མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་འདུ་འཛོམས།

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp
ཁ་སང་༸སྐུའི་འཁྲུངས་ཉིན་དཔེ་མཛོད་ཚོགས་ཁང་དུ་༼ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་འདུ་འཛོམས༽ཐེངས་གསུམ་པ་ཚོགས་ཏེ། ༸གོང་ས་མཆོག་གི་མཛད་རྗེས་སྐོར་ནས་གཏམ་བཤད་དང་སྙན་ངག་གྱེར་འདོན་བཅས་གནང་སོང་།
ཕྱི་ཟླ་ ༧ ཚེས་ ༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ པའི་སྟེང་། སྤྱི་འཐུས་རྨོག་རུ་བསྟན་པ་དང་ནོར་གླིང་ཉམས་ཞིབ་པ་བོན་རྒྱ་བསྟན་འཛིན་རབ་རྒྱས་གཉིས་ཀྱིས་གོ་སྒྲིག་འོག   བོད་ཀྱི་དཔེ་མཛོད་ཚོགས་ཁང་གསར་པའི་ནང་༼ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་འདུ་འཛོམས༽ཐེངས་གསུམ་པ་དེ་ཚོགས་སོང་། ཐོག་མར་སྐུ་མགྲོན་རྣམས་ཀྱིས་༸གོང་ས་མཆོག་གི་སྐུ་པར་ལ་མཇལ་དར་ཕུལ་ཞིང་། ཚོགས་ཞུགས་པ་ཡོངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས། དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་ལས་འཕར་གཡང་མཁོ་རྒྱལ་ལགས་ཀྱིས་རྨོག་རུ་ཚང་གི་ཕོ་བྲང་ཞེས་པའི་དྲ་ཚིགས་དབུ་འབྱེད་དང་། དེ་རྗེས་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་དྲ་ཚིགས་བཟོ་འགོད་པ་པ་སངས་རྗེ་རྡོ་རྗེ་ལགས་སུ་ལག་རྟགས་ཕུལ་ཞིང་།   དེ་རྗེས་གདན་ཞུའི་སྐུ་མགྲོན་བོད་མི་སྤྱི་འཐུས་རྒྱ་རིགས་ཐར་དང་། གངས་ལྷ་མོ། ཤར་གླིང་ཟླ་སྒྲོན།   བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ཟུར་པ་རབ་གསལ། ནོར་གླིང་བོད་ཀྱི་མཐོ་སློབ་ཉམས་ཞིབ་ཁང་གི་འགན་འཛིན་རྡོ་རྗེ་དབང་ཕྱུག བོད་ཀྱི་དཔེ་མཛོད་ཁང་གི་ལོ་རྒྱུས་ཉམས་ཞིབ་པ་མགོ་ལོག་དམ་ཆོས་དཔལ་བཟང་བཅས་ཀྱིས། ༸གོང་ས་སྐུ་ཕྲེང་ ༡༤ མཆོག་གི་མཛད་རྗེས་སྐོར་ནས་གཏམ་བཤད་གནང་ཞིང་། སྒྱུ་རྩལ་པ་མགོ་ལོག་ཟླ་བྷེ་གཙོས་པའི་སྙན་ངག་གྱེར་འདོན་པ་བཅུ་གྲངས་ལྷག་གིས་༸གོང་ས་མཆོག་གི་མཛད་རྗེས་ལ་བསྔགས་པའི་སྙན་ངག་གྱེར་འདོན་དང་། དེ་བཞིན། ༸གོང་ས་མཆོག་གི་མཛད་རྗེས་དང་འབྲེལ་སྐོར་ནས་དྲི་བ་དྲིས་ལན་གྱི་བགྲོ་གླེང་བཅས་གནང་སོང་། ཐེངས་འདིའི་ཤེས་རབས་ཀྱི་ནམ་མཁར་ཕྱོགས་པའི་འདུ་འཛོམས་ཐོག་སྐྱ་སེར་མི་གྲངས་ ༡༠༠ ཙམ་མཉམ་ཞུགས་གནང་འདུག 
གོ་སྒྲིག་པ་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་བརྗོད་པ་ལྟར་ན། ༸གོང་ས་མཆོག་དགུང་གྲངས་ ༧༦ ལ་ཕེབས་པའི་སྐུའི་འཁྲུངས་སྟབས་བསྟུན་ཏེ། བོད་ནང་གི་དད་ལྡན་པ་ཁག་གིས་༸གོང་ས་མཆོག་ལ་བརྟན་བཞུགས་ཀྱི་ཆེད་དུ། ཉ་ ༣༢༩༩༡༤༠༠ དང་རྟ་ནོར་ལུགས་གསུམ་ ༨༠ བཅས་ཚེ་ཐར་བཏང་སྐོར་བརྗོད་བྱུང་།  
ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་འདུ་འཛོམས་ཐེངས་དང་པོ་དང་གཉིས་བ་ནི། ཕྱི་ལོ་ ༢༠༠༩ དང་ ༢༠༡༠ སོ་སོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་མཐོ་སློབ་ཚོགས་ཁང་དང་རབ་གསལ་ཚོགས་ཁང་གཉིས་སུ་སྔ་རྗེས་ཚོགས་ཡོད་འདུག  
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༨ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 12

  1. གནམ་ལྕགས། says:
    ལོ་ 15 སྔོན།

    རྨོག་རུ་ཚང་གི་ཕོ་བྲང་ནི་ཤེས་རབ་དང་རྣམ་དཔྱོད་ཀྱིས་བརྩིགས་པའི་ཕོ་བྲང་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད། བདག་ལས་འགུལ་འདིར་ཞུགས་མ་ཐུབ་པ་འགྱོད་ནས་ཡོད།

    Reply
  2. བརྩོན་རྒྱམ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཚང་མའི་ནང་གི་རྩ་ཆེན་དེ་ནི་རྨོག་རུ་ཚང་དང་འབྲེལ་བའི་བོད་མི་མང་པོ་ཞིག་གི་ཉ་སོགས་རྟ་ནོར་ལུག་གསུམ་སོགས་སེམས་ཅན་མང་པོ་ཚེ་ཐར་བཏང་པ་ནི་ངོ་མ་འཁྲུངས་སྐར་ཐབས་ཅན་གྱི་མཆོག་ཏུ་མཐོང་ཐུགས་རྗེ་ཆེ་ཞུ།

    Reply
  3. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚང་མས་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་དང་སྐུལ་སློང་གནང་བར་བཀའ་དྲིན་ཆེ།
    ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་བར་བརྟན་པ་དང་།བོད་གཞིས་བྱེས་གཉིས་ཀྱི་སྤྱི་དོན་འགྲུབ་པར་ཤོག་་་་་བོད་རྒྱལ་ལོ།

    Reply
  4. ཀླུ་ བློ་བསམ། says:
    ལོ་ 15 སྔོན།

    ཁྱེད་ཅག་གི་སེམས་ཤུགས་དང་ལྷག་བསམ་ལ་ཉམས་པ་མེད་པར་སྨོན།

    Reply
  5. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    ཁ་སང་དང་པོ་རྨོག་རུ་ཚང་གི་ཕོ་བྲང་བཞེངས་རབ་གོ་མ་ཐག་དེ་ནི་ཏན་ཏན་ཨར་འདམ་དང་ལྕགས་སོགས་ཀྱིས་བཟོ་བསྐྲུན་བྱས་པ་ཞིག་ལོས་ཡིན་དྲན་སོང། འོན་ཀྱང་དེ་རིང་སྐུ་ཉིད་ཀྱིས་འགྲེལ་བཤད་གནང་སྟེ།
    རྨོག་རུ་ཚང་གི་ཕོ་བྲང་》ཞེས་པའི་དྲ་ཚིགས་ནི་དུས་རབས་ཉེར་གཅིག་པའི་འགྲོས་དང་བསྟུན་པའི་བརྡ་འཕྲིན་གསར་བའི་ཅོང་བརྡ་དང་ལྷན་དུ་གཞེངས་བསྐྲུན་ཞེས་པ་ཡིན་ལ།གནའ་བོའི་ལོ་རྒྱུས་ཁྲོད་ཀྱི་ས་ཕག་དང་རྡོ་བ་བརྩིགས་པའི་ཕོ་བྲང་བཟོ་ལས་ཀྱི་རྒྱ་ལས་བརྒལ་བའི་དུས་རབས་ཀྱི་ཚབ་མཚོན་ཞིག་ཀྱང་ཡིན། ཞེས་གསུངས་ཡོང་དུས་ང་ནི་ཧ་ལས་སོང། ངོ་མ་དགའ་ནི་ཞིག་རེད།
    ད་ནི་ངས་ཀྱང་དགའ་བསུའི་གླུ་ཞིག་ཀྱང་ལེན་གྱི་ཡིན།
    ཡེ་ཡེ་ཡེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཧོ།
    ལྷོ་ཙན་དན་ནགས་ཀྱི་སྨན་ལྗོངས་འདི་ནས། །
    རྨོག་རིག་པའི་ཁུ་ཕྱུག་བྱང་ལ་ཆས་ཡོད། །
    གསུང་དོན་ལྡན་སྙན་འགྱུར་བར་མེད་སྒྲོགས་དང་། །
    བོད་མགོ་ནག་ཡིད་དབང་ཁྱེད་ལ་ཕྱོགས་འགྲོ། །

    ད་ངས་གླུ་མང་པོ་བླང་བསྡད་ན་གྲྭ་ཚང་ལས་སྣེ་ཚོས་ཀྱང་གོ་འགྲོ་ཉེན་ཆཻ།
    མདོར་ན་སྐུ་ཞབས་མཆོག་ལ་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  6. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ།

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    བདག་དེ་ཉིན་ང་རང་ཚོའི་མཐུན་ཚོགས་ངོས་ནས་ཀྱང་དེ་མཚུངས་ཀྱི་ལས་འགུལ་ཞིག་སྤེལ་བས་ཚོགས་བཅར་མ་ཐུབ། དེ་བས་ད་རིང་འདིར་མགྲོན་པོ་ཞིག་ཚུལ་དུ་སྐད་ཆ་ཚིག་གཅིག་ཞུ་འདོད་བྱུང།
    བོད་དོན་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་བོད་ནང་དང་རྒྱ་ནང་ལ་གང་མང་སྤེལ་རྒྱུར་དྲ་ཚིགས་འདི་དག་གིས་ཕན་ནུས་ཧ་ཅང་ཐོན། ཡིན་ན་ཡང་དྲ་བའི་ཁ་བྱང་དེ་གསང་ཐབས་ཀྱིས་འགྲེམས་སྤེལ་ཐུབ་ན་བཟང། གལ་ཏེ་བོད་ཀྱི་དུས་བབ་ཀྱི་དྲ་བྱང་ནང་སོགས་ལ་ཁྱབ་བསྒྲགས་བྱས་ན་རྒྱ་གཞུང་གི་ལྟ་རྟོག་པ་ཚོས་ལམ་སང་འགོག་ཐབས་གནང་གི་རེད། དེ་ལས་བོད་ནང་གི་གྲོགས་པོ་སོགས་བརྒྱུད་ནས་འགྲེམས་སྤེལ་གནང་ན་ཁྱབ་སྤེལ་ཡང་ཐུབ་ལ་འགོག་ཉེན་ཡང་ཆུང་གི འདི་ངའི་ཉམས་མྱོང་ཞིག་གི་ཐོག་ནས་བཤད་ཀྱིན་ཡོད།
    མཐར་རྨོག་རུ་ཚང་གི་ཕོ་བྲང་གི་ནང་རྟེན་བཟང་བོ་དང་ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་ལས་རིམ་དག་དོན་ཕན་ལྡན་པ་ཞིག་ཡོང་བར་རེ་སྐུལ་ཞུ།

    Reply
  8. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    རྨོག་རུ་ཚང་གི་ཕོ་བྲང་》ཞེས་པའི་དྲ་ཚིགས་ནི་དུས་རབས་ཉེར་གཅིག་པའི་འགྲོས་དང་བསྟུན་པའི་བརྡ་འཕྲིན་གསར་བའི་ཅོང་བརྡ་དང་ལྷན་དུ་གཞེངས་བསྐྲུན་ཞེས་པ་ཡིན་ལ།གནའ་བོའི་ལོ་རྒྱུས་ཁྲོད་ཀྱི་ས་ཕག་དང་རྡོ་བ་བརྩིགས་པའི་ཕོ་བྲང་བཟོ་ལས་ཀྱི་རྒྱ་ལས་བརྒལ་བའི་དུས་རབས་ཀྱི་ཚབ་མཚོན་ཞིག་ཀྱང་ཡིན།

    ལྷག་པར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་གཞིས་ལུས་བོད་པ་མི་མང་།ཡང་སྒོས་རྨོག་རུ་ཚང་གི་ལྷ་སྡེ་མི་སྡེ་ཀུན་ཀྱང་ས་ཐག་ཅི་ཙམ་གྱིས་ཁ་ཐག་རིང་ནའང་།མི་མང་གི་དད་པ་དང་ཡིད་ཆེས་དུས་ནམ་ཡང་གཏན་དུ་འབྲལ་ཐབས་མེད་པའི་ལོ་རྒྱུས་ཞིག་གི་དད་འདུན་གྱི་བདེན་རྟགས་ཡིན་པས།འདི་ནས་མི་མང་གི་ཡིད་ཆེས་དང་དད་འདུན་གྱི་ཚབ་མཚོན་ཡོང་ཕྱིར་བརྡ་འཕྲིན་གྱི་སྤྱོད་སྒོ་བརྒྱུད་དེ་འཛམ་གླིང་མི་མང་གི་མིག་སྔར་《རྨོག་རུ་ཚང་གི་ཕོ་བྲང་》ཞེས་པའི་དྲ་ཚིགས་བརྒྱུད་ལམ་གྱི་ཕོ་བྲང་འདི་གསར་གཞེངས་བྱས་པ་ཡིན།

    འདི་ནི་ཚབ་མཚོན་ཅིག་དང་།རྟེན་འབྲེལ་ཞིག་གི་ངོ་གདོང་ཡིན་པ་མ་ཟད།རྨད་བྱུང་བསོད་ནམས་བསགས་པའི་དགེ་རྩ་ཞིག་ཀྱང་ཡིན།ལྷག་པར་ལྷག་བསམ་དག་པའི་གསོལ་འདེབས་ཀྱི་ཁྲོད་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོིག་གིས་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་འགྲམ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞིག་གནང་སྩལ་ཡོང་བའི་གསོལ་འདེབས་ཀྱི་འབོད་སྒྲའང་ཡིན།

    ཀུན་ཁྱབ་བརྡ་འཕྲིན་གྱི་བཟོ་རིག་ལས་གྲུབ་པའི་《རྨོག་རུ་ཚང་གི་ཕོ་བྲང་》ནི་༸གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་བའི་བཀའ་སློབ་དང་།གསུང་རྩོམ།མཛད་རྣམ་སོགས་དང་།ལྷག་པར་དད་ལྡན་སེར་སྐྱ་ཀུན་གྱིས་ངག་རིག་གི་མཆོད་པའི་ཚོམས་ཆེན་ཀྱི་དཀྱིལ་འཁོར་ཞིག་ཡིན་ལ།དཀྱིལ་འཁོར་འདི་ལ་རྟེན་ཅིང་འབྲེལ་བ་དང་།འབྲེལ་བར་འབྱུང་བའི་རིགས་དྲུག་ཡོད་དོ་ཅོག་གི་བདེན་དོན་དང་སྨོན་ལམ་མྱུར་དུ་འགྲུབ་པ་དང་།འཕགས་པ་སྤྱན་རེས་གཟིགས་ཀྱི་ཐུགས་བསྐྱེད་དུས་སུ་སྨིན་དེ་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་གསོལ་འདེབས་སྨོན་ལམ་ཡང་ཞུ་རྒྱུ་ཡིན།
    http://www.mogrutsang.com

    Reply
  9. དམར་ཁ་ཚ། says:
    ལོ་ 15 སྔོན།

    ཤེས་རབ་འོད་ཀྱིས་ཀུན་གསལ་ངོས་ཡངས་ཁྱབ།།
    བདེན་པའི་འོད་ཀྱིས་འཛམ་གླིང་མིག་སྒོ་ཕྱེས།།
    རྒྱལ་ཀུན་གཟུགས་སུ་སྣང་བའི་སྤྱན་རས་གཟིགས།།
    མགོན་པོ་མཆོག་གིས་དུས་རྣམ་ཀུན་དུ་སྐྱོང་།།

    དད་ལྡན་སྐྱེ་འགྲོ་ཀུན་གྱི་དད་སྟོབས་དང་།།
    བདེན་པ་འབྲས་སུ་རློམ་པའི་གཟི་བྱིན་སྟོབས།།
    བསླུ་མེད་སྐྱབས་ཀྱིས་དཔུང་བའི་ཚོགས་རྣམས་ཀྱིས།།
    མགོན་པོ་མཆོག་ཉིད་སྐུ་ཚེ་རབ་བརྟན་ཤོག།

    Reply
  10. ཤིང་ལོ། says:
    ལོ་ 15 སྔོན།

    ཤེས་རབ་ནམ་མཁར་ཕྱོགས་པའི་ཁུ་བྱུག་གི་གཤོག་རྩལ།།
    བདེན་དོན་ནམ་འཕངས་གཅོད་པའི་ཁུ་བྱུག་གི་གསུང་སྙན།།
    གང་དུ་ཡོད་དང་དར་ན་ཡི་རང་གི་མེ་ཏོག།
    ཞེ་སེམས་རབ་ཏུ་དགའ་བས་དུས་རྟག་ཏུ་བཏེགས་ཡོད།།

    Reply
  11. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    བཀུར་འོས་སྐུ་ངོ་རྨོག་རུ་འདི་བ་ཚང་དངོས་གནས་རང་ཐང་ཞིག་མིན། །ད་ཡིན་ན་རྨོག་རུ་ཚང་གི་ཕོ་བྲང་ཡང་འདུག དངོས་གནས་བྱས་ན་ཕོ་བྲང་དེ་ང་ཚོ་དགའ་ལྡན་ལ་ཡོད་དགོས། ཁོང་གིས་རྨོག་རུ་ཚང་གི་ཕོ་བྲང་དེ་དགའ་ལྡན་ལ་བརྒྱབ་ན་ངས་ཁོང་གི་ཕོ་བྲང་གི་རྒྱལ་སྒོའི་ནང་མཚན་སྲུང་དགོས་ཀྱང་འཇོན་ཚོད་ཀྱིས་བྱེད་ངེས་ཡིན། ང་ཚོ་ལ་ཕོ་བྲང་འདི་འདྲ་རེ་ཡོད་ངོ་མ་ན་ཧྲ་གི།

    Reply
  12. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་ལ་བརྟན་བཞུགས་ཀྱི་ཆེད་དུ། ཉ་ ༣༢༩༩༡༤༠༠ དང་རྟ་ནོར་ལུག་གསུམ་ ༨༠ བཅས་ཚེ་ཐར་བཏང་པ་དེར་སེམས་བསམ་པའི་གཏིང་ནས་གུས་འདུད་དང་རྗེས་སུ་ཡི་རངས་ཞུ། འགྲོ་རྣམས་བདེ་དང་ལྡན་པའི་སྨོན་ལམ་ཡོད། ༧གོང་ས་མཆོག་གི་སྐུ་ཚེ་བརྟན་ཞིང་། ཁྱེད་ཅག་གི་སྐུ་ཚེ་བརྟན་པའི་སྨོན་ལམ་ཡོད། བཀྲ་ཤིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese