མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་མས་བཏང་བའི་དངུལ་གྱིས་༼སློབ་མའི་ཚགས་པར།༽འདོན་གྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་མ་སྐོར་ཞིག་གིས་རང་འགན་སློབ་སྦྱོང་གི་ཞོར་དུ་༼ སློབ་མའི་ཚགས་པར ༽ཞེས་པའི་སྣ་འཛོམས་རང་བཞིན་གྱི་སློབ་མའི་ཚགས་པར་ཞིག་ཉེར་གྱིན་ཡོད་འདུག་ལ། ཚགས་པར་འདིའི་འགྲོ་སོང་ཆ་ཚང་སོ་སོའི་ཨམ་ཕྲག་ལས་གཏོང་བཞིན་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་གསར་འགོད་པས་པས་སློབ་མའི་ཚགས་པར་གྱི་རྩོམ་སྒྲིག་པ་ཚེ་དབང་རྣམ་རྒྱལ་དང་རྩོམ་སྒྲིག་ལས་རོགས་བཀྲ་ཤིས་དོན་འགྲུབ་གཉིས་སུ་གླེང་མོལ་གྱི་ཚུལ་དུ་ཚགས་པར་འདི་ཐོག་མར་མགོ་འཛུགས་བྱེད་སྟངས་དང་ད་ལྟའི་གནས་སྟངས་སྐོར་ལ་བཅར་འདྲི་ཞུས་ཡོད། ཁོང་གཉིས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན།  སློབ་མའི་ཚགས་པར་དེ་ནི། བོད་ནས་གསར་དུ་འབྱོར་ཞིང་ད་ལྟ་སུ་ཇཱ་སློབ་གྲྭའི་ནང་སློབ་གཉེར་བྱེད་ཀྱིན་པའི་སློབ་མ་ ༤ ཡིས་དང་བླངས་ཐོག་སློབ་གྲྭའི་འཛིན་སྐྱོང་གི་བཀའ་འཁྲོལ་འོག ༢༠༡༠ ལོའི་ཕྱི་ཟླ་ ༩ པའི་ཚེས་ ༥ ཉིན་༼ མྱི་རབས་གསར་པའི་ཡོ་ལང་། ༽ ཞེས་པའི་ཚོགས་ཆུང་ཞིག་བཙུགས་པ་དང་། ཚོགས་ཆུང་དེའི་མིང་ཐོག་ནས་སློབ་མའི་དུས་དེབ་ཅིག་འདོན་སྤེལ་གྱིས་ཐེངས་གཉིས་འདོན་སྤེལ་བྱས་ཀྱང་།  དཔལ་འབྱོར་རོགས་རམ་དང་གློག་ཀླད་སོགས་ཀྱི་མཐུན་རྐྱེན་མེད་པའི་དཀའ་ངལ་འོག་མཚམས་འཇོག་བྱ་དགོས་བྱུང་ཞིང་། དེའི་རྗེས་ཤིང་བཟའ་རིན་པོ་ཆེ་མཆོག་གིས་ཧིན་སྒོར་ཁྲི་ ༡ དང་ཞི་ཆེན་རིན་པོ་ཆེ་མཆོག་གིས་ཧིན་སྒོར་ ༣༠༠༠ ། ལྷོ་ཕྱོགས་རྒྱུད་སྨད་གྲྭ་ཚང་གིས་ཧིན་སྒོར་ ༣༠༠༠ བཅས་ཀྱི་རོགས་རམ་དང་། རྒྱུད་སྨད་གྲྭ་ཚང་གི་གློག་ཀླད་མཐུན་འགྱུར་འོག འདི་ལོའི་ཕྱི་ཟླ་ ༡ པའི་ཚེས་ ༡ ཉིན་གངས་ཅན་རིག་གནས་སློབ་གྲྭའི་རྒན་དམ་ཆོས་ལགས་ཀྱིས་ཚགས་པར་དབུ་འབྱེད་གནང་སྟེ། ཐོག་མར་ ༨༠༠ དཔར་འགྲེམས་དང་། དེའི་རྗེས་ཟླ་རེར་ཚགས་པར་ ༡༠༠༠ པར་བསྐྲུན་གྱིས་བྷེལ་ཀོལ་དང་སེ་ལ་ཀོལ། ཅོང་ངྷི་ར། གྷོལ་པ་པུར། སུ་ཇཱ། ངྷ་སྟེང་། ངྷ་ཤོད། ས་རཱ་དང་ནོར་གླིང་མཐོ་སློབ། ཤེས་རབ་དགའ་ཚལ་སློབ་གླིང་བཅས་སུ་འགྲེམས་སྤེལ་གྱིས་ད་ཆར་དཔར་ཐེངས་ ༨ པ་དེ་ཆགས་ཡོད་འདུག

སློབ་མའི་ཚགས་པར་འདིའི་ནང་།༼ རྩོམ་རིག་ལྡུམ་རྭ༽ དང་༼ བྱིས་སྒྲུང ༽འཛམ་གླིང་གི་གནས་རི་གྲཊ་ཆེན་ངོ་སྤྲོད་དང་མི་སྣ་གྲགས་ཅན་གྱི་གསུང་བཤད། ལེགས་བཤད་ཐོར་བུ། ཁེད། བསླབ་བྱ། དཔེ་དེབ་ངོ་སྤྲོད། སྲོག་ཆགས་རིགས་ངོ་སྤྲོད། བོད་ཕྱི་ནང་གཉིས་ཀྱི་གཞས་པ་གྲགས་ཅན་ཁག་གི་གཞས་ཚིག  འཛམ་གླིང་སྟེང་གི་གསར་གཏོད་ཀྱི་རིགས་སོགས་ཀྱི་སྡེ་ཚན་ཡོད་པ་དང་། ཚགས་པར་འདིའི་དམིགས་ཡུལ་གཙོ་བོ་ནི། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་གི་གནས་བབ་སྐྱོ་བོ་ཡིན་པ་ཇེ་ལེགས་སུ་གཏོང་ཆེད་དང་། ལྷག་པར་དུ་སུ་ཇཱ་དང་ཤེས་རབ་དགའ་ཚལ་སློབ་གླིང་བཅས་སུ་བོད་ནས་གསར་དུ་འབྱོར་མཁན་བོད་སྐད་ཡིག་གི་གནས་ཚད་མཐོ་བོ་ཡོད་པའི་སློབ་མ་ཚོར་རང་དབང་ཐོག་སོ་སོའི་བསམ་ཚུལ་འདོན་སའི་སྡིངས་ཆ་བསྐྲུན་རྒྱུ། སློབ་མ་ཚོར་བསམ་ཚུལ་བརྗོད་པ་དང་རྩོམ་འབྲིའི་སྤོབས་པ་སྐྱེད་བསྲིང་དང་། སྤྱི་ཚོགས་ཀྱི་དུས་དེབ་དང་ཚགས་ཤོག  སློབ་གྲྭའི་དུས་དེབ་སོགས་སུ་མ་ཚུད་པར་སེམས་ཤུགས་ཆག་པ་དང་རྩོམ་འབྲིའི་འདུན་པ་བརླག་འགྲོ་བཞིན་པའི་རིགས་ལ་སྐུལ་མ་གཏོང་ཆེད་ཡིན།

གསར་འགོད་པས་ཁོང་གཉིས་ལ་ད་ལྟའི་བར་སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་རོགས་རམ་གནང་ཡོད་མེད་དྲིས་པར་བཀྲ་ཤིས་དོན་འགྲུབ་ཀྱིས་བརྗོད་དོན། “ སློབ་གྲྭའི་འཛིན་སྐྱོང་གིས་ཐོག་མ་མྱི་རབས་གསར་པའི་ཡོ་ལང་ཞེས་པའི་ཚོགས་པ་དེ་འཛུགས་སྐབས། ལས་ཀ་དེ་ཤེས་ཡོན་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས་དུས་དེབ་འདོན་སྤེལ་གྱི་ཆོག་མཆན་དང་གློག་ཀླད་ཀྱི་མཐུན་རྐྱེན་སྦྱར་སོང་། ཕྱིས་སུ་ཚགས་པར་གྱི་ངོ་བོར་བསྒྱུར་རྗེས་ང་ཚོའི་ངོས་ནས་སློབ་གྲྭར་ཞུ་མྱོང་མེད་ལ། སློབ་གྲྭའི་ངོས་ནས་ང་ཚོར་ཐོག་མར་སློབ་གྲྭ་ནང་ཁུལ་ནས་འདོན་དགོས་པའི་བསམ་ཚུལ་བཏོན་པ་ལས་དཔལ་འབྱོར་དང་གློག་ཀླད་སོགས་ཀྱི་མཐུན་རྐྱེན་སྦྱར་མ་སོང་། སློབ་གྲྭ་གཞན་པར་འགྲེམས་སྤེལ་ཐད་བཀག་འགོག་གནང་མ་སོང་སྟབས། ད་ཆར་ང་ཚོས་སུ་ཇཱ་གཅིག་པུ་མིན་པར་གཞི་རིམ་སློབ་གྲྭ་ཁག་དང་བོད་ཁྱིམ་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ཏུ་ཚོགས་མི་བསྡུ་རུབ་དང་ཚགས་པར་འགྲེམས་སྤེལ་བྱེད་བཞིན་ཡོད།” ཅེས་བརྗོད་བྱུང་།  

ཡང་ཁོང་གཉིས་ལ་ཚགས་ཤོག་གི་ལས་ཀ་དང་འབྲེལ་ཏེ་རང་ཉིད་ཀྱི་སློབ་སྦྱོང་ལ་བར་ཆད་ཡོད་མེད་དང་ད་ལྟའི་ཆར་དཀའ་ངལ་ཆེ་ཤོས་ཅི་ཞིག་ཡིན་མིན་དྲིས་པར་ཚེ་དབང་རྣམ་རྒྱལ་གྱིས་བརྗོད་དོན། “ ད་ལྟའི་ཆར་ང་ཚོར་ཚོགས་མི་ ༢༠ མ་ཟིན་ཙམ་ཡོད་ཀྱང་། ཚགས་ཤོག་གི་ལས་ཀ་མང་ཆེ་བ་སུ་ཇཱ་བོད་ཁྱིམ་དུ་ཡོད་པའི་སློབ་མ་ཁག་ཅིག་གིས་སྒྲུབ་བཞིན་ཡོད། ང་ཚོ་མང་ཆེ་བ་འཛིན་རིམ་བདུན་པ་དང་བརྒྱད་པའི་སློབ་མ་ཡིན་སྟབས། ཕྱིའི་སྐད་ཡིག་གི་ཐོག་ནས་བོད་བསྒྱུར་བྱ་རྒྱུར་དཀའ་ངལ་ཅུང་ཙམ་འདུག རྩོམ་ཡིག་ལས་གཞན་པའི་སྡེ་ཚན་ཁག་སློབ་སྦྱོང་གི་ཞོར་ནས་བསྒྲུབ་དགོས་དུས། སློབ་སྦྱོང་ལ་བར་ཆད་ཡོང་གི་འདུག་ཀྱང་དེ་ང་ཚོས་དཀའ་ངལ་ཆེན་པོ་ཞིག་ཏུ་རྩི་ཡི་མེད། ད་ལྟའི་ཆར་ང་ཚོའི་དཀའ་ངལ་གཙོ་བོ་དཔལ་འབྱོར་ཐད་རེད། ང་ཚོས་ཚོགས་མི་ནང་ཁུལ་དུ་དངུལ་བསྡུ་རུབ་ཀྱིས་བོད་ནས་ཕ་མས་བཏང་བའི་དངུལ་གྱིས་ཚགས་པར་འདོན་སྤེལ་བྱེད་ཀྱི་ཡོད། ཉིན་འགའི་སྔོན་ང་ཚོ་མཉམ་དུ་འཛོམས་ཏེ་ཚགས་པར་གྱི་མ་དངུལ་འཚོལ་ཆེད་འདི་ལོའི་རྡོ་རྗེ་གདན་གྱི་དུས་དབང་སྐབས། ང་རང་གིས་ཧིན་སྒོར་ཁྲི་ ༡ ཡོད་པའི་བག་ལེབ་བཙོང་ས་ཞིག་ལ་ཐོ་བརྒྱབ་ཡོད། བཀྲ་ཤིས་དོན་འགྲུབ་ཀྱིས་ཧིན་སྒོར་ ༥༠༠༠ ཡོད་པའི་ལས་ཀ་བྱེད་ས་ཞིག་ཏུ་ཐོ་བརྒྱབ་སོང་། ད་དུང་ཚོགས་མི་གཞན་པ་ཚོས་ཀྱང་ལས་ཀ་འཚོལ་བཞིན་ཡོད་པ་རེད། ང་ཚོའི་ཚགས་པར་འདི་ལ་ད་ཆར་སློབ་མ་མང་པོ་ཞིག་གིས་དགའ་མོས་བྱེད་ཀྱི་ཡོད་སྟབས། དཔལ་འབྱོར་གྱི་དཀའ་ངལ་ཁོ་ནའི་འོག་མཚམས་བཞག་པ་ཡིན་ན། ང་ལ་མཚོན་ན་ངའི་མི་ཚེའི་ནང་གི་འགྱོད་པ་ཆེ་ཤོས་ཤིག་ཆགས་ས་རེད། དེར་བརྟེན། ང་རང་གི་ངོས་ནས་ཚགས་པར་འདི་རྒྱུན་མཐུད་ཐུབ་ཆེད་རང་ནུས་གང་ཡོད་འདོན་གྱི་རྒྱུ་ཡིན་ལ། ང་ཚོའི་ཚོགས་མི་དག་གིས་ཀྱང་མཐོ་སློབ་མ་འཐོན་བར་ལས་དོན་ཐོག་འགན་ལེན་དང་། མཐོ་སློབ་ཐོན་རྗེས་ཀྱང་དཔལ་འབྱོར་གྱི་རྒྱབ་སྐྱོར་མུ་མཐུད་གནང་སྟེ། ཚགས་པར་འདི་ནམ་ཞིག་ཉིན་རེ་ཚགས་པར་ཡོང་ཐུབ་པའི་རེ་བ་དང་ཆོད་སེམས་ཡོད། ” ཅེས་བརྗོད་བྱུང་།

སུ་ཇཱ་སློབ་གྲྭའི་སློབ་མ་ཚེ་དབང་རྒྱལ་མཚན་ལགས་ཀྱི་ཕ་ཡུལ་མགོ་ལོག་ནས་ཡིན་ཞིང་། ༢༠༠༦ ལོར་རྒྱ་གར་ནང་འབྱོར་ཏེ་བཙན་བྱོལ་ནང་གི་དུས་དེབ་དང་ཚགས་ཤོག་སོགས་སུ་རྩོམ་ཡིག་མང་པོ་སྤེལ་ཏེ། བཙན་བྱོལ་ན་ཆུང་ཚགས་པར་གྱིས་ཕུལ་བྱུང་རྩོམ་པ་པོའི་བྱ་དགའ་ཡང་ཐོབ་ཡོད་འདུག   

སློབ་མ་བཀྲ་ཤིས་དོན་འགྲུབ་ལགས་ཀྱི་ཕ་ཡུལ་ཁམས་གོང་ཇོ་ནས་ཡིན་ཞིང་། རང་ལོ་བདུན་ནས་བཟུང་སློབ་གཉེར་མགོ་འཛུགས་གནང་ཡོད་པ་དང་ ༢༠༠༨ ལོར་རྒྱ་གར་ནང་འབྱོར་ཏེ། ད་ཆར་སུ་ཇ་སློབ་གྲྭའི་འཛིན་རིམ་ ༨ པའི་ནང་སློབ་གཉེར་གྱི་ཞོར་དུ་སློབ་མའི་ཚགས་པར་གྱི་རྩོམ་སྒྲིག་ལས་རོགས་ཀྱི་འགན་འཁུར་ཡོད་འདུག

གསར་འགོད་པ། དོན་གོ

༼ དུས་བབ་ཚགས་ཤོག་ལས་འདིར་བསྐྱར་འགོད་བྱས། ༽

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༡༠ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༡༣ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 17

  1. ཤྰ་རིའི་བུ། says:
    ལོ་ 14 སྔོན།

    སློབ་ཕྲུག་རྣམས་ལ་སྙིང་ནས་ཡི་རང་ཡོད། དེ་བཞིན་ཁོང་རྣམ་པ་གིས་ཁ་བྱང་ངམ་ཁ་པར་ཨང་གྲངས་ཞིག་ཡོད་ན་དྲ་ཐོག་བཞག་རོགས་གནང་།

    Reply
  2. Danaktsering says:
    ལོ་ 14 སྔོན།

    ངའི་ཁོང་རྣམས་པས་ལས་དོན་ལ་རྒྱབ་སྐྱོར་ཆེད་ཚགས་པར་དེ་མ་ཆད་པར་མངག་ཉོ་བྱེད་གི་ཡིན་པས་། ཁོང་རྣམས་པས་འབྲེལ་འཐུད་བྱེད་ས་གང་རེད་། ཕྱི་རྒྱལ་ཁག་གཏོང་གི་ཡོད་དམ།

    Reply
  3. རྣམ་རྒྱལ། says:
    ལོ་ 14 སྔོན།

    སློབ་མ་ཁྱོད་གཉིས་དང་རྒྱབ་སྐྱོར་བ་རྣམས་ལ་བཀྲིས་བདེ་ལེགས་སྙིང་དབུས་ནས་སྔགས་བརྗོད་ཡོད། དམིགས་ཡུལ་འདི་འགྲུབ་པའི་མཐུན་འགྱུར་རོགས་ཕན་གུས་པས་ཀྱང་ཞུ་མཆོག

    Reply
  4. བསེ་རུ། says:
    ལོ་ 14 སྔོན།

    ཤེས་ཡོན་དང་འབྲེལ་བའི་ལས་དོན་ཆེ་ཕྲ་ཆུང་གསུམ་ལ་དཔལ་འབྱོར་གྱི་འགལ་རྐྱེན་དང་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་པ་འདི་རིགས་ཀྱང་། ཤེས་ཡོན་འཐུས་ཤོར་གྱི་སྣེ་མོ་གཅིག་རེད་སྙམ་གྱིན་ཡོད།

    གང་ལྟར། དུས་དེབ་དང་གསར་ཤོག་གི་རིགས་”ཨ་གསར་རྟ་ལས་མགྱོགས། །མཇུག་མ་ལུག་ལས་ཐུང་། །”བའི་དཔེ་ལྟར་སོང་བ་མང་པོ་ཞིག་བྱུང་ཟིན་པས། ལས་འགོ་བཙུགས་ཏེ་མཇུག་སྐྱོང་ཐུབ་པ་ཞིག་དགོས་གལ་ཆེའོ།།

    སློབ་མ་རྣམས་ལ་ཡི་རང་བསྔགས་བརྗོད་བཅས།

    Reply
  5. བྱམས་མེ་བསྟན་འཛིན། says:
    ལོ་ 14 སྔོན།

    སྙིང་ཐག་པ་ནས་དགའ་སུ་ཡོད་་་ཅེས་ཕྲུག་ཚོ་ཁྱེད་ཅག་གི་འབད་རྩོལ་དེར་ཡི་རང་ཡོད་ལ་རྒྱབ་སྐྱོར་ཡང་ཡོད།
    ཚོ་དུས་བབ་རྩོམ་སྒྲིག་པ་ལགས ངའི་གློག་འཕྲིན་ཁ་བྱང་འདི་ཁོ་ཚོར་སྤྲོད་ནས་ང་ལ་འབྲེལ་བ་ཞིག་གནང་རོགས་ shamtenzin@yahoo.com or shampatenzin@hotmail.com ,QQ 994602858

    Reply
  6. བསོད་འོད says:
    ལོ་ 14 སྔོན།

    དུས་བབ་རྩོམ་སྒྲིག་པ་ལགས ངའི་གློག་འཕྲིན་ཁ་བྱང་འདི་ཁོ་ཚོར་སྤྲོད་ནས་ང་ལ་འབྲེལ་བ་ཞིག་གནང་རོགས་snws2010@gmail.com
    ངས་ཕྲུ་གུ་འདི་ཚོའི་སེམས་ཤུགས་དེ་དང་མཉམ་ལས་ཞིག་བྱེད་འདོད་འདུག གཅིག་བྱས་ན་ཕན་ཐོག་ཆེན་པོ་ཞིག་ཡོང་སྲིད།

    Reply
  7. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    སྤྱིར་བཏང་བོད་ནས་གསར་དུ་འབྱོར་བ་རྣམས་དཔལ་འབྱོར་གྱི་གནས་སྟངས་ཐད་སྐྱོ་བོ་ཞིག་ཁྱོན་ནས་མ་རེད། དཔལ་འབྱོར་གྱི་གནས་སྟངས་ཧ་ལས་པའི་ཡག་པོ་ཡོད། འོན་ཀྱང་སློབ་ཕྲུག་གི་གནས་སྐབས་སུ་ཡང་དངུལ་དེ་རྣམས་རླབས་ཆེན་གྱི་བྱ་བ་འདི་འདྲའི་ཐོག་ལ་འགྲོ་སོང་གཏོང་བ་ནི་ཆེས་བསྔགས་བརྗོད་འོས་པ་ཞིག་ཏུ་ངོས་འཛིན་བཞིན་ཡོད།

    Reply
  8. ལུང་རྟོགས། says:
    ལོ་ 14 སྔོན།

    འདི་ནི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་ཧ་ཅང་གི་གལ་ཆེ་ཞིང་ནུས་པ་ལྡན་པ་ཞིག་ཡིན་པས་དྲ་གྲོགས་ཚང་མས་དཔའ་འབྱོར་གྱི་རྒྱབ་སྐྱོར་གནང་རྒྱུུའི་འབོད་སྐུལ་ཞུ་རྒྱུ་ཡིན།

    Reply
  9. ལུང་རྟོགས། says:
    ལོ་ 14 སྔོན།

    ན་གཞོན་ཚོའི་རིགས་ཞེན་དང་སྙིང་སྟོབས་ལ་སེམས་འགུལ་ཚད་མེད་ཐེབ་སོང་། ཁྱེད་ཚོས་ཡག་པོ་བྱས་འདུག་ཅེས་ཁ་ཡག་རེ་བཤད་སྡད་པས་ཕན་ཐོག་གང་ཡང་མེད་པ་རེད། དེ་ལས་སོ་སོའི་བློས་ཐོང་ཚོད་ཀྱི་ཞལ་བདེབས་རེ་འབུལ་རྒྱུ་གལ་ཆེ། ཁོང་གཉིས་ཀྱི་འབྲེལ་གཏུག་བྱེད་སའི་ཁ་བྱང་འདིར་ཞོག་དང་ང་རང་གི་ངོས་ནས་ནུས་ཚོད་ཀྱི་ཞལ་འདེབས་རེ་འབུལ་ངེས་ཡིན།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སློབ་མའི་ཚགས་པར་འདི་བདག་གིས་བཀླགས་མྱོང། སེམས་ནང་ལ་དགའ་ཚོར་སྐྱེས་མྱོང། གཙོ་བོ་མཇུག་སྐྱོང་རྒྱུ་དེ་གནད་འགག་ཡིན། དེ་ལ་གཅིག་ནས་རྩོམ་སྒྲིག་པ་ཚོས་སྒྲིག་གཞི་དང་འཆར་གཞི་ལྡན་པའི་འགན་འཁུར་མ་ལྷོད་པ་ཞིག་དགོས་ལ། དེ་ལ་སློབ་གྲྭ་དང་དགེ་རྒན་རྣམ་པས་མཐུན་འགྱུར་ཡང་གང་ལེགས་གནང་དགོས། ཆ་རྐྱེན་འདི་གཉིས་ཚང་སོང་ན་སློབ་མའི་ཚགས་པར་གྱི་སྐུ་ཚེ་རིང་ཞིང་འཕྲིན་ལས་རྒྱས་ངེས། དེ་མིན་རོགས་ཚོགས་ཤིག་གམ་སྦཡིན་བདག་འགའ་ཞིག་ལ་རེ་བ་ཙམ་གྱིས་མཐའ་འཁྱོངས་དཀའ། འདི་ད་བར་ང་ཚོས་སྤེལ་དང་སྤེལ་བཞིན་པའི་དུས་དེབ་སོགས་ཀྱི་ལས་རྙེད་པའི་ངའི་ཉམས་མྱོང་གི་སྡོམ་ཚིག་ཡིན།
    དེ་བས་སླར་ཡང། ཁྱེད་ཅག་གི་རྩོམ་སྒྲིག་པའི་འོས་འགན་དང་སློབ་གྲྭའི་མཐུན་འགྱུར་གཉིས་ལ་བརྟེན་ནས་སློབ་མའི་ཚགས་པར་དེ་ཉིད་ཀྱི་རླུང་རྟ་མཁའ་ལ་འཕུར་བའི་རེ་སྨོན་ཞུ།

    Reply
  11. བསྟན་འཛིན་ཚེ་འཚོ། says:
    ལོ་ 14 སྔོན།

    གསར་འགོད་པ་ལགས། ཉིད་ནས་འདོན་སྤེལ་གནང་བ་ཐུགས་རྗེ་ཆེ། ཡིན་ཡང་གསར་འགྱུར་འདོ་འདྲ་ཞིག་འདོན་སྐབས་འདིའི་སྔ་གཞུག་ལ་བསམ་ཞིབ་གནང་དགོས་པ་འདུག་ལ། ལྷག་དོན་འདིའི་བྱུང་རིམ་ལ་གསལ་གསལ་དང་བདེན་བདེན་དགོས་པ་དེ་བས་དཀའ་ཆེ། དེ་མིན་བཀོད་པ་ཙམ་གྱི་མི་འགྲིག་པར་འདིའི་རྒྱབ་མདུན་གང་རུང་ལ་དེ་བས་ཀྱང་འགན་ཁུར་དང་རྒྱབ་བརྟེན་དགོསན། དེ་མིན་འདི་ལྟར་བསྒྲགས་པས་ཉིན་ནས་སློབ་མའི་ཚགས་པར་འདི་མཇུག་རྫོགས་ཀྱང་སྲིད། སྐད་ཆ་འདི་ལ་ཞེད་སྣང་མེད་ཀྱང་འདིའི་མཇུག་འབྲས་ཧ་ཅང་ཉག་ཕྲ།

    Reply
  12. ལྷག་དཀར་ལས་འགུལ། says:
    ལོ་ 14 སྔོན།

    སློབ་མ་ཁྱེད་ཅག་གི་འབད་རྩོལ་དེར་ཡི་རང་ཡོད་ལ་རྒྱབ་སྐྱོར་ཡང་ཡོད།
    གསར་འགོད་པ་ལགས། སློབ་མ་དེ་དག་གི་འབྲེལ་གཏུགས་ཁ་བྱང་མེད་སོང་བ་རེད་དམ་གནས་འདིར་འགོད་མི་ཆོག་པ་རེད།
    གལ་ཆོག་ན། གལ་ཏེ་ཡོད་ན་གནས་འདིར་ད་ལྟ་རང་འགོད་རོགས། །

    Reply
  13. བདེ་ཆེན། says:
    ལོ་ 14 སྔོན།

    སློབ་གྲོགས་ཚེ་དབང་རྒྱལ་མཚན་དང་བཀྲ་ཤིས་དོན་འགྲུབ་གཉིས་གཙོ་བྱས་པའི་ལས་དོན་དེའི་ཐད་ལ་རྒྱབ་སྐྱོར་བྱེད་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ མ་ཟད་གནས་དོན་དེ་རིགས་ལ་ང་ཚོའི་སྤྱི་ཚོགས་ཧྲིལ་པོ་ནས་མཐུན་རྐྱེན་སྐྲུན་ཐབས་བྱ་རྒྱུ་གལ་ཆེན་པོ་མཐོང་གི་འདུག ཁྱེད་རྣམ་པས་ལས་དོན་དེ་རིགས་ཀྱི་ཆེད་དུ་ཞལ་འདེབས་བསྡུ་རུབ་ཀྱི་ཐེབ་རྩ་ཞིག་འཛུགས་ཐུབ་ན་དེ་བས་ཡག་པོ་ཡོད་རེད།

    Reply
  14. བརྩོན་རྒྱམ། says:
    ལོ་ 14 སྔོན།

    སློབ་མ་འདི་དག་གི་མི་རིགས་དང་སྐད་ཡིག་ལ་དུང་བ་ཆེ་བ་ནི་བརྗོད་མེད་རེད།  སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ལྷན་ཏུ་ལས་བྱ་ལམ་འགྲོ་ཡོངས་པ་དང་བསམ་དོན་གྲུབ་པར་སྙིང་ནས་གསོལ་འདེབས་ཞུ།

    Reply
  15. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    རྡ་ལི་དང་དཀྲིས་མོག་གིས་་་ལུས་སྟོབས་ཡག་པོ་གསོ་ཐུབ་ཀྱི་མེད་ནའང་རང་གི་ཁ་ཟས་ཀྱི་དངུལ་སྒོར
    བུ་ཁྱོད་ཚོ་འདྲ་པོ་བརྒྱ་སྐྱེ་བ་ཤོག་་་་་སྟོང་ལང་བར་ཤོག་་་ཁྲི་དར་བ་ཤོག

    Reply
  16. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    སློབ་ཕྲུག་འདི་ཚོ་ངོ་མ་གཟི་བརྗིད་ཆེ་ཀི་ཡ། རང་གི་ཁ་ཟས་ཀྱི་འགྲོ་གྲོན་ཚགས་པར་ལ་བརྗེ་བོ་རྒྱབ་པ་འདི་ཞེ་དྲག་གི་མིག་དཔེར་བལྟ་ས་ཞིག་ཆགས་འདུག

    Reply
  17. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    སློབ་གྲོགས་ཚེ་དབང་རྒྱལ་མཚན་དང་བཀྲ་ཤིས་དོན་འགྲུབ་གཉིས་གཙོ་བྱས་པའི་ལས་དོན་དེའི་ཐད་ལ་རྒྱབ་སྐྱོར་བྱེད་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ལྷན་ཏུ་ཁོང་གཉིས་ཀྱི་བསམ་དོན་ལྷུན་གྱིས་གྲུབ་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese