མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐོང་ཆུང་ཁྱད་གསོད་མཚམས་འཇོག་རོཊ།

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp


ཟླ་སྔོན་མའི་ཕྱི་ཚེས་
༢༦ ཉིན་དཀར་མཛེས་ལམ་བྲག་དགོན་གྱི་བཙུན་མ་འཆི་མེད་ལགས་དང་། ཆོས་དགའ་ལགས་གཉིས་ཉེས་མེད་བཙོན་འཇུག་བྱས་འདུག དེ་ནི་ཉེ་ཆར་དཀར་མཛེས་སྤྱི་བདེ་ལས་ཁུངས་ནས་དཀར་མཛེས་སུ་ཡོད་པའི་དགོན་པ་ཁག་ལ་གྲྭ་བཙུན་སུ་ཡིན་ཡང་གྲོང་ཁྱེར་ནང་གང་བྱུང་དུ་འགྲོ་མི་ཆོག་པ་དང་། གལ་སྲིད་ནད་མནར་བྱུང་ཚེ་ས་གནས་དང་ཞང་གི་མགོ་ཁྲིད་བརྒྱུད་ཡི་གེ་བླངས་ཏེ་ཁག་ཐེག་ལས་བྱེད་མི་སྣ་གཅིག་དང་མཉམ་དུ་མ་ཡོང་ན་འཛིན་བཟུང་བྱ་རྒྱུ་ཡིན་སྐོར་བཙན་བཀའ་བཏང་བའི་འོག ཁོང་གཉིས་སྨན་ཁང་དུ་འགྲོ་བའི་ལམ་བར་ནས་རྒྱ་དམར་ཉེན་རྟོག་པས་ཁྲོམ་སྐྱོད་ལག་འཁྱེར་མེད་པར་བསྙོན་འཛུགས་བྱས་ཏེ། ཉེན་རྟོག་ལས་ཁུངས་སུ་ཁྲིད་ནས་བཙོན་འཇུག་བྱས་པ་ཞིག་ཡིན་ཞིང་། ད་ཆར་བཙུན་མ་ཆོས་དགའ་ལགས་དཀར་མཛེས་ས་གནས་བཙོན་ཁང་དུ་ཡོད་ཚུལ་ཙམ་ལས། ཨ་ནེ་འཆི་མེད་ལགས་གར་ཡོད་ཤེས་རྟོགས་ཐུབ་མེད།

རང་ལོ་ ༣༧ ཡིན་པ་ཨ་ནེ་འཆི་མེད་ནི། སྐྱེས་ཡུལ་དཀར་མཛེས་རྫོང་། ཁོག་བཙན་ཨ་རུ་ར་གྲོང་། ཕ་རྡོ་རྗེ་ཚེ་རིང་དང་། མ་ངག་དབང་ཆོས་སྒྲོན་གཉིས་སུ་ཕྱི་ལོ་ ༡༩༧༤ ལོར་སྐྱེས། ཆུང་དུས་ནས་ལམ་བྲག་བཙུན་དགོན་དུ་ཞུགས་ནས་ ཕྱི་ལོ་ ༡༩༩༣ ཡས་མས་ནས་ལམ་བྲག་རིན་པོ་ཆེའི་བཀའ་ལྟར་སྨན་ལ་སྦྱོང་། སྨན་མཐར་ཕྱིན་པ་དང་ལམ་བྲག་སྒེར་གཉེར་སྨན་ཁང་༼ ལམ་བྲག་རིན་པོ་ཆེས་མི་མང་ཉམ་ཐག་ཚོའི་ཆེད་དུ་བཙུགས་པའི་དཀར་མཛེས་ཁྲོམ་གཞུང་དུ་ཡོད་པའི་སྨན་ཁང་ཞིག་རེད།༽ དུ་བོད་རྒྱ་ཟུང་འབྲེལ་གྱི་སྨན་པར་གནང་སྟེ་ཉིན་ལྟར་ཉམ་ཐག་ནད་པ་བརྒྱ་ཕྲག་བརྒལ་བར་ལྟ་རྟོག་གནང་བཞིན་ཡོད། རང་ལོ་ ༣༥ ཡས་མས་ཡིན་པ་བཙུན་མ་ཆོས་དགའ་ནི་སྐྱེས་ཡུལ་དཀར་མཛེས་རྫོང་། ཁྱིམ་དཀར་གྲོང་། ཕ་ངག་དབང་དགེ་འདུན་དང་། མ་བུ་མོ་བཀྲ་ལུ་གཉིས་སུ་སྐྱེས། ཆུང་དུས་ནས་ལམ་བྲག་བཙུན་དགོན་དུ་ཞུགས་ཏེ་ལོ་མང་རིང་ལམ་བྲག་སྨན་ཁང་དུ་སྨན་གཡོག་བྱས།

ཉེ་ཆར་ཁམས་དཀར་མཛེས་དགོན་དུ་དཀར་མཛེས་ཁུལ་ནས་ལས་བྱེད་འགའ་ཡོང་སྟེ་མཁན་ལས་ཟུར་དང་དཔེ་ཁྲིད་དགེ་རྒན། ཁམས་ཚན་དགེ་རྒན་སོགས་བསྡུ་བསྐངས་བྱས་ཏེ། དཀར་མཛེས་ས་གནས་སུ་ལོ་ལྟར་རྙོག་གླེང་རྒྱུན་ཆད་མེད་པར་ཡོང་གི་འདུག་པས་དེའི་ཐད་དགོན་པ་ནས་འགན་འཁུར་དགོས་པ་དང་། དེ་ལྟར་བྱུང་ཚེ་དཀར་མཛེས་ས་གནས་སུ་འཛུགས་བསྐྲུན་སོགས་ཡར་རྒྱས་གང་ལེགས་བྱ་ཆོག་ཅེས་བརྗོད་ཡོད་འདུག སྐབས་དེར་ཚོགས་འདུར་ཕེབས་པའི་དགེ་འདུན་པ་ཚོས་རྙོག་གླེང་མི་ཡོང་བའི་ཐད་ལ་འགན་ཁུར་མི་ཐུབ་ལ། ས་གནས་ཀྱི་འཚོ་བའང་སྔར་ནས་ས་གནས་རང་གི་ཐོན་ཁུངས་ཀྱིས་འགྲིག་ཙམ་ཡོད། དེ་ལས་གཞུང་ནས་བོད་མི་སྤྱི་དང་ཁྱད་པར་དགེ་བཙུན་གྱི་རིགས་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པ་མཚམས་འཇོག་རྒྱུ་དང་། དཀར་མཛེས་བོད་ཡིག་འབྲིང་རིམ་སློབ་གྲྭའི་ནང་སློབ་མ་གསར་བསྡུ་མི་ཆོག་པ་དང་། དགེ་རྒན་རྣམས་ཁ་འཐོར་བཏང་བ་སོགས་མི་མང་གི་སེམས་ལ་གནོད་པའི་ལས་གཞི་དེ་ཚོ་མཚམས་འཇོག་ངེས་པར་བྱེད་རོགས་མ་གཏོགས་ད་མུས་བཞིན་བྱས་ཚེ་དཀར་མཛེས་ཡུལ་དགོན་གཉིས་ཀ་ལང་རྒྱུའི་ཉེན་ཁ་ཆེན་པོ་འདུག་ལན་འདེབས་བྱས་ཡོད་འདུག  

གནས་ཚུལ་མཁོ་གཏོང་བ། སེར་བྱེས་ཏྲེ་གྲྭ་དཀར་མཛེས་པདྨ་ཚེ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

མཆན། 2

  1. ཅང་མེད། says:
    ལོ་ 15 སྔོན།

    སྙན་ངག་འགྲན་ཚོགས་ལ་རྗེས་སུ་ཡངས་དང་བཅས་ཐུགས་རྗེ་ཆེ་ཞུ།
    གོང་གསལ་པར་ངོས་ལ་བོད་ལྭ་གྱོན་མེད་མཁན་ཚོའི་བོད་ཀྱི་ཐུན་མོང་མ་ཡིན་སྙན་ངག་གི་དར་རྒུད་དེ་བསམ་གྱི་ཡོད་ན་མ་འོངས་པ་བོད་ལྭ་གཙང་མ་གྱོན་རོགས་ཞེས་པས་འབོད་སྐུལ་དུ།

    Reply
  2. ཁུགས་གཟར་དུག་མདའ། says:
    ལོ་ 15 སྔོན།

    དཔའ་བོ་དཔའ་མོ་རྣམས་ལ་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese