“བོད་པའི་སྤྱི་ཚོགས་ནང་ང་ལ་སྐྱོན་བརྗོད་བྱེད་མཁན་གྲས་ག་དུས་ཡིན་རུང་ཡོད་ཡོད་པ་རེད། དེ་ནི་གཅིག་བྱས་ན་ངའི་ལས་མ་དག་པ་ཞིག་དང་། གཅིག་བྱས་ན། བོད་པའི་ཆབ་སྲིད་པས་བསམ་བློ་གཏོང་ཕྱོགས་ཤིག་ཡིན་རྒྱུ་རེད”ཟེར།
རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཚོགས་པ་ཁག་ལྔ་སྟེ། གངས་ལྗོངས་རང་བདེན་དང་ལམ་དབུ་མའི་ལས་འགུལ་ཁང་། མང་གཙོ་ཚོགས་པ། གཞོན་ནུ་དང་བུད་མེད་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༨ ཉིན་ནས་མགོ་འཛུགས་ཀྱིས་ཨ་མདོ་རྔ་པ་ས་ཁུལ་གྱི་ཛ་དྲག་གི་གནས་སྟངས་ཐད་རྒྱ་གཞུང་ལ་ངོ་རྒོལ་དང་། ས་གནས་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་རྒྱ་གཞུང་ལ་དགོས་འདུན་གཉིས་དང་རེ་སྐུལ་གཅིག་གི་ཆ་རྐྱེན་འོག རྐང་འཁོར་རྒྱང་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ལ། ཕྱི་ཚེས་ ༡༡ ཉིན་ལས་འགུལ་བ་རྣམས་གྲོང་ཁྱེར་པུ་ན་རུ་འབྱོར་ཏེ་ཉིན་གསུམ་རིང་དེ་གར་ཟས་བཅད་ངོ་རྒོལ་དང་དགོན་པར་མཆོད་འབུལ། གསར་འགོད་གསལ་བསྒྲགས་སོགས་ཀྱི་ལས་རིམ་བསྒྲིགས་ཡོད་པ་དང་། ཕྱི་ཚེས་ ༡༤ ཉིན་པུ་ན་རྫོང་སྲིད་གཞུང་གི་མདུན་ཐང་དུ་ལས་འགུལ་མཇུག་བསྡོམས་མཛད་སྒོ་ཞིག་གྲ་སྒྲིག་གིས་བོད་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་གདན་ཞུ་གནང་ཡོད་ཀྱང་། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ར་བཟི་སྟེ་མཛད་སྒོ་དངོས་གཞིར་ཕེབས་མ་ཐུབ་པའི་གླེང་སློང་ཞིག་བྱུང་ཡོད།
ཕྱི་ཚེས་ ༡༩ ཉིན་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལས་འགུལ་གོ་སྒྲིག་པའི་གྲས་མོན་གྷོ་ས་གནས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་སུ་ཐེངས་འདིའི་ལས་འགུལ་ཐོག་དཀའ་ངལ་ག་རེ་འཕྲད་ཡོད་མེད་དང་། མཇུག་བསྡོམས་མཛད་སྒོའི་ཐོག་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཀརྨ་པ་ཆོས་འཕེལ་ལགས་ར་བཟི་སྟེ་གཏམ་བཤད་གནང་མ་ཐུབ་པའི་སྐད་ཆ་ཞིག་ཡོང་གི་ཡོད་པ་དེ་་བདེན་པ་ཡིན་མིན་དྲིས་སྐབས་ཁོང་གིས། ལམ་བར་དུ་ཆར་བབས་པ་དང་ཚ་བ་ཡོད་པ་སོགས་ཀྱིས་མི་རེ་ཟུང་གི་གཟུགས་པོའི་འཕྲོད་བསྟེན་ཐོག་དཀའ་ངལ་མི་ཉུང་བ་ཞིག་འཕྲད་སོང་། དེ་མིན་ཐེངས་འདིའི་ལས་འགུལ་ནང་དམིགས་བསལ་དཀའ་ངལ་ཆེན་པོ་འཕྲད་མ་སོང་། ལས་འགུལ་དེ་འདྲ་ཞིག་སྤེལ་བར་དངུལ་གྱི་འགྲོ་སོང་ཆེན་པོ་ཡོད་ཀྱང་། དང་ཐོག་ང་ཚོ་ཚོགས་པ་ལྔ་ཐུན་མོང་གིས་འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་ཧིན་སྒོར་ཆིག་འབུམ་ ༡༠༠༠༠༠ ཙམ་སྐྱེད་ཀ་མེད་པར་གཡར་ཐུབ་པ་བྱུང་བ་རེད། དེའི་སྟབས་ཀྱིས་ལས་འགུལ་གྱི་འགྲོ་སོང་ཐོག་མཐུན་རྐྱེན་སྦྱོར་མ་ཐུབ་པ་དེ་འདྲ་གང་ཡང་བྱུང་མེད། སྤྱིར་བཏང་ལས་འགུལ་ལ་གྲུབ་འབྲས་ཆེན་པོ་ཐོན་སོང་དྲན་ཡོད། ལས་འགུལ་གྱི་མཇུག་སྡོམ་མཛད་སྒོིའི་སྟེང་། ངྷ་ས་ནས་བོད་མི་མང་སྤྱི་འཐུས་ཤིག་གདན་ཞུ་བྱས་ན་ཡག་པོ་ཡོང་གི་རེད་སྙམ་སྟེ། སྤྱི་འཐུས་རྒྱུན་ལས་ལ་སྙན་སེང་ཞུས་པ་རེད། ང་ཚོས་སྙན་སེང་ཞུས་པ་བཞིན་རྒྱུན་ལས་ནས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་མངགས་གཏོང་གནང་ཡོད་ཀྱང་། ཀརྨ་ཆོས་འཕེལ་ལགས་ར་བཟི་བའི་གནད་དོན་དེས། ལས་འགུལ་སྤེལ་མཁན་ཚོར་བློ་ཕམ་ཆེན་པོ་བྱུང་ཡོད་པ་མ་ཟད། ང་ཚོའི་ཐོག་མའི་རེ་བ་བཞིན་སྤྱི་འཐུས་རྒྱུན་གྱིས་གང་ཡང་ཕན་ཐོགས་བྱུང་མ་སོང་སྙམ་པའི་ཚོར་བ་ཤུགས་ཆེན་སྐྱེས་སོང་། ཞེས་བརྗོད་སོང་།
གནས་ཚུལ་དེའི་སྐོར་ལ་མོན་གྷོ་ས་གནས་གཞོན་ནུའི་ཚོགས་གཙོ་གྲགས་པ་བསམ་གྲུབ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས་བརྗོད་དོན། ལས་འགུལ་གོ་སྒྲིག་པའི་གདན་ཞུ་ལྟར་སྤྱི་འཐུས་རྒྱུན་ལས་ཀྱིས། བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་རྐང་འཁོར་རྒྱང་སྐྱོད་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་དུ་ཆེད་གཏོང་གནང་ཡོད་ནའང་། ཁོང་གིས་ཆང་རག་ཚོད་མེད་འཐུང་སྟེ་མཛད་སྒོར་ཞུགས་ཐུབ་ཡོད་པ་མ་རེད། ཕྱི་ཚེས་ ༡༢ ཉིན་ང་ཚོ་གནམ་ཐང་དུ་ཀརྨ་ཆོས་འཕེལ་ལགས་ཀྱི་ཕེབས་བསུར་བཅར་སྐབས། ཕྱི་དྲོའི་ཆུ་ཚོད་ ༤ པའི་སྟེང་ཀརྨ་ཆོས་འཕེལ་ལགས་ཀྱིས་ལྡི་ལི་ནས་ཁ་པར་བཏང་སྟེ། ལྡི་ལིའི་གནམ་གཤིས་ཡག་པོ་མེད་པས་གནམ་གྲུར་འགྱུར་བ་གཏོང་དགོས་བྱུང་སོང་ཟེར། ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པར་སྤྱི་འཐུས་རྒྱུན་ལས་ནས་ཁ་པར་ཡོང་སྟེ། ཀརྨ་ཆོས་འཕེལ་ལགས་ཀྱི་གནམ་གྲུ་ཕྱིར་འགྱངས་བྱས་པ་བདེན་པ་ཡིན་ཟེར་ནས་ཁོང་གི་གནམ་གྲུའི་ཨང་གྲངས་བཤད་སོང་། ཚེས་ ༡༣ ཉིན་གྱི་ཕྱི་དྲོར་གངས་ལྗོངས་རང་བདེན་རྩོད་ལན་མཐུན་ཚོགས་ཀྱི་ཚོགས་གཙོ་གངས་རི་ལགས་དང་། བྱང་རྩེ་གྲྭ་ཚང་གི་བླ་མ་འཇམ་དབྱངས་གཉིས་པུ་ནཱའི་གནམ་ཐང་དུ་ཀརྨ་ཆོས་འཕེལ་ལགས་ཀྱི་ཕེབས་བསུར་བཅར་བ་རེད། གནམ་ཐང་དུ་ཁོང་གཉིས་ཀརྨ་ཆོས་འཕེལ་ལགས་ལ་ཐུག་སྐབས། ཁོང་གི་ངོ་མདངས་དང་གཟུགས་པོ་རྒྱུན་ལྡན་མིན་པ་ཤེས་ཏེ། སྐུ་གཟུགས་སྙུང་གི་ཡོད་པའི་དོགས་པ་བྱུང་ཡང་། གམ་དུ་བཅར་ཏེ་གླེང་མོལ་བྱས་སྐབས་ལུས་ཧྲིལ་པོར་ཆང་རག་གི་དྲི་མས་ཁྱབ་འདུག་ཟེར། འོན་ཀྱང་། ཕྱིར་ཉིན་གྱི་བགྲོ་གླེང་དེར་བར་ཆད་མི་འབྱུང་ཆེད། ང་ཚོས་ཁོང་ས་གནས་དེར་ཡོད་པའི་(མ་ཧ་ཀ་ཐ་མ་ཧ་བྷི་རི)ནང་པའི་ལྷ་ཁང་དུ་གདན་འདྲེན་ཞུས་ཤིང་། མགྲོན་ཁང་ནས་འཁྲུས་རྒྱག་ཏུ་བཅུག་སྟེ་ཕྱི་ཉིན་གྱི་མཛད་སྒོ་ལམ་ལྷོང་ཡོང་ཆེད་གཉིད་ཡག་པོ་ཁུག་དགོས་པའི་རེ་བ་ཞུས་པ་ཡིན། ཞེས་བརྗོད་སོང་།
བསམ་གྲུབ་ལགས་ཀྱིས་མུ་མཐུད་གནད་དོན་དེའི་སྐོར་ལ། ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་མཇུག་མཛད་སྒོ་འཚོགས་དགོས་པ་རེད། ཞོགས་པ་དེར་ང་ཚོ་ཁོང་གི་གམ་དུ་བཅར་སྐབས་ཀརྨ་ཆོས་འཕེལ་ལགས་མགྲོན་ཁང་དུ་བསྐྱར་དུ་ར་བཟི་ནས་མཛད་སྒོའི་སྟེང་བཅར་ཐུབ་རྒྱུར་རེ་བ་མི་འདུག དེར་བརྟེན། ང་ཚོས་མཛད་སྒོའི་སྐུ་མགྲོན་རྣམ་པ་དང་གསར་འགོད་པ་ཚོར་མཐོང་ཚུལ་ངན་པ་མི་འཇོག་ཆེད་ཁོང་གི་གཏམ་བཤད་དེ་ཕྱིར་བསྡུ་བྱས་པ་ཡིན། བོད་མི་མང་སྤྱི་འཐུས་ནི་བོད་གཞིས་བྱེས་གཉིས་ཀྱི་ཡིད་ཆེས་བློས་འགེལ་བྱེད་ས་ཞིག་ནའང་། ཐེངས་འདིར་ང་ཚོས་སེམས་ཤུགས་དང་ལྷག་བསམ་གཡོ་མེད་ཀྱི་ཐོག་སྤྱི་འཐུས་ཤིག་གདན་ཞུ་གནང་ཡང་། མཐའ་མར་ང་ཚོའི་ཚོགས་པ་ཁག་གི་འདོད་བློ་བསྐང་ཐུབ་ཡོད་པ་མ་རེད། དེའི་སྟབས་ཀྱིས་ང་ཚོ་ཚོགས་པ་ཁག་ལྔ་མཉམ་འབྲེལ་ཐོག་མི་འགྱང་བར་ཚོགས་འདུ་ཞིག་བསྐངས་ཏེ། གནད་དོན་དེའི་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་སེང་ཞུ་འཆར་ཡོད། ཅེས་བརྗོད་སོང་།
ཁ་སང་ཕྱི་ཚེས་ ༢༡ ཉིན་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བཀའ་རྡོར་སྒང་གསུམ་ཁུལ་དུ་ཕྱོགས་སྐྱོད་གནང་བཞིན་པའི་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་སུ། སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཐོག་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་རྐང་འཁོར་རྒྱང་སྐྱོད་ལས་འགུལ་མཇུག་བསྡོམས་སྟེང་ཕེབས་ཡོད་ཀྱང་། སྐུ་ཉིད་ར་བཟི་བའི་དབང་གིས་ཕྱི་ཚེས་ ༡༤ ཉིན་གྱི་མཛད་སྒོ་དངོས་གཞིར་ཞུགས་ཐུབ་མེད་སྐོར་བརྗོད་པ་བདེན་པ་ཡིན་མིན་དྲིས་ཁོང་གིས་ལན་འདེབས་གནང་དོན། ང་རང་ར་བཟི་སྟེ་མཛད་སྒོར་འགྲོ་མ་ཐུབ་པའི་གནས་སྟངས་གང་ཡང་བྱུང་ཡོད་པ་མ་རེད། ཁོང་ཚོས་གོ་སྒྲིག་གང་བྱས་པ་དེར་ང་རང་ཕྱིན་ཏེ་ལས་དོན་ཏག་ཏག་བསྒྲུབས་ཡོད་པ་རེད། དོན་དངོས་ཐོག་དཀའ་ངལ་དེ་འདྲ་ཞིག་ཡོད་ན། ང་རང་ཕར་ཕྱོགས་སུ་ཡོད་སྐབས་བཤད་དགོས་པ་རེད། ང་རང་ཚུར་ཡོང་སྐབས་ཁོང་ཚོས་ཁ་བཏགས་གཡོགས་ཏེ་བཀྲ་ཤིས་བདེ་ལེགས་ངང་ཡོང་བ་ཡིན། དེ་མིན། བོད་པའི་སྤྱི་ཚོགས་ནང་ང་ལ་སྐྱོན་བརྗོད་བྱེད་མཁན་གྲས་ག་དུས་ཡིན་རུང་ཡོད་ཡོད་པ་རེད། དེ་ནི་གཅིག་བྱས་ན་ངའི་ལས་མ་དག་པ་ཞིག་དང་། གཅིག་བྱས་ན། བོད་པའི་ཆབ་སྲིད་པས་བསམ་བློ་གཏོང་ཕྱོགས་ཤིག་ཡིན་རྒྱུ་རེད། ཅེས་བརྗོད་སོང་།
ཡང་གསར་འགོད་པས་ཁོང་ལ་ཐོག་མའི་གྲ་སྒྲིག་ལྟར་ན། ཕྱི་ཚེས་ ༡༢ ཉིན་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་པུ་ན་རུ་འབྱོར་རྒྱུ་བྱས་ཡོད་ཀྱང་། སྐུ་ཉིད་ཀྱིས་ཕྱི་ཚེས་ ༡༢ ཉིན་ཁོང་ཚོར་ཁ་པར་བཏང་སྟེ་གནམ་གྲུ་ཕྱིར་འགྱངས་ཆགས་ཡོད་སྐོར་བརྗོད་ཡོད་ཀྱང་། ཕར་ཕྱོགས་ནས་ཞིབ་འཇུག་བྱེད་སྐབས་ལྡི་ལི་ནས་པུ་ན་རུ་སྐྱོད་པའི་གནམ་གྲུ་ ( Kingfisher )ཟེར་བ་དེ་དུས་ཐོག་ལ་འབྱོར་ཡོད་ཚུལ་འདུག་པ་དེ་གང་འདྲ་རེད་དམ། ཞེས་དྲིས་པར་ཁོང་གིས། མ་གཞི་མཇུག་བསྡོམས་མཛད་སྒོ་དེ་ཕྱི་ཚེས་ ༡༡ ཉིན་མོར་འཁེལ་ཡོད་པ་རེད། གོ་སྒྲིག་ཚོགས་ཆུང་གིས་མཇུག་བསྡོམས་མཛད་སྒོར་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཕེབས་རོགས་ཞུས་པ་རེད། དེའི་ཐོག་རྒྱུན་ལས་ཀྱིས་བཀའ་བསྡུར་གནང་སྐབས། རྒྱུན་ལས་གསར་པ་མང་ཚོགས་གིས་གདན་ཞུ་གནང་བ་ཐོག་མ་ཡིན་སྟབས། འགྲོ་ཐུབ་ན་ཡག་པོ་འདུག་བརྗོད་དེ་ཐག་གཅོད་བྱུང་བ་རེད། རྒྱུན་ལས་ཀྱིས་གཅིག་ནས་དེང་སྐབས་གུང་གསེང་གི་དུས་ལ་འཁེལ་ཡོད་པ་དང་། གཉིས་ནས་ཆུ་ཚོད་མང་པོ་མེད་པར་མེ་འཁོར་རག་གི་སྟབས། གནམ་གྲུའི་ནང་འགྲོ་དགོས་ཀྱི་འདུག་ཅེས་བརྗོད་པ་རེད། ཕྱི་ཚེས་ ༡༢ ཉིན་གནམ་གྲུ་ཕྱིར་འགྱངས་ཆགས་སྟབས། ངས་སྤྱི་འཐུས་རྒྱུན་ལས་ལ་འབྲེལ་བ་མ་བྱས་གོང་གོ་སྒྲིག་ཚོགས་ཆུང་ལ་ཁ་པར་བཏང་སྟེ། གནམ་གཤིས་ཀྱི་རྐྱེན་པས་ང་རང་ཡོང་ཐུབ་ས་མ་རེད་ཅེས་ཞུས་པ་ཡིན། ཁོང་ཚོས་སང་ཉིན་གཅིག་བྱས་ན་གནམ་གཤིས་ཡག་པོ་བསྟན་གྱི་རེད། གནམ་གཤིས་ཡག་པོ་བྱུང་ན་ངེས་པར་དུ་ཕེབས་རོགས་གནང་གསུངས་ཀྱི་འདུག ཕྱི་ཚེས་ ༡༡ ཉིན་ང་རང་ངྷ་ས་ནས་ལྡི་ལིར་ཕྱིན་པ་ཡིན། ཕྱི་ཚེས་ ༡༢ ཉིན་གནམ་གྲུ་བརྒྱུད་ལྡི་ལི་ནས་པུ་ན་ལ་འགྲོ་རྩིས་བྱས་སྐབས། ཉིན་དེར་གནམ་གཤིས་ཀྱི་དབང་གིས་མུམ་བྷེ་ཕྱོགས་སུ་གནམ་གྲུ་འཕུར་ཐུབ་ཀྱི་མི་འདུག དེ་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་རེད། ཉིན་དེར་གནམ་གྲུ་འཕུར་མ་ཐུབ་པའི་དབང་གིས་ངས་པུ་ནར་ཡོད་པའི་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་མགོ་ཁྲིད་ཚོར་ཁ་པར་བཏང་སྟེ། ངའི་གནམ་གྲུ་ཕྱིར་འགྱངས་བྱ་དགོས་བྱུང་སོང་ཞེས་ལབ་པ་ཡིན། འོན་ཀྱང་ཁོང་ཚོས་ཡིན་གཅིག་མིན་གཅིག་ཡོང་རོགས་གསུང་གི་འདུག མ་གཞི་ང་རང་མཛད་སྒོའི་དངོས་གཞིའི་རྗེས་ཟིན་གྱི་མེད་ནའང་། གོ་སྒྲིག་ཚོགས་པས་ངེས་པར་དུ་ཡོང་དགོས་པའི་རེ་སྐུལ་གནང་སྟབས། ངས་ལམ་སེང་སྤྱི་འཐུས་ཚོགས་གཞོན་ལགས་ལ་སྙན་སེང་ཞུས་པ་ཡིན། ཚོགས་གཞོན་མཆོག་གིས་ཁོང་ཚོས་རེ་བ་དེ་ལྟར་རྒྱག་གི་ཡོད་ན་འགྲོ་ཐུབ་ན་ཡག་པོ་འདུག་གསུངས་སོང་། དེར་བརྟེན། ཕྱི་ཚེས་ ༡༤ ཉིན་འབྱོར་ཡོད་ནའང་། ལས་རིམ་དམིགས་བསལ་བ་དེ་འདྲ་གང་ཡོང་ཡོད་པ་མ་རེད། མཛད་སྒོའི་ལས་རིམ་མང་ཆེ་ཤོས་གྲུབ་ཡོད་ནའང་ཁོང་ཚོས་ངེས་པར་དུ་ཕེབས་དགོས་ཀྱི་འདུག་གསུངས་པས། ཕྱི་ཚེས་ ༡༣ ཉིན་གྱི་མཚན་མོར་གནམ་གྲུར་བསྡད་དེ་ཕྱིན་པ་ཡིན། ཞེས་བརྗོད་སོང་།
ཡང་གསར་འགོད་པས་ཁོང་ལ་ལས་འགུལ་གོ་སྒྲིག་པ་ཚོས་བརྗོད་ན། སྐུ་ཉིད་ཕྱི་ཚེས་ ༡༣ ཉིན་པུ་ནའི་གནམ་ཐང་ལ་འབྱོར་མ་ཐག་ནས་ར་བཟི་ཡོད་པ་དང་། ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩ པའི་སྟེང་གི་མཛད་སྒོར་རྒྱ་གར་གྱི་སྐུ་མགྲོན་གདན་ཞུའི་ཐོག་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཀྱི་གཏམ་བཤད་གོ་སྒྲིག་ཞུས་ཡོད་ཀྱང་། སྐུ་ཉིད་ཕེབས་མ་ཐུབ་པར་ཉིན་གུང་ཙམ་ལ་ལས་འགུལ་སྤེལ་སར་བཅར་ཚུལ་བརྗོད་པའི་ཐད་གསལ་བཤད་གང་འདྲ་ཡོད་དམ། ཞེས་དྲིས་པར་ཁོང་གིས། ང་རང་ཕྱི་ཚེས་ ༡༣ ཉིན་གྱི་མཚན་གུང་ངམ། ཕྱི་ཚེས་ ༡༤ ཉིན་གྱི་ཐོ་རངས་ཆུ་ཚོད་ ༢ ཙམ་ལ་པུ་ན་གནམ་ཐང་དུ་འབྱོར་བ་རེད། གནམ་ཐང་དུ་ཁོང་ཚོས་བོད་ཀྱི་རྒྱལ་དར་བསྣམས་ཏེ་ཕེབས་བསུ་རྒྱ་ཆེན་པོ་བྱས་སོང་། ཚོགས་པ་ལྔ་ཐུན་མོང་གི་ངོས་ནས་ང་རང་ཕར་ཡོང་ཐུབ་པ་ཙམ་གྱི་ལས་འགུལ་ལ་གཟི་བརྗིད་ཡོང་གི་འདུག་གསུངས་བ་རེད། དེའི་སྟབས་ཀྱིས། ཐེངས་འདིའི་རྐང་འཁོར་རྒྱང་སྐྱོད་ཀྱི་མཇུག་བསྡོམས་ཐོག སྤྱི་འཐུས་རྒྱུན་ལས་ཤིག་ཕེབས་རྒྱུ་ཙམ་ལས་དེར་གཏམ་བཤད་སྤེལ་རྒྱུའི་ལས་འགན་གང་ཡང་ཡོད་པ་མ་རེད། ཕྱི་ཚེས་ ༡༤ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་ས་གནས་མགོ་ཁྲིད་ཁག་ཅིག་ལ་ཐུག་འཕྲད་བྱས་པ་ཡིན། ང་རང་ཚུར་ཡོང་སྐབས་ཀྱང་གོ་སྒྲིག་བྱེད་མཁན་ཚོས་ཁ་བཏགས་ཐེན་ཏེ་ཕེབས་སྐྱེལ་བྱས་པ་རེད། ང་ཚོའི་བར་ཡག་པོ་བྱུང་སོང་མ་གཏོགས་ཕན་ཚུན་བར་རྙོག་དྲ་དེ་འདྲ་གང་ཡང་ཡོད་པ་མ་རེད། ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་མགོ་ཁྲིད་ཚོས་ང་ལ་ཕེབས་ཐུབ་པ་ཙམ་གྱིས་ཡག་པོ་བྱུང་སོང་ཟེར་གྱི་འདུག ཅེས་བརྗོད་བྱུང་།
གསར་འགོད་པ། དཔལ་ལྡན།
ངས་ངོ་མར་བཤད་ཤེས་ཀྱིན་མིན་འདུག གང་ལྟར་གནས་ཚུལ་ཞིག་ལྷག་ཡོད་ཐག་གཅོད་རེད། ཁོ་བོས་བལྟས་ན་མཆན་འདེབས་པ་མང་པོ་ཞིག་ཕྱོགས་རིས་འོག་ཏུ་ལྷུང་ནས་ཀརྨ་ཆོས་འཕེལ་ལ་གཞི་མེད་སྐྱོན་འཛུགས་བྱེད་པ་རང་རེད་འདུག མཆན་
དེབས་པས་བྲིས་པ་ལྟར་དུ་ཀརྨ་ཆོས་འཕེལ་སྡུག་ཅག་རང་མ་རེད། སྤྱིར་བཏང་ཁ་རིས་ཁར་ཐུག་ལས་ཀ་བྱེད་སྐབས་ཕོག་ཐུག་མང་པོ་ཡོང་གིན་རེད། འདི་ནི་ཆོས་ཉིད་རེད།
ཅོ་རི་ལགས། དམིགས་གསལ་གང་ཡང་ཞུ་རྒྱུ་མེད་བདེན་པའི་ཆ་ཧ་ཅང་མང་པོ་འདུག་རྗེས་སུ་ཡི་རིང་ཡོད། འོན་ཀྱང་ཕྱོགས་རེས་ཀྱི་ཆ་གང་མང་འདུག་ངས་ཡིད་ཆེས་དང་མི་བུ་རང་ཚིགས་ཅན་ཞིག་གི་ངོ་བོ་བཟུང་བ་ལས་ཅུང་ཐོད་བརྒལ་ཕྱིན་འདུག དེ་བས་ཐང་ཆད་ལ་གྲབས་འདུག
ཆང་འཐུང་མ་འཐུང་རང་དབང་རེད། ཚང་མ་ལ་བྱུས་གཏོགས་གང་ཡང་ཡོད་མ་རེད། ཤེས་མ་ཤེས་དང་ཞེན་ཁོག་གིས་བཤད་མཁན་ཚོ་རང་རང་ས་ནས་ངུ་ཤུར་བྱེད་བཞིན་སྡོད། བོད་ལ་ཕན་ཐོག་པའི་ཚིག་འབྲུ་ཞིག་ཀྱང་མི་འདུག་ཞེས་བརྗོད་སྙིང་འདོད། ང་ཡང་གཅིག་ཀྱང་ཤེས་མཁན་ཞིག་མིན་ཡིན་ཡང་ཀརྨ་ལགས་ནས་ཆང་འཐུང་མ་འཐུང་རང་ཉིད་ཀྱི་འདོད་པ་རེད་ལ་རང་ཉིད་ཀྱི་ཡོང་དངུལ་ལས་ཅང་མ་རེད། འོན་ཀྱང་བོད་མིའི་འཐུས་འཚབ་ཞིག་དང་གཞུང་གི་མིང་ཁུར་མཁན་ཞིག་གི་ཐད་ནས་བརྗོད་ན་ལས་དོན་དངོས་ཀྱི་སྐབས་དེ་ལྟར་གནང་མི་རུང་སེམས། བདེན་ན་རྗེས་ཕྱོགས་བསམ་བློ་ཐོངས་ནོར་ན་དགོངས་དག
ང་རང་སྒེར་ལ་མཚོན་ན་ཀརྨ་ཆོས་འཕེལ་ངའི་མཐོང་མ་མྱོང་ལ། འབྲེལ་འདྲིས་ཀྱང་དེ་བའི་ག་ལ་ཡོད། ཡིན་ཡང་བོད་མི་ཞིག་གིས་བོད་མི་ཞིག་ལ་གཞི་མེད་སྙོན་འཛུག་དང་། ཆབ་སྲིད་ཀྱི་དགོས་ཁོ་དང་བསྟུན་ནས་རྒྱ་དམར་བཞིན་ཞྭ་མོ་ནག་པོ་གཡོགས་པ་འདིས། ང་བོད་ཀྱི་གཞོན་སྐྱེས་ཤིག་ལ་ཆེས་མི་བདེ་བའི་རྣམ་པ་ཞིག་རང་བཞིན་གྱིས་བྱུང་བའི་རྒྱུ་མཚན་དུ་བྱས་ནས་དྲྭ་རྒྱའི་ནང་གནས་ཚུལ་འདི་འདྲ་ཞིག་བཤད་འདོད་བྱུང་། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། སྤྱི་འཐུས་ཁྲི་ལ་བདག་པོ་མེད། གཞིས་བྱེས་བོད་ལ་བློ་ཁ་ཕྱོགས་ནས། རང་དབང་དོན་ལ་འབད་འབུངས་གྱིས། རྩ་བཞི་ཆང་ལྔའི་སྡོམ་པ་མེད་པས། རང་སེམས་གསོ་བའི་ཆང་ཞིག་འཐུང་། སྨར་སྨར་ལྕེ་ལ་བདག་མེད་དེ་ཚོས། བཤད་པའི་ཚིག་བསྐམ་རླུང་ལ་བསྐུར།
སྐྱིད་ཀྱི་ཇ་ཆང་འཐུང་མཁན་ཀརྨ་ཆོས་འཕེལ་རེད།།
སྡུག་གི་ཁུར་བོ་ཁུར་མཁན་གཞིས་བྱེས་བོད་རིགས་རེད།།
སྤྱོད་ངན་ག་ཚོད་འཁྲབ་ན་ཡང་།།
སྤྱི་འཐུས་རྐུབས་སྟེགས་རག་ལེ་རེད།།
འདིར་མཆན་བུ་འགས་འགྲེལ་མེད་ཀྱི་སྐད་ལོག་འགའ་བརྒྱབ་ཀྱི་འདུག
ང་ཚོའི་སྐབས་སུ་བབ་པའི་གླེང་གཞི་ནི་སྤྱི་བཏང་གི་ལས་བྱེད་པ་ཚོས་ཆང་བཏུང་གི་ཡོད་མེད་གནད་དོན་མ་རེད། ང་ཚོའི་གླེང་གཞི་ནི་གཞུང་ངམ་སྒྲིག་འཛུགས་ཀྱི་ལས་དོན་སྒྲུབ་པའི་སྐབས་སུ་སྤྱི་དོན་ལས་རང་ཉིད་ཀྱི་སྤྲོ་སྐྱིད་གལ་ཆེ་བ་འཛིན་ཏེ་ཆང་རག་བཏུང་སྟེ་སྤྱི་དོན་ཐུར་ཞོར་གཏོང་གི་སྐོར་ལ་རེད། དྲ་གྲོགས་ཚོ་སྤྱི་ལོ་༢༠༠༨ ལོར་བོད་ནང་རང་གི་རྙེད་པའི་དཀའ་མི་ལུས་རིན་ཆེན་འདི་ཡང་རྒྱ་དམར་གྱི་མེ་མདའི་འབེན་ལ་བཙུགས་ཏེ་བོད་མིའི་བདེན་དོན་སེལ་ཐབས་བྱེད་ཀྱི་ཡོད། ཀརྨ་ཆོས་འཕེལ་ཟེར་བའི་མི་དེས་སྤྱི་དོན་ལས་རང་ཉིད་སྤྲོ་སྐྱིད་གལ་ཆེ་བར་འཛིན་ཏེ་བྷེ་ཇམ་བོད་དོན་ཆེད་ཀྱི་ཚོགས་འདུར་འགྲོ་མི་ཐུབ་པར་ར་བཟི་སྟེ་བསྡད་ཡོད། མི་དེ་འདྲ་ཞིག་གིས་ང་ཚོ་མི་མང་གི་ཚབ་མཚཽན་ཐུབ་བམ།
སྐྱེ་བོ་གང་ཞིག་སྤྱི་ཚོགས་ནང་ཀུན་སྤྱོད་དང་བྱེད་ལས་སྐྱོན་ཅན་ཞིག་ཏུ་མཐོང་བཞིན་དུ་ཆོས་རྒྱུད་ཆེན་པོ་ཞིག་གི་སྤྱི་འཐུས་སུ་འོས་འཕེན་པ་ནི་ངེས་པར་བསམ་བློ་གཏོང་དགོས་པ་ཞིག་ལོས་ཡིན། ད་ལམ་གྱི་དོན་རྐྱེན་འདི་གཞི་མེད་ཆེད་བཟོ་བྱས་པ་ཞིག་ཡིན་ན་ཀརྨ་ཆོས་ལགས་ནས་ཁྲམས་ཞིབ་ཁང་དུ་སྙན་སེང་གིས་ཁ་ཆུ་མི་རྒྱག་པ་གང་ཡིན་ནམ།
དྲ་གྲོགས་མང་པོ་ཞིག་གིས་བསམ་ཚུལ་ལ་བལྟས་ཡོང་ན་ཀརྨ་ཆོས་འཕེལ་འདིས་ཕྱག་ལས་གནང་སྟང་ཐད་ལ་ཅིག་འགྲིག་གི་མེད་ཚོད་རེད། རབས་ཡིན་ནའང་བཀའ་རྒྱུད་དབུས་རྒྱུན་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་མཉམ་འཛོམས་ཐོག་ནས་གསལ་བོ་ཞིག་མ་བཟོས་ན་སྤྱི་ཚོགས་ནང་གི་རྙོག་དྲ་ཡོད་ཡོད་པ་རེད། རྙོག་དྲ་དེ་གསལ་པོ་མ་བཟོ་ན་མ་འོངས་པར་བཀའ་རྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་ཕྱག་ལས་ལམ་ལྷུང་ཡོང་རྒྱུ་དཀའ་ངལ་ཡོད་མདོག་ཁ་བོ་རེད།
ཨ་མའི་བུ་ལགས།
ལས་འགུལ་གོ་སྒྲིག་པས་ཕྱི་ཚེས་ ༡༤ ཉིན་གྱི་ཟས་བཅད་ངོ་རྒོལ་སྐབས་རྒྱ་གར་གྱི་སྐུ་མགྲོན་གལ་ཆེན་ཁག་ཅིག་ཡོད་པས་ངེས་པར་ཕེབས་ཐུབ་པ་གནང་རོགས་ཞེས་རེ་སྐུལ་ནན་གྱིས་ཞུས་ཡོད་པ་དང་། ཕྱི་ཚེས་ ༡༣ གྱི་ཕྱི་དྲོར་ལས་འགུལ་གོ་སྒྲིག་པ་གནམ་ཐང་ལ་ཕེབས་བསུར་བཅར་སྐབས་ཀརྨ་ཆོས་འཕེལ་ལགས་ར་བཟི་ཡོད་འདུག ཞེས་ཀརྨ་ཆོས་འཕེལ་ལགས་ཕྱི་ཚེས་༡༣ གྱི་ཕྱི་དྲོར་པུ་ན་གནམ་ཐང་དུ་འབྱོར་ཡོད་མདོག་བཤད་འདུག
ཀརྨ་ཆོས་འཕེལ་ལགས་ཀྱིས།་་་་་་ང་རང་ཕྱི་ཚེས་ ༡༣ ཉིན་གྱི་མཚན་གུང་ངམ། ཕྱི་ཚེས་ ༡༤ ཉིན་གྱི་ཐོ་རངས་ཆུ་ཚོད་ ༢ ཙམ་ལ་པུ་ན་གནམ་ཐང་དུ་འབྱོར་བ་རེད། གནམ་ཐང་དུ་ཁོང་ཚོས་བོད་ཀྱི་རྒྱལ་དར་བསྣམས་ཏེ་ཕེབས་བསུ་རྒྱ་ཆེན་པོ་བྱས་སོང་།་ཞེས་གསུངས་འདུག་པས་གཅིག་ཕྱོགས་རྫུན་བཤད་ཀྱི་ཡོད་པར་གཏན་གཏན་རེད།
ཕྱི་ཚེས་༡༣་ཡི་ཕྱིར་དྲོར་པུ་ན་གནམ་ཐང་དུ་འབྱོར་པ་ཡིན་ན་ཀརྨ་ཆོས་འཕེལ་ལགས་ཀྱི་རྫུན་རེད། ཕྱི་ཚེས་༡༤ཡི་ཐོ་རངས་ཆུ་ཚོད་༢་པར་པུ་ན་གནམ་ཐང་དུ་འབྱོར་ཡོད་ན་གོ་སྒྲིག་པ་དང་གསར་བཀོད་པའི་རྫུན་བཤད་ཀྱི་ཡོད་པ་རེད།
སྐད་ཆ་ཁ་མ་ཐུག་པ་འདི་འདྲ་རྐྱང་བཤད་ནས་བཙན་བྱོལ་སྤྱི་ཚོགས་ནང་དུ་དཀྲིགས་ཤིང་བརྒྱབས་ཀྱི་ཡོད་པར་བདེན་བདེན་པ་བདེན་རྐྱང་རེད་འདུག་གོ
ཨ་མའི་བུ་ལགས་སྐད་གང་ལ་བདེན་དཔང་ཡོད་དམ། ཚོགས་གཙོ་གངས་རི་ལགས་ཀྱི་སྐད་ཆ་ལ་ཁྱེད་ཡིད་ཆེས་ཡོད་ན་་་་ཀརྨ་ཆོས་འཕེལ་ལགས་པུ་ན་གནམ་ཐང་དུ་ག་དུས་འབྱོར་པ་རེད་དམ། གོ་སྒྲིག་པས་གསུངས་པ་ལྟར་༡༣་ཡི་ཕྱི་དྲོར་རེད་དམ། ༡༤་ཡི་ཐོ་རངས་ཆུ་ཚུད་༢་པ་རེད།
འདིར་ལན་མེད་ན་དང་དཔང་རྟགས་མེད་ན་་་་ཨ་མའི་བུ་ཡིན་ནི་མ་རེད།
ད་དངོས་གནས་ཞབས་འདྲེན་རེད་ཡ།མུ་འཐུད་དུ་དྲ་གྲོགས་ཚོས་བསམ་ཚུལ་དང་ཀརྨ་ཆོས་འཕེལ་གྱི་གནས་བཤད་དགོས་པ་རེད།ཡིན་ན་ཡང་བློ་གཟུ་བོར་གནས་ནས་བཤད་དགོས།
ང་ཚོ་གཙང་པའི་ཨོ་ལོ།
དབྱི་དང་དབྱི་པག་བྱུང་ན།
ལས་ལ་སྐྱུག་པ་མི་དགོས་།།།ཞེས་བཞག་བཏང་བསྡད་པ་ཡང་གོ་མྱངས་མེད་པས།
ཆང་དང་ཆང་པག་ཟས་ནས་འཚོ་བ་བསྐྱེལ་མཁན་གྱི་ལུང་པ་ཞིག་གི་མིའི་ཆང་མི་འཐུང་ཟེར་དུས་་་་་ཧཧཧཧཧཧཧཧཧཧཧཧཧཧ
བཙན་བྱོལ་སྤྱི་ཚོགས་ནང་དུ་ཆང་འཐུང་བ་ག་ཚོད་ག་མེད་ཀྱང་ཤེས་ཀྱི་མེད་པ་དང་མཐོང་གི་མེད་པར་ཀརྨ་ཆོས་འཕེལ་གཅིག་པོ་ཆང་བཟི་རེད་ཟེར་བ་འདིར་་་་ཧཧཧཧཧཧཧ
བཙན་བྱོལ་སྤྱི་ཚོགས་ནང་དུ་སྔར་ནས་ད་ལྟའི་བར་དུ་དྲང་བདེན་ཅན་དང་རྒྱལ་ཞེན་ཅན་གྱི་ལས་སྣེ་བ་ཚོ་ལ་སྐྱོན་བརྗོད་བྱས་ནས་རྒྱང་ཕུད་བཏང་བསྡད་པ་རེད། སྔོན་མ་ནས་བཤད་སྲོལ་་འདི་འདྲ་ཡོད། དྲང་བདེན་ཅན་གྱི་ལས་བྱེད་པ་ཚོ་རྒྱང་ཕུད་རྒྱབ་ཀྱི་ལས་སླ་པོ་རེད། ཁོ་ཚོ་ལ་དོན་མེད་འབྲེལ་མེད་ཀྱི་སྐྱོན་བརྗོད་བྱོས་དང་ཁོ་ཚོ་སྤྱི་ཚོགས་ནས་ཕྱིན་འགྲོ་གི་རེད་ཞེས་ཟེར་སྲོལ་ཡོད་ལེ་རེད།
ད་ལན་གྱི་ཀརྨ་ཆོས་འཕེལ་ལགས་སུ་ཆང་བཟི་རེད་ཟེར་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་འདི་ལ་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་རེད་སྙམ། གཅིག་ནས་བཀའ་བློན་གདམ་རུན་པའི་དུས་སུ་སླེབས་ཀྱི་ཡོད་པ་དང་། གཉིས་ནས་ཀརྨ་ཆོས་འཕེལ་ལགས་བཅན་བྱོལ་གཞུང་གི་ལྐོག་ཟ་རུས་སུངས་ཚོའི་ཁ་གཏད་རེད། གསུམ་ནས་བོད་རྒྱལ་ཁབ་དང་རྒྱལ་དར་བློ་གཏོང་མི་བྱེད་པའི་མི་བུ་སྙིང་སྟོབས་ལྡན་པ་ཞིག་རེད།
གནད་དོན་འདི་ཚོའི་ཐོག་ཏུ་བོད་མི་རང་ཚུགས་ཅན་ཚོས་ངེས་པ་ཏུ་ཐུགས་བསམ་བཞེས་དགོས་ངེས་རེད། མི་ཆེན་དཔོན་ཆེན་ཚོ་ལ་ཁ་ཡག་ངོ་དགའ་བྱས་ནས་གོ་གནས་རག་ཐུབ་ཐབས་དང་རྒྱུ་ཆེན་ལྐོག་ཟས་རུས་སུངས་ཚོའི་རྐུབ་གཡོག་རྒྱུག་ནས་འཚོ་བ་སྐྱེལ་མཁན་ཞིག་མིན་ན་དྲང་བདེན་གྱི་ལམ་སྲུང་དགོས་ཀྱི་གལ་ཆེན་པོ་རེད་འདོད།
བཙན་བྱོལ་སྤྱི་ཚོགས་ནང་དུ་ལས་བྱེད་པ་ཆང་གིས་བཟི་ནས་མི་དམངས་ཀྱི་བློ་དཀར་གཞུང་ལ་མི་ཕྱོགས་པར་ཆགས་མྱངས་མེད། ལོ་མང་རིང་དུ་གཞུང་དངུལ་ལྐོག་ཟས་བྱས་པའི་རྒྱུ་མཚན་གྱིས་བཙན་བྱོལ་བོད་མིའི་བློ་དཀར་གཞུང་ལ་མི་ཕྱོགས་པ་ཆགས་པར་མ་ཟད་རང་བཙན་ལག་དེབ་ཀྱི་དངུལ་ཀྱང་མི་སྤྲད་མཁན་མང་རེ་ནས་མང་རེར་ཕྱིན་པ་རེད།
གནས་ཚུལ་འདི་དག་ནི་ལྐོག་ཟས་རུང་སུངས་ཚོའི་ལག་རྗེས་རེད། ལྐོག་ཟས་རུང་སུངས་ཚོ་དངུལ་སྒོར་གྱིས་བཟི་ནས་བཙན་བྱོལ་བོད་གཞུང་གཏོར་བཞིན་ཡོད་པ་ལས་རྒྱལ་གཅེས་པ་ཀརྨ་ཆོས་འཕེལ་ལགས་ཆང་གིས་བཟི་ནས་བཙན་བྱོལ་གཞུང་གཏོར་བཞིན་མེད་པས་དྲང་བདེན་གྱི་ཕྱོགས་སུ་རྒྱབ་ལང་ཐུབ་མཁན་གྱི་བོད་མི་ཚོའི་ཐུགས་བསམ་བཞེས་རོགས་ཞུ།།།།
འགའ་རེ་དངུལ་གྱིས་བཟི་ལེ་རེད།
དངུལ་སྒོར་མོར་མཐོང་དུས་སྨྱོ་ལེ་རེད།
བོད་མི་རིགས་བློ་བཏང་བྱས་ལེ་རེད།
བོད་རང་གཞུང་མིང་མེད་བཟོ་ལེ་རེད།
ཨ་མའི་བུ་ལགས། དུས་རྒྱུན་བོད་མི་ཚོས་སྤྱང་ཀིས་ལུག་གསོད་ཀྱི་རེད། གཟབ་གཟབ་བྱོས་ཨ། ཨ་པོ་ལུག་རྫི། ཞེས་བོས་ནས་སྤྱང་ཀིས་ལུག་གསོད་ཀྱི་ཡོད་པའི་སྐད་གྲགས་ཆེ་ན་ཡང་།
དོན་དངོས་ཐོག་ཕ་ར་ཟེར་བའི་སེམས་ཅན་དེས་དུས་གཅིག་ལ་ལུག་དགུ་ཙམ་གསོད་ཀྱི་ཡོད།
ཀརྨ་ཆོས་འཕེལ་སྡུག་ཆག་རེད། ཐུག་པ་ར་བཟི་རེད། ཅེས་ལབ་བཞིན་ཡོད་ནའང་སྤྱང་ཀི་ལས་སྡུག་པའི་ལུག་གསོད་མཁན་སེམས་ཅན་ཕ་ར་མང་པོ་བརྒྱབ་ཏུ་ཡིབ་ནས་བསྡད་ཡོད། དཔྱད་ཞིབ་མང་ཙམ་བྱོས།
བོད་མི་ཚོ་གནས་ཚུལ་ཇི་ལྟར་ཡང་དེ་དུས་རྐྱེན་ཞིག་མེད་པར་དོན་གླིང་འདི་ཡོང་ཐབས་རྩ་བ་ནས་མེད་་་་་་ང་ཚོས་སོ་སོའི་རང་ཉིད་ཀྱི་གཞུང་དང་མི་དམངས་ལ་དགའ་མོས་སྲུང་སྐྱོབས་བྱ་དགོས་ངེས་རེད་དེ་འདྲ་སོང་ཙང་སྤྱི་མཐུས་བྱེ་བྲག་རེ་ཟུང་ནས་སྤྱི་ཚོགས་ནང་ལ་དུགས་རྫས་ཁྱབ་སྤེལ་གཏོང་སྐབས་མི་དེ་ལ་ཉེས་པ་གཏོང་ཐབས་ལས་ཆོས་ལུགས་དང་ཆོལ་ཁ་འི་མིང་མ་བསླེངས་ན་ལེགས་་་་་ཀྨར་ཆོས་འཕེད་ནི་དེ་སྔ་ནས་མི་ཚངས་མས་ཡོངས་གསལ་རེད་ཁོ་ལ་ཆང་རག་མེད་ན་མེད་ཐབས་རེད་ཁོས་ད་རེད་གནས་ཚུལ་ནི་ཅིག་པོ་མིན་དེ་སྔ་གནས་ཚུལ་གལ་ཆེན་པོ་འདི་འདྲ་ལ་ཐུས་ཤོར་ཏོང་དུས་བོད་མི་དམངས་སྤྱི་མཐུས་ཚོ་ལ་མི་འདི་ལས་མེད་པ་ཡིན་ནམ་སྤྱི་མཐུས་སྤེན་པ་ཚེ་རིང་ལགས་ངས་རེ་བ་ཞུ་བཞིན་ཡོད་མི་འདི་མ་འོངས་པར་བོད་པའི་སྤྱི་ཚོགས་ནང་གཏོང་བ་ལས་ཕྱི་རྒྱལ་དང་རྒྱ་གར་སྤྱི་ཚོགས་མ་གཏོང་རོགས་་་་མི་འདི་ནི་ཁང་པའི་རྡོ་རྩིགས་ནང་གི་རྡོ་རིལ་མོ་བ་དེ་ཡིན་
རྒྱུ་མཚན་སྣ་མང་མཐོང་ནས་ཚོགས་གཙོ་ཟུར་པར་སྔར་དང་མ་འདྲ་བར་ཡིད་ཆས་ཅུང་ཙམ་ཆུང་རུ་འགྲོ་སོང་། གང་ལྟར་ཡང་་་ རྗེས་སུ་གཟབ་དགོས་པར་གལ་གནད་རེད།
གང་ལྟར་ཀྱང་ངས་དུས་རྒྱུན་དུབརྩི་བཀུར་ཞུ་སའི་བོད་ཀྱི་དུས་བབ་ཁང་གི་གསར་འགྱུར་ཚད་ལྡན་ཞིག་སྤེལ་འདུག ཐུགས་རྗེ་ཆེ། ཕྱོགས་གཉིས་ཀར་རྒྱུ་མཚན་ལྡན་པའི་སྐད་ཆ་དྲིས་འདུག དྲ་གྲོགས་ཚོ་གསར་འགྱུར་འདིའི་ནང་མི་ལྔའི་གསལ་བཤད་ལ་མི་གཅིག་གི་འགྲེལ་བཤད་བྱས་འདུག་མོད་ཡག་ཉིན་ལྔ་དང་གཅིག་སུ་བདེན་ནམ།
ངས་གངས་ལྗོངས་རང་བདེན་མཐུན་ཚོགས་ཀྱི་ཚོགས་གཙོ་གངས་རི་ལ་སོགས་པའི་ཚོགས་པ་ཁག་གི་འགོ་གཙོ་ཚོ་རྒྱུད་ཆེན་པོ་ཡོད། ཁོང་ཚོས་དོན་མེད་མི་དཀར་མི་ནག་བཟོ་ཡས་ཐབས་ཤེས་ནང་ཡང་མི་བྱེད་པའི་ཡིད་ཆེད་ཆེན་པོ་ཡོད། ལྷག་པར་དུ་བོད་ཀྱི་དུས་བབ་ཁང་གི་ཐུག་པ་ར་བཟི་རྐམ་ཆོས་འཕེལ་ལ་སླར་ཡང་སྐད་ཆ་དྲིས་ཀྱང་ཁོས་སྐད་བཟང་ཆེན་པོས་ང་ར་བཟི་མེད་ཞེས་མ་བརྗོད་པའི་རྒྱུ་མཚན་ཅི། རྒྱུ་མཚན་དང་ལྡན་པའི་དོན་དངོས་མ་བརྗོད་པར་གཏམ་རྙོགས་ལུང་པ་གང་བརྗོད་རྒྱུ་ནི་བཟང་སྤྱོད་ཀྱི་ཕུང་པའི་བཀའ་བརྒྱུད་སྤྱི་འཐུས་ཐུག་པ་ར་བཟི་རྐམ་ཆོས་འཕེལ་གྱི་གོམ་གཤེས་སོ།
ད་ག་རེ་ཡིན་མིན་ཤེས་མ་སོང་འོན་ཀྱང་དོན་དངོས་ཐོག་ཀརྨ་ཆོས་འཕེལ་ར་བཟི་ཡོན་ན་ཞབས་འདྲེན་རེད།
མི་ང་ལ་མ་རེད། ལྷ་ཁྱོད་ལ་རེད།
ཟེར་བའི་དཔེ་ལྟར་ད་ལན་དྲྭ་གྲོགས་ཁག་གཅིག་གིས་བསམ་བཞིན་དུ་ཀརྨ་ཆོས་འཕེལ་ལ་སྡང་ཟུག་དང་འཁང་ར་སྣ་ཚོགས་ཤིག་སྤེལ་བའི་ཞོར་དུ། བཀའ་བརྒྱུད་པ་དང་། དེའི་བླ་མ་རྣམས་ལ་མཛུབ་ཀེར་གྱིས་རྡིག་སྐུལ་མི་དམན་ཙམ་གནང་འདུག་པར་ཆེས་མི་རིགས་ཏེ། དེ་ཡང་ཀརྨ་ཆོས་འཕེལ་ར་བཟི་ནས་སྤྱི་དོན་མ་འགྲུབ་པ་བྱུང་ཡོད་མེད་ངེས་པ་ཅན་གྱི་དཔང་རྟགས་སུ་ལའང་བཏོན་རྒྱུ་མེད་བཞིན་དུ་ཁོང་རང་ཉིད་སྤྱི་འཐུས་ནང་སླེབས་པར་ངོ་རྒོལ་དང་། དེའང་བཀའ་བརྒྱུད་པས་འོས་ཤོག་འཕེན་པར་དེ་ལའང་མི་འགྲིག་པའི་རང་མི་དགའ་བའི་རྒྱུ་མཚན་དུ་བྱས་ནས་ཐམས་ཅད་དེའི་ཕྱོགས་སུ་འགྲོ་དགོས་པའི་བཟོ་ལྟ་ཞིག་བཏོན་གནང་འདུག་པར། དེ་ལྟར་ཡིན་ན་བོད་བཙན་བྱོལ་གཞུང་དེ་དམངས་གཙོ་ཡང་དག་པའི་ཕྱོགས་སུ་མི་སྐྱོད་པར་སྔར་ལམ་གཞིར་བཞག་སྟེང་ཕེབས་ཀྱི་ཡོད་ཚོད་ལས། དེ་མིན་ན་བཀའ་བརྒྱུད་པ་ལའང་ཆོས་ལུགས་གཞན་དང་ཆོལ་ཁ་གཞན་ལྟར་འོས་ཤོག་སུ་ལའང་འཕེན་མི་རིགས་པ་ཅི་ལ་ཡོད། སྤྱི་འཐུས་ཤིག་གིས་ཞབས་འདྲེན་བྱས་ཡོད་མེད་མི་ཤེས་ལ། གལ་ཏེ་བྱས་ཡོད་པའི་དབང་དུ་བཏང་ཡང་དེ་ལ་༧རྒྱལ་བ་ཀརྨ་པ་དང་། འབྲི་གུང་སྐྱབས་མགོན། འབྲུག་ཆེན་སྐྱབས་མགོན་སོགས་ནས་ཐུགས་འགན་བཞེས་ནས་ཐེ་བྱུས་བྱེད་དགོས་གསུང་པ་དེ་རྒྱུ་མཚན་དང་ལྡན་པའི་གཏམ་ཞིག་མ་མཐོང་། གང་ལགས་ཞེས་ན། ན་ལོ་སྤྱི་འཐུས་ལྷན་ཁང་ནང་ཆོལ་ཁ་དང་། ཆོས་ལུགས་ཁག་གི་སྤྱི་འཐུས་རྣམས་ནས་བོད་སྤྱི་པའི་གནད་དོན་ཐོག་ལས་གཞི་སྣེ་གཅིག་སྤེལ་རྒྱུ་མེད་པར་མི་རེ་ཟུང་ཞིག་ལ་མི་དགའ་བའི་འཁོན་འཛིན་གྱིས་རྙོག་གླེང་ག་ཚོད་སྤེལ་མ་སོང་བས། དེ་སྐབས་ཆོས་ལུགས་ཁག་གི་དབུ་འཁྲིད་དང་། ཆོལ་ཁའི་མི་དམངས་ནས་དེ་རྣམས་ཀྱི་མིག་ལྟོས་ལ་ཕན་པའི་ཐག་གཅོད་ག་འདྲ་ཞིག་གནང་ཡོད་ན། གལ་སྲིད་དེ་སྐབས་གནང་མེད་ན། ད་ལན་བཀའ་བརྒྱུད་པའི་དེ་ལ་ཐེ་རྟོག་བྱེད་དགོས་པ་དམིགས་བསལ་གང་ཆགས་པ་ཡིན་ན། རྒྱུ་མཚན་དེ་དག་མང་པོ་ཞིག་ལ་བསམ་ཡོང་དུས་གོང་གི་གཏམ་དཔེ་དེ་ལན་གཅིག་མི་དྲན་ཐབས་མེད་བྱུང་།
ད་མང་པོ་བཤད་ན་དགོས་པ་མི་འདུག གཏམ་ཁེ་རུ་བཤད་ན་ཁེ་རུ་བདེན། རྟ་ཁེ་རུ་རྒྱུགས་ན་ཁེ་རུ་འགྱོགས་ཟེར་བའི་དཔེ་བཞིན་རེད། དོན་ངོ་མ་དཔང་པོ་སྤར་དང་བརྙན་འཕྲིན་ཡོད་ན་བདེན་པ་རེད་ཡ།
ད་བལྟད་མོ་འདུག་ད་དེང་སང་གིས་དུས་ཚོད་ལ་དཀའ་རྙོག་འདི་འདྲ་ཞིག་
གིས་དཔང་རྟགས་རྩ་ནི་རེད་ཡིན་ད་ཕྱོགས་གཉིས་ནས་དྲང་མོ་བྱེད་རོགས་
དོན་མེད་སྤྱི་ཚོགས་ལ་ལྡབ་སུག་བཏང་ན་ཡག་པོ་མེད་བའི་གཟབ་དགོས་རེད་
སྤྱིར་བཏང་སྤྱི་མཐས་དེ་ཡིད་ཆེས་ཆོག་པའི་མི་ཞིག་མིན་པ་འདྲ་
གང་ལྟར་གཞི་མེད་ཀྱི་རྙོག་དྲ་ཞིག་རེད་མི་འདུག་འདི་དག་གཙང་མ་བཟོ་པར་གསར་འགོད་པ་ལ་ལས་འགན་དམིགས་བསལ་ཡོད་རེད་སྙམ་མོ།།།
གང་ལྟར་དེ་འདྲ་ཞིག་མིན་ན་ང་ཚོ་ལ་དགོས་པ་དེ་རེད་ཡིན་ཡང་སྔོན་མ་ཡང་དེ་འདྲ་ཐང་གཉིས་ཞིག་བྱུང་འདུག་དེ་དུས་སྐྱོན་བརྗོད་བྱས་པ་འུ་ཡིན་ན་དེ་ཡིན་ན་ངོ་མ་རྗེས་སུ་ང་ཚོའི་ལྟ་ཆོག་གི་རེད་རྗེས་ཕྱོགས་ཟབ་ཟབ་བྱེད་རོགས་ཞུ་རྒྱུ་དང་མི་ཞིག་གི་དེ་འདྲ་ཞིག་བློ་བུར་དུ་དྲན་ཁག་པོ་འདྲ་ཞིག་བརྗོད་འདུག་ཚོགས་པ་ཁག་ལྔ་བོ་ལ་དྲིས་ན་ཚང་མས་ཁོང་ལ་སྒྲོ་འདོག་བྱེད་ཀྱི་མ་རེད་བསམ།
གསར་འགྱུར་གྱི་གོ་དོན་གསར་པ་ཞིག་ཤེས་སོང་། དེ་ནི་ཁུངས་སྐྱེལ་ཅེས་པ་དེ་རེད། ཁུངས་སྐྱེལ་ཡོད་ན་གསར་འགྱུར་རེད། ཁུངས་སྐྱེལ་མེད་ན་གསར་འགྱུར་མ་རེད། དོན་དག་ཆེ་ཕྲ་གང་ཡིན་ཡང་དེ་ལ་ཁུངས་སྐྱེལ་ཡོད་དགོས་པ་རེད་ཟེར་བས། གསར་འགྱུར་ལ་ཁུངས་སྐྱེལ་དགོས་པ་སྨྲ་ཅི་ལ་དགོས།
རེད་རེད་ སྙོག་གླེང་འདི་ལ་སྐྱོན་བརྗོད་མཁན་དང་སྐྱོན་བརྗོད་ས་གཉིས་གིས་ཕྱོགས་ནས་ཁུངས་སྐྱེལ་ཡག་པོ་ཞིག་མེད་པ་འདྲ་ དེ་མིན་གསར་འགོད་ལས་རིག་པ་དང་ལས་འགུལ་གོ་སྒྲིག་པ་ཚོའི་ པར་ཆས་དང་བརྙན་འཕྲིན་འཁྲུལ་ཆས་སོགས་ཡོད་ངེས་རེད་ཡིན་ཡང་པར་རྐང་གཅིག་དང་བརྙན་འཕྲིན་དུམ་བུ་གཅིག་ཡང་སྟོན་རྒྱུ་མེད་པ་དེ་ཡང་ར་སྤྲོད་གཅིག་མ་རེད་པས་ མི་ངན་དེ་ཚོའི་བརྫུན་གྱི་མཐའ་ཕུད་པ་དེ་ཡང་སྤྱི་ཚོགས་རུལ་སུངས་གི་མཚན་ཞིག་ཡིན་པ་འདྲ།། ད་གང་ཤེས་
སྐྱོན་བརྗོད་བྱེད་མཁན་ཚོས་ཀརྨ་ཆོས་འཕེལ་དམར་ཧྲང་མར་གང་སར་ཤོར་བ་དང་། སྐད་ཆ་འདྲ་མིན་བཤད་སོང་ཞེས་སྐྱོན་བརྗོད་སྣ་ཚོགས་བྱེད་བཞིན་འདུག དེ་ཡིན་དེང་པར་ཆས་དང་སྒྲ་སྡུད་འཕྲུལ་ཆས་སོགས་མང་བའི་སྐབས་འདིར་པར་དང་སྒྲ་འཇུག་སོགས་ཡོད་ངེས་པ་རེད། དེ་ལྟར་ཡིན་ལས་འགུལ་གོ་སྒྲིག་པས་སྐྱོན་བརྗོད་མངོན་གསལ་དོད་པ་བྱེད་བཞིན་ཡོད་པས། པར་དང་སྒྲ་འཇུག་སོགས་མི་མང་ལ་མཁོ་འདོན་བྱེད་དགོས་ལ། གསར་འགོད་པས་ཀྱང་རྩད་གཅོད་བྱེད་དགོས།
དེ་མིན་ཀརྨ་ཆོས་འཕེལ་དོན་མེད་སྐྱོན་བརྗོད་བྱེད་མཁན་ཤིན་ཏུ་མང་།
བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཀའ་བརྒྱུད་པས་ངེས་པར་ད་རེ་ཆོས་བརྒྱུད་ཀྱིི་སྤྱི་འཐུས་འདིས་ཆོས་དང་མཐུན་པ་ཕལ་བཞག་འཇིག་རྟེན་མི་སྤྱོད་ལས་འདས་པའི་བོད་མི་རིགས་ཀྱི་གཉན་འཕྲང་གི་སྐབས་འདིར་འདི་འདྲ་ཞབས་འདྲེན་བྱས་པ་འདི་ཞིབ་འཇུག་ནན་ཏན་བྱས་ཏེ་བཀའ་བརྒྱུད་པའི་ཆོས་བརྒྱུད་ལ་བོད་གཞིས་བྱེས་གཉིས་ཀྱི་སྤྱི་ཚོགས་ནང་མཐོང་སྣང་ངན་པ་མི་ཡོང་བའི་ཆེད་དུ་ལས་དོན་སྤེལ་རན་རེད།
སྤྱི་འཐུས་ཀརྨ་ཆོས་འཕེལ་ནས་བདེན་པ་མིན་པའི་ཧམ་བཤད་ལ་བསྟས་ན་
དངོས་ནས་སེམས་པ་ཕམ་དགོས་པ་ཞིག་རེད། གོ་སྒྲིག་ཚོགས་ཆུང་དང་འབྲེལ་ཡོད་ཀྱི་མི་སྣས་དོན་དངོས་ཀྱི་
གནས་ཚུལ་རྣམས་གསལ་བཤད་ཞིབ་ཕྲ་གནང་འདུག་ཀྱང།
ད་དུང་ཀརྨ་ཆོས་འཕེལ་ནས་ཁས་མི་ལེན་པར་ནག་ཉེས་གོ་སྒྲིག་ཚོགས་པ་ལ་གཡོག་ཐབས་བྱས་འདུག།
ཨ་ཁ་མི་དེ་འདྲ་སྤྱི་འཐུན་ལ་ཐེངས་མང་སླེབས་ཡོད་པ་ནི་དངོས་ནས་ཡ་མཚན་རེད།
ཀརྨ་ཆོས་འཕེལ་ནི་བཀའ་བརྒྱུད་པའི་དགེ་འདུན་པ་སྤྱིའི་དངོས་ཚབ་སྤྱི་འཐུས་ཤིག་ཡིན་ཙང་།གནས་ཚུལ་མི་ལེགས་པ་དེ་དག་ཞིབ་ཕྲ་༸རྒྱལ་བ་ཀརྨ་པ་ལ་ངེས་པར་དུ་ཞུ་དགོས་པ་རེད། གང་ལགས་ཞུ་ན་དུས་གསུམ་མཁྱེན་པ་ཁོང་གིས་བཀའ་བརྒྱུད་པའི་དགེ་འདུན་པ་རྣམས་ལ་ལམ་སྟོན་
བཀའ་སློབ་ཞིག་དང་ཀརྨ་ཆོས་འཕེལ་ལ་ཡང་བཀའ་སློབ་ཞིག་གནང་དགོས་ངེས་རེད། ཀརྨ་པ་དུས་གསུམ་མཁྱེན་པ་ཁོང་གིས་དེང་རིང་གི་གནས་ཚུལ་ལ་ངེས་པར་དུ་འགན་བཞེས་དགོས་པ་
ཆགས་ཡོད།བཀའ་བརྒྱུད་ཆོས་ལུགས་ཀྱི་སྤྱི་འཐུས་ནས་སྤྱོད་ངན་དེ་དག་རྩམས་པ་ནི་ཀརྨ་པ་དུས་
མཁྱེན་པ་དང་བཀའ་བརྒྱུད་པ་སྤྱིའི་ངེས་པར་དུ་ཐུགས་འགན་བཞེས་དགོས་པ་ཆགས་འདུག།
ངས་བསམ་ཚུལ་ཞིག་བཤད་འདོད་བྱུང་།སྤྱི་འཐུས་ཀརྨ་ཆོས་འཕེལ་ཟེར་བ་འདི་འགན་མི་ལེན་པའི་མི་ཞིག་ཡིན་པ་ངོ་ཤེས་ནས་ད་དུང་སྤྱི་འཐུས་སུ་བཞུགས་ཐུབ་པ་དེ་བཙན་བྱོལ་བོད་མི་ཡོངས་ནས་བོད་སྤྱིའི་ལས་དོན་ལ་འགན་མ་ཁུར་བ་རང་རེད་བསམ་བྱུང་།ལྷག་དོན་དུ་མི་འདི་ལྟ་བུའི་སྤྱིའི་ལས་དོན་མ་གནང་ན་དེ་སྤྱིའི་དོན་ཞིག་རེད་བསམ་སོང་། བོད་པ་ཚང་གི་མི་འདི་ལྟ་བུ་ལ་དུས་ཚོད་སྤྲད་པ་ནོར་ཡོད་ལ་ད་ལྟའི་སྤྱི་འཐུས་རྣམས་ཀྱི་ཡང་བསམ་བློའི་མ་འདངས་པ་དང་འགན་མ་ཁུར་བ་རང་རེད། འདི་གཅིག་པོ་མ་རེད་ལས་དོན་གང་ཞིག་ཡིན་ཀྱང་ལས་དོན་ལ་ལྟོས་ནས་མི་གོ་སྒྲིག་བྱེད་རྒྱུ་དེ་གལ་ཆེན་རེད།
ཀརྨ་ཆོས་འཕེལ་ལགས་དེ་འདྲ་བྱས་པའི་སྐད་ཆ་འདྲ་བོ་མ་གསུང་རོགས།
གང་ལྟར་ཞབས་འདྲེན་ལུང་པ་ཁེངས་ཞུས་ཚར་སོང་།
ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་གི་གསུང་དོན། “ལམ་བར་དུ་ཆར་བབས་པ་དང་ཚ་བ་ཡོད་པ་སོགས”……མེ་དང་ཆུ་གཉིས་ལྡོག་ཕྱོགས་མིན་ཡིན་ནམ། ཚིག་དེ་འདྲའི་ཁོངས་ཆོད་པ་མ་རེད་ལོ། རྗེས་མ་གཟབ་གཟབ་བྱེད་རོགས།
ཕྲན་གྱི་སེམས་ན། འདི་ཀརྨ་ཆོས་འཕེལ་གྱི་སྐྱོན་མ་རེད་བསམ་བྱུང་། རྒྱུ་མཚན་ང་ཚོས་ཁོ་ག་འདྲ་ཞིག་ཡིན་པ་ཤེས་བཞིན་དུ་ཡང་དང་བསྐྱར་དུ་སྤྱི་འཐུས་སུ་འདེམས་པ་འདི་སྐྱོན་གྱི་ནང་ནས་སྐྱོན་ཚབས་ཆེན་གྱྱི་གྲས་ཤིག་རེད། བཀའ་བརྒྱུད་པས་འོས་ཤོག་འཕེན་སྟངས་འདི་ལ་ང་ཚོས་གཟབ་གཟབ་བྱ་རན་འདུག