མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་བོད་ཀྱི་དུས་བབ་ཟིན་བྲིས་སུ་མི་ཞུགས་དོན།

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

སྤོབས་པ་མཐའ་ཡས།

བོད་ཀྱི་དུས་བབ་ནི་ངས་འཛམ་གླིང་སྤྱི་དང་བྱེ་བྲག་བཙན་བྱོལ་བོད་མིའི་གནས་སྟངས་གསལ་བར་མཐོང་བའི་མིག་ལྟ་བུ་དེ་ཡིན། བོད་ཀྱི་དུས་བབ་ནི་ཆ་མེད་རྒྱུས་མེད་ཀྱི་ས་མཐའ་སྡེ་མཐའ་གང་ཞིག་ལ་འགྲིམ་རུང་རྟག་ཏུ་རང་སེམས་དབང་མེད་དུ་འཁོར་བའི་ཁྱིམ་ལྟ་བུ་དེ་ཡིན། བོད་ཀྱི་དུས་བབ་ལ་བརྟེན་ནས་ངས་ཀྱང་རང་གི་བསམ་ཚུལ་རྣམས་ཐད་ཀར་སྤུན་ཟླ་བརྒྱ་སྟོང་མང་པོའི་སྔོན་ལ་སྟོན་ཐུབ་པའི་གོ་སྐབས་རྙེད་བྱུང་། བོད་ཀྱི་དུས་བབ་ལ་བརྟེན་ནས་ང་དང་ང་འདྲ་བའི་སྤུན་ཟླ་བརྒྱ་སྟོང་མང་པོའི་ནང་སེམས་ཀྱི་རི་མོ་མཐོང་བྱུང་། བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་ལས་བྱེད་པ་སྔ་ཕྱི་ཚང་མའི་ངལ་བ་ཁྱད་བསད་ཀྱི་སྐུ་ཚེགས་དང་། མཁྱེན་དཔྱོད་བརྟན་བརླིང་གི་རང་གཤིས། དུས་རྟག་ཏུ་བདེན་དོན་ཁོ་ནའི་ཕྱོགས་སུ་འགྲེང་ཕོད་པའི་བཀའ་དྲིན་དེ་ནི་བརྗོད་ཀྱི་མི་ལངས་པ་ཞིག་ཡིན།

ཡིན་ན་ཡང་གནས་སྟངས་གང་ཡིན་མི་ཤེས། གཅིག་བྱས་ན་ངའི་སྐྱོན་ཡིན་སྲིད། གཅིག་བྱས་ན་གཞན་གྱི་སྐྱོན་ཡིན་སྲིད། ང་ཚོའི་སྤྱི་ཚོགས་ཁྲོད་དུ་བསམ་ཚུལ་འདོན་མཁན་ཞིག་བྱུང་ན་ཐོག་མར་མི་དེའི་ཆོལ་ཁ་ཆོས་ལུགས་གཉིས་པོ་གཙོ་བོར་གྱུར་པའི་ཚོ་ཁག་ཤོག་ཁག་རྩད་གཅོད་ཅིག་སྔོན་དུ་སོང་བའི་སྒོ་ནས་གཞི་དེ་ལ་དཔག་པའི་བསྟོད་སྨད་བྱེད་སྲོལ་ཞིག་ཡོད་པའི་སྣང་བ་བྱུང་། དེར་བརྟེན་ངས་ལོ་ཤས་རིང་མིང་རྫུན་ནམ་སྙུག་མིང་བེད་སྤྱད་པ་ཡིན། དེ་ལ་དགེ་སྐྱོན་གཉིས་ཡོད་པ་ངས་ཤེས་ཡོད། བཟང་ཕྱོགས་དེ་ནི་སྐད་ཆ་ལ་བརྟེན་ནས་སྐད་ཆ་ཤོད་པ་པོའི་ལེགས་ཉེས་དཔྱད་བསྡུར་བྱེད་པ་ལས་ཤོད་པ་པོ་ལ་བརྟེན་ནས་སྐད་ཆའི་ལེགས་ཉེས་སྔོན་ནས་ཐག་ཆོད་པ་ཞིག་མིན་པའི་དགེ་མཚན་ཡོད། སྡུག་ཕྱོགས་དང་ཁྲེལ་མེད་ཀྱི་མི་མང་པོ་ཞིག་གིས་དྲ་ལམ་གྱི་སུན་གཙེར་བྱེད་པ་ཁྱབ་འཕེལ་དུ་འགྲོ་བ་དེ་རེད།

དེ་བཞིན་སྐད་ཆ་ཤོད་པ་པོ་ངོ་ཤེས་མཁན་ག་ཚོད་ཉུང་ན་དེའི་སྐད་ཆར་དོ་སྣང་བྱེད་མཁན་དེ་ཙམ་གྱིས་ཉུང་། གང་ལྟར་ངས་མིང་རྫུན་ལྟ་བུ་ཞིག་བེད་སྤྱད་བྱས་ནས་དུས་བབ་ཏུ་ཟིན་བྲིས་ཁྱིམ་གཞིས་ཤིག་ཀྱང་བཟུང་། མི་གཞན་གྱི་བཤད་པའི་སྐད་ཆ་དག་ལ་ཡང་རིག་པའམ་བསམ་ཚུལ་ཡང་འདོན་ཅི་ཐུབ་བྱས། བསམ་ཚུལ་བཀོད་ས་དེར་ཡང་རྩོམ་ཡིག་ལྟ་བུ་ཁ་ཤས་རེ་ཡང་བཀོད་པ་རྒྱུན་མ་ཆད་ནས་ལོ་ཤས་སོང་། ངས་དེ་ལྟར་ལོ་ཁ་ཤས་ཀྱི་རིང་ལ་ལས་ཀ་དེ་མཇུག་སྐྱོང་བྱེད་པའི་རིང་མཚམས་མཚམས་སུ་རང་གི་སེམས་ན་ཡོད་པ་དེ་ཁ་རུ་འདོན་ཐུབ་པ་དང་མིས་ཀྱང་གོ་བ་དེ་བཞིན་དུ་བླངས་པའི་ལམ་ལྷོང་ཡག་པོ་ཐེངས་ཁ་ཤས་རེར་བྱུང་། མཚམས་རེར་རང་ཉིད་ཀྱིས་སེམས་ན་ཡོད་པ་ཁ་ནས་གསལ་བོར་བཤད་མ་ཤེས་པ་དང་། མིས་ཀྱང་གཅིག་ལ་གཉིས་འདོགས་ཀྱིས་ཐ་མ་ཆ་མེད་རྒྱུས་མེད་ཅིག་ཏུ་དྲུད་འགྲོ་དུས་ཀྱང་བྱུང་།

གང་ལྟར་ཡང་ལོ་ཁ་ཤས་དེའི་རིང་ལ་བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་ལས་བྱེད་པ་ཡོངས་ཀྱིས་ཆེས་གུ་ཡངས་དང་ཁོག་རྒྱ་བསྐྱེད་དེ། མ་ཞིག་གིས་རང་གི་བྱིས་པ་ཆུང་ངུ་ཞིག་ལ་གོམ་པ་སྤོ་སྟངས་བསླབ་པ་བཞིན་གོམ་སྟབས་རེ་རེ་ནས་གཉིས་རེ་བྱས་ཏེ་བསྐྱངས་ནས་འོངས་བ་འདི་ནི་ནམ་ཡང་བརྗེད་ཐབས་མེད་པའི་བཀའ་དྲིན་ཆེན་པོ་ཞིག་ཡིན།

གང་ལྟར་ཡང་ང་ཚོས་བོད་ཀྱི་དུས་བབ་ཏུ་འཛུལ་ཞུགས་རང་དབང་གི་གོ་སྐབས་རག་ནས་ཡུན་རིང་ཞིག་མ་འགོར་བར་དྲ་མིང་རྫུན་མ་ཅན་ཚོ་ལ་བརྟེན་ནས་དྲ་བདག་དང་དྲ་འབངས་ཚང་མར་དཀའ་ངལ་འཕྲད། དེར་བརྟེན་དྲ་བདག་ལུང་རིག་རྒྱལ་ལགས་ཀྱིས་ཀྱང་དྲ་འབུ་ཕྱིར་འབུད་བྱ་དགོས་པའི་དགོངས་ཚུལ་བཏོན། ངས་སྔོན་མར་ཁོང་གི་དགོངས་འཆར་དེར་ངོས་ལེན་བྱས་མེད། ཁོང་གི་དགོངས་ཚུལ་དེར་ཡང་ངས་རང་གི་སེམས་ལ་ཅི་དྲན་དང་ཁ་ལ་ཅི་ཐོན་གྱིས་བསམ་ཚུལ་མང་པོ་ཆད་མེད་དུ་ཞུས། ཡིན་ན་ཡང་ལོ་ནས་ཟླ་བ་འདས་ཀྱིན་ང་རང་ཉིད་ཀྱི་བསམ་ཚུལ་ལ་ཡང་དུས་བབ་ལྟ་བུའི་དྲ་ཚིགས་ཤིག་ལ་སྒྲིག་གཞི་དང་ཁ་ཕྱོགས་བརྟན་པོ་ཡོད་སྟབས་མིང་རྫུན་ཅན་ཚོས་རང་སྣང་གང་དྲན་གྱི་རྩེད་མོ་རྩེ་ས་དང་མིང་དངོས་ཅན་རྣམས་ལ་སུན་གཙེར་བྱ་ས་ཞིག་ཏུ་འགྱུར་མི་རུང་བ་དེ་ཡང་གལ་ཆེར་དོན་ཆེན་དུ་མཐོང་ཡོང་གིན་འདུག

དེར་བརྟེན་དུས་ནམ་ཡིན་ཡང་ང་རང་ཉིད་ཟིན་བྲིས་སུ་ཞུགས་ཐེངས་རེ་བཞིན་སེམས་ལ་གནོང་ཞིག་ཀྱང་རང་ཤུགས་ཀྱིས་སླེབས་ཡོང་གིན་འདུག དེར་ངས་བོད་ཀྱི་དུས་བབ་ཏུ་ཟིན་བྲིས་སྤེལ་བ་དང་བསམ་ཚུལ་འདོན་པ་ཉུང་དུ་བཏང་ཞིང་། རང་ཉིད་ནས་མགོ་བཙུགས་ཏེ་མིང་དངོས་མེད་པ་ཚོ་ཕྱིར་འབུད་པའི་གོམ་སྟབས་ཤིག་བསྒྱུར་བ་ཡིན། ལྷག་པར་ཡང་ཉེ་ཆར་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་རྒན་གྲས་ལུང་རིག་རྒྱལ་ལགས་ཀྱིས་༼འགྱོད་པ་ཤྭ་ཁྱི་འདྲ་བོ།༽་ཞེས་པའི་རྩོམ་ཡིག་བསླེབས་པ་ནས་དངོས་མིང་མེད་པར་དུས་བབ་ཟིན་བྲིས་དང་རིག་པའམ་བསམ་ཚུལ་འདོན་སར་མི་ཞུགས་པའི་སེམས་ཐག་གཙང་བཅད་བྱས་པ་ཡིན།

ངའི་དྲ་གྲོགས་མང་པོ་ཞིག་གིས་ང་ལ་སྔོན་མར་སྙུག་མིང་གཏན་འཇགས་ཡོད་པ་དང་། རང་གི་ཚིག་ལ་རང་གིས་བདག་པོ་རྒྱག་མཁན་ཚོ་ནི་ དྲ་འབུ་མིན་པས་ཕྱིར་འབུད་མི་འོས་ཞེས་གསུངས་མཁན་བྱུང་། ཡིན་ན་ཡང་ཁྲིམས་དང་སྒྲིག་གཞི་ནི་རྒྱ་ཆེ་ས་དང་ཁྱབ་ཆེ་ས་ནས་ཐག་གཅོད་དགོས་པ་ཞིག་ལས་འདི་ལ་དམིགས་བསལ་དང་དེ་ལ་གུ་ཡངས་བཏང་ནས་ཁྲིམས་དང་སྒྲིག་གཞི་བཟོ་ཐབས་མེད་སྟབས་ང་རང་ཉིད་ནས་མགོ་བཙུགས་ཏེ། བོད་ཀྱི་དུས་བབ་ཟིན་བྲིས་ནང་གི་དངོས་མིང་མེད་མཁན་ཚང་མ་ཕྱིར་འབུད་ལ་ཕན་ཐོགས་ཤིག་ཡོང་བའི་རེ་བ་རྒྱག་གིན་ཡོད། གང་ལྟར་ཡང་ང་ནི་བོད་ཀྱི་དུས་བབ་དང་ཁ་འབྲལ་ཐབས་མེད་པས་རྒྱུན་དུ་བོད་ཀྱི་དུས་བབ་ཀྱི་ཉེ་ས་ཞིག་ཏུ་བཅར་ནས་འདུག་ངེས་ཡིན།
ཁ་དྲོ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 11

  1. གཤོང་ཀ་ says:
    ལོ་ 15 སྔོན།

    སྔོན་མ་རྨོ་རྨོ་ཞིག་གིསབདེ་པ་གཞུང་ལ་ལོ་བཅོ་ལྔ་ཁྲོས་པ་རེད་ཟེར་བའི་གཏམ་རྒྱུད་གོ་མྱོང་ངམ།
    སྨྱུག་མིང་དང་གསང་མིང་སྡོད་གནས་ཀྱི་མིང་གང་ལྟར་མིང་ག་རེ་བེད་སྤྱོད་གཏོང་ཀྱང་རུང་དོན་གནད་ལ་འཁེལ་ན་དགོས་ཡས་འདི་རེད། བོད་ཡིག་རྒྱ་ཡིག་ཧིན་ཡིག་གང་ལྟར་རྒྱ་དམར་གྱི་ཆབས་སྲིད་ལ་ལན་ཞིག་རྒྱབ་ན་ཡག་པོ་རེད། ཕྱི་ཡི་རྒོད་པོར་མ་འཐབ་པར་ནང་གི་བྱེའུ་ཆུང་འཛིང་བ་ཡིན་ན་ཕན་པ་ཨེ་ཡོད།

    ལུས་ལ་ན་ཚ་མེད་པར་གདོང་ལ་དྲག་པ་འཁུར་ན་གླན་པ་རེད་
    སྤོབས་པ་མཐའ་ཡསལགས་ཀྱི་སྨྱུག་མིང་དང་གསང་མིང་གང་སྤྱད་ན་ཡང་སྤྱི་ལ་ཕན་པའི་རྩོམ་ཡིག་སྤེལ་བ་ཡིན་ན་འགྲིག་པ་རེད། མིང་རྫུན་མ་་ཚོས་རང་སྣང་གང་དྲན་དང་ ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་འོག་འབྲིས་ན་ཏན་ཏན་རང་མགོ་རང་གི་སྐོར་བ་རང་རེད། མི་རེ་འགའ་ཡི་གཏམ་ལ་ལྟས་ནི་རང་ཉིད་ཕྱིར་ཤོལ་དང་ཡང་ན་ ཟིན་བྲིས་སྤེལ་བ་དང་བསམ་ཚུལ་འདོན་པ་ཉུང་དུ་བཏང་ན་ལྐུགས་པ་རེད འོན་ཀྱང་བོད་ཀྱི་དུས་བབ་ཐང་ནས་ཐང་དུ་འཛག་མི་སྲིད། རྒོད་ཕྲུག་(རང་སྣང་གང་དྲན་དང་ ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་འོག་རྩོམ་སྤེལ་མཁན་)ཡངས་ལ་འཛག་པར་རྙིང་ཡང་རྗེ།།

    སྤོབས་པ་མཐའ་ཡས་ལགས་ སྤོབས་པ་ཆེན་པོས་མདུན་དུ་ཕེབས།

    Reply
  2. ཇ་མ་ says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས་ཀྱིས་བསམ་ཚུལ་ཡག་པོ་འདུག ཡག་པོ་གསུང་འདུག འོན་ཀྱང་། དུས་བབས་དང་ཁྱེད་ཁ་བྲལ་མི་ཉན་ལ། དུས་བབས་དང་རིང་དུ་འགྲོ་མི་ཉན། དུས་བབས་ནི་ཁྱེད་ཀྱི་དུས་བབས་རེད། དུས་བབས་ལ་ཁྱེད་དགོས་མཁོ་ཧ་ཅང་ཆེ། ཁྱེད་ཀྱི་སྨྱུག་མིང་སྟེ་གཟི་བརྗིད་དང་དོན་དངོས་དང་མཚུངས། ཁྱེད་ཀྱི་སྨྱུག་མིང་འདི་རྣ་བར་སྙན་ལ་མིག་ལ་མཛེས།

    Reply
  3. ཤག་སྒང་པ། says:
    ལོ་ 15 སྔོན།

    དེ་རིང་སྤོབས་པས་བཤད་པའི་སྐད་ཆ་དེ་འདྲ་ལེན་མང་བོད་ཀྱི་དུས་བབ་ཁང་ལ་འབྱོར་ཟིན་པ་རེད། དེ་ལྟར་ནའང་འགྱུར་བ་ཞིག་གཏོང་བརྩི་མེད་པ་ལ་གཞིགས་ན། དགོས་པ་དང་དམིགས་ཡུལ་ངེས་ཅན་ཞིག་ཡོད་བཟོ་འདུག གང་ལྟར་སྤོབས་པ་ལགས། ཕེབས་ཤོག་དུས་བབ་དང་ཁྱེད་རང་ཞལ་འབྲལ་མི་ཉན། སྒེར་དང་སྤྱི་ཞེས་པའི་བསམ་བློའི་འདུ་ཤེས་ཟེར་བ་ཡང་འདི་ན་འཁོར་འོང་གིན་འདུག

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས་ཀྱིས་བསམ་ཚུལ་ཡག་པོ་ཞིག་གསུངས་འདུག

    སྨྱུག་མིང་དང་གསང་མིང་ལ་སོགས་པ་ནི་དགོས་དབང་ཞིག་གིས་དར་བ་ནི་ང་ཚོ་ཚང་མས་ཤེས་གསལ་ལྟར་རེད། ཡིན་ཡང་། དགོས་དབང་དེ་དཔེ་གསར་འདྲ་བོ་ཆགས། ལྷག་པར་དུ་བེད་སྤྱོད་ཀྱི་དམིགས་ཡུལ་དང་ལག་ལེན་གཉིས་ཀ་ལས་ངན་པའི་ཕྱོགས་སུ་ཕྱིན་ན་རང་གཞན་ཀུན་ལ་གནོད་མ་གཏོགས་ཕན་མེད་སྟབས་གཟབ་དགོས་པ་བརྗོད་ག་ལ་དགོས།

    ལྷག་པར་དུ་བོད་ཀྱི་དུས་བབ་ལྟ་བུ་ཡིན་ན་ཆེད་ལས་གསར་འགོད་ལས་རིགས་གཉེར་མཁན་གྱི་སྒྲིག་འཛུགས་ཤིག་རེད། ལས་རིགས་འདི་ང་ཚོའི་སྤྱི་ཚོགས་ནང་དུ་ག་ཚོད་ཅིག་དགོས་མཁོ་ཡོད་པ་དེ་བར་དུ་ཆེད་ལས་རང་གི་ཐོག་ནས་ཉར་དགོས་སྟབས། འདི་བརྒྱུད་དེ་སྤྱི་ཚོགས་ལ་གནོད་གཞིའི་རིགས་སྤེལ་ན་ང་རང་བོད་པ་ཚང་མར་གྱོང་མ་གཏོགས་མེད་པ་ཡང་ཞུ་ག་ལ་དགོས།

    ཡིན་ཡང་། ངེས་པར་དུ་གསང་མིང་ངམ་སྨྱུག་མིང་གི་རྩོམ་སྤེལ་མཁན་དང་བསམ་ཚུལ་འདོན་མཁན་ཡོད་ན་དེ་དག་ལ་ལམ་ཁ་ཅིས་ཀྱང་ཡོད་ངེས་པ་རེད་ལ། ལམ་ཁ་ཕྱེ་ཡང་ཐུབ་གི་རེད། ངའི་བསམ་ཚུལ་ཡིན་ན་དེ་འདྲའི་གནད་ལ་ཐུག་མཁན་རྩོམ་པ་པོའམ་དོ་བདག་ཁོ་རང་གིས་བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་མཉམ་དུ་ཕན་ཚུན་གཉིས་ཀས་ཁག་འཁུར་གྱི་ཆ་རྐྱེན་འོག་ནས་གྲོས་བྱས་ན་འགྲིག་གི་རེད།

    སྔོན་ཆད་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་དུ་ཁ་མཆུ་ཐོག་དང་པོ་སླེབ་དུས་ཀྱང་བོད་ཀྱི་དུས་བབ་གསར་ཁང་དང་སྤྱི་ཟུར་བྱ་དར་བསོད་ནམས་བཟང་པོ་གཉིས་ཐུག་པ་རེད། དེ་དུས་བོད་ཀྱི་དུས་བབ་རྩོམ་སྒྲིག་པས་ཐ་ན་ཁྲིམས་ཞིབ་ཁང་ནས་ཀྱང་སྐབས་དེར་རྩོམ་ཡིག་འབྲི་མཁན་གྱི་མིང་མ་བཏོན་པར་ཁ་མཆུའི་ཉེས་པ་བོད་ཀྱི་དུས་བབ་གསར་ཁང་གིས་ཁུར་པ་རེད།

    ང་ཚོའི་སྤྱི་ཚོགས་འདི་ཆུང་ཆུང་དང་སྐབས་རེར་གུ་དོག་པོ་འདྲ་ཞིག་ཡོད་སྟབས། སྨྱུག་མིང་གི་འོག་ནས་རྩོམ་འབྲི་དགོས་པའི་སྐབས་ཡོད་སྲིད་པས་དེ་དུས་ངེས་པར་དུ་རྩོམ་སྒྲིག་པ་མཉམ་དུ་གྲོས་བྱས་ཏེ་རྩོམ་ཡིག་དེ་སྤེལ་ཐབས་བྱ་དགོས་པ་རེད། རྩོམ་སྒྲིག་པས་ཀྱང་འདིའི་རིགས་ཁག་འཁུར་བྱེད་དགོས་པ་མ་གཏོགས། ཕར་ཕྱོགས་ཀྱི་མོས་མཐུན་མེད་པར་རྩོམ་པ་པོ་སུ་ཡིན་གྱི་གསང་བ་ཕྱི་ལ་གྱར་འཇུག་པ་ནི་ཆེད་ལས་ཀྱི་ངོས་དང་ཁྲིམས་ཐོག་ནས་འགྲིག་གི་མེད་སྟབས། ང་ཚོར་ཡང་ལམ་ཁ་མང་པོ་ཡོད་པ་རེད་འདོད་ལ། ཟིན་བྲིས་གཉེར་མཁན་ཡིན་ན་ཡང་གནས་སྟངས་དེ་དང་གཅིག་པ་རེད་འདོད།

    Reply
  5. གྲགས་བསོད་ says:
    ལོ་ 15 སྔོན།

    ཨ་ཁ་ཁ་ཁང་པའི་ཀ་བ་གཅིག་འགྱེས་ཚ་འདུག་ཡི་ན་ཡང་ཤི་མི་འདུག་ཤུགས་རྒྱ་ནས་ཡར་ལངས་ཤོག།

    Reply
  6. རྒྱ་རྙི། says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས། ཁྱོད་ཀྱིས་བཤད་པ་བདེན་པ་རེད། རྩོམ་པ་པོའི་སུ་ཡིན་ཤེས་རྗེས། གནས་ལུགས་མེད་པར་སྐྱོན་བརྗོད་རྐྱང་རྐྱང་བྱེད་འོང། བདག་ཐོག་མར་དྲ་ཚིགས་སུ་ཞུགས་སྐབས། མིང་རྫུས་མ་བཀོད་མཁན་མང་བོ་ཞིག་གིས་ངའི་རྩོམ་ཡིག་ལ་མཐོང་ཆུང་མེད་སྐྱོན་བརྗོད་བྱེད་གང་མང་བྱེད་ཀྱིན་འདུག ཕྱི་ལོ ༢༠༠༩ ཟླ་ ༦ ནང་ང་རང་དུས་བབ་ཟིན་བྲིས་ལས་ཕྱིར་བུད་པ་ཡིན། རྗེས་སུ་གསང་བ་གཅིག་ཤོར་གཉིས་ཤོར་གྱིས་སྔོན་གྱི་མིང་རྫུན་དེ་དག་སུ་ཡིན་གསལ་བར་ཤེས་སོང། དོན་དངོས་མི་གཅིག་གཉིས་ཤིག་རེད། ད་བདག་ཡང་བསྐྱར་ཞུགས་འདོད་སྐྱེས་སོང།
    སྤོབས་པ་མཐའ་ཡས་ལགས། སྤོབས་པ་ཞིག་སྐྱེད་རོགས། རིག་གཞུག་ལ་སེམས་ཁྲལ་དང་མི་རིགས་ལ་རྒྱ་ཞིག་ཡོད་ན། ཟིན་བྲིས་སུ་ཞུགས་རོགས། དོན་མེད་དུ་ཕམ་ཁ་ཁུར་ན་སྙིང་བོ་ཅི།

    Reply
  7. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 15 སྔོན།

    ཕངས་པ་ལ། ཡང་མེ་སྟག་ཅིག་ཕུ་ཐུང་ནང་ནས་བསད་སོང་།

    Reply
  8. འཇམ་མགོན། says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས། སྨྱུག་མིང་ཞིག་ཏུ་སྤྲུལ་པ་ལས་མིང་རྫུན་ཞིག་ལ་བརྫུས་པ་དེ་རིང་རང་ཉིད་ཀྱི་གསལ་བཤད་ལས་མ་གཏོགས་ཤེས་མ་བྱུང་། ཡིན་ཡང་ཉིད་གང་དུ་སྤྲུལ་ཡང་བདེན་དོན་དང་དྲང་གཏམ་ཁོ་ན་ཞིག་གི་ལམ་བུ་ཤར་བསྐྱོད་གནང་ཡོད་བསམ་བྱུང་། དེའི་སྟབས་ཀྱིས་ང་ཡང་མིང་ག་གེ་མོ་ཞིག་ལ་མ་བརྫུས་པ་ཅུང་འགྱོད་སེམས་སྐྱེ་བྱུང་།

    Reply
  9. དབྱངས་ཅན་སྒྲོལ་མ། says:
    ལོ་ 15 སྔོན།

    རྩོམ་ཡིག་བྲི་མཁན་སྤོབས་པ་མཐའ་ཡས་ཁོང་གི་བསམ་བློ་དང་དམིགས་ཡུལ་གང་ཅེས་ཐད་ནས་ཧ་ཅང་ཡག་པོ་རེད་འདུག དེ་མཚུངས་དུས་བབས་རྩོམ་སྒྲིག་པས་དུས་རབས་ཞིག་གི་འཁྱོག་འཚམ་དང་མི་རིགས་ཞིག་གི་བདེ་སྡུག་འཇིག་རྟེན་ཞིག་གི་རྙོག་འཛང་སོགས་ལ་དབྱེ་འབྱེད་སྤས་དག་ཞིག་གི་ཕྱིར་དུ་དཀའ་སྡུག་མང་པོ་བྱས་ནས་མཆན་ལ་ཞིབ་བཤེར་ཡང་དག་བྱས་ནས་དྲ་ཐོག་ལ་འགོད་དང་འགོད་བཞིན་པ་དེ་ལ་ང་ཚོ་བོད་མི་ཡོངས་ཀྱི་རྗེས་སུ་ཡི་རིང་དང་བཀའ་དྲིན་ཞུ་དགོས་པ་ཞིག་དང་རྒྱབ་སྐྱོར་བྱེད་དགོས་པ་ཞིག་རེད། སྔོན་མ་བཞིན་མ་འོངས་པར་ཡང་དགོས་མེད་རིགས་དྲ་ངོས་ལ་འདོན་འཇུག་མ་བྱས་ན་ལེགས་སྙམས།

    Reply
  10. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཟིན་བྲིས་པ་ལེགས་པོ་ཞིག་མེད་སོང་བ་ནི་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་ནང་དུ་མི་མཐོང་ས་ནས་ས་ཡོམ་བརྒྱབས་ཏེ་མི་གྲངས་བཅུ་ཡས་མས་ཤིག་བསད་པ་མཚུངས་པས་འགྱོད་སེམས་ཆེ། ལྷག་པར་སྤོབས་པ་མཐའ་ཡས་ནི་ངའི་ཡིག་ནོར་སོགས་ལ་གཟིགས་སྐྱོང་གནང་བའི་དགེ་རྒན་ལྟ་བུ་ཞིག་དང་རྩོམ་པ་པོ་ཡིད་སྨོན་སྐྱེ་ས་ཞིག་ཡིན། རྒྱུ་མཚན་ཆོས་དང་འཇིག་རྟེན་གཉིས་ཆ་ནས་བཤད་རྒྱུ་ཡོད་ལ་བོན་ལུགས་དང་དགེ་ལུགས་སྐོར་ལ་ཏོག་ཙམ་རྒྱུས་མངའ་ཆེ་བར་འདོད། གང་ལྟར་དྲ་གྲོགས་ལགས་བདེ་མོ།

    Reply
  11. དམར་ཁ་ཚ། says:
    ལོ་ 15 སྔོན།

    རྩོམ་ཡིག་འདི་ནི་རྒྱབ་སྐྱོར་བྱེད་དགོས་པའི་རྩོམ་ཡིག་ཅིག་ཏུ་མཐོང་བྱུང། ཡིན་ནའང། དངོས་མིང་མེད་མཁན་ཚང་མ་ཕྱིར་འབུད་གཏོང་འདོད་པ་ནི་ཅུང་ནོར་སོང་བ་འདྲ། དེ་ཚོའི་ནང་ན་གནས་ལུགས་གླེང་མཁན་དང་བསམ་བློའི་སྒོ་འབྱེད་སོགས་མང་བོ་ཞིག་ཡོད་པས། རྗེས་སུ་ཡི་རང་དང་གུས་བཀུར་བྱེད་དགོས། འོན་ཀྱང། རང་གར་མི་འདུག་ཅིང། ཅི་ཡང་མི་ཤེས་པའི་ལྷ་མིན་འདྲེ་མིན་གྱི་བར་དོ་བ་དེ་ཚོ་དངོས་གནས་རྩོམ་པ་པོ་དང་རྩོམ་སྒྲིག་པ་མཉམ་འབྲེལ་གྱིས་ཕྱིར་འབུད་བཏང་ན་བཟང་ངོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese