མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་རམ་ས་ལའི་༼ བོད་མི་མང་ཆབ་སྲིད་ཚོགས་པ ༽

བོད་ཀྱི་དུས་བབ།
༢༠༡༡/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp


བོད་རིགས་གཞོན་སྐྱེས་ཤིག་གིས་མ་སྐུལ་དང་བླང་ཐོག་བཞུགས་སྒར་ངྷ་རམ་ས་ལར་བོད་མི་མང་ཆབ་སྲིད་ཚོགས་པ་ཞེས་པ་ཞིག་གསར་འཛུགས་གནང་ཡོད་འདུག་ལ། ཚོགས་པ་དེའི་ལངས་ཕྱོགས་ནི་དབུ་མའི་ལམ་ཡིན་ཞིང་། མ་འོངས་པར་བོད་པའི་སྤྱི་ཚོགས་ནང་དམངས་གཙོའི་གོ་རྟོག་སྤེལ་རྒྱུ་དང་། བཀའ་སྤྱིའི་འོས་བསྡུའི་ལས་རིམ་གྱི་ཆ་ཤས་ལེན་རྒྱུ་ནི་ཚོགས་པ་དེའི་དམིགས་ཡུལ་ཡིན་ཟེར།

བཙན་བྱོལ་བོད་མིའི་ལོ་ངོ་ལྔ་བཅུའི་དམངས་གཙོའི་འཕེལ་རིམ་ཁྲོད་ཀྱག་ཀྱོག་དང་དཀའ་ཚེགས་མང་པོ་བརྒྱུད་དེ། ད་ཆར་ཚད་གཞི་ངེས་ཅན་ཞིག་ཏུ་བསླེབས་ཡོད་ལ། ད་ལོའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་སུ་གཞི་རིམ་མང་ཚོགས་ཁྱོན་ཡོངས་སུ་སྔར་བྱུང་མ་མྱོང་བའི་འགན་ལེན་ཆེན་པོ་ཞིག་བྱུང་སྟེ། བཙན་བྱོལ་བོད་མིའི་དམངས་གཙོ་ལ་གཟི་བརྗིད་བསྣན་ཡོད། འོན་ཀྱང་སྒེར་བཙན་ཅན་གྱི་རྒྱལ་ཁབ་གཞན་དག་དང་བསྡུར་ན། ད་དུང་ཞན་ཆ་དང་སྐྱོན་གནས་མི་ཉུང་བ་ཞིག་ཡོད་ངེས་ལ། རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་སུའང་ཆབ་སྲིད་ཚོགས་པ་ལོགས་སུ་མེད་པའི་དཀའ་ངལ་འོག འོས་བསྡུའི་ལས་རིམ་དེ་ཙམ་སྤུས་དག་པོ་ཞིག་ཡོང་ཐུབ་མེད།    

    བཞུགས་སྒར་དུ་རྒྱལ་ཡོངས་མང་གཙོ་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་རེ་ཟུང་ཡོད་ཀྱང་། དམངས་གཙོའི་འཕེལ་རིམ་ཐོག་དོན་ཕན་ལྡན་པའི་ནུས་པ་འདོན་ཐུབ་པའི་ཆབ་སྲིད་ཚོགས་པ་རང་རྐྱ་འཕེར་བ་གཅིག་ཀྱང་མེད་སྟབས། དམངས་གཙོའི་འདི་ཤེས་དང་ཆབ་སྲིད་ཐོག་ཐུགས་སྣང་ཡོད་རིགས་མང་པོ་ཞིག་གིས་སྐོམ་པ་ཆུ་འདོད་བཞིན་ཆབ་སྲིད་ཚོགས་པ་ཞིག་ལ་རེ་སྒུག་བྱས་ཡོད་པའི་སྐབས་འདིར་ངྷ་ས་ཁུལ་དུ་ཆབ་སྲིད་ཚོགས་པ་ཞིག་གསར་འཛུགས་བྱས་ཡོད་པའི་གླེང་སློང་རིམ་གྱིས་བྱུང་། འོན་ཀྱང་། ངྷ་ས་ཁུལ་དུ་ལས་ཁུངས་དང་ཚོགས་པ་འདྲ་མིན་མགོ་འཛུགས་བྱེད་མཁན་མང་ལ་མཇུག་སྐྱོང་བྱེད་མཁན་ཉུང་བའི་སྣང་ཚུལ་དེའི་འོག་ནས་འདི་གའི་གསར་འགོད་པས་ཆེད་དུ་རྩད་གཅོད་བྱས་ཏེ་ཆབ་སྲིད་ཚོགས་པ་གསར་པ་དེའི་སྐོར་ལ་རྒྱུས་ལོན་རགས་ཙམ་བྱས།

 

དེ་ནི་གངས་སྐྱིད་སྒོ་ཆེན་འགྲམ་དུ་ནུབ་ལུགས་ཀྱི་སྨན་ཚོང་ཁང་ཆུང་ཆུང་ཞིག་གཉེར་ཡོད་པའི་ན་གཞོན་ཞིག་གི་རྨི་ལམ་ཡིན་པ་གཞི་ནས་ཤེས། ལ་དྭགས་གཞིས་ཆགས་སུ་སྐྱེས་ཤིང་འཚར་བའི་ན་གཞོན་སྐུ་ཞབས་བསྟན་འཛིན་རབ་རྒྱལ་ལགས་ནི། ༼ བོད་མི་མང་ཆབ་སྲིད་ཚོགས་པ་ ༽( People party of Tibet) ཟེར་བའི་ཚོགས་པ་གསར་འཛུགས་གནང་མཁན་ཡིན་ཞིང་། ཁོང་གིས་སྒེར་གཉེར་སྨན་ཚོང་གི་ཞོར་དུ་ཡིག་འབྲེལ་གྱི་ལམ་ནས་ཨིན་ཎ་མ་ཎལ་གཙུག་ལག་སློབ་གྲྭ་ (Annamala University) ཞེས་པའི་ནང་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཆབ་སྲིད་ཐོག་སློབ་དཔོན་ལོ་རིམ་གཉིས་པའི་སློབ་སྦྱོང་བྱེད་བཞིན་ཡོད་འདུག གསར་འགོད་པས་ཁོང་ལ་ཆབ་སྲིད་ཚོགས་པ་དེའི་སྐོར་ལ་གླེང་མོལ་བྱེད་སྐབས། ཁོས་འདི་ལྟར་ངོ་སྤྲོད་གནང་བྱུང་། ང་ཚོའི་ཚོགས་པའི་མིང་ལ་༼ བོད་མི་མང་ཆབ་སྲིད་ཚོགས་པ ༽ཟེར་གྱི་ཡོད་ཅིང་། གཞིས་བྱེས་མང་ཚོགས་ཀྱི་དགོས་འདུན་བསྒྲུབ་རྒྱུའི་ཆེད་བཙུགས་པ་ཞིག་ཡིན་སྟབས་མི་མང་ཆབ་སྲིད་ཚོགས་པ་ཞེས་བཏགས་པ་ཡིན། ཕྱི་རྒྱལ་ཁག་ཏུ་ལི་བྷིར་ཕར་ཊེ་(Labour party )ཚོགས་པ་དང་སྤྱི་མཐུན་ཚོགས་པ་སོགས་ཆབ་སྲིད་ཚོགས་འདྲ་མིན་ཡོད་ཀྱང་། ཁོང་ཚོའི་ལངས་ཕྱོགས་དེ་ཕྱོགས་གཅིག་ཁོ་ནར་འགྲོ་བཞིན་ཡོད་པ་རེད། ང་ཚོའི་མི་མང་ཆབ་སྲིད་ཚོགས་པར་མཚོན་ན་བོད་རིགས་མང་ཚོགས་རྡོག་རྩ་གཅིག་སྒྲིལ་བཟོ་རྒྱུའི་དོན་དུ་རེད། ཅེས་བརྗོད་བྱུང་།

 

    ཁོང་གིས་མུ་མཐུད་དུ། བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐབས། བོད་རྒྱལ་ཡོངས་མང་གཙོ་ཚོགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་དེ་དག་ཆབ་སྲིད་ཚོགས་པའི་འགྲོ་ལུགས་ཐོག་ཏག་ཏག་ཅིག་འགྲོ་ཐུབ་ཀྱི་མི་འདུག ཆབ་སྲིད་ཚོགས་པ་གང་འདྲ་ཞིག་ཡིན་ཡང་ཚོགས་པའི་མགོ་འཁྲིད་དེ་རྒྱལ་ཡོངས་འོས་འདེམས་ནང་ཞུགས་སྲོལ་ཡོད་པ་མ་རེད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་ཆབ་སྲིད་ཚོགས་པ་ཞིག་ཡིན་ཟེར་གྱི་ཡོད་ཀྱང་། འདི་ལོའི་འོས་འདེམས་སྐབས་ཚོགས་པའི་མགོ་འཁྲིད་འོས་གཞིར་ཞུགས་པ་རེད། གཉིས་པ། ཆབ་སྲིད་ཚོགས་པ་ཞིག་ཡིན་ན། རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ལས་རིམ་ཁྲོད་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་སུ་ཞིག་མིང་འདོན་བྱེད་སྐབས། ངེས་པར་དུ་ཚོགས་པ་རང་གི་ཚོགས་མི་ཡིན་དགོས་པ་རེད། མང་གཙོ་ཚོགས་པས་ད་ལོ་བཀའ་སྤྱི་གཉིས་ཀྱི་འོས་མི་མང་པོ་ཞིག་བཏོན་ཡོད་ཀྱང་། ཚོགས་གཙོ་ཁོ་རང་མ་གཏོགས་གཞན་ཚང་མ་མང་གཙོ་ཚོགས་པའི་ཚོགས་མི་མ་རེད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པར་ལངས་ཕྱོགས་གསལ་པོ་མེད་པ་ཞིག་ཏུ་མཐོང་སོང་། ཞེས་བརྗོད་བྱུང་།

    རབ་རྒྱས་ལགས་སུ་ཆབ་སྲིད་ཚོགས་པ་དེའི་དམིགས་ཡུལ་དང་ཚོགས་མིའི་ཆ་རྐྱེན་སྐོར་དྲིས་སྐབས་ཁོས་བརྗོད་དོན། ཆབ་སྲིད་ཚོགས་པའི་དམིགས་ཡུལ་གཙོ་བོ་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་སུ་དམངས་གཙོའི་གོ་དོན་དང་འགྲོ་ལུགས། ལས་འགན། ཐོབ་ཐང་སོགས་ཀྱི་སྐོར་གོ་རྟོགས་སྤེལ་རྒྱུ་དེ་རེད། ང་ཚོས་མི་འགྱང་བར་ངྷ་ས་མེག་གྷན་དུ་ཚོགས་མི་ ༥ ལས་གྲུབ་པའི་རྨང་གཞིའི་ལས་ཁུངས་ཤིག་འཛུགས་རྒྱུ་ཡིན། ཚོགས་པ་དེར་ཤེས་ཡོན་དང་ཆབ་སྲིད། ལྷག་བསམ། མི་མང་འཛིན་སྐྱོང་ཐོག་དམིགས་བསལ་ཉམས་མྱོང་མཁན་དེ་འདྲ་དགོས་ཀྱི་འདུག དེ་ནས་རིམ་བཞིན་སྦེལ་ཀོབ་དང་མོན་གྷོ། ལ་དྭགས། ཁེ་ན་ཌའི་རྒྱལ་ས་ཊོ་རོན་ཊོ། ཨ་རིའི་ནེའུ་ཡོག མེ་ནི་སོ་ཊ། སུད་སི་བཅས་སུ་ཡན་ལག་ལས་ཁུངས་འཛུགས་གཏན་འཁེལ་ཡོད། ལས་བྱེད་ཀྱང་གོ་སྒྲིག་བྱེད་ཐུབ་པ་བྱུང་ཡོད། ལས་ཁུངས་ཨ་མ་དབུ་འབྱེད་དང་སྦྲགས་ཡན་ལག་ཁག་ཀྱང་རིམ་པས་དབུ་འབྱེད་བྱ་འཆར་ཡོད། གཙོ་ཆེ་ཤོས་དེ་དབུས་ལས་ཁུངས་ལ་མི་སྣ་གལ་ཆེན་འགའ་རག་དགོས་ཀྱི་ཡོད་སྟབས། ད་དུང་མི་གཉིས་གཏན་འཁེལ་ཐུབ་མ་སོང་། ཞེས་བརྗོད་བྱུང་།

 

    ཚོགས་པའི་མ་དངུལ་དང་། ཚོགས་པ་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཡོད་མེད་དྲིས་སྐབས། ཆབ་སྲིད་ཚོགས་པ་འདི་ཆབ་སྲིད་ཀྱི་ལས་ཀ་བྱེད་མཁན་ཚོགས་པ་ཞིག་ཆགས་ཡོད་སྟབས། རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱ་རྒྱུ་ཁག་པོ་རེད། གཞོན་ནུ་ལྷན་ཚོགས་ཀྱིས་སྲིད་དོན་ལས་ཀ་བྱས་ཏེ་མི་ལོ་ ༣༠ ལྷག་ཕྱིན་ཡོད་ཀྱང་། ད་དུང་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ཡོད་པ་མ་རེད། ང་ཚོས་དེབ་སྐྱེལ་བྱ་ཐུབ་ཀྱི་མེད་ཀྱང་། ཚོགས་པ་འདིས་རྒྱ་ནག་ལ་ཐད་ཀར་གནོད་གཞིའི་ལས་ཀ་དེ་འདྲ་བྱེད་ཀྱི་མེད་སྟབས། རྒྱ་གར་གཞུང་གིས་དཀའ་ངལ་སྤྲོད་ཀྱི་མ་རེད་བསམ་ཡོད། དཔལ་འབྱོར་གྱི་ཐད་ནས་བཙན་བྱོལ་བོད་མིའི་ཚོགས་པ་སྤྱི་མཚུངས་ལྟར་དཀའ་ངལ་ཡོད་པ་རེད། འོན་ཀྱང་སེམས་ཤུགས་མ་ཆག་པར་ལས་དོན་ཐོག་འབད་པ་བྱས་ན། རིམ་བཞིན་བོད་པའི་སྤྱི་ཚོགས་ནང་ལས་གཞི་དེར་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

    ཚོགས་པའི་ལངས་ཕྱོགས་དང་ལས་འགན་སྐོར་ལ། ང་ཚོའི་བོད་མི་མང་ཆབ་སྲིད་ཚོགས་པའི་ལངས་ཕྱོགས་ལམ་དབུ་མ་ཡིན་སྟབས་བོད་གཞུང་དང་ལངས་ཕྱོགས་གཅིག་པ་ཆགས་ཀྱི་ཡོད། མ་འོངས་པར་བོད་མི་མང་སྤྱི་འཐུས་དང་བཀའ་བློན་ཁྲི་པ་སོགས་ང་ཚོའི་ཚོགས་མིའི་ཁོངས་ནས་འདོན་རྒྱུ་མ་ཟད། ས་གནས་འཐུས་མི་དང་བདེ་དོན་འགན་འཛིན་སོགས་ཀྱི་འོས་གཞི་ཡང་ང་ཚོའི་ཚོགས་པས་གདམ་རྒྱུ་ཡིན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་ས་གནས་ཁག་གི་འོས་གཞིར་ལག་པ་འཆང་མྱོང་ཡོད་པ་མ་རེད། འོས་བསྡུའི་རྐང་མཚམས་ལ་ང་ཚོས་སྤྱི་ཚོགས་ནང་སྐད་ཆ་དྲིས་ཏེ། འོས་གཞིར་ལངས་འདོད་ཡོད་ན་ཆབ་སྲིད་ཚོགས་པར་འཛུལ་ཞུགས་བྱ་དགོས་པ་རེད། འཛུལ་ཞུགས་བྱས་ན་འོས་མི་རྣམས་ང་ཚོའི་ཚོགས་པས་ཁྱབ་བསྒྲགས་གནང་གི་རེད། བོད་མི་མང་ཆབ་སྲིད་ཚོགས་པ་ནི་ལམ་དབུ་མའི་ཐོག་འགྲོ་བཞིན་ཡོད་སྟབས། ཚོགས་པའི་ནང་བོད་རང་བཙན་གྱི་ལྟ་བ་འཛིན་པའི་གཞོན་ནུ་དང་ཆུ་སྒང་ཚོགས་མི་རྩ་བ་ནས་ཞུགས་ཆོག་གི་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན། 

 

 

འབྲེལ་ཡོད་གསར་འགྱུར།

Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

སེངྒ་ལའི་ནང་༸གོ་སྟོན་སྲུང་གཙིའི་སླད་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གསར་བཞེངས་མཛད།

༢༠༢༥/༡༡/༠༤
Mobile App

བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་ཕྲ་མོ་རྣམས་གློག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མིའི་རྣམ་དཔྱོད་རྩལ་དུ་འདོན་ཐབས་ལ་ཞིབ་འཇུག་བྱེད་ཀྱི་འདུག

༢༠༢༥/༡༡/༠༣
Mobile App

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་།

༢༠༢༥/༡༡/༠༣

མཆན། 10

  1. བེ་རུ་བཀྲ་ཤིས says:
    ལོ་ 14 སྔོན།

    བོད་ལ་ཕན་པའི་ལས་རིག་ལ་རྗེས་སུ་ཡིན་རིང་ཞུ་དང་ཞུ།
    གཞོན་ནུ་དང་ཆུ་སྒང་ཚོགས་མིའི་མིང་བཏོན་དེ་ཡག་པོ་མ་རེད་བསམ་རྒྱུ་འདུག རང་བཙན་གྱི་ལྟ་བ་འཛིན་པའི་མི་ཞིག་ཚོགས་པ་འདིའི་ནང་ཞུགས་ཚེ་རང་བཙན་གྱི་ལྟ་བ་དོར་དགོས་ཞེས་བཤད་ན་ངོ་མ་རེད།

    Reply
  2. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ཆབ་སྲིད་ཚོགས་པ་བོད་ཀྱི་མི་མང་ཚོགས་པ་ཞེས་པ་ཞིག་བཙུགས་པ་དེར་ངོ་མ་དགའ་བསུ་ལོས་ཞུ་དགོས། འདི་ནི་ང་ཚོའི་དམངས་གཙོའི་གོ་རྟོགས་འཕེལ་བ་དང་། མ་འོངས་པར་དམངས་གཙོ་ཡང་དག་པ་ཤིག་ཏུ་བསྒྱུར་བའི་ལམ་བུ་ཡང་ཡིན། བྱས་ཙང་། བཀྲིས་ཁ་བཏགས་འཕུལ་རྒྱུ་ཡིན། འགའ་ཞིག་གིས་ཚོགས་པ་དེའི་ནང་དུ་གཞོན་ནུ་ཚོགས་པ་དང་ཆུ་སྒང་ཚོགས་པ་གཉིས་ཀྱི་ཚོགས་མི་ཞུགས་མི་ཆོག་ཟེར་བ་ལ་ཧང་སང་མདོག་བྱེད་ཀྱིན་འདུག་མོད་འདི་ནི་དབྱེ་འབྱེད་ཡང་དག་བྱེད་མི་ཤེས་པའི་རྟགས་མཚན་རེད། ལྟ་བ་རང་བཙན་འཛིན་མཁན་ཞིག་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་པའི་ཚོགས་པའི་ནང་དུ་ཇི་འདྲ་འཛུལ་ཐུབ་བམ། གལ་སྲིད་འཛུལ་དགོས་ན་ལྟ་བ་རང་བཙན་གཙང་མ་དེ་དོར་དགོས་པ་ཡིན། གལ་སྲིད་དེ་འདྲ་བྱེད་ཚེ་འཛུལ་ཆོག དཔེར་ན། ཨ་རི་བ་ཞིག་དམངས་གཙོ་ཡར་ཐོན་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀ་ནང་འཛུལ་གྱི་ཡིན་ཟེར་ན་གད་མོ་འཆོར་ངེས་རེད།

    Reply
  3. བེ་རུ་བཀྲ་ཤིས says:
    ལོ་ 14 སྔོན།

    བོད་མི་མང་ཆབ་སྲིད་ཚོགས་པ་འདྲ་བོ་མི་འདུག་སྙམ།
    གང་ཡིན་ཟེར་ན།
    ༡ མ་འོངས་པར་བོད་པའི་སྤྱི་ཚོགས་ནང་དམངས་གཙོའི་གོ་རྟོག་སྤེལ་རྒྱུ་དང་།
    ༢ བཀའ་སྤྱིའི་འོས་བསྡུའི་ལས་རིམ་གྱི་ཆ་ཤས་ལེན་རྒྱུ་ནི་ཚོགས་པ་དེའི་དམིགས་ཡུལ་ཡིན་ཟེར་རྒྱུ་འདུག
    དེ་ཙམ་ཡིན་ན་ཚོགས་པའི་ནང་བོད་རང་བཙན་གྱི་ལྟ་བ་འཛིན་པའི་གཞོན་ནུ་དང་ཆུ་སྒང་ཚོགས་པས་མིང་བཏོན་ནས་ཞུག་མི་ཆོག་ཞེས་ཚིག་ཐག་བཅད་ནསགསུངས་བ་དེ་ཡག་པོ་མ་རེད
    རང་བཙན་གྱི་ལྟ་བ་འཛིན་པའི་ཁྱེད་ཀྱི་ཕ་ཡུལ་གཅིག་པ།
    ཨོ་འདི་ནི་སྒེར་གྱི་ན་ཚ་འདྲ་བོ་འདུག་མིན་ན་དགོང་དག་ལོ།

    Reply
  4. ཤྰ་རིའི་བུ། says:
    ལོ་ 14 སྔོན།

    མཚམས་འདྲི་ཡོད། འདི་ནི་གཟི་བརྗིད་རེད།

    Reply
  5. གྲྭ་འབུམ་ཨ་ཁུ། says:
    ལོ་ 14 སྔོན།

    ཚོགས་པ་འདི་ལྟ་བུ་མེད་ན་ཡག་རྒྱུ་རེད། རྒྱལ་ཁབ་གཅིག་ལ་ཆབ་སྲིད་ཚོགས་པ་འདྲ་མིན་མང་པོ་ཡོད་རྒྱུ་དེ་ཨ་རི་ལྟ་བུར་མཚོན་ན་རྒྱལ་ཁབ་དེའི་དམངས་གཙོའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་རེད། ཡིན་ན་ཡང་ད་ལྟ་ང་ཚོ་བཙན་བྱོལ་བོད་གཞུང་ཙམ་སྲ་བརྟན་ཚུགས་ཐུབ་མི་ཐུབ་ཀྱི་སྐབས་འདི་ལྟ་བུ་ལ་དེ་འདྲའི་ཚོགས་པ་མང་པོ་བཙུགས་པ་ཡིན་ན། གཅིག་ནས། ཆོལ་ཁ་དང་ཆོས་ལུགས་རྒན་གཞོན་སོགས་བོད་མི་ཡོངས་རྫོགས་མཐུན་བསྒྲིགས་གོང་བུ་གཅིག་བསྒྱུར་ཡོང་རྒྱུ་ལ་འགོག་རྐྱེན་ཐེབ་ཀྱི་རེད། གཉིས་ནས། ད་ལྟ་ང་ཚོའི་གནས་བབ་ཀྱི་ནུས་པས་བཟོད་ཐུབ་གྱི་མ་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་ཁ་ལ་དཔག་པའི་སོ་ཞིག་བཙུགས་ན་ལེགས་སྙམ། མ་ཚད་ཚོགས་པ་འདི་ནི་དེ་བས་ཀྱང་མི་འོས་པའི་ཚོགས་པ་གཅིག་རེད་འདུག གང་ཡིན་ཞུ་ན་ཕྱོགས་གཅིག་ནས་མི་མང་ཡོངས་རྫོགས་ཀྱི་ཚོགས་པ་གཅིག་ཡིན་ཞེས་ཟེར་གྱི་འདུག་ཕྱོགས་གཞན་ཞིག་ནས་ཚོགས་པ་གཞན་ལ་སྐྱོན་བརྗོད་དང། ཚོགས་པ་འགའ་ཞིག་གི་ཚོགས་མི་ཡོང་མི་ཆོག་ཞེས་བཤད་ཀྱི་འདུག གནས་སྐབས་དེ་ཙམ་ཡིན།། །།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    བཞུགས་སྒར་རྡ་རམ་ས་ལའི་འཁོར་ཡུག་འདིར། ཚོགས་པ་སྐྱིད་སྡུག་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད་ན་ཡང་། ལས་འགུལ་སྤེལ་མཁན་དང་ཁ་བཤད་དོན་ཐོག་ཏུ་འཁྱོལ་མཁན་ཇེ་ཉུང་ཇེ་ཉུང་རེད། དེར་བརྟེན་བོད་མི་མང་ཆབ་སྲིད་ཚོགས་པ་ཞེས་མིང་བྱང་རྫིག་པོ་དང་། ཆབ་སྲིད་ཚོགས་པའི་དམིགས་ཡུལ་གཙོ་བོ་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་སུ་དམངས་གཙོའི་གོ་དོན་དང་འགྲོ་ལུགས། ལས་འགན། ཐོབ་ཐང་སོགས་ཀྱི་སྐོར་གོ་རྟོགས་སྤེལ་རྒྱུ་སོགས་གཏམ་བཤད་སྙན་པོ་ཇི་ཙམ་བྱས་ཀྱང་ཡིད་ཆེས་དེ་ཙམ་མི་འདུག

    Reply
  7. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    དངོས་གནས་་་་་ཚོགས་པ་དེའི་མིང་རྫིག་པོ་འདུག བོད་མི་མང་ཆབ་སྲིད་ཚོགས་པ།།། བཙན་བྱོལ་བོད་མའི་སྒྲིག་འཛུགས་ལས་ཁོ་ཚོའི་ཚོགས་པའི་མིང་ཡག་བ་འདུག ངས་ཀྱང་རང་བཙན་ལག་དེབ་ཀྱི་དཔྱ་དངུལ་ཁྱེད་ཚོའི་ཚོགས་པ་ལ་ཕུལ་གྱི་ཡིན།

    ང་མ་ཧང་སང་ཡ་རེད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ཟེར་བ་དང་བོད་མི་མང་ཆབ་སྲིད་ཚོགས་པ་ཟེར་བ་འདི་འདྲ་མིང་རྫིག་ཡོད་པའི་ཚོགས་པ་ཁག་པོ་རེད་ད། བོད་མི་མང་གི་མིང་ཁུར་ནས་ཚོགས་པ་འདྲ་བཙུགས། སྨན་ཙོང་པ་ལས་དེའི་ཁེ་སོ་ཆེ་གྱི་རེད་ཡ། ལངས་ཕྱོགས་ནི་དབུ་མའི་ལམ། བསམ་གྱི་ནི་སྒོར་མོ།

    ཡིན་ནའང་གོང་ཁྲན་ཏང་རྒད་ཡོལ་ཆགས་རུན་སྡོད་ཡོད་རེད་སྙིང་རྗེ། རྒྱ་རྐུབ་རྒྱུགས་ཡ་ཕྱིར་དྲག་རེད། གོང་ཁྲན་དམར་ཕྱོགས་ཚོགས་པ་ཤི་རུན་སྡོད་ཡོད་རེད། ན་ཚ་སྡུག་སྐྱ་ཡོད་རེད། ལྐོད་ཟས་རུལ་སུངས་ཀྱི་སྤྲན་ནད་ན་གི་ཡོད་རེད།

    གངས་སྐྱིད་ཀྱི་སྒོ་རྩ་ནས་དབུ་མའི་ལམ་དང་དབུ་མའི་ལམ་ཟེར་ནས་ཤུགས་འབོད་བྱོས་དང་ལམ་འགྲོ་རྒྱུགས་ཀྱི་རེད། བོད་རང་བཙན་གྱི་ཆེད་དུ་རང་སྲོག་བཏང་མཁན་ཚོའི་རྣམ་ཤེས་ཡང་སེམས་སྐྱོ་ངེས་རེད།

    Reply
  8. འཇམ་བཟང་། says:
    ལོ་ 14 སྔོན།

    བསྟན་འཛིན་རབ་རྒྱས་ལགས་སུ། ངས་དྲི་བ་ཁ་ཤས་བཀོད་ཆོག་པར་ཞུ།
    དང་པོ) བོད་མི་མང་ཆབ་སྲིད་ཚོགས་པ་ཟེར་བ་དེ་ཁྱེད་རང་སྒེར་གྱི་བསམ་བློ་བཏང་ནས་བཙུགས་པ་ཞིག་ཡིན་ནམ། ཡང་ན་ཁྱེད་ཀྱིས་རྒྱབ་ལ་འདི་དང་འདི་འདྲ་ཞིག་བྱས་ནས་སྐུལ་སློང་བྱེད་མཁན་གཞན་ཞིག་ཡོད།
    གཉིས་པ) གལ་སྲིད་ཁྱེད་ཀྱི་ཚོགས་པ་དེའི་དངོས་སུ་མགོ་འཛུགས་རུང་། ཁྱེད་ཀྱི་རྒྱ་ནག་ལ་ཁ་གཏད་དངོས་སུ་མི་བཅག་པར་སུ་ལ་ཁ་གཏད་ཀྱག་རྒྱུ་ཡིན།
    གསུམ་པ)
    ཚོགས་པའི་དེའི་ནང་དུ་བོད་རང་བཙན་གྱི་ལྟ་བ་འཛིན་མཁན་གཞོན་ནུ་དང་ཆུ་སྒང་སོགས་འཛུལ་ཞུགས་ག་རེ་བྱས་ནས་མི་ཆོག། གལ་སྲིད་ཁྱེད་ཀྱི་དེ་ལྟར་བྱས་ཚེ། ཚོགས་པ་དེ་བོད་མི་མང་གི་ཚོགས་པ་ཞིག་ཆག་གི་རེད་དམ་མ་རེད།
    བཞི་པ) ཁྱེད་ཀྱིས་ཚོགས་པ་དེའི་དམིག་ཡུལ་གཙོ་བོ་དང་སྒྲུབ་བྱ་གཙོ་བོ་གང་ཞིག་ཡིན་ནམ། རྒྱ་ནག་ལ་ཁ་གཏད་མི་བཅག། བོད་མི་སུ་ཡིན་འཛུལ་ཞུགས་མི་ཆོག། ཁྱེད་ཀྱི་ཚོགས་པ་དེའི་ལུང་རྒྱལ་གྱི་གསུང་པ་བཞིན་ལངས་ཕྱོགས་སོགས་བསྟན་པོ་ཞིག་ཨེ་ཡོད་སྙམ།།

    Reply
  9. གླེན་པ་ལུག says:
    ལོ་ 14 སྔོན།

    ཆབ་སྲིད་ཚོགས་པ་བཙུགས་པར་རྟེན་འབྲེལ་ཞུ་དགོས་དོན་ཅང་མཐོང་མ་སོང་། འོན་ཀྱང་སྐྱེ་བོ་སྒེར་བ་དེ་ལ་མཚོན་ན་བྱ་ལེགས་པོ་ཞིག་རེད་འདོད། ཆེས་མ་མཐར་ཡང་རང་ཉིད་ཀྱི་མི་ཚེའི་ལས་དོན་ལ་རང་རྐྱ་འཕེར་ངེས་ཀྱི་གདེང་ཚོད་ཐོག་ནས་ལངས་པ་རེད། དེ་ལ་དགའ་བསུ་ཞུ། འོན་ཀྱང་། བོད་ཀྱི་ཆབ་སྲིད་ཚོང་དང་ལྟོ་གོས་ལ་སྤྱོད་པའི་ངན་གཤིས་དེས་མ་བསླད་པ་ཞིག་བྱུང་ན་མངོན་པར་བསྟོད་དོ། །ལངས་ཕྱོགས་སོགས་ཀྱི་ཉོག་གླེང་དེ་དུངས་ཞེན་གྱི་སྐད་ཆ་རེད། སྐྱུར་ཞོག

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 14 སྔོན།

    ༼ང་ཚོའི་བོད་མི་མང་ཆབ་སྲིད་ཚོགས་པའི་ལངས་ཕྱོགས་ནི་ལམ་དབུ་མ་ཡིན་སྟབས་བོད་གཞུང་དང་ལངས་ཕྱོགས་གཅིག་པ་ཆགས་ཀྱི་ཡོད།༽ ཚིག་དུམ་འདི་ཁྱད་མཚར་པོ་ཚོར་སོང་།
    ༡། ཆབ་སྲིད་ཚོགས་པ་ཞིག་གི་གཞི་རྩའི་ལངས་ཕྱོགས་དེ་ཇི་ལྟར་གཏན་འབེབ་བྱེད་ཡོད་དམ།
    ༢། གཞུང་གི་ཆབ་སྲིད་ལངས་ཕྱོགས་དང་གཅིག་པ་ཆགས་ཀྱི་ཡོད་ཅེས་ང་རྒྱལ་འདྲ་ཞིག་སྐྱེས་རྒྱུ་ཨེ་ཡོད
    ༣། ལར་ནས་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ཞེས་པ་དེ་དུས་དང་རྣམ་པ་ཀུན་ཏུ་འགྱུར་རྒྱུ་མེད་པ་ཞིག་ཨེ་ཡིན།
    ༤། དབུ་མའི་ལམ་ནི་བོད་ཀྱི་གནད་དོན་སེལ་ཕྱོགས་ལ་བཟུང་བའི་གནས་སྐབས་ཀྱི་སྲིད་བྱུས་ཤིག་རེད་མ་གཏོགས། རྟག་བརྟན་རང་བཞིན་གྱི་ཆབ་སྲིད་ལངས་ཕྱོགས་ཤིག་ཨེ་ཡིན།
    ༥། མི་མང་ཆབ་སྲིད་ཚོགས་པ་བཙུགས་པ་ཡག་པོ་རེད། ཡིན་ཡང་། ལངས་ཕྱོགས་བཤད་དུས་ལངས་ཕྱོགས་གསལ་བོ་ཞིག་ཨེ་ཡོད་སྙམ་པ་ཞིག་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese