མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོ་མེ་ལྕེ་ལགས་བཟུང་རྗེས་ཀྱི་སེམས་ཚོར་ཐན་ཐུན།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྡོ་སྦིས་ཟླ་བ་ཚེ་རིང།

ཕྱི་ཟླ་བཅུ་བའི་ཚེས་བཅུ་དགུ་ཉིན་མི་རིགས་འདིའི་ཡུལ་ཆུ་ལ་དུང་ཞིང་ཡུལ་སྐད་ལ་དགའ་བའི་ངེས་དོན་གྱི་རྩོམ་པ་པོ་མེ་ལྕེ་ལགས་རང་ཁྱིམ་ནས་བཙན་བཟུང་བྱེད་འདུག་ལ།  འཛིན་སྟངས་དེ་ཡང་རྩོམ་པ་པོས་མི་རིགས་འདིའི་སྐབས་བབ་ཀྱི་བདེན་གཏམ་མམ་རྒྱ་ནག་གིས་གདུག་རྩུབ་ལ་རྒོལ་བའི་སེམས་གཏམ་ཁ་ཤས་ཡིན་འདུག མདང་དགོང་ངས་ཡུལ་གྱི་གྲོགས་པོ་ཞིག་དང་མཉམ་དུ་ཁུ་ཁུ་( qq )ནས་རྩོམ་པ་པོ་ཁོ་རང་གླེང་བ་ཡིན་ལ།  རྩོམ་པ་པོ་ཁོང་ནི་གང་ནས་ཐུག་ན་གང་དུ་བསྡད་ནའང་ཁོང་གི་ཁ་ནས་ཐོན་པ་དག་ནི་མི་རིགས་འདྲ་མཉམ་དང་སྐད་ཡིག་འདྲ་མཉམ། ཐོབ་ཐང་འདྲ་མཉམ་(བྱེས་འབྱོར་བའི་ཁ་ནས་ཐོན་པའི་མི་རིགས་འདྲ་མཉམ་གྱི་སྐད་ཆ་སྐམ་པོ་དང་གཞིས་ལུས་བའི་རང་སྲོག་གཏའ་མར་བཞག་ནས་སྨོས་བའི་འདྲ་མཉམ་གཉིས་ལ་རིན་ཐང་མི་འདྲ་བ་ཡོད་པ་ཀློག་པ་པོས་ཤེས་དགོས་)གྱི་སེམས་ཚོར་དམར་དམར་འདི་སུ་ལ་ཐུག་རུང་སྒྲོག་རྐྱང་བྱས་པས་རེད་འདུག 

ཁོང་གི་བརྩམས་ཆོས་དག་ལས་ཀྱང་མི་བུ་ཞིག་གི་ཐོབ་ཐང་ངམ་མི་བུ་ཞིག་གི་བསམ་བློའི་རིན་ཐང་དེ་བཙན་པོའི་རྐང་འོག་ནས་མི་ཤི་བའི་བསམ་བློའི་རྒྱགས་ཕྱེ་ཡོད་ལ། གཉོན་པོའི་བག་གྲོང་ནས་མི་བརླག་པའི་ཀུན་གཞིའི་འདུ་ཤེས་ཡོད་པ་སྨོས་མ་དགོས་སོ།  ཁོང་ཚོ་དང་ཁོང་ཚོའི་ཚེ་སྲོག་གིས་འབྲི་བཞེངས་བྱེད་པའི་བརྩམས་ཆོས་དག་གིས་འབོད་སྐུལ་ལས་མཆེད་པའི་རིགས་ཞེན་གྱི་འབར་ཞུན་འདི་ད་ཆར་བོད་མི་བྱིངས་ཀྱི་རིགས་ཞེན་གྱི་ཚེ་སྲོག་གླེང་བའི་ས་བོན་དུ་གྲུབ་འདུག ཁོང་ཚོས་ང་གཙོ་བཟུང་གི་ང་དང་ངའི་གཉེན་ཉེ་ཡི་སྐྱིད་སྡུག་གི་སེམས་ཚོར་ཅེར་ནས་ན་གཞོན་སྟོང་ཕྲག་ཅིག་གི་ཚོར་འདུ་ཡི་བསམ་བློའི་སྒོ་མོ་ཕྱེས་ཡོད་ལ།  མི་བུའི་འདུ་ཤེས་དང་མི་རིགས་ཀྱི་འདུ་ཤེས་སྒྲོག་རྒྱང་ལས་སེར་སྐྱ་ཁྲི་འབུམ་གཉིད་ལས་བསླངས་ཡོད།  མདོར་ན་སྟོང་ལོ་བརྒྱད་པའི་རིགས་ཞེན་གྱི་ཕྱི་རྒོལ་ཆེན་མོའི་ཚེ་སྲོག་གི་མེ་ལྕེ་དང་སྟོང་ལོ་དགུ་བ་དང་སྟོང་ལོ་བཅུ་གཅིག་པའི་དཔའ་བོ་དཔའ་མོ་དག་གིས་རིགས་ཞེན་གྱི་རང་ལུས་མེ་བསྲེགས་སྦྱོར་དངོས་ཀྱི་ རླབས་ཆེན་འབོད་སྐུལ་འདི་ཡང་མཐར་གཏུགས་ན་ཁོང་ཚོས་སྦར་བའི་བདེན་གཏམ་གྱི་འབར་ཞུན་རྐང་གཅིག་གི་ཉེར་ལེན་ནོ། །

 ཁོང་ཚོས་འདི་ལྟར་ལྕགས་སྒྲོག་སྒོར་སྒོར་དང་མེ་མདའ་རྣོན་པོ་ཁ་ནས་གཅེས་སྲོག་ཕྲ་མོ་གཏའ་མར་བཞག་སྟེ་རྒྱ་ནག་པོའི་གདུག་རྩུབ་རེ་རེ་སྙུག་ཁར་དྲངས་ནས་ན་གཞོན་རྡོག་འདུས་དང་རིགས་ཞེན་གྱི་མེ་འབར་བའི་བྱ་བཞག་འདི་ནི་ཅི་འདྲའི་རླབས་ཆེན་ཨང་། ང་ཚོར་ཁོང་ཚོ་དང་ཁོང་ཚོ་འདྲ་བའི་དཔའ་བོ་དཔའ་མོ་དག་ཡོད་པས་བོད་ཁམས་གཅིག་འདུས་དང་སྐྱིད་སྡུག་མཉམ་ལེན་གྱི་སེམས་བྱུང་འདི་བྱུང་བ་རེད་མོད། ཡིན་ནའང་། བློ་ཡུལ་ལས་འདས་པ་ཞིག་ལ་བག་མེད་བྱེས་འབྱོར་གྲོང་ན་རང་ཁ་འབུ་ཁུང་གི་ཆེད་དུ་རིགས་ཞེན་དང་སྐད་ཡིག་ལྕེ་མགོ་ཀླན་ནས་མཐུན་སྒྲིལ་དང་ལར་ཞེན་རྡོག་རྫུས་ཀྱིས་བག་མེད་བྱ་སྤྱོད་འདི་ལ་ངོ་རེ་གནོངས་ཨང་།

མ་ཟད་མི་གཤིས་དང་རྒྱུན་ཤེས་ཀྱིས་སྟོང་བའི་རྩོམ་མཁན་དག་དང་དྲ་འབུ་དབྱེན་དཀྲུགས་མཁན་ཚོས་བག་མེད་ཀྱི་སྐད་ཆ་སྣ་མགོ་བསླངས་ཏེ་ཚིག་རྩུབ་ཀྱི་མདའ་མདུང་སྙུག་ཁར་ཕྱར་ནས་བསམ་བློ་དམར་གསོད་ཀྱི་ཇག་ས་འདི་ལ་སོམས་དང་།  འདི་ལས་ང་ཚོར་ཐོབ་པ་ནི་གཞིས་ལུས་དཔའ་རྒོད་ཚོའི་སེམས་སྡུག་གི་རྨ་ཁ་དང་རྒྱ་དཀར་ནག་གཉིས་ཀྱི་ངོ་གདོང་ལས་བྱུང་བའི་འཚོ་བ་ཉི་ཚེ་བ་དེ་མ་ཡིན་ནམ། དེ་ལས་ཁྱོད་དང་ང་ལྟ་བུའི་སྡར་མའི་ཚོགས་རྣམས་ཀྱིས་རང་ལུས་མེ་བསྲེགས་དང་རང་སྐྱིད་རྒྱབ་དོར་གྱི་རླབས་ཆེན་བྱ་བཞག་གི་རྗེས་འབྲང་དཀོན་རུང་།  ངེས་དོན་གྱི་རྩོམ་པ་པོ་མེ་ལྕེ་ལྟ་བུའི་རྩོམ་མཁན་རྣམས་དང་རིགས་ཞེན་གྱི་ཆེད་དུ་རང་ལུས་སྦྱིན་མཁན་གྱི་དཔའ་བོ་དཔའ་མོ་རྣམས་ཀྱི་མཆོད་སེམས་ལ་དད་མོས་ཀྱི་ཚིག་འབྲི་རེ་གཉིས་སྨོས་ནས་རྡོག་སེམས་གཅིག་ཏུ་སྒྲིལ་ན་མི་བཟང་ངམ།

མདོར་རྩ་བཤད་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལག་ཟུང་བརྐྱངས་ཏེ་འུ་ཚོར་བདེ་སྐྱིད་བསྟེར་མི་སྲིད་ལ། རྒྱ་ནག་དམར་བའི་མཚོན་མདའི་ཁ་ནས་བོད་བཙན་པོའི་སྙིང་སྟོབས་གཅོད་མི་ཐུབ་པས་ན།  ཡོད་ཚད་ཀྱི་ཡོད་ཚད་ང་ཚོ་རང་ཉིད་ལ་རག་ལས་འདུག་ཟེར་བ་དེ་ཡིན།  གལ་སྲིད་བྱེས་འབྱོར་བའི་མི་འདི་ཚོ་གཞིས་ལུས་ཀྱི་རྩོམ་པ་པོ་ལྟར་རང་སྐྱིད་རྒྱབ་དོར་གྱི་རིགས་ཞེན་ཞིག་ཡོད་ན། གལ་སྲིད་བྱེས་འབྱོར་བའི་མི་འདི་ཚོར་གཞིས་ལུས་དཔའ་བོ་དཔའ་མོ་ལྟར་རིགས་ཞེན་གྱི་སྙིང་སྟོབས་ཁོལ་མ་ཞིག་ཡོད་ཚེ་བོད་ཀྱི་བདེན་མཐའ་ནི་སང་ཉིན་གནངས་ཉིན་རེད་ཟེར་བ་དེའོ།།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༧ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༨ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༢ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 4

  1. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    གྲོགས་པོ་ལགས། སྐུ་ཞབས་མེ་ལྕེ་ལགས་སུ་ཆེད་་དུ་རྩོམ་ཡིག་འདི་འདྲ་ཞིག་བྲིས་པ་ལ་ཡི་རང་ཞུ། ནམ་ཡང་བོད་ལ་ཤ་ཞེན་ཆེ་བའི་མི་བུ་རླབས་ཆེན་འདི་འདྲ་ཞིག་ལ་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ་ནི། ཁ་ཚ་དགོས་གཏུགས་ཤིག་རེད། མི་རིགས་གནམ་འོག་འདེགས་པའི་ཀ་ཆེན་ཞིག་ཡོད་ན། བོད་ཀྱི་གཞོན་སྐྱེས་འདི་ལྟ་བུ་ཚོ་ནི། ངེས་པར་གནམ་འདེགས་ཀྱི་ཀ་བ་ཡིན་པ་རེད། དེའི་ཕྱིར་ན་ཡག་པོ་འདུག མེ་ལྕེ་རྒྱལ་ལོ།

    Reply
  2. རང་དབང་རྒྱལ། says:
    ལོ་ 14 སྔོན།

    གཞིས་བཞུགས་ཚད་ཐུབ་རྩོམ་པ་པོ་སྐུ་ཞབས་མེ་ལྕེ་ལགས་རྒྱ་གཞུང་གིས་བཙན་བཟུང་བྱས་པ་ནི། བོད་ཀྱི་སྒལ་ཚིགས་གཏོར་བསམ་པའི་ངན་བྱུས་ཉག་ཅིག་རེད། དེ་འདྲ་ཡིན་དུས། བྱུས་ངན་དེའི་རིགས་ལ་ཁ་གཏད་གང་འདྲ་གཅོག་རྒྱུ་ཡིན་མིན་གྱི་ཕྱོགས་སུ་བསམ་ཚུལ་རེ་སྤུངས་རོགས་ཞུ། ལྷག་པར་དུ། རྒྱལ་སྤྱིའི་སློབ་ཕྲུག་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཀྱིས་ངོས་ནས། རྩོམ་པ་པོ་ཁོང་གི་ལོ་རྒྱུས་སོགས་འཚོལ་ཞིབ་བྱས་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་ཉེས་པ་ཚོགས་པ་སོགས་བརྒྱུད་ནས་རྒྱ་གཞུང་ལ་གནོད་ཤུགས་སྤྲད་ཀི་འཇུག་དགོས་པ་གལ་ཆེན་དོན་ཞིག་རེད། དེ་ཡང་འཕྲལ་དུ་འཇུག་དགོས་པ་ཤིན་ཏུ་ནས་ཀྱང་གལ་ཆེའོ།།

    སྤྱིར་ན། རྩོམ་པ་པོ་མེ་ལྕེ་ལགས་ཀྱིས་བརྩམས་གནང་བའི་《མི་གཞིའི་སྙིང་སྟོབས་》དང་《ཁུ་སིམ་ཁད་ཀྱིས་དཀྲོགས་》སོགས་ལ་སློབ་སྦྱོང་བྱས་ཡོད་པ་མ་ཟད། ཞིབ་འཇུག་བྱས་པའི་གྲུབ་དོན་དེའི་རིགས་ལ་རང་ཤུགས་ཀྱིས་དགའ་ཕྱོགས་ཤིག་ཡོད་པས་ན། བློ་བསྐྱེད་ཅིག་མི་ཆུང་བ་ཞིག་རག་སོང་། ད་རུང་ཁོང་གིས་རྩོམ་སྒྲིག་གནང་བའི་《རང་གྲོལ་ཞིབ་འཇུག་》སོགས་ལ་མཇལ་མྱོང་ཡོད། དེའི་སྟོབས་ཀྱིས། ཁོང་ནི་ཆེས་ཐག་ཉེ་བའི་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། དེ་རིང་གི་ཁོང་གི་གནས་ཚུལ་སྐྱོ་བོ་འདི་མཐོང་མ་ཐག་ཅི་ཡིན་འདི་ཡིན་མེད་པའི་ཕྱོགས་སུ་ལྷུང་གྲབས་བྱེད་ཀྱིན་འདུག

    གང་ལྟར། ད་ནི། གནས་ཚུལ་འདི་བྱུང་ཚར་བ་རེད། དེ་འདྲ་ཡིན་དུས། ཁོང་གིས་མཛད་རྗེས་དང་ཤེས་རྟོགས་ལ་ངོས་འཛིན་ཡོད་པའི་ཐོག་ནས། ད་ཡིན་ན། རྩོམ་པ་པོ་ཁོང་དང་ཁོང་ལྟ་བུ་རྒྱ་གཞུང་གི་བཙོན་ཁང་ནང་ནས་གློད་གྲོལ་ཡོང་ཐབས་སུ། ནུས་ཤུགས་རྩལ་དགུ་འདོན་རན་པའི་དུས་ཚོད་ཛ་དྲག་ཅིག་རེད། དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱལ་སྤྱིའི་མང་གཙོི་དང་རང་དབང་གི་ཐོབ་ཐང་བདག་སྐྱོང་བྱེད་ཀྱིན་པའི་ཚོགས་སྡེ་ཁག་ལ་ཁོང་གི་གནས་ཚུལ་འདི་ར་སྤྲོད་དང་འབྲེལ། རྒྱ་གཞུང་མི་ལྷོད་རང་ལྷོད་ཀྱིས་གནོད་ཤུགས་སྤྲད་ཐབས་ལ་གང་ཡོང་ཅི་ཡང་གནང་རོགས་ཞུ།

    དེ་བཞིན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ངོས་ནས་ཁོང་གི་ལོ་རྒྱུས་དང་ཁོང་གི་བརྩམས་ཆོས་རྣམས་ཡིག་རིགས་འདྲ་མིན་ལ་བསྒྱུར་ནས་ཁོང་གི་གནས་ཚུལ་འདི་འཛམ་གླིང་ལ་བརྒྱུད་སྤེལ་བྱེད་དགོས་པ་གལ་ཆེན་ཞིག་ཏུ་འཁུམས་སོ།། མ་གཏོགས་གནའ་ནས་བཟུང་ད་ལྟའི་བར་དུ། བོད་ཀྱི་སྒལ་ཚིགས་དང་བླ་སྲོག་ཆེས་མང་པོ་ཞིག་རྒྱ་གཞུང་འདི་ལྟར་ནག་མེད་སེ་བཏང་བ་མ་ཡིན་ནམ། ད་ནི། རྒྱ་གཞུང་འདི་སྲིད་བྱུས་འདིའི་རིགས་ལ་ལངས་ཤོར་ལ་ཕྱོགས་ཡོད་པ་མ་ཟད། བྱུས་ངན་འདི་སྟབས་བདེ་ཤོས་སུ་བརྩི་བཞིན་པའི་ཁུལ་ཡིན་རུང་། དེ་རིང་འཛམ་གླིང་ནི། འདི་འདྲ་མིན་པར་ར་འཕྲོད་བྱེད་རན་པའི་དུས་ཚོད་ཅིག་རེད།

    Reply
  3. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    མེ་ལྕེ་མ་རླག་རོགས་. མེ་ལྕེས་རྡོ་ཟླའི་རྩོམ་འདི་མཐོན་ན་སྐྱུག་ངེས་རེད་སྙམ། འདིས་རང་ཡང་དྲ་འབུ་ཆགས་ཟིན་པ་ཤེས་པར་བགྱིས. སང་གནངས་བོད་བདེན་མཐའ་སེལ་བའི་ཐབས་ལམ་གང་ཡོད་དམ་ དེར་བྱེས་པ་ཚོས་སྙིང་སྟོབས. ལྷག་བསམ་. འཇོན་ཐང་གི་ངོས་ནས་གློད་གཞག་པ་གང་ཡོད་དམ

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    དཔྱད་བརྗོད་ལ་རིན་ཐང་འདུག མེ་ལྕེ་ལགས་ཀྱི་སྐོར་གྱི་གཏམ་བཟང་ཞིག་འདིར་ཡོད།
    http://www.chapdaklhamokyab.fr/%E0%BD%91-%E0%BD%A2-%E0%BD%84-%E0%BD%82-%E0%BD%A6-%E0%BD%96-%E0%BD%84/%E0%BD%95-%E0%BD%A1-%E0%BD%A3-%E0%BD%A3-%E0%BD%A3-%E0%BD%96/%E0%BD%A2-%E0%BD%98-%E0%BD%94-%E0%BD%94-%E0%BD%98-%E0%BD%A3-%E0%BD%A3%E0%BD%82%E0%BD%A6/

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese