མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་ད་ཐེངས་མཐོང་བའི་ཕ་ཡུལ།

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༡
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་ང་རང་སོང་བའི་ས་ཆ་ནི་མཚོ་ལྷོ། མཚོ་བྱང་། བླ་བྲང་། རེབ་གོང་། སྐུ་འབུམ། གཅན་ཚ་སོགས་ཡིན་ལ་འདི་ནི་ས་ཆ་དེ་དག་གི་མཐོང་ཐོས་མཉམ་དུ་བྲིས་བ་ཡིན།

___གསལ་ལེ་རྒྱལ།

འདི་ནི་ང་རང་ཕ་ཡུལ་ལ་ཁ་བྲལ་ཏེ་ལོ་ངོ་བཅོ་བརྒྱད་འགོར་བའི་རིང་ཕྱིར་ཕ་ཡུལ་ལ་ལོག་ཐེངས་ལྔ་བ་མོ་ཡིན། ཐེངས་སྔོན་མ་དག་ནི་ཁྲ་ཁྲ་རིག་རིག་དང་མངོན་གསལ་མིན་པའི་སྣང་བརྙན་དག་གིས་ཡོངས་སུ་བཀབས་ནས་ངས་ཅི་ཡང་མཐོང་མ་སོང་། དེའང་རང་གི་སེམས་སུ་རྒྱ་བོད་གཉིས་ཀའི་འདོད་འདུན་ཅི་ཡིན་གསལ་ཁ་མེད་པའི་ཁར་རང་ཉིད་ལའང་མཐར་གཏུག་གི་རེ་བ་ངེས་གཏན་ཅན་ཅི་ཡང་མེད་པས་ཡིན། ཡིན་ནའང་ད་ཐེངས་ངས་རང་གི་སེམས་སུ་མེས་རྒྱལ་གྱི་ཁྱིམ་ཚང་གཅིག་ནས་མི་རིགས་འདྲ་མཉམ་གྱི་ཆ་རྐྱེན་འོག་མཉམ་འདུག་བྱེད་དགོས་བའི་ད་ལྟའི་གནས་སྟངས་དང་འཛམ་གླིང་གི་སྤྱི་འགྲོས་ལྟར། རང་བཙན་ཞེས་བའི་ཧམ་སེམས་དེ་སེམས་སུ་དོར་ནས་རང་དབང་ཞེས་བའི་སེམས་ཅན་ཀུན་ལ་དགོས་ངེས་ཀྱི་ཐོབས་ཐང་དེ་གཙིགས་སུ་བཟུང་ནས་ཕར་འཁྱོག་ཚུར་འཁྱོག་མེད་པར་ཞིབ་ལྟ་བྱས་བ་ཡིན།

ངས་ཡིད་ཚོད་བྱས་བ་ཙམ་མིན་པར་དངོས་སུ་མིག་གིས་གསལ་བོར་མཐོང་བའི་ཆ་གཉིས་དང་། ཡིད་ཚོད་ཀྱིས་ཤེས་ཐུབ་པའི་ཆ་འགའ་ཡང་འདུག་མོད། ངས་འདིར་བཤད་འདོད་པ་ནི་རང་གིས་དངོས་སུ་མཐོང་བའི་ཆ་དེ་གཉིས་ཡིན།

དང་པོ། དཔལ་འབྱོར་ཡར་རྒྱས་དང་དེའི་ཕུགས་རྒྱང་།

གཉིས་བ། མི་རིགས་ཀྱི་རིག་གཞུང་དང་དེའི་ཡུན་ཚད་བཅས་ཡིན།

དང་པོ།

ཞིང་འབྲོག་མི་དམངས་ཀྱི་ཁ་ཟས་འཚོ་བ་དང་ཁ་རྒྱབ་གོན་པ་ནི་སྤྱི་འགྲོས་ལྟར་ཡར་རྒྱས་ཆེན་པོ་འདུག་ལ། དེ་ནི་དུས་རབས་དང་དུས་རབས་བསྡུར་ན་ཡིན་དགོས་ངེས་ཤིག་ཀྱང་རེད། ཞིང་འབྲོག་མི་དམངས་ཀྱིས་ཡིད་མགུ་བའི་རྣམ་འགྱུར་ཡང་དེའི་སྟེང་ནས་གསལ་བོར་མངོན་ཐུབ་ཀྱིན་འདུག ཁོ་ཚོའི་བཤད་སྟངས་ལྟར་བྱས་ན་དེ་ནི་གོང་རིམ་གྱི་རོགས་སྐྱོར་ཡིན་ཡང་། ཞིབ་འདང་བརྒྱབ་ན་གོང་རིམ་གྱི་དམིགས་ཡུལ་དང་འཆར་གཞིའང་དེ་རེད། ཡིན་ནའང་རོགས་སྐྱོར་དེ་ལ་ཕུགས་ཅི་ཙམ་ཡོད་མེད་དང་། ཡུན་ཅི་ཙམ་རིང་མིན་ལ་སུས་ཀྱང་ཡིད་ཚོད་བྱེད་ཐུབ་ཀྱི་མི་འདུག རོགས་སྐྱོར་དེས་བོད་ཞིང་འབྲོག་མི་དམངས་ཀྱི་སེམས་སུ་སྒྱུད་ལུག་གི་གོམས་གཤིས་ཤིག་རང་བཞིན་གྱིས་ཕབས་འདུག་ལ། རོགས་སྐྱོར་དེའི་མཇུག་རྫོགས་པ་ན་མུ་གེའི་ཞིག་རང་བཞིན་གྱིས་མགོར་ལྷུང་ཡོང་བའི་ཐབས་ཤེས་ཤིག་ཀྱང་བཀོད་འདུག་སྙམས། དགོད་སྤྲོ་བ་ཞིག་ནི་གོང་རིམ་ནས་སྤྲད་པའི་རོགས་སྐྱོར་སྒོར་མོ་དེ་དག་ཞིང་ཆེན་རིམ་པ་དང་རྫོང་རིམ་པ། གྲོང་བརྡལ་རིམ་པ་བརྒྱུད་ནས་མི་དམངས་ཀྱི་ལག་ལ་འབབ་དགོས་ཤིང་། རྒྱུད་རིམ་དེ་དག་གིས་ཤ་བཏོག་དང་ཚིལ་བཏོག་བྱས་ནས་ཞིང་འབྲོག་མི་དམངས་ཀྱི་ལག་ལ་དངོས་སུ་བབས་དུས་རུས་བ་སྐམ་པོ་ཁྱིའི་སྔུན་དུ་གཡུག་པ་ཙམ་ལས་ཅི་ཡང་མི་འདུག་མོད། དེ་ནི་གོང་རིམ་ནས་ད་དུང་ཤེས་ཀྱི་མེད་པའམ། ཡང་ན། ཤེས་ཀྱང་ཐབས་ཤེས་མེད་པ་འདྲ། ང་རང་ཕ་ཡུལ་ནས་ཉིན་འགར་བསྡད་པའི་རིང་ལ་དེ་དང་འབྲེལ་བའི་དོན་རྐྱེན་གལ་ཆེན་ཞིག་བྱུང་བ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱ་གྲམ་དམར་བོའི་ལས་ཁུངས་ཀྱི་ལས་བྱེད་ཅིག་རྒྱུ་དངོས་ལྐོག་ཟ་བྱས་བའི་ཉེས་མིང་འོག་སྲོག་ཐོག་ལ་བཏངས་བ་དང་། ལས་ཁུངས་དེའི་འགན་འཛིན་བོད་རིགས་བུད་མེད་ཅིག་ཅི་བྱ་གཏོད་མེད་དུ་གྱུར་ནས་རང་སྲོག་བཅད་འདུག་པ་དེ་རེད།

རོགས་སྐྱོར་ནི་རོགས་སྐྱོར་ཡིན་པས་ན་གལ་ཏེ་གོང་རིམ་གྱི་རོགས་སྐྱོར་སྒོར་མོ་དེ་དག་བོད་ཞིང་འབྲོག་མི་དམངས་ཀྱི་ལག་ལ་དངོས་སུ་འཆར་གཞི་ཡོད་པའི་སྒོ་ནས་འབབ་ཀྱིན་ཡོད་ཚེ་དཔལ་འབྱོར་གྱི་ཕྱོགས་ནས་གོང་འཕེལ་ཆེན་པོ་ཡོང་ངེས་དང་། དེས་མ་འོངས་བར་ལམ་སྟོན་ཡང་བྱེད་ཐུབ་ངེས་རེད། ཡིན་ནའང་ད་ལྟའི་འགྲོ་སྟངས་ལྟར་བྱས་ཚེ་ཁ་ཕྱོགས་མེད་པའི་རོགས་སྐྱོར་ཞིག་སྟེ། ས་དོང་ནང་ནས་ཕག་ལ་ལྟོ་སྤྲད་པའི་གསོ་སྟངས་ཙམ་དང་དེའི་མཐའ་མའི་དམིགས་ཡུལ་ཡང་རོགས་སྐྱོར་བྱེད་མཁན་ལ་ཤ་ཚིལ་ཚོན་པོ་རག་པའི་དམིགས་ཡུལ་ཙམ་ལས་གཞན་ཅི་ཡང་མི་འདུག

ཁོ་ཚོའི་བཤད་སྟངས་ཤིག་ལ་ལོ་འགའི་སྔོན་ལ་ལོ་ལྟར་ཐན་སྐྱོན་བྱུང་ནས་མི་ཟོག་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་པ་དེ་ནི་ཕྱུགས་ཟོག་མང་དྲགས་པའི་དབང་གིས་རྩྭ་སར་གནོད་སྐྱོན་ཐེབས་ཏེ། ཆར་ཆུ་དུས་ལྟར་འབབ་མ་ཐུབ་པའི་དཀའ་ངལ་བྱུང་བ་ཡིན་ཚུལ་དང་། ད་ལྟ་ཕྱུགས་ཟོག་ཇེ་ཉུང་ལ་བཏངས་བ་དེས་ཡུལ་ལྗོངས་སྔོ་ལྗང་ཅན་དུ་བསྒྱུར་བ་དང་ཆར་ཆུ་དུས་ལྟར་འབབ་པར་རོགས་སྐྱོར་ཐེབས་ཚུལ་བཤད། རྒྱུ་མཚན་དེས་བོད་ཞིང་འབྲོག་མི་དམངས་ཀྱིས་ཕྱུགས་ཟོག་དང་ཞིང་ས་ཇེ་ཉུང་དུ་གཏོང་བར་རང་ཤུགས་ཀྱིས་འབད་བརྩོན་བྱེད་བཞིན་འདུག ༼བཤད་ཚུལ་གཞན་ཞིག་ལ་ཐན་སྐྱོན་བྱུང་བའི་ལོ་དེ་དག་ལ་ཆར་འགོ་ལངས་བ་དང་གནམ་གྲུ་ཞིག་གིས་ཆར་སྤྲིན་གཏོར་ནས་ཆར་ཆུ་འབབ་ཏུ་མི་འཇུག་ཚུལ་ཡང་བཤད༽། གོང་རིམ་གྱི་རོགས་སྐྱོར་དེས་ཞིང་བའི་ས་རྒྱ་ཇེ་ཆུང་ལ་བཏང་ནས་ནགས་ཚུལ་འཛུགས་བསྐྲུན་དང་། འབྲོག་པའི་ཕྱུགས་ཟོག་གི་ཁ་གྲངས་ཇེ་ཉུང་ལ་བཏང་ནས་རྩྭ་ས་གསོ་སྐྱོང་བྱེད་བཞིན་འདུག་པ་མ་ཟད། ཞིང་འབྲོག་མི་དམངས་ལ་འཚོ་བའི་ཁ་སྣོན་སྐྱིན་ཚབ་སྤྲོད་བཞིན་འདུག གོ་ཐོས་རིག་ཐོས་ཙམ་ལ་རོགས་སྐྱོར་དེ་དག་ནི་ལོ་འགའི་རིང་ལ་ཡིན་ཞིང་། དེའི་རྗེས་སུ་རྩྭ་ས་དང་ཞིང་ས་ཚང་མ་གོང་མ་ཚང་གིས་བདག་ཉར་བྱེད་རྒྱུ་ཡིན་པ་མ་ཟད། ཞིང་འབྲོག་མི་དམངས་ལ་འཚོ་བའི་ཁ་སྣོན་རོགས་སྐྱོར་སྒོར་མོ་དེ་དག་ཀྱང་འབབ་རྒྱུ་མིན་པ་འདྲ། དེ་དུས་ཞིང་ས་མེད་པའི་རོང་བ་ཚོ་དང་ཕྱུགས་ཟོག་མེད་པའི་འབྲོག་པ་དག་༼སྡེ་གསར་༽ཞེས་བའི་གྲོང་པ་གསར་བ་ཞིག་ནས་མཉམ་དུ་འཆི་རྒྱུ་ཡིན་པ་འདྲ་མོད། ཡིན་ནའང་ཁོ་ཚོས་ད་དུང་ཁ་གཅིག་གྲགས་ཀྱིས་ ༼་་མི་ཚང་མས་ཁ་སོས་ས་ནས་ངས་ཀྱང་སོས་དགོས་བ་རེད་་་་༽ཟེར། ཡིན་ནའང་ཁ་གསོ་སྟངས་ལ་ད་དུང་འཆར་གཞི་དང་དམིགས་ཡུལ་ཅི་ཡང་མི་འདུག

ལུག་རབ་ཞིག་ལ་སྒོར་ཆིག་སྟོང་ལྔ་བརྒྱ་དང་འབྲིང་ཞིག་ལའང་སྒོར་བརྒྱད་བརྒྱའི་གཡས་གཡོན་རེད། ཤ་རྒྱ་མ་གང་ལ་སྒོར་ཉེར་གསུམ་ཙམ་རེད། ནོར་གྱི་འཕེལ་ཁ་དལ་བའི་ཁར་རིན་གོང་དེ་ཙམ་མེད་ལ། ལས་ཚེགས་ཧ་ཅང་ལྗི་བས་ན་ཚང་མས་ནོར་བཙོང་ནས་ལུག་ལ་བརྗེས་བཞིན་འདུག འཕྲུལ་རྟ་དང་རླུང་འཁོར་མེད་པའི་ཁྱིམ་ཚང་གཅིག་ཀྱང་མི་འདུག་པ་མ་ཟད། མི་ཚང་མས་བུ་ལོན་བླངས་ནས་རླུང་འཁོར་ཉོ་བར་འགྲན་བསྡུར་བྱེད་བཞིན་འདུག སྒོ་ཟོག་གཅིག་ཀྱང་མེད་པའི་ཁྱིམ་ཚང་ཚོས་ཀྱང་རང་རང་གི་རྩྭ་ས་གཏའ་མར་བཞག་ནས་རླུང་འཁོར་ཉོ་བཞིན་འདུག་ལ། རླུང་འཁོར་དེས་གཡོག་ལ་རྒྱུག་ནས་ཡོང་འབབ་སྒོར་མོ་འཚོལ་ཐུབ་མཁན་གཅིག་གཉིས་ཙམ་ལས་མི་འདུག མི་དང་འཕྲུལ་རྟ། རླུང་འཁོར་སོགས་ལ་འགྲོ་སྟངས་དང་རང་རང་འགྲོ་སའི་ལམ་ཁ་དམིགས་སུ་བགར་མེད་པས་ཚང་མ་རྟ་ནོར་ལུག་གསུམ་ཆུ་ཁ་ནས་མཉམ་དུ་བསྲེས་བ་ལྟར་ཕར་འཁྱོག་ཚུར་འཁྱོག་བྱས་ནས་འགྲོ་བཞིན་འདུག ང་རང་ཉིན་འགར་བསྡད་པའི་རིང་དེར་ངེད་ཚོའི་སྡེ་བ་གཅིག་པུ་ནས་མི་གཉིས་འཕྲུལ་རྟ་གདོང་ཐུག་བརྒྱབས་ནས་འཆི་རྨས་སུ་བཏང་འདུག་ལ། སྡེ་བ་གཞན་པ་ནས་བྱུང་བའི་གནས་ཚུལ་དེའི་རིགས་གྲངས་ཀྱིས་ག་ལ་ལོངས།

ལུག་རྫི་ཚོ་སྔ་མོར་ལངས་ནས་རང་རང་གི་ལུག་ཁྱུ་རྩྭ་སའི་ལྕགས་རའི་ནང་དུ་བཅུག་རྗེས་འཕྲུལ་རྟ་དང་རླུང་འཁོར་བསྐོར་ནས་གྲོང་ཁྱེར་ལ་འགྲོ་དགོས་བ་ཆོས་ཉིད་དུ་གྲུབ། གྲོང་ཁྱེར་ནས་སྔ་དགོང་གཉིས་ལ་སྨན་འདྲ་མིན་བཏབས་པའི་ཟ་ཁང་གི་ཟ་མ་ཟ་དགོས་བའི་ཁར་ཟ་ཁང་གི་གཙང་དག་ལ་དེ་ཙམ་དོ་སྣང་མེད་པས། ཕོ་བ་དང་གློ་མཆིན་ལ་ན་ཚ་མེད་པའི་མི་གཅིག་ཀྱང་མི་འདུག བྱིས་བ་སྣབས་ལུག་ཚོའི་ཁ་ནང་ན་སོ་ཅན་གཅིག་ཀྱང་མི་འདུག གཅིག་ནས་ཕ་མས་བུ་ཕྲུག་ལ་གཅེས་སྐྱོང་བྱེད་མ་ཤེས་བར་མངར་མོ་དང་སྐྱུར་མོ། མཐའ་ན་གཡག་ཤ་ཁོ་ལ་ཟེར་བའི་སྨན་སྣ་འདྲ་མིན་བསྲེས་བའི་ཤ་རིགས་བཟོས་མ་སོགས་བུ་ཕྲུག་ཚོར་གང་འདོད་ལྟར་ཟ་རུ་བཅུག་སྟེ། ཕྲུ་གུ་ཚོ་ངན་ལངས་སྐྱག་ལངས་ལ་བཏང་བ་མ་ཟད། ཁ་ནང་གི་སོ་ཚང་མ་འབུས་ཟོས་ནས་ཕལ་ཆེར་སོ་གསོན་པོ་གཅིག་ཀྱང་ལྷག་མི་འདུག དེ་དང་མཉམ་དུ་སྨན་ཟ་བཞིན་མེད་པའི་མི་གཅིག་ཀྱང་མི་འདུག མི་ཚང་མ་ཚོན་པོ་དང་ཁྲག་ཤེད་ཅན་ཏག་ཏག་རེད། དེའང་ཟས་ཀྱི་སྡེབ་སྦྱོར་མ་འགྲིག་པ་དང་ཚོང་ཁང་གི་ཟས་རིགས་དང་སྨན་ཁང་གི་སྨན་རིགས་སོགས་དུས་ཡུན་རྫོགས་ཟིན་པས་ཡིན་ནའང་ཁོ་ཚོས་ད་དུང་ཤེས་བཞིན་དུ་དེ་ལ་དོ་སྣང་ཅི་ཡང་བྱེད་ཀྱི་མི་འདུག

མཐོང་ཐོས་དག་གསལ་ཁ་ཕྱེས་ཏེ་འབྲི་འདོད་བྱུང་ཡང་དུས་ཚོད་ཀྱི་དབང་གིས་དེ་ལྟར་མ་བྱུང་བས་དགོངས་དག དྲི་བ་ཡོད་ན་དྲིས་དང་ལན་ཁ་གསལ་འདེབས་ངེས་ཡིན། རིམ་པ་གཉིས་བ་ཉིན་འགའི་རྗེས་ནས་དྲ་ཐོག་ལ་འགོད་ཐབས་བྱ་ངེས་ཡིན།

 

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༩ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༡༡ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༡༣ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 13

  1. འཇམ་ཚུལ། says:
    ལོ་ 14 སྔོན།

    ཟིན་བྲིས་གསོན་པོ་ཞིག ༽གསལ་ལེ་རྒྱལ་ཐུགས་རྗེ་ཆེ། མུ་མཐུད་ནས་ཉན་འདོད་ཡོད། ལྷག་པར་དུ་འདིའི་སྐོར་༧གོང་ས་མཆོག་ལ་ཞུས་ནས་ད་ལོའི་དུས་དབང་སྐབས་དེའི་སྐོར་ལ་བཀའ་སློབ་ཅིག་སྐྱབས་འཇུག་ཞུ་ཐུབ་ན་ཧ་ཅང་ལེགས་སྙམ།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཁྱོད་ད་ཐེངས་ཕ་ཡུལ་དུ་སོང་བ་་ངོ་མ་ཕ་ཡུལ་བསམ་ནས་སོང་ནི་ཞིག་ག་རིག་གི
    གཙོ་བོ་ཕ་ཡུལ་གྱི་རིག་གནས་སློབ་གསོ་དང་ཕ་ཡུལ་གྱི་དཔལ་འབྱོར། ཕ་ཡུལ་གྱི་ཆབ་སྲིད་བསམ་བློ་གསུམ་ཧ་ཅང་དོ་མི་སྙོམ་པའི་གནས་སྟངས་འདིས་ལན་པ་ལོས་ཡིན། དེ་ནི་གོང་རིམ་ལ་རག་ལས་པར་མ་ཟད་བོད་མི་རང་ཉིད་ལའང་རག་ལས་ཡོད། རང་མགོན་རང་གིས་བྱེད་སྟངས་ཐད་ལ་ང་ཚོས་ང་ཡུལ་དང་འབྲེལ་བ་མང་པོ་བྱེད་དགོས། ལྷག་པར་ཕ་ཡུལ་ལ་འགྲོ་མཁན་ཚང་མས་ཕ་ཡུལ་ལ་ལེགས་སྐྱེས་སྣ་ཚོགས་ཤིག་གྲ་སགྲིག་བྱེད་ཐུབ་ན་ལེགས།
    འུ་ཚོས་ཕ་ཡུལ་གྱི་དགེ་སྐྱོན་གསལ་རྟོགས་དང། ཕ་ཡུལ་ལ་བརྒྱུད་ལམ་སྣ་ཚོགས་ནས་སྨན་སྣ་ཚོགས་སྡེབ་སྦྱོར་བྱེད་རྒྱུ་འདི་ངོ་མ་གལ་ཆེན་རེད།
    མུ་མཐུད་ནས་ཀློག་འདོད་ཡོད།

    Reply
  3. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    ཆ་ཚང་བཀླགས་ཡོད།

    Reply
  4. ཅང་མེད། says:
    ལོ་ 14 སྔོན།

    གསལ་ལེ་རྒྱལ་ལགས་ཁྱེད་ཕྱིར་ཐོན་པས་འཚམས་འདྲི་ཞུ། གོང་གསལ་ཁྱེད་ཀྱི་ཟིན་བྲིས་ཐང་གཉིས་ལ་བཀླགས་ཟིན་ཡིན། དྲི་བ་འདི་གསུམ་ལ་ལན་འདེབས་པར་བཀའ་དྲིན་ཆེ།
    ༡ རོང་འབྲོག་ཚོའི་སྒོ་ཕྱུག་དང་ས་ཞིང་སོགས་མེད་པ་ཡིན་ན་ཁོང་ཚོའི་ཞོར་ལས་བྱེད་སའི་དངོས་པོའི་རིན་གོང་ག་ཚོད་རེད། གཡར་རྩ་དགུན་འབུ། པས་མོ། གཞན་ཞོར་ལས་སོགས།
    ༢ རོང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ཚོ་སློབ་གྲྭ་ལ་འགྲོ་ཐུབ་ཀྱིན་ཡོད་ནམ།
    སོང་ཟིན་པས་སློབ་མ་ཚོས་གནས་སྟང་དང་ཁོར་ཡུག་སློབ་ཚན་སོགས་ག་འདྲ་འདུག
    ༣ མང་ཚོགས་ཀྱི་ཁ་ཕྱོགས་སོགས་གང་ཞིག་ལ་འཁོར་འདུག ???

    Reply
  5. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    དོན་བཀྲ་ལགས། ཁྱོའི་སྐད་ཆའི་མཇུག་ཏུ་དེང་སང་ལོ་སར་ཡང་འཛོམས་རྒྱུ་ཁག་པོ་རེད་ཅེས་པའི་ཕུ་བོའི་གཏམ་དེ་རྣ་བར་ལྷུང་དུས་ཁྱེད་ལ་ཚོར་སྣང་ག་འདྲ་བྱུང་། ང་ལ་མཚོན་ན་དེ་ནི་སེམས་གཏིང་དུ་ཟུག་པའི་སྐད་ཆ་ཞིག་དང་སྡོམ་ཚིག་ཅིག་ཏུ་ཚོར། བོད་པ་ཚོ་ལ་མཚོན་ན་ལོ་སར་ནི་ནང་མི་ལྷན་འཛོམས་ཀྱི་གོ་སྐབས་དེ་རེད་མོད། དེང་སང་དེ་ཡང་མེད་དུས་བཤད་མི་དགོས་པར་བཤམས་ནས་འདུག ད་དཀའ་རྒྱུ་རེད།

    Reply
  6. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ཨ་རོ། དེ་འདྲའི་ཉེན་ཁ་ཞིག་ལ་ཐུག་ཡོད་ན། འདི་ནས་ཁ་ཆེན་པོ་གདང་ནས་སྡོད་པ་ལས། དབུ་མའི་ལམ་དེད་ནས་གང་མགྱོགས་ཡུལ་ལ་སོང་སྟེ། ཁོང་ཚོ་དང་སྐྱིད་སྡུག་མཉམ་མྱོང་གིས་མྱུར་སྐྱོབ་ཀྱི་ཐབས་ཤེས་རེ་འཐེན་ན་མི་བཟང་ངམ། ཨ་ལ་ཀུ་རེ་ཡིན་་་་

    ངས་ཉིན་འགའི་སྔོན་ཕ་ཡུལ་ལ་ཁ་པར་བཏང་བ་ཡིན། ངའི་ཕུ་བོ་དང་ཆུང་མ་གཉིས་ཀྱིས་རྨ་ལྷོ་སོག་རྫོང་ན་ཚོང་རྒྱག་གི་ཡོད་ཟེར། སྔོན་མ་ཡིན་ན་ང་ཚོའི་ཕ་ཡུལ་དུ་ཧོར་ཟླ་དྲུག་པའི་ཚེས་ ༡༠ ནས་ ༢༠ བར་ཁྱིམ་ཚང་ཡོངས་རི་སྒང་དང་། ནགས་འདབས་སུ་སོང་སྟེ་གུར་ཕུབ་ནས་༼ དྲུག་པའི་ཤིང་ལངས ༽ རོལ་གྱི་ཡོད། སྐབས་དེར་བུ་མོ་གནས་མ་དང་། ན་གཞོན་སློབ་མ་ཚང་མ་ཁྱིམ་ལ་འཛོམས་ནས་ཉིན་བཅུ་གྲངས་ཤིག་ལ་སྐྱིད་པོ་གཏོང་སྲོལ་ཡོད། ངས་ཕུ་བོ་ལ་ད་ལོ་ཤིང་ལངས་ཡོད་པ་མ་རེད་དམ་ཞེས་དྲིས་སྐབས། “ཁྱོས་ཤེས་ནི་མ་རེད། ལོ་འགའི་གོང་ནས་ཤིང་ལངས་མཚམས་ཆད་རེད། ཕྱུགས་ཟོག་མང་ཆེ་བ་བཙོང་ཚར་རེད། ཞིང་ཁར་རྒྱལ་ཁབ་ཀྱི་རྩ་འབྲུ་བཏབས་ཏེ། ད་སྐབས་ཡུལ་ན་ལས་ཀ་ཡོད་པ་མ་རེད་ལ། ཁྱིམ་ནས་བསྡད་དེ་ཡོང་འབབ་ཀྱང་ཡོད་པ་མ་རེད། དབྱར་མགོ་ཚེས་ཡོང་སྐབས་བུད་མེད་རྣམས་ཞོར་ལས་ལ་འགྲོ་ཡི་ཡོད། སྐྱེས་པ་རྣམས་ཀྱང་གྲོང་ཁྱེར་ཁག་ཏུ་སོང་ནས་ཚོང་ཙག་ཙིག་རྒྱག་གི་ཡོད་པ་རེད། ཤིང་ལངས་ཕར་ཞོག དེང་སྐབས་ལོ་གསར་ལའང་འཛོམ་རྒྱུ་དཀའ་མོ་རེད” ཅེས་བརྗོད་བྱུང་།

    Reply
  7. གྲགས་བསོད་ says:
    ལོ་ 14 སྔོན།

    ད་རྒྱ་མིའི་བསམ་དོན་འགྲུབ་ཀྱི་འདུག་གདའ།

    Reply
  8. ཁང་གསར་རྡོ་རྗེ། says:
    ལོ་ 14 སྔོན།

    ཡུན་རིང་འདིར་ཡོང་མ་ཁོམ། ཡོང་ནས་འདི་བཀླགས། ཡིད་ཚིམ་ཚིམ་འདྲ་ཞིག་བྱུང་།

    ངའི་ཕ་ཡུལ་ན། རོང་པ་ཚོས་ཞིང་རྒྱ་ལ་གཡར། གཡར་གླ་ཕྲན་བུ་དེས་ཚིམ་ནས་བསྡད། རྒྱས་ཞིང་ལ་དྲོད་ཁང་བརྩེགས། དབྱར་དགུན་མེད་པར་ཚལ་བཏབ། ཁེ་བཟང་བཟོས་ཏེ་ཕྱུག་པོར་གྱུར། རིམ་པས་ས་ཡང་བཟུང་བཞིན་འདུག

    ལྷ་ས་ལ་མཚོན་ན། ལྷ་སའི་བར་སྐོར་གྱི་ཚོང་ཁང་མང་ཆེ་བ་བོད་པས་རྒྱ་ལ་ཁང་གླར་བཏང་སྟེ། ད་ཆ་བར་སྐོར་ཡང་རྒྱ་གྲོང་ལྟ་བུར་གྱུར་ཉེན་འདུག

    ནད་ལ་མཚོན་ན། ཤ་སྨན་ནམ་སྤོད་ཡ་ཝི་ཅིང་ཟེར་བ་དེ་རྩམ་ཐུག་ནང་ལའང་འདེབས་པས། ལོ་ ༣༥ ཡན་གྱི་བོད་པ་བརྒྱ་ཆ་ ༨༠ ཕོ་བ་ནད་པ་རེད།

    Reply
  9. ལྷ་ཆབ་སྦྱིན་པ། says:
    ལོ་ 14 སྔོན།

    ཡོངས་སུ་བཀླགས་ཟིན། ཁྱེད་ཕྱིར་འབྱོར་བ་དགའ་བོ་བྱུང་།

    Reply
  10. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    ཨ་རོགས། ངོ་བཙོག ལམ་མ་འགྲོ་རྒྱོ། ད་ཐེངས་ཉཱུལ་ཉུལ་ནས་ཕྱིར་ཐོན་ཏེ་སྤེལ་བའི་ཟིན་བྲིས་སམ་སོ་མེད་སྡེ་བའི་གཏམ་རྒྱུད་དེ་ཧ་ཅང་བློ་ངོར་འཕྲོད་སོང་ལ།

    མཇུག་གི་སྐད་ཆ་དེ་ལས་ཀྱང་མང་བོ་ཞིག་མཐོང་སོང་།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 14 སྔོན།

    ཏག་ཏག་ཁྱེད་ཀྱིས་ཟིན་བྲིས་འདི་ལ་གྲ་སྒྲིག་བྱེད་བཞིན་པའི་སྐབས་ཡིན་རྒྱུ་རེད། ཁྱེད་ཕ་ཡུལ་མགོ་མང་ན་འབྱོར་ཏེ་ངེད་གཉིས་ཀྱིས་འཁྱུག་ཙམ་རིང་ཁ་བརྡ་བྱས་པའི་ཕྱི་ཉིན་ཙམ་ལ། ངའི་ཁུ་བོ་ཞིག་གྲོངས་ཐལ། ཁོང་མཆིན་ནད་ཀྱིས་གྲོངས་པ་རེད།

    རྒྱ་གདིང་གི་རྒྱ་མོ་ཚོ་དང་མཉམ་དུ། ད་སྐབས་ཨེ་ཙི་ན་ཚ་མདོ་དབུས་མཐོ་སྒང་ལ་འབྱོར་བའི་ལ་གར་ལུང་རྩེས་ཅི་ཡིན་མ་ཤེས། ཡིན་ཡང་། མཆིན་ནད་འདི་རྒྱ་ནག་ཧན་མི་རིགས་དང་མཉམ་དུ་བོད་ནང་ཁ་དར་ནས་བསྡད་ཡོད་པ་དང་། བོད་པ་ཚོ་ཁ་བཏག་གི་འདུག་པའི་གནས་ཚུལ་དེ་ངོ་མ་རེད། ཁྱོད་ལ་ན་ཚ་ཞེ་གནག་འདིའི་ཐད་ནས་བཤད་རྒྱུ་འདྲ་ཡོད་དམ།

    ཕྱི་སྡོད་བོད་རིགས་ཚོའི་ཁྲོད་ནས་མཆིན་ནད་འདི་ལ་རྒྱལ་ཁབ་རིམ་པ་ལྟ་བུ་དང་ཚབས་ཆེའི་རིམ་པར་བརྩིས་ནས་ཞིབ་འཇུག་ཅིག་བྱེད་དགོས་ཀྱི་འདུག རབ་ཡིན་ན། ཕྱི་སྡོད་བོད་མིའི་འཕྲོད་བསྟེན་ཞིབ་འཇུག་ཚོགས་པ་ཞིག་བོད་ས་སྟོད་སྨད་གང་སར་མྱུལ་ཏེ། སྙན་ཐོ་གང་ཡིན་པེ་ཅིན་དང་གངས་ཅན་སྐྱིད་གཤོངས་གཉིས་ཀར་འབུལ་ཐུབ་དགོས་པ་ཞིག་རེད། ཆབ་སྲིད་ཀྱི་ཚོར་བའི་དབང་གིས་བསྒྲགས་མི་ཐུབ་ན་ཕྱོགས་གཉིས་ཀ་ནས་གསང་བའི་ཐོག་ཉར་ཏེ། གང་ལྟར། བོད་རིགས་ཚོའི་འཕྲོད་བསྟེན་འདི་འཕྲོད་བསྟེན་གྱི་གནད་དོན་ཐོག་ནས་སེལ་དགོས་པ་འདྲ་ཞིག་རེད།

    ཁྱེད་ཀྱི་སྙན་ཐོ་འདི་བཀླགས་ནས་བློ་དོགས་འགའ་རེ་སེལ་ཐུབ་སོང་། གཞན་པ་ཅི་གསུང་རྒྱུ་ཡོད། མུ་མཐུད་ནས་ཁ་བརྡ་རེ་གནང་རོགས།

    Reply
  12. བསེ་རུ། says:
    ལོ་ 14 སྔོན།

    ཕ་ཡུལ་དུ་འགྲུལ་བཞུད་ཐེངས་ཤིག་བྱས་པའི་མྱོང་བྱང་འདིར་དྲངས་པ་བཀའ་དྲིན་ཆེ།
    དོན་གོ་ཡང་གང་འཚམ་ཆོད་ཡོད་པ་འདྲ། ཡིན་ནའང་།
    “རྩྭ་ས་གཏའ་མར་བཞག་ནས་རླུང་འཁོར་ཉོ་བཞིན་འདུག་ལ། རླུང་འཁོར་དེས་གཡོག་ལ་རྒྱུག་ནས་ཡོང་འབབ་སྒོར་མོ་འཚོལ་ཐུབ་མཁན་གཅིག་གཉིས་ཙམ་ལས་མི་འདུག”
    རླུང་འཁོར་རིན་ཐང་ཆེན་པོ་དེ་འདྲ་གང་ཡིན་ནམ། གཅིག་བྱས་ན་རྫུ་འཕྲུལ་ཅན་གྱི་རླུང་འཁོར་ཞིག་ཀྱང་ཡིན་སྲིད། ཨ་རོག་རྩེད་མོ་ཡིན།

    རླངས་འཁོར་དང་། རླུང་འཁོར་ལ་ཁྱད་པར་ཆེ་བ་ནི་ཁྱོད་ཀྱིས་ཀྱང་ལོས་ཤེས།
    ཡིན་ནའང་ཀློག་པ་པོ་ལས་དང་པོ་བ་ཚོ་མགོ་ན་བའི་རྒྱུ་རུ་ཟད་དོ།།

    Reply
  13. སྟག་ཕྲུག says:
    ལོ་ 14 སྔོན།

    སྔོན་མ་ང་རང་ཕ་ཡུལ་དུ་ཡོད་སྐབས་ས་གནས་འགོ་པ་བོད་རིགས་ཤིག་གིས་ནུབ་བརྒྱུད་ཐོན་སྐྱེད་ཆེན་མོའི་གནས་ཚུལ་སྐོར་དང་འབྲེལ་ནས་བཤད་དོན”ཀྲུང་དབྱང་ནས་གྲུ་བཞི་ཞིག་བསྐུར་ཡོང་གི་ཡོད་ཀྱང་། གྲོང་ཁྱེར་དང་རྫོང་རིམ་པ་བརྒྱུད་ནང་ཡོང་སྐབས་ས་གནས་རེ་ནས་གྲུ་རེ་ཟོས་ནས་མཐར་གཟུང་ས་འཆང་ས་མེད་པའི་ལྡོག་ལྡོག་རིལ་རིལ་ཞིག་ས་གནས་མང་ཚོགས་ཀྱི་ལག་ཏུ་འབྱོར་གྱི་ཡོད།”ཅེས་བཤད་སོང་བ་དེ་དྲན་སོང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese