ་གྱིས་དམངས་གཙོའི་ལམ་དུ་སྐྱོད་པ་དེ་ཙམ་གྱིས་རྒྱ་གཞུང་ལ་ཕོག་ཐུག་ཆེན་པོ་འགྲོ་གིན་ཡོད། བོད་དོན་འཐབ་རྩོད་མུ་མཐུད་གནང་དགོས་ཚེ་དེའི་གནས་གཞི་གཙོ་བོ་བཙན་བྱོལ་ལ་ཡོད་པའི་བོད་མིའི་སྒྲིག་འཛུགས་འདི་ལ་རག་ལས་ཡོད། དེ་བས་འདི་སྲ་བརྟན་དུ་གཏོང་བ་དང་ཆབས་ཅིག་བོད་ནང་དང་རྒྱ་ནང་རྒྱལ་སྤྱིའི་ནང་ལ་ཡང་ལས་འགུལ་ཅི་རིགས་སྤེལ་ཐུབ། སྤེལ་ཐུབ་པའི་རྨང་གཞི་ཡོད།
ཁྱོད་ཀྱིས་བཤད་པ་ལྟར་ཡིད་བཞིན་ནོར་བུས་ངའི་ཁ ལ་ཉན་གི་མི་འདུག་བོད་རང་བཙན་རྩོད་ཀྱིན་འདུག ད་ངས་འགན་ཁུར་ཐུབ་ས་མ་རེད་ཅེས་དགོངས་པ་ཞུས་པ་རེད་དམ། དེ་འདྲ་ཞིག་གང་ན་གསུངས་འདུག ཁོང་ཚང་བགྲེས་ཡོལ་གནང་རྒྱུའི་ཐད་ལ་བཀའ་སློབ་སྔ་རྗེས་མང་པོ་གནངས་པའི་ནང་ནས་ངས་དེ་འདྲ་ཞིག་དེ་རིང་བར་དུ་གོ་མ་སོང། འོ་ན་ཡོད་བཞིན་ནོར་བུ་འུ་ཐུག་ནས་སེམས་ཤུགས་ཆག་ནས་བགྲེས་ཡོལ་གནངས་པ་མ་རེད་དམ།
ཡིད་བཞིན་ནོར་བུས་སྐུ་དབང་རྩིས་སྤྲོད་དགོས་བསམ་པ་ཞིག་བོད་མི་མང་བརྒྱ་ཆ་དགུ་བཅུ་གོ་དགུའི་སེམས་ལའང་དྲན་མྱོང་ཡོད་མ་རེད། ཐེངས་མང་པོར་བཀའ་ཤག་གིས་བཤོལ་བཏབ་པ་རེད་ལ། གྲོས་ཚོགས་ཀྱིས་ཀྱང་བཤོལ་བཏབ་པ་རེད། ད་དུང་གཞུང་དམངས་ཚོགས་ཆེན་གྱིས་ཀྱང་སྐུ་དབང་མུ་མཐུད་བཞེས་སྟངས་ཐད་ལ་སྙན་ཞུ་ཕུལ་གནངས་པ་རེད། ཁོང་གིས་རྩ་བ་ནས་ཞལ་བཞེས་གནང་ཐབས་མེད་ལུགས་བཀའ་སློབ་ཕེབས་ཡོད། འོན་ཀྱང་ཁྱོད་ཀྱེིས་ཟེར་བ་དེ་འདྲ་ཞིག་གསུངས་མ་སོང།