མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་གཅེས་དཔའ་བོའི་མཛད་རྗེས་དྲན་གསོ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp


བོད་ཀྱི་ཆབ་སྲིད་བཙོན་ཟུར་གསུམ་གྱིས་རང་ལུས་མཆོད་མེར་ཕུལ་བའི་རྒྱལ་གཅེས་པ་རྣམ་པ་བཞི་ལ་རྗེས་དྲན་ཆེད་༼ཁྱོད་དང་བོད།
འཐབ་རྩོད་ཀྱི་དྲན་ཤིང་། ༽ ཞེས་པའི་དྲན་རྟེན་ཞིག་བཞེངས་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་སྟེ། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་དུ་སྟབས་བསྟུན་ཏེ་བཞུགས་སྒར་བོད་ཀྱི་འགྲེམས་སྟོན་ཁང་དུ། སྐུ་མགྲོན་གཙོ་བོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་དང་དགུ་བཅུ་ལས་འགུལ་ཚོགས་ཚོགས་གཞོན་ཀླུ་མཁར་བྱམས་ལགས་གཉིས་གདན་ཞུའི་ཐོག བོད་ཀྱི་ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་དང་འཇིགས་མེད་རྒྱ་མཚོ། བསྟན་པ་དར་རྒྱས་བཅས་གསུམ་གྱིས་དང་བླངས་ཐོག་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མཆོད་མེར་ཕུལ་བའི་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་གྲྭ་བཀྲ་བྷེ། གྲྭ་བློ་བཟང་ཕུན་ཚོགས། གྲྭ་ཚེ་དབང་ནོར་བུ་བཅས་རྣམ་པ་བཞི་ལ་གདུང་སེམས་མཉམ་སྐྱེད་ཆེད་དབོན་ཞང་རྡོ་རིང་གི་དབྱིབས་སུ་བཟོས་༼ ཁྱོད་དང་བོད། འཐབ་རྩོད་ཀྱི་དྲན་ཤིང་།༽ཞེས་པའི་དྲན་རྟེན་ཞིག་གསར་འགོད་པ་དང་ས་གནས་མི་མང་འདུ་འཛོམས་ཐོག་དབུ་འབྱེད་གནང་ཡོད་འདུག  

འདིའི་ཐད་ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་བརྗོད་ན། དྲན་རྟེན་འདི་བཞེངས་བསྐྲུན་བྱེད་པའི་དམིགས་ཡུལ་གཙོ་བོ། འདས་པའི་མི་ལོ་འདི་དག་རིང་བཙན་བྱོལ་ནང་གི་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་གཙོས། བོད་ནང་གི་གྲྭ་བཀྲ་བྷེ་དང་བློ་གྲྭ་བཟང་ཕུན་ཚོགས། གྲྭ་ཚེ་དབང་ནོར་བུ་བཅས་ཀྱིས་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མཆོད་མེར་ཕུལ་ཏེ། བོད་གཞིས་བྱེས་མཉམ་འཛོམས་དང་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུ་བཅས་ཀྱི་འབོད་ཚིག་འོག  བོད་མི་རིགས་ཀྱི་དངོས་ཡོད་དཀའ་ངལ་རྒྱལ་སྤྱིའི་ནང་གསལ་སྟོན་བྱས་པ་དེ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་དུས་ནམ་ཡང་སེམས་ནས་མི་བརྗེད་པར་བྱ་རྒྱུ་དང་། ལྷག་པར་དུ་ཁོང་རྣམ་པའི་ཚེ་སྲོག་བོད་རང་དབང་སླར་གསོའི་ཆེད་དུ་ཕུལ་ཡོད་སྟབས། བཙན་བྱོལ་བོད་མི་ཚོ་དང་མི་རབས་རྗེས་མ་དག་གིས་ཁོང་རྣམ་པའི་ལྷག་བསམ་དང་སྙིང་སྟོབས་ལ་དྲན་གསོ་དང་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་བཞེངས་པ་ཞིག་ཡིན་སྐོར་བརྗོད་བྱུང་ལ། ཉེ་ཆར་རང་ལུས་མཆོད་མེར་ཕུལ་བའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་དང་བློ་དཀོན་མཆོག་གཉིས་ཀྱི་གནས་ཚུལ་དྲན་རྟེན་བཞེངས་སྐྲུན་གྱི་རྗེས་སུ་བྱུང་ཡོད་སྟབས། དྲན་རྟེན་ཐོག་འཇོག་ཐབས་བྱུང་མེད་ཀྱང་། ཁོང་ཚོའི་ངོས་ནས་ཁོང་རྣམ་པ་གཉིས་ཀྱི་གནས་སྟངས་ལ་གཞིགས་ཏེ་མུ་མཐུད་ལས་འགུལ་དང་རྒྱབ་སྐྱོར་གནང་འཆར་ཡོད་འདུག   

བོད་རིགས་ཆབ་སྲིད་བཙོན་ཟུར་གསུམ་གྱིས་མ་སྐུལ་དང་བླངས་ཐོག་ཧིན་སྒོར་ཁྲི་ ༣ ལྷག་གིས་བཞེངས་སྐྲུན་བྱས་པའི་དྲན་རྟེན་དེའི་རྒྱུ་ཆ་གཙོ་བོ་ལྕགས་དང་འགྱིག་ལས་གྲུབ་བཟོས་ཤིང་། རིང་ཚད་ལ་སོར་ ༡༠༠ དང་ཞེང་ལ་སོར་ ༢༦ ། སྲབ་མཐུག་སོར་ ༡༨ བཅས་ཡོད་འདུག དྲན་རྟེན་ཐོག་ཁོང་རྣམ་པའི་སྐུ་ཕུང་བསྲེགས་པའི་རིམ་པ་ལྟར་སྐུ་པར་དང་མཉམ་དུ་བོད་ཡིག་དང་དབྱིན་ཡིག  རྒྱ་གར་བཅས་སྐད་ཡིག་གསུམ་གྱི་ཐོག་ལོ་རྒྱུས་དང་གནས་ཚུལ་གྱི་བྱུང་རབས་ཆ་ཚང་བ་བཀོད་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. ཅང་མེད། says:
    ལོ་ 15 སྔོན།

    སྔགས་བརྗོད་དང་འབྲེལ། sangkye་་ལགས། ཧུན་སྒོར་༣༠༠༠༠ཡིན་རྒྱུ་རེད་ལགས།
    (ལྷུན)་སྒོར་ཁྲི་གསུམ་ལ་གོ་ས་མི་འདུག

    Reply
  2. sangkye says:
    ལོ་ 15 སྔོན།

    བསྔགས་བརྗོེད་ཡོད། བོད་གྱི་དཔའ་བོ་རྣམས་གསུམ་ལ་མ་འོང་དྲན་རྟེན་བཞེངས་བ་དེ་ཐུགས་རྗེ་ཆེ། རྡོ་རིང་བཞེངས་མཁན་བཙོན་ཟུར་བསྟན་པ་དར་རྒྱས་དང་འཇིགས་མེད་རྒྱ་མཚོ་ལྷ་མོ་སྐྱབས་སོགས་གྱིས་ལྷུན་སྒོར་ཁྲི་གསུམ་ལྷག་གིས་རྡོ་རིང་བཞེངས་བ་དེ་ངོས་ནས་རླབས་ཆེན་གྱི་བྱ་བཞག་ཞིག་རེད་ལགས། དགའ་མི་དགའ་ཕྱོགས་སྐད་ཆ་དེ་མ་རེད། རང་ངོས་ནས་སྒོར་བཅུ་ཙམ་སྤྲད་ཐུབ་གྱི་མེད་ལགས། འི་ནས་ཁ་ཙུམ་ནས་བསྡད་བསྡད་ལགས། ཁོང་ཚོ་ལ་ངོས་ནས་བོད་མི་རིགས་ལ་ཤ་ཞེན་ཡོད་པའི་རྒྱུ་མཚན་རེད་ལགས། ཐུགས་རྗེ་ཆེའོ།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    བསྔགས་པར་འོས། མ་གཞི་ནས་དཔའ་བོའི་རྗེས་དྲན་རྡོ་རིང་ཆེན་པོ་ཞིག་བཞེངས་བཞག་ན་དཔའ་བོ་རིམ་འབྱུང་གི་མཚན་ཡིག་འགོད་ཆོག་ཆོག་ཡིན་པས་དགེ་མཚན་ཆེ། ཆུང་ཆུང་མང་པོ་ཞིག་བཞེངས་ས་ཡང་དཀའ། མ་བཞེངས་ན་ཡང་མི་འོས། དཔའ་བོ་རྣམས་ཀྱི་རྗེས་དྲན་གནས་གཞི་ཡང་གཅིག་རང་ཡིན་ན་བཟང་སྙམ།
    “བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག”

    Reply
  4. རྨ་ཆུའི་སྐལ་བཟང་། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ་ཡག་པོ་བཞེངས་འདུག་བ་མ་ཟད་དུས་ཡང་ཏག་ཏག་འོས་འཚམས་རེད་ཐུགས་རྗེ་ཆེ་ཞུ།
    འེ་གསར་འགོད་བ་ལགས་བཞེངས་ཡོན་ཧུན་སྒོར་གསུམ་ཡིན་རྒྱུ་མ་རེད་ནོར་བཅོས་བྱེད་རོགས།།

    Reply
  5. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    བོད་རིགས་ཆབ་སྲིད་བཙོན་ཟུར་གསུམ་གྱིས་མ་སྐུལ་དང་བླངས་ཐོག་ཧིན་སྒོར་ ༣ ལྷག་གིས་བཞེངས་སྐྲུན་བྱས་པའི་དྲན་རྟེན་དེའི་རྒྱུ་ཆ་གཙོ་བོ་ལྕགས་དང་།

    རྩོམ་སྒྲིག་པའམ་གསར་འགོད་པ་གང་རུང་ནས་གོང་གི་ཚིག་ཧིན་སྒོར༣ལྷག་གི་འདི་འདྲ་ཞིག་ཇི་ལྟར་བཞེངས།
    བཞེངས་མཁན་ཁོང་རྣམས་ལ་བསྟོད་བསྔགས་ཞུ་བཞིན་ཡོད། དེ་དང་ཆབས་ཅིག་ཏུ་དཔའ་པོ་ཁོང་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese