མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་ནང་རྩིས་རིག་གི་རྩ་ཚིག་བཟོས།

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་མཐོ་རིམ་སློབ་མ་ཞིག་གིས་༼ རྒྱུན་མཁོའི་ཨང་རྩིས་རིག་གསལ་རྩ་བ༽ ཞེས་པ་ཞིག་གསར་རྩོམ་གནང་སྟེ། ཁ་སང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ་ངོ་སྤྲོད་དང་འབྲེལ་ཆེད་མཁས་པ་ཚོར་དགོངས་འཆར་བསྡུས་སོང་།

ཁ་སང་ཕྱི་ཚེས་ ༡༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡ སྟེང་། སྐུ་ཞབས་ཟླ་བ་ལགས་ཀྱིས་བོད་རིགས་སློབ་མ་ཚོའི་ཆེད་དུ་བོད་ཡིག་ནང་ཨང་རྩིས་རྣམ་བཞག་གི་རྩ་ཚིག་ཤོག་ངོས་ ༣༠ ཡོད་པ་ཞིག་གསར་རྩོམ་གནང་ཡོད་པ་དེ་ངོ་སྤྲོད་དང་། འབྲེལ་ཡོད་མཁས་དབང་ཁག་ནས་རྩ་བ་དེའི་ཐད་ལེགས་སྤེལ་ཉེ་འགོག་གི་དགོངས་ཚུལ་བསྡུ་ལེན་བྱས་ཡོད། ཨང་རྩིས་རིག་པའི་རྩ་བ་དེ་ནི་བོད་ཀྱི་སུམ་རྟགས་དག་གསུམ་གྱི་རྩ་བ་ལྟར། བོད་ཡིག་གི་ཚིག་བཅད་ཀྱི་སྒོ་ནས་རྩིས་རིག་གི་གྲངས་ཀྱི་རྣམ་བཞག་གི་བྱུང་རབས་དང་ངོས་འཛིན། དབྱེ་བ། ཐོབ་ཐང་སོགས་ཁ་གསལ་ལ་བློར་འཛིན་བདེ་པ་ཞིག་བཟོས་འདུག

སྐབས་དེར་སྐུ་ཞབས་ཟླ་བ་ལགས་ཀྱིས་བརྗོད་ན། ད་སྔའི་བོད་ཀྱི་བརྡ་སྤྲོད་སོགས་ཐུན་མོང་མ་ཡིན་པའི་བོད་པའི་རིག་གནས་རྣམས་སྔོན་བྱོན་མཁས་པ་དག་གིས་བརྩམས་པ་ལ་བརྟེན་ནས་དེང་སང་རྩ་བ་བརྟན་པོ་ཞིག་ཚུགས་ཡོད་ནའང་། དེང་གི་རིག་གསར་གྱི་རྣམ་གྲངས་མང་པོ་ཞིག་བོད་པའི་སྤྱི་ཚོགས་ཁྲོད་བསླེབས་ཡོང་སྐབས། དེ་དག་ཚང་མ་ཕྱིའི་སྐད་ཡིག་ནས་བོད་སྒྱུར་བྱས་པ་རྐྱང་ཆགས་ཡོད་སྟབས། ཉིན་ཞིག་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཚན་རིག་དང་རྩིས་རིག་གི་མཁས་པའི་བགྲོ་གླེང་ཞིག་གི་སྐབས་བོད་པར་གོ་སྐབས་ཤིག་སྤྲད་ཚེ་བོད་པར་སོ་སོའི་ཁྱད་ཆོས་དང་གསར་གཏོད་རང་བཞིན་གྱི་ཚན་རིག་དང་རྩིས་རིག་གི་གླེང་བྱ་ཞིག་དཀོན་ཞིང་། བཙན་བྱོལ་སློབ་གྲྭ་ཁག་གི་རྩིས་རིག་སློབ་ཚན་ཡོངས་ཕྱིའི་སྐད་ཡིག་ནས་ཕབ་བསྒྱུར་བྱས་པ་རྐྱང་ཆགས་ཡོད་ཟེར།

ཁོང་གིས་མུ་མཐུད། “རང་ཉིད་ཀྱི་ངོས་ནས་གང་བསྒྲུབས་པ་འདི་མཁས་ཉམས་དང་ཡང་ན་ད་སྔ་མ་བྱུང་པའི་ཚད་ལྡན་གྱི་གསར་གཏོད་ཅིག་ནམ་ཡང་བསམ་གྱི་མེད། རིག་གནས་ནི་མིའི་སྤྱི་ཚོགས་ཐུན་མོང་གི་ཡིན་ཞིང་། མིའི་དཔལ་ཡོན་དར་བའི་བརྒྱུད་རིམ་ཁྲོད་རིག་གནས་གང་ཤིག་སྤྱི་ཚོགས་བྱེ་བྲག་པ་དེའི་འཚོ་གནས་དང་བསམ་བློའི་དཔལ་ཡོན་དང་ཐག་ཉེ་བ་ཆགས་ཚེ་རིག་ཚན་བྱེ་བྲག་པ་དེ་ཡང་མི་རིགས་དེའི་རིག་གནས་ཀྱི་ངོ་བོར་གྲུབ་ཡོང་ངེས་ཡིན་པ་ལྟར། རྩིས་རིག་ལ་ཉམས་ཞིབ་བྱས་པ་བརྒྱུད་བོད་ཡིག་ནང་རྩིས་རིག་གི་རྩ་བ་ཞིག་བྲིས་པ་ཡིན་ལ། རྩ་བ་འདིར་མཁས་པ་རྣམས་ཀྱིས་དགོངས་འཆར་འདོན་རྒྱུ་དང་། མ་འོངས་པར་རྩིས་ཀྱི་རིག་གནས་འདིར་བོད་རང་རྩ་བ་ཡོད་པའི་རིག་གནས་ཤིག་ཏུ་འགྱུར་ཐུབ་པར་གླེང་གཞི་སྐྲུན་ཐབས་བཅས་ལ་དམིགས་པ་ཡིན། རང་ཉིད་ཀྱིས་བྲིས་བའི་རྩ་བ་འདི་བོད་པའི་སྤྱི་ཚོགས་དང་རྒྱལ་ཁབ། སོ་སོ་དགའ་མོས་ཡོད་པའི་སློབ་ཚན་བཅས་ལ་ཕུལ་བའི་ཞབས་འདེགས་ཙམ་ཡིན”ཞེས་བརྗོད་བྱུང་།

སྐུ་ཞབས་ཟླ་བ་ལགས་ཀྱིས་བོད་ནས་དམའ་རིམ་སློབ་སྦྱོང་བྱས་ཞིང་། རྒྱ་གར་དུ་འབྱོར་འཕྲལ་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཞུགས། རྗེས་སུ་མ་ཌི་རཱ་སི་མཐོ་སློབ་( Madras University )ནས་རྩིས་རིག་ཐོག་མཐོ་རིམ་རིག་གནས་རབ་འབྱམ་པ་(Masters of science in mathematics)ཐོན་ཏེ། ལྷོ་ཕྱོགས་སུ་སློབ་ཕྲུག་ཚོར་སྒྲིག་ཞུགས་མ་ཡིན་པའི་ཟུར་སྦྱོང་ཚན་རིག་སློབ་ཚན་དང་ཨང་རྩིས་ཁྲིད་བཞིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༡ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༣ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༤ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

མཆན། 6

  1. སྐྱ་ཀ says:
    ལོ་ 14 སྔོན།

    ཟླ་བ་ལགས་ཀྱིས་གྲངས་རྩིས་ཚིག་བཅད་ཐོག་ནས་སྟབས་བདེ་རྩིས་ཆོག་པའི་གསར་བཟོ་བྱེད་ཐུབ་པ་དེ་དགའ་བའི་རྗེས་སུ་ཡིད་རང་ཡོད། ངན་པ་གཉིས་སྡོང་བཟང་པོ་གཅིག་གིས་མི་ཐུབ་པའི་དཔེ་ལྟར། མཁས་དབང་བགྲོ་གླེང་བྱེད་པ་བཟང་ཡང་དེ་ལས་གསར་བཟོ་བྱས་པའི་ཚིག་བཅད་དེ། དྲྭ་སྟེང་དུ་འཇོག་ནས་མི་མང་གི་བསམ་ཆ་བསྡུ་ལེན་བྱས་ན་ལེགས་ཉེས་སྔོན་འགོག་བྱེད་ནུས་ལ་ཕན་འབྲས་ཆེན་པོ་ཐོབ་མིའང་ངམ་སྙོམ། པར་བསྐྲུན་བྱེད་པ་ལ་དེ་ཙམ་བྲེལ་བ་མ་བྱེད་ནས་ཟླ་ཤས་རྗེས་སུ་བསམ་ཆ་བསྡུ་ལེན་བྱས་རྗེས་སུ་ཡང་བསྐྱར་མཁས་དབང་ཚོ་བགྲོ་གླེང་ཐེངས་ཤིག་ཚོགས་ཐུབ་ན་ག་འདྲ་མི་འདུག་གམ། འདི་ནི་སྤྱི་ཚོགས་ནང་ཕན་རླབས་ཆེ་བའི་སྟབས་བདེ་རྩིས་ཀྱི་རིགས་སྟོན་གསར་པ་ཞིག་ཡིན་ལ་རྒྱུན་རིང་ནང་དུ་བེད་སྤྱོད་ཙམ་མ་ཡིན་པ་ལོ་རྒྱུས་ནང་དུ་འཁོད་འགྲོ་བའི་རིགས་གནས་ཤིག་ཀྱང་ཡིན།

    Reply
  2. འབྲོང་བུ་ཟླ་བ་ཚེ་རིང་། says:
    ལོ་ 14 སྔོན།

    ཁྱེད་ཀྱི་ལས་གཞི་གསར་པར་རྟེན་འབྲེལ་གྱི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  3. བསོད་ནམས། says:
    ལོ་ 14 སྔོན།

    ཟླ་བ་ལགས་བཀྲིས་བདེ་ལེགས་ཞུ། ང་ཚོའི་སྤྱི་ཚོགས་ནང་བྱ་བ་རླབས་ཆེན་འདི་འདྲ་བྱེད་མཁན་བྱུང་ཚེ་ད་གཟོད་བོད་ཀྱི་སྐད་ཡིག་དེ་དེང་དུས་སྤྱི་ཚོགས་དང་དཔུང་པ་མཉམ་གཤིབ་བྱེད་ཐུབ་ངེས། ཡིན་ན་ཡང་སྨོན་ལམ་བོད་ཡིག་བོད་གཞུང་གིས་བཀག་པ་ལྟར་འདི་ལ་ཡང་བཀག་འགོག་བྱེད་སྲིད།

    Reply
  4. གྲགས་བསོད་ says:
    ལོ་ 14 སྔོན།

    ཟླ་བ་ལགས་ཀྱིས་རྩིས་རིག་རྩ་ཚིག་བཟོས་པ་འདི་ནི་ལེགས་ཆའི་གསར་གཏོན་རང་བཞིན་ཅན་ཞིག་ཡིན་པས་དགའ་སྲུ་རྟེན་འབྲེལ་ཞུ། འབྱུང་འགྱུར་འདི་འདྲའི་རིགས་བོད་ཕྲུག་གང་མང་ཡོང་བའི་ཐབས་ལ་བཙནབྱོལ་གཞུང་གིས་འབོད་དགོས་སོ།

    Reply
  5. བདེན་གཏམ། says:
    ལོ་ 14 སྔོན།

    སོ་སོའི་སྤྱི་ཚོགས་ལ་ཕན་པའི་བསམ་བློ་དེ་འདྲ་འཁོར་བ་ཙམ་གྱི་ཡག་པོ་རེད། བྱ་བ་ལ་མཐའ་མེད་ཟེར་བ་རེད། དེ་འདྲ་སོང་ཙང་ད་དུང་བསམ་བློ་མང་ཙམ་གཏང་དགོས། བཀྲིས་བདེ་ལེགས་ཡོད།

    Reply
  6. ཤག་སྒང་པ། says:
    ལོ་ 14 སྔོན།

    བཀྲིས་ལྷུན་པོའི་བསིལ་ཡབ་ཀྱི་འོག་ཏུ་ཉིན་དགུང་གསོལ་ཚིགས་སྤྱོད་དུས། ཁྱེད་ནས་ཨང་རྩིའི་ཁྲིད་ཐབས་གསར་པ་ཞིག་བཟོ་བཞིན་ཡོད་གསུངས་པ་དེ་ད་ལྟ་དྲན་འོང་གིན་འདུག ལས་འགུལ་འདི་སྤྱི་ཁྱབ་ཏུ་དགོངས་འཆར་ལེན་པ་ནི་ཧ་ཅང་གི་ལེགས་ཤིང་། མི་རིང་དྲ་ངོར་བཞག་ན་ལེགས། ཟླ་བ་ལགས་ལ་དམིགས་བསལ་རྟེན་འབྲེལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese