ཁ་སང་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྔ་པ་ཀིརྟི་དགོན་པའི་གྲྭ་ཚེ་རིང་བསྟན་འཛིན་ལ་ལོ་ ༡༣ དང་གྲྭ་ཚེ་འཇམ་ལ་ལོ་ ༡༠ ཡི་ཁྲིམས་ཐག་བཅད་འདུག
ཁ་སང་ཕྱི་ཚེས་ ༣༠ ཉིན་ཡང་བསྐྱར་རྔ་པ་རང་སྐྱོང་ཁུལ་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་འཛིན་ནམ་མིང་གཞན་ལ (བསྟན་འཛིན་རྒྱ་མོ་ཁ)ལགས་ལ་གྲྭ་ཕུན་ཚོགས་ལགས་ཀྱི་གསོད་མཁན་གྱི་ལག་རོགས་ཡིན་པའི་ཉེས་མིང་བཀལ་ཏེ་ལོ་ ༡༣ གྱི་དུས
(བསྟན་འཛིན་རྒྱ་མོ་ཁ)ལགས་ནི། རྔ་པ་རྫོང་གཅའ་ཞང་ཕྱུགས་ལས་འགབ་མའི་བློ་བཀྲ་ཚང་གི་ཡིན་འདུག་ལ། རང་ལོ་ ༢༡ ཡིན་པའི་གྲྭ་བློ་བཟང་བསྟན་འཛིན་ནམ་མིང་གཞན་ལ་(ནག་བསྟན་) ལགས་ནི། རྔ་པ་རྫོང་གཅའ་ཞང་ནག་ཚང་མའི་པདྨ་ཚང་གི་ཡིན་འདུག ཁ་སང་འབར་ཁམས་རྫོང་མི་དམངས་ཁྲིམས་ཁང་གིས་ཁོང་གཉིས་ལ་ཁྲིམས་གཅོད་སྐབས་གཞུང་ཕྱོགས་ཀྱི་གོ་སྒྲིག་བྱས་པའི་ཁྲིམས་རྩོད་པ་ལས་ནང་མིར་ཁྲིམས་རྩོད་གླ་རྒྱུའི་ཐོབ་ཐང་སྤྲད་མེད་སྟབས། ཁོང་གིས་ཐེངས་འདིར་རྒྱ་ནག་གཞུང་གིས་ཁོང་ལ་བཀལ་བའི་ནག་ཉེས་ལ་ངོས་ལེན་རྩ་བ་ནས་བྱེད་ཐབས་མེད་སྐོར་བརྗོད་ཡོད་འདུག
གནས་ཚུལ་མཁོ་གཏོང་བ། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།
འཚམས་འདི་ནས་གཞན་ཞིག་གི་སྐད་གྲགས་ཆེད་ཏུ་ཁྱབ་བསྒྲགས་བྱས་ན་སྡུག་མྱོང་མཁན་ཁོང་ཚོ་ཡིན། སྙིང་རེ་རྗེ། ཁོང་གཉིས་མྱུར་ཏུ་ཁྲིམས་ལས་ཐར་བའི་གུས་འདུད་ཞུ་བཞིན་ཡོད། ཨ་ཁ་ཁ་མི་ཚེའི་ལས་དབང་འདི་ག་རེ་ཡིན་ན།
འདི་ནས་སྐད་གྲགས་ཤིག་གི་ཆེད་དུ་ཁྱབ་བསྒྲགས་བྱས་ན་མྱོང་མཁན་ནི་ཁོང་ཚོ་ཁོ་ན་རེད་ཡ