མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉེན་རྟོག་དཔོན་གྱིས་མི་ ༦ བསད་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp


གཟའ་སྤེན་པའི་ཕྱི་དྲོ
ར་རྒྱ་ནག་ཧི་ནན་ཞིང་ཆེན་མངའ་ཁུལ་དུ།  ཉེན་རྟོག་དཔོན་རིགས་ཤིག་གིས་ར་བཟི་སྟེ་རླངས་འཁོར་སྐོར་བས་མི་ ༧ དམར་གསོད་བྱས་འདུག 

ཕྱི་ཚེས་ ༢༩ ཉིན་ཕྱི་དྲོར་རྒྱ་ནག་ཧི་ནན་ཞིང་ཆེན་རོའུ་ནན་རྫོང་ལཱིང་ཀྲུའུ་གྲོང་རྡལ་གྱི་ཉེན་རྟོག་པའི་མགོ་གཙོ་གཞོན་པ་ཝང་ཡུན་ཕིན་ར་བཟི་རྗེས།  ཉེན་རྟོག་པའི་རླངས་འཁོར་སྐོར་ནས་ལམ་འགྲམ་གྱི་གློག་སྡོང་ཞིག་ལ་གདུང་ཐུག་བརྒྱབ་སྟེ་ལམ་འགྲོ་མི་གཅིག་རྐྱེན་ལམ་དུ་བཏང་རྗེས།  སོ་སོའི་ནག་ཉེས་ལ་གཡོལ་ཐབས་ཀྱིས་རླངས་འཁོར་ཇེ་མགྱོགས་སུ་བཏང་སྟེ་འབྲོ་རྩིས་བྱེད་སྐབས།  རླངས་འཁོར་གྱི་ཁ་མ་ཐུབ་པར་ཡང་བསྐྱར་ལམ་འགྲོ་བ་མི་ ༥ ལ་གདུང་ཐུག་བརྒྱབ་ཏེ་དམར་གསོད་བཏང་ཡོད་འདུག  གནས་ཚུལ་དེ་བྱུང་མ་ཐག་ས་གནས་དམངས་སྲིད་ལས་ཁུངས་ཀྱིས་རླངས་འཁོར་མངགས་ཏེ།  ལམ་འགྲམ་གཡས་གཡོན་དུ་དམར་གསོད་བཏང་ཡོད་པའི་བེམ་པོ་དག་རླངས་འཁོར་ནང་དྲུད་དེ་རོ་མེར་བསྲེགས་བྱ་སར་འདྲུད་རྩིས་བྱས་ཡོད་པར་མ་ཟད། དེ་ནི་ས་གནས་གཞུང་གི་དཔོན་རིགས་ཚོས་བཀའ་མངགས་ཡིན་སྐོར་བརྗོད་འདུག 

ས་གནས་རྒྱ་གཞུང་གི་དཔོན་རིགས་ཚོའི་བྱེད་སྟངས་དེར་མང་ཚོགས་ཁོང་ཁྲོ་ལངས་ཏེ།  མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས་བེམ་རོ་འདྲུད་བྱེད་ཀྱི་རྒྱ་གཞུང་དམངས་སྲིད་ལས་ཁུངས་ཀྱི་རླངས་འཁོར་གྱི་ཤེལ་སྒོ་ཡོངས་རྫོགས་གཏོར་ཡོད་པར་མ་ཟད།  ཉེན་རྟོག་པའི་རླངས་འཁོར་ཆུང་བ་གཉིས་ཁྲོམ་གཞུང་དུ་མགོ་རྟིང་སློག་སྟེ་གཏོར་བཅོམ་བྱས་ཡོད་པ་དང་། ས་གནས་སྲིད་གཞུང་གིས་གནད་དོན་དེའི་མགོ་མཇུག་བར་གསུམ་མི་མང་ལ་འགྲེལ་བརྗོད་གསལ་བོ་ཞིག་དང་།  འདས་པོ་དག་ལ་དྲང་སྙོམས་ཀྱི་ཐག་གཅོད་བྱ་དགོས་པའི་སྐད་འབོད་ངོ་རྒོལ་བྱས་ཡོད་འདུག   

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 10

  1. རོ་ལངས། says:
    ལོ་ 15 སྔོན།

    རྒྱ་ནག་སྟོབས་ཆེ་རབས་ཀྱིས་བོད་པ་ཚང་ཞད་དགོས་དོན་མི་འདུག གཞུང་འཛིན་དང་དཔོན་རིགས་དག་གི་བྱེད་སྟངས་ལ་གཅིག་ལྟོས་དང་། ངོ་མ་མགོ་སྟིང་ལོག་པའི་ལྟསངན་་ཚང་ཚར་འདུག

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    མི་དམངས་ཀྱི་ཉེན་རྟོག་དཔོན་པོ་ཞིག་གི་བྱེད་སྟངས་འདིས་ཁོ་ཚོ་སྟེ་རུལ་སུངས་སྲིད་གཞུང་གི་ངོ་བོ་གསལ་བོར་མཚོན་གྱིན་ཡོད། ཁོ་པ་ཚོས་རྟག་པར་མི་དམངས་ལ་དགའ་ཞེན་དང་མི་དམངས་ལ་སྲི་ཞུ། སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་ཟེར་བ་དག་ནི་བོད་མི་རིགས་ལ་རྒྱབ་སྐྱོར་དང་རོགས་རམ་་ཡར་རྒྱས་ཟེར་བའི་མགོ་སྐོར་གྱི་ཁ་གཡང་དག་དང་གཅིག་པ་ཡིན།

    Reply
  3. མི་ཉག་དུང་བརྡ། says:
    ལོ་ 15 སྔོན།

    རེད། སྤྱི་ཚོགས་ནི་རྙོག་འཛིན་གྱི་གད་སྣོད་ཅིག་ཡིན། ད་དུང་དབྱིན་ཇིའི་མཁས་དབང་ཞིག་གིས་འདི་ལྟར་གསུངས་ཡོད། མི་ཚེ་ནི་སྟབས་བདེ་ཞིག་རེད། འོན་ཀྱང་མི་ཚོས་ཨུགས་ཚུགས་ཀྱིས་འདི་བཀའ་རྙོག་ཞིག་ཏུ་བསྒྱུར་བཞིན་ཡོད། ཅེས་པའི་སྡོམ་ཚིག་འདི་ནི་ཅི་འདྲའི་དོན་སྙིང་ཡོད་པ་ཞིག་རེད།

    Reply
  4. མི་ཉག་དུང་བརྡ། says:
    ལོ་ 15 སྔོན།

    རེད སྤྱི་ཚོགས་ནི་ཉག་ཉོག་གིས་ཁེངས་པའི་གད་སྣོད་ཅིག་དང་མཚུངས། ད་དུང་དབྱིན་ཇིའི་མཁས་པ་ཞིག་གིས་གསུངས་མྱོང་ཡོད་པར་བཞིན། མི་ཚེ་ནི་སྟབས་བདེ་ཞིག་ཡིན་ནའང་། མི་ཚོས་ཨུ་ཚུགས་ཀྱིས་འདི་དཀའ་རྙོག་རང་བཞིན་ཅན་ཞིག་ཏུ་བཟོ་གིན་ཡོད་ཟེར་བ་འདི་ཅི་མི་བདེན།

    Reply
  5. བརྩོན་རྒྱམ། says:
    ལོ་ 15 སྔོན།

    རྒྱ་ནག་དམར་གཞུང་གི་མི་རིགས་མཉམ་ཆུང་ཚོ་འདི་འདྲ་བ་ནི་ཧ་སེང་བས་གནས་སྟངས་ཤིག་མ་ཡིན་ནམ?

    Reply
  6. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    རྒྱ་ནག་དམར་ཤོག་ཚོགས་པས་བྱེད་སྟངས་འདི་ཚོ་ངེས་པར་དུ་འཛམ་གླིང་མི་མང་ཚོའི་སྤྱན་ལམ་དུ་མངོན་པར་གསལ་བར་བྱེད་དགོས། ང་ཚོ་བོད་རིགས་ཐོག་འཛིན་པའི་སྲིད་ཇུས་ནི་འདི་ལས་སྡུག ཡུལ་ལུང་དེའི་མི་མང་ཚོས་སྐད་འབོད་རིགས་བྱས་ནས་དཔོན་ངན་དེ་ཚོར་དགེ་བཤད་སྡིག་བཀྲོལ་གྱིས་མ་ཉེན་ན་ལོག་ལམ་དུ་སྦྱར་དགོས།

    Reply
  7. ཀླུ་ བློ་བསམ། says:
    ལོ་ 15 སྔོན།

    རྒྱ་ནག་དྲ་གནས་ཁག་ལ་གསང་མྱུལ་བར་སོང་ནོ་ངར་གི ཉིན་རེ་ནས་ཉིན་རེར་འཚམས་ཆད་གི་མེད་གི ཇེ་མང་ཇེ་མང་རེད

    Reply
  8. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    མི་དམགས་ཀྱིས་ངོ་རྒོལ་ཆེ་ཙམ་བྱུང་བ་བཟང་གི ཏང་གི་དཔོན་ངན་ཚོའི་སྤྱོད་ཚུལ་འདི་འདྲ་རང་རེད།

    Reply
  9. གཅེན་པོ། says:
    ལོ་ 15 སྔོན།

    མང་ཚོགས་མཉམ་འུར་ངང་ནས། རང་ཉིད་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་དགོས།

    Reply
  10. ཟུངས་ཁྲག says:
    ལོ་ 15 སྔོན།

    འོ་ཧོ་མཉམ་ཆུང་གི་འབངས་མི་དེ་ཚོ་སྙིང་རྗེ་ཨོ་མ་ཎི་པད་མེ་ཧཱོུཿ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese