མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་དབུས་པའི་བོད་མི་ ༥༠༠༠ གི་ཟས་བཅད་སྨྱུང་གནས།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ཏུ་༧གོང་ས་མཆོག་དབུ་བཞུགས་ཐོག དཔལ་རྒྱལ་བ་ཀརྨ་པ་མཆོག་དང་བཀའ་ཟུར་ཀིརྟི་རིན་པོ་ཆེ། བཀའ་ཁྲི་བློ་བཟང་སེང་གེ་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཆེ་ཕྲ་ཡོངས་དང་། བཞུགས་སྒར་ཉེ་ཁུལ་གྱི་དགོན་སྡེ་དང་སློབ་གྲྭ་ཁག་གི་སློབ་ཕྲུག་བཅས་སྐྱ་སེར་ ༥༠༠༠ ལྷག་གིས་སྨོན་ལམ་མཆོད་འབུལ་དང་ཟས་བཅད་སྨྱུང་གནས་གནང་ཡོད།  

བཀའ་སྤྱི་ཐུན་མོང་གི་གོ་སྒྲིག་གི་འོག དེ་རིང་རྒྱ་གར་གཙོས་པའི་འཛམ་གླིང་རྒྱལ་ཁབ་ ༦༠ ཙམ་གྱི་ནང་བཙན་བྱོལ་བོད་མི་ཚོས་ཉིན་བརྒྱ་དུས་གཅིག་ལ་ཞལ་འདོན་སྨོན་ལམ་དང་ཟས་བཅད་སྨྱུང་གནས་གྱི་ལས་འགུལ་སྤེལ་གྱི་ཡོད་པ་ལྟར། དེ་རིང་ཞོགས་པའི་ཆུ་ཚོད་ ༩ སྟེང་བཞུགས་སྒར་ངྷ་ས་ཐེག་ཆེན་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་དབུ་བཞུགས་ཐོག དཔལ་རྒྱལ་བ་ཀརྨ་པ་མཆོག་དང་སྐྱབས་རྗེ་ཀིརྟི་རིན་པོ་ཆེ། བཀའ་བློན་ཁྲི་པ་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཡོངས། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་ལས་བྱེད། བཞུགས་སྒར་ཉེ་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་། སློབ་གྲྭ་ཁག་གི་སློབ་ཕྲུག་བཅས་སེར་སྐྱ་ལྔ་སྟོང་ ༥༠༠༠༠ ལྷག་མཉམ་ཞུགས་ཀྱིས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་སྨོན་ལམ་མཆོད་འབུལ་དང་། ཛ་དྲག་གཉན་འཕྲང་གི་དཀའ་སྡུག་འོག་གནས་པའི་གཞིས་བཞུགས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་ཆེད། ཉིན་ཧྲིལ་བོའི་ཟས་བཅད་སྨྱུང་གནས་དབུ་འཛུགས་གནང་ཡོད།   

མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་སྟེ། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པའི་མི་ལོ་དྲུག་ཅུའི་རིང་བོད་ཐོག་གདུག་རྩུབ་མནར་གཅོད་ཚད་མེད་བཏང་ཡོད་པ་དང་། རྒྱ་གཞུང་གི་མི་སེར་སྤེལ་བའི་ལམ་ལུགས་འོག་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད་སྟབས། ༢༠༠༨ ལོ་བོད་མདོ་དབུས་ཁམས་གསུམ་ནང་ཞི་བའི་གྱེན་ལངས་བྱུང་བ་འཛམ་གླིང་ཡོངས་ཀྱིས་མཁྱེན་གསལ་ཡིན་སྐོར་དང་། ཁོང་གིས་ “ བློ་ཕམ་པ་ཞིག་ལ་རྒྱ་གཞུང་གི་མགོ་ཁྲིད་ཚོས་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་བོད་མིའི་དཀའ་ངལ་སེལ་ཐབས་བྱ་རྒྱུའི་ཚབ་ཏུ་མུ་མཐུད་སྲིད་བྱུས་མཁྲེགས་བཟུང་ཁོ་ནས། བོད་མི་རྣམས་ཨུ་ཐུག་ཐབས་ཟད་ཀྱི་གནས་ལ་གྱར་བ་དང་། ཆོས་བྱེད་དགེ་འདུན་གྱི་སྡེ་དང་། དགོན་པ་གྲྭ་ཚང་ཁག་ལ་དམིགས་བསལ་སྡང་ཟུག་གིས་ལས་དོན་རུ་ཁག་ཟེར་བའི་མི་སྣ་ཆེད་གཏོང་གིས། ཆོས་ཀྱི་བྱ་བར་དམ་བསྒྲགས་དང་སུན་བཙིར་ཐེ་བྱུས་གང་བྱུང་བྱེད་ཀྱི་ཡོད་སྟབས། ད་ལོའི་ཕྱི་ཟླ་ ༣ པ་ནས་རྔ་པ་དང་རྟའུ། གསེར་རྟ་སོགས་སུ་བོད་མི་མང་པོ་བཀག་ཉར་གྱིས་གནས་སྟངས་ཛ་དྲག་ཏུ་ཕྱིན་པ་དང་། ད་བར་བོད་རིགས་ན་གཞོན་ ༩ ཙམ་གྱིས་སྐུ་ལུས་ཞུགས་མེར་བསྒྲོན་པའི་ལམ་ནས་བོད་ནང་རང་དབང་བསྐྱར་གསོ་དང་། ༧གོང་ས་མཆོག་བོད་ལ་གདན་ཞུ་དགོས་པ། རྒྱ་གཞུང་གི་མཁྲེགས་བཟུང་སྲིད་བྱུས་ལ་བཟོད་ཐབས་མེད་པར་ངོ་རྒོལ་གནང་བའི་གནས་ཚུལ་བྱུང་ཡོད་པས། ཁོང་ཚོའི་རྒྱལ་གཅེས་ལྷག་བསམ་དང་སྙིང་སྟོབས་ལ་རྗེས་དྲན་གྱིས་གདུང་སེམས་མཉམ་སྐྱེད་ཞུ་རྒྱ་ཡིན་ ” ཞེས་འཁོད་འདུག

བཀའ་ཁྲི་མཆོག་གིས་མུ་མཐུད་དུ།   “ དབུས་བོད་མིའི་སྒྲིག་འཛུགས་ཀྱི་འབོད་སྐུལ་ལྟར་བཙན་བྱོལ་བོད་མིའི་སྡོད་སྒར་ཡོངས་སུ། ས་གནས་ཀྱི་གནས་བབ་ལ་གཞིགས་པའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད་སྟབས། ལས་འགུལ་དེ་དག་ཞི་བའི་སྒོ་ནས་ཡུལ་ཁྲིམས་དང་མ་འགལ་བ་དང་། ཆེ་མཐོང་ལྡན་པ་ཞིག་ལ་ངོས་འཛིན་གནང་དགོས་པ་གོ་སྐབས་འདི་བརྒྱུད་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་གཞུང་གི་མགོ་ཁྲིད་ཚོས་དྲག་གནོན་སྲིད་བྱུས་མྱུར་དུ་མཚམས་འཇོག་དང་། ཞི་བའི་སྒོ་ནས་བོད་མིའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་ནན་མོ་ཞུ་རྒྱུ་ཡིན། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་ཆེད། རྟོག་ཞིབ་མི་སྣ་དང་གསར་འགོད་པ་ཚོགས་པ་ཞིག་བོད་ནང་ངེས་པར་གཏོང་དགོས ” ཞེས་འཁོད་འདུག

སྐབས་དེར་གསར་འགོད་པས་ལས་འགུལ་འདིའི་ཐད། དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤཱ་བསྟན་འཛིན་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་ “ ཕྱི་ཟླ་གསུམ་པ་ནས་ཨ་མདོ་རྔ་པའི་ནང་བོད་རིགས་ན་གཞོན་ཚོས། རང་གི་རྒྱལ་ཁབ་དང་མི་རིགས་ཆེད་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་རེད། དཔའ་པོ་དཔའ་མོ་དེ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། དེ་རིང་བཀའ་སྤྱི་གཉིས་ཐུན་མོང་ཐོག་འཛམ་གླིང་གང་སར་ཉིན་བརྒྱ་དུས་གཅིག་ལ། ༧གོང་ས་མཆོག་གི་སྐུའི་བླ་གཟའ་དང་བསྟུན་ཏེ་ལས་འགུལ་སྤེལ་གྱི་ཡོད། ལས་འགུལ་འདི་ལ་༧གོང་ས་མཆོག་གིས་ཀྱང་མཛད་བྲེལ་ཡོད་མིན་ལ་མ་ལྟོས་པར། ཞོགས་པ་ཚོགས་མགོན་དུ་ཞབས་སོར་བཀོད་དེ། དེ་རིང་ཉིན་ཧྲིལ་བོར་སྨྱུང་གནས་ལ་བཞུགས་རྒྱུ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འདས་གྲོངས་སུ་གྱུར་བ་ལ་སྨོན་ལམ་མཆོད་འབུལ་གནང་གི་ཡོད་ལ། ཁོང་ཚོའི་བྱས་རྗེས་དེ་ཆུད་ཟོས་དུ་མི་འགྲོ་རྒྱུའི་ཆེད་དུ། བཀའ་བློན་ཁྲི་པའི་མཚན་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་རྒྱལ་ཁག་ཁག་གི་མགོ་ཁྲིད། བོད་དོན་རྒྱབ་སྐྱོར་ཚོགས་པ། འགྲོ་བ་མིའི་ཐོབ་ཐོབ་ཐང་ཚོགས་པ་ཁག་ལ་ཡིག་ཐོག་ནས་འབོད་སྐུལ་ཞུས་ཏེ། བོད་ནང་གི་སྲིད་བྱུས་གུ་ཡངས་དང་གསར་འགོད་པ་ཆེད་གཏོང་ཐུབ་རྒྱུར་འབད་བརྩོན་གནང་གི་ཡོད ” ཅེས་བརྗོད་སོང་།

ཐེངས་འདིའི་ཉིན་བརྒྱ་དུས་གཅིག་གི་ཟས་བཅད་སྨྱུང་གནས་དེ་ནི། འདས་པའི་བོད་པའི་རྩ་དོན་འཐབ་རྩོད་ཁྲོད་ཀྱི་གཞུང་དམངས་མཉམ་ཞུགས་ཀྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་ཤིག་ཆགས་ཡོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 13

  1. བཀྲ་ཤིས། says:
    ལོ་ 14 སྔོན།

    གོང་ས་མཆོག་དང་ས་སྐྱའི་གདུང་སྲས་རྣམས་པས་དབུས་པའི་བོད་ཀྱི་བླ་ཆེན་ཁག་གིས་གཙོས་པའི་བོད་ཀྱི་མི་ཆེན་རྣམས་དེ་རིང་གི་ལས་འགུལ་ཞུགས་པ་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། གང་ཡིན་ཟེར་ན། འདི་ནི་ད་བར་བྱུང་མ་མྱོང་བའི་གནས་ཚུལ་གསར་པ་ཞིག་ཀྱང་རེད་ལ། མ་ཟད་བོད་ཀྱི་ཆབ་སྲིད་ལ་མཚོན་ན་ཤིན་ཏུ་དོན་སྙིང་ལྡན་པ་ཞིག་ཀྱང་རེད།
    གནས་སྟངས་འདི་འདྲའི་སྐབས་ལ་ཡང་ཁ་ཤས་ཀྱིས་འཐོབ་དང་གོ་སའི་སྡུག་འདོན་གྱི་འདུག་པ་འདི་དག་ནི། སོ་སོ་ལ་འོས་བབ་མེད་པའི་གོ་ས་ཞིག་ལ་རེ་ནས་ཡོད་པའི་རང་མཚང་སྟོན་བྱེད་ཙམ་རེད། ཁོ་ཚོ་ཤ་ཚ། ནམ་ཡང་འདི་ལྟར་དངས་འཚབ་དང་སེམས་འཁྲལ་ཁོ་ནས་སྡོད་དགོས་ཀྱི་འདུག་ག

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཉིན་བརྒྱ་དུས་གཅིག ཅེས་པའི་རྟོག་བཏགས་ཚིག་འདི་ལས། ཉིན་གཅིག་དུས་གཅིག ཅེས་པའི་ཁ་ཡོད་ལག་ཡོད་ཀྱི་ཚིག་འདི་བེད་སྤྱོད་བྱས་ན་མི་བཟང་ངམ།

    Reply
  3. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    འབྲེལ་ཡོད་ཚང་མས་གཏན་གཏན་ཡིད་གཟབ་དགོས་བ་ཞིག་ལ་བླ་མ་ཚོ་བཞུགས་ལྡན་རྒྱག་དུས་རང་སྣང་གར་ཤར་བྱ་མི་ཉན་པ་དེ་ཤེས་དགོས།
    བོད་མི་རིགས་མཐུན་འབྲེལ་ཡོང་མིན་དེ་བླ་མ་ཚོ་གོ་རིམ་སྒྲིག་སྟངས་ལ་རག་ལས་ཡོད་བཤད་ན་ཐལ་ཆ་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པས་འབྲེལ་ཡོད་ཚང་མས་དུས་ནས་དུས་སུ་གནས་ཚུལ་འདིའི་སྐོར་བ་ཡིད་གཟབ་གཏན་གཏན་གནང་དགོས།

    Reply
  4. ནད་པ says:
    ལོ་ 14 སྔོན།

    ༸ གོང་ས་མཆོག་སྐུ་བཞུགས་ཐོག་ཐུགས་སྨོན་དང་གདུང་སེམས་མཉམ་བསྐྱེད་གནང་བ་དེར་སྙིང་ནས་རྗེས་སུ་ཡི་རང་དང་དགའ་འོས་པ་ཞིག་རེད།

    ཡིན་ནའང་སྐུ་དཔར་འདིའི་ནང་གི་གནས་སྟངས་ལ་དཔྱད་ཞིབ་ཡག་པོ་ཞིག་བྱས་ན་ད་དུང་བོད་སྡེ་པ་གཞུང་གི་ཆབ་སྲིད་ཁྲོད་དུ་གནས་ཆུང་གི་ལུང་བསྟན་གྱིས་ལུང་བསྟན་ཞིག་ཡོད་པ་གཤམ་གསལ་ལྟར་ཡིན།

    ནུབ་ཀྱི་རྒྱལ་མཚན་མར་ལ་ཕབ། །བྱང་གི་སྟག་མོ་བསྙལ་ནས་ཞོག །
    ལྷོ་ཡི་གཡུ་འབྲུག་ཡང་ཡང་གསོལ། །བྱང་གི་འབྲི་མོ་ཡང་སེ་བཞོས། །

    ཞེས་བོད་ས་མ་ཤོར་བའི་སྐབས་སུ་སྡེ་པ་གཞུང་གི་ཆབ་སྲིད་བེད་སྤྱད་དེ་གནས་ཆུང་ལུང་བསྟན་ཡིན་ཁུལ་བྱས་ཏེ་མི་དམངས་མགོ་རྨོངས་སུ་བཅུག་ཡོད།

    ད་ཆ་བོད་ས་ཤོར་ནས་སྐྱབས་བཅོལ་དུ་ཡོད་པའི་སྐབས་སུ་གནས་ཆུང་གི་ལུང་བསྟན་ཡོད་མེད་མི་ཤེས་ཀྱང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་གོ་སྒྲིག་བྱེད་སྟངས་དེ་ལ་བལྟས་ན་ཡང་བསྐྱར་གནས་ཆུང་གི་ལུང་བསྟན་གསར་པ་ཞིག་ཁ་སྣོན་བརྒྱབ་ཡོད་འདྲ།

    དེ་ཡང་། ནུབ་ཀྱི་རྒྱལ་མཚན་མར་ལ་ཕབ། །བྱང་གི་སྟག་མོ་བསྙལ་ནས་ཞོག །
    ལྷོ་ཡི་གཡུ་འབྲུག་ཡང་ཡང་གསོལ། །བྱང་གི་འབྲི་མོ་ཡང་སེ་བཞོས། །གངས་ཅན་སྐྱིད་གཤོངས་ཟུར་དུ་འཇོག ། ཅེས་ལུང་བསྟན་ཞིག་གནང་བའི་བཟོ་འདུག།

    Reply
  5. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    དེ་རིང་རྡ་སའི་ཁུལ་དུ་མགོ་༸གོང་ས་མཆོག་དང་བཀའ་བློན་ཁྲི་པ། བར་དགེ་འདུན་གྱི་སྡེ་དང་སློབ་ཕྲུག འཇུག་མི་དམངས་རྣམས་པས་ཉིན་གང་པོར་འདས་གྲོང་དུ་སོང་བའི་དཔའ་བོ་དཔའ་མོ་དག་གྱི་ཆེད་དུ་སྔོ་སྨོན་དང་བོད་ཀྱི་བདེན་དོན་དག་འཛམ་གླིང་ཤར་ནུབ་ཀུན་གྱི་ཡུལ་སྐོར་བ་རྣམས་ལ་དྲིལ་སྒྲགས་ཤུགས་ཆེ་ཡོང་ཆེད་བཟས་བཅད་ངོ་རྒོལ་གནང་ཡོད་ཀྱང། དགོངས་མོའི་ཆུ་ཚོད་ལྔ་དང་ཕྱེད་ཙམ་ལ་རྡ་སའི་ཁུལ་གྱི་བཟའ་ཁང་བཟུང་མཁན་ཨ་མདོ་བ་དང་སློབ་ཕྲུག་ཁག་ཅིག་ནས་གླུ་ལེན་གར་དང་བཞད་གད་བཅས་ཀྱི་ངང་སྤྲོ་སྐྱིད་གཏང་གྱི་ཡོད་པ་ངའི་གྲོགས་པོ་ཞིག་རྒྱུད་ནས་གོ་མཐོས་བྱུང་གཤམ་གྱི་ཚིགས་བཅད་དེ་སོམ་སྙིའི་དྲ་བར་ཚུད་ནས་བྲིས་ཐལ། །

    གཞིས་ཞུགས་བོད་མིས་དལ་མེད་རང་བཙན་ཆེད་དུ་སྐུ་ལུས་མེ་ལ་ལྕེབ། །
    བྱེས་འབྱོར་ཁྱམས་པོས་དལ་ལྷོད་ངང་ནས་གླུ་ལེན་གར་འཁྲབ་སྤྲོ་སྐྱིད་གཏང། །
    གཞིས་སྡོད་བོད་མི་སྐྱིད་ངོ་མ་ཟིན་མེ་ལ་ལྕེབ་བམ་ཡང་ན་ཅི། །
    བྱེས་འབྱོར་འཁྱམ་པོ་གཞན་ཡུལ་སྒྲིམ་སྐབས་དཀའ་ངལ་མེད་དམ་ཡང་ན་ཅི། །

    Reply
  6. བློ་བཟང་རྒྱལ་མཚན། says:
    ལོ་ 14 སྔོན།

    དེ་རིང་བཙན་འབྱོར་བོད་མི་ཡོངས་རྫོགས་ཟས་བཅད་ངོ་དགོལ་བྱེད་བཞིན་ཡོད་ཀྱང་ནོར་གླིང་བོད་ཀྱི་རིགས་གཞུང་གཅེས་སྐྱོང་ཁང་སྒོར་མོ་བཟོ་རྒྱུ་ལ་བྲེལ་ནས་བསྡོད་ཡོད་པར་འདྲ་
    ཧ་ཧ་་་་་་འདི་ཡང་གསར་འབྱོར་ཚ་བོ་ཞིག་མ་རེད་དམ།

    Reply
  7. རིག་བཟང་། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་སྔོ་སྨོན་ཐོག་དབུ་བཞུགས་མཛད་པ་ལས་ཕྱི་ཕོགས་སུ་ཡོད་པའི་ཆབ་སྲིག་པ་དང་བོད་དོན་རྒྱབ་བསྐྱོར་བ་རྣམས་ལ་འབྲེལ་བ་བྱས་ན་མི་བཟང་ངམ།

    Reply
  8. བརྩོན་རྒྱམ། says:
    ལོ་ 14 སྔོན།

    དེ་རིང་བོད་མི་ཚང་མ་དུས་གཅིག་ཏུ་འདུས་ནས་ཟས་བཅད་གནང་སྟངས་ལ་ལྟས་ན་དགའ་འོས་པའི་བྱ་བ་ཞིག་རེད།  གཞིས་བཞུགས་བོད་མི་ཚོ་སྙིང་རྗེ་བསམ་ནས་ཕེབས་པ་ཡིན་གྱི་རེད་འོན་ཀྱང་རང་ཉིད་བོད་མི་ཞིག་ཡིན་དུས་འགན་ཡོད་པ་ཤེས་པ་ཡིན་ཡག་པོ་རེད་ད་དུང་མར་མེའི་ཁྲོམས་སྐོར་སོགས་ལས་འགུལ་གང་ཡིན་རུང་མཉམ་བཞུགས་གནང་རོགས་ཞུ།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཨ་ཁ་ཞོགས་ཇ་བཏུངས་ཟིནད་ཀྱང་། །
    འདི་རིང་ཉིན་ཟས་དགོང་ཟས་གཉིས། །
    མི་ཟ་དམ་བཅའ་ཆག་ཀྱོག་གཅིག །
    བཞག་ནས་ང་ཡང་སྨྱུང་གནས་ཡིན། །

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བོད་ནང་གི་རྒྱལ་གཅེས་ཞི་རྒོལ་དཔའ་བོ་རིམ་བྱོན་དང་ལྷག་པར་དུ་རང་ལུས་མཆོད་མེར་སྦར་བའི་དགེ་འདུན་པ་གསར་བུ་རྣམ་པས། བོད་ཀྱི་ཆེ་དགུ་ཚང་མ་ཡང་འདི་ལྟར་བསྒུལ་བྱུང།
    སྒུལ་སྟངས་དང་འགུལ་སྟངས་འདིས་ད་གཟོད་ཚེ་སྲོག་ཅིག་གི་རིན་ཐང་མཚོན་ཐུབ་ལ། ད་གཟོད་སྐྱིད་སྡུག་གཅིག་གི་འདུ་ཤེས་དང་ཆིག་སྒྲིལ་ཞིག་གི་སྟོབས་ཤུགས་ཀྱང་མཚོན་ཐུབ་སོང།
    སྐབས་འདིར་བདག་གིས་སུ་ཞིག་ལ་བཀའ་དྲིན་ཆེ་ཞུ་འོས་པ་མི་ཤེས་ལ། སུ་ཞིག་ལ་གསོལ་བ་འདེབས་དགོས་པ་ཡང་མི་ཤེས། གང་ལྟར་ཡིད་ཆེས་ཤིག་དང་སྤོབས་པ་ཞིག རེ་བ་ཞིག་ལྷོག་ལྷོག་ཏུ་འཕྱུར་འོང་གིན་འདུག འདི་ནི་འུ་ཅག་ཚང་མའི་བྲང་ཁོང་ན་ལྷོག་ལྷོག་ཏུ་འཕྱུར་བཞིན་པ་དེ་ཡང་ཡིན་ངེས། གལ་ཏེ་སྙིང་གི་འཕར་རྩ་འདི་འཇགས་པ་མེད་པར་འདི་ལྟར་འཕར་སྲིད་ན། བདེན་མཐའི་སྐྱ་རེངས་དེ་ཡང་མི་རིང་འཆར་བར་འོང་ངེས།
    བདེན་པའི་སྟོབས་ཀྱིས་འགྲེངས་པའི་མི་རིགས་འདི་བདེན་པའི་མཐུ་ཡིས་རྣམ་པར་རྒྱལ་གྱུར་ཅིག

    ཉིན་བརྒྱ་དུས་གཅིག་ཟེར་བ་དེ་ ཉིན་གཅིག་དུས་གཅིག་མ་རེད་དམ།

    Reply
  11. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    གསོལ་འདེབས་སྨོན་ལམ་དང་་་་་་་་་་དད་པ་ཡིད་ཆེས་ཀྱིས་མི་རིགས་ཤིག་གི་དཀའ་ངལ་སེལ་སོང་བའི་ལོ་རྒྱུ་བྱུང་མྱོང་མེད་པ་ཤེས་དགོས།

    Reply
  12. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དེ་ལྟར་གསོལ་བ་བཏབ་པའི་སྐད་གཅིག་དེར།།
    མི་ལོ་ལྔ་བཅུའི་སྡུག་བསྔ་སེལ་བར་ངེས།
    མེར་བསྲེགས་བྱས་པའི་རྣམ་ཤེས་འཁྱམ་པོ་རྣམས།།
    ཐར་པའི་ལམ་སྣ་དྲངས་བར་ཐེ་ཚོམ་མེད།།

    Reply
  13. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གིས་རྒྱ་མི་གཞུང་ལ་འབོད་སྐུལ་ཞུ་རྒྱུ་ད་དུང་ཉུང་དྲགས་འདུག མ་ཟད་རྒྱལ་ཁབ་ཁག་གི་དབུ་འཁྲིད་རྣམ་པ་དང་། ཆབ་སྲིད་པ། ཤེས་ཡོནཅན། དེ་བཞིན་དྲང་བདེན་དང་ཞི་བདེ་ལ་དགའ་བའི་དཔོན་རིགས་ཚོར་ང་ཚོའི་གནད་དོན་ངོ་མ་ཡིག་རིགས་སོགས་ཀྱི་ལམ་ནས་བརྒྱུད་བསྒྲགས་བྱེད་ཐུབ་ན་ཕན་ཐོགས་ཡོང་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese