མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་བཟང་ཚེ་རིང་གིས་ག་རེ་བཤད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཐེ་བོ་ཤེས་རབ་རྒྱ་མཚོ།

ལྷ་བཟང་ཚེ་རིང་ནི་རྡ་སའི་རི་ཁུག་ཆུང་ཆུང་འདི་ན་ཆབ་སྲིད་ཐོག་ཀླད་རྒྱ་ཧ་ཅང་མཁྲེགས་ཤིང་ཚོར་བ་ཤིན་ཏུ་རྣོ་བའི་མི་སྣའི་གྲས་ཀྱི་གཅིག་རེད།

འོན་ཀྱང་མཚམས་རེ་ཁོང་གིས་སྐད་ཆ་བཤད་སྟངས་ཁ་ཤས་ལ་ངོ་མ་གོ་བ་གཏན་ནས་ལོན་གྱི་མི་འདུག

ངས་ད་ལྟ་གསལ་པོ་དྲན་གསོས་པ་ཞིག་ལ། སྐབས་བཅུ་གསུམ་པའི་གཞོན་ནུའི་ཚོགས་ཆེན་སྟེང་ཁོང་ཟུར་ཉན་དུ་བསླེབས་ཤིང་། གདོང་ལ་སྐྱོ་ཉམས་ཤིག་མངོན་ནས་ལག་པ་གཉིས་ཐལ་མོ་སྦྱར་བའི་རྣམ་འགྱུར་དང་བཅས།  ཁ་ནས་ད་ང་ཚོས་ྋགོང་ས་མཆོག་ལ་ལག་པ་གཉིས་ཀ་ཐལ་མོ་སྦྱར་ཏེ། ཐུགས་རྗེ་གཟིགས། ད་བར་ཁྱེད་ཚང་གིས་བོད་དོན་ཐོག་ཕྱག་ལས་གནང་བར་ཐུགས་རྗེ་ཆེ། དེ་རིང་ནས་བཟུང་ཁྱེད་ཀྱི་ཕྱག་ལས་མཚམས་འཇོག་གནང་རོགས་ཞེས་འབོད་སྐུལ་བྱེད་དགོས་ཀྱི་འདུག་ཅེས་བསམ་འཆར་ཞིག་བཏོན་པར། ཚོགས་ཆེན་སྟེང་བཅར་བའི་གཞོན་ནུའི་ཚོགས་མི་སུས་ཀྱང་ཁོང་གིས་བཏོན་པའི་བསམ་འཆར་དེ་ལ་རྒྱབ་སྐྱོར་བྱས་མེད་པ་དང་། དེ་ནི་ལོ་ངོ་བཞི་ལྷག་གི་ཡར་སྔོན་བོད་ཁྱིམ་དུ་བྱུང་བ་ཞིག་རེད།

འོན་ཀྱང་། དེ་རིང་མི་རྣམས་རྦད་དེ་ཧང་སང་དགོས་པ་ཞིག་ལ། ༢༠༡༡ ༡༡ ༢༠ ཉིན་གྱི་བོད་ཀྱི་དུས་བབ་གསར་འགོད་པའི་བཅར་འདྲི་དང་ལེན་སྐབས་ཁོང་གིས་གསར་འགོད་པར་འདི་ལྟར་བཤད་ཡོད།

“མི་མང་པོ་ཞིག་གིས་ྋརྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་ལ་གནང་བཞག་པ་རེད་ཟེར་གྱི་འདུག་ཀྱང་། ངས་དེ་རྩ་བ་ཉིད་ནས་ཡག་པོ་ཞིག་ལ་མཐོང་གི་མེད། ལུག་རྫི་ཞིག་གིས་ལུག་རྣམས་རྩྭ་ཁ་ཡག་ས་ཞིག་ལ་འཁྲིད་རྒྱུ་ཡིན་ཟེར་ནས་ཡར་འདེད་མར་འདེད་བྱས་ཏེ་མཐར། རྩྭ་ཁ་ཡག་ས་མ་རག་ཐལ། ད་དབང་ཆ་ཚང་མ་ཁྱོད་ཚོར་ཡོད། ཟེར་ནས་ལུག་བྱེ་ཐང་ཞིག་ལ་བཀྲམས་ནས་ལུག་རྫི་འགྲོ་བཞག་ན། དེ་ལུག་རྫིའི་འགན་འགྲུབ་པ་རེད་དམ།” ཞེས་དང་། ཡང་“ྋརྒྱལ་བ་རིན་པོ་ཆེ་བོད་པའི་ཆོས་སྲིད་ཀྱི་དབུ་འཁྲིད་ཟེར་བ་འདི་ལོ་ངོ་བརྒྱ་ཕྲག་མང་པོའི་སྐད་ཆ་ཞིག་རེད། ཉི་མ་གཅིག་གཉིས་ནང་ལ་འགྱུར་བ་གཏོང་རྒྱུ་ཕར་ཞོག མི་རབས་ཁ་ཤས་ནང་དུ་ཡང་འགྱུར་བ་གཏོང་ཐུབ་མིན་ངས་བཤད་ཤེས་ཀྱི་མེད། ཤོག་བུའི་སྟེང་ལ་ྋརྒྱལ་བ་རིན་པོ་ཆེའི་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་གནང་བ་ཡིན་ཞེས་བཀོད་ཡོད་ཀྱང་། བོད་མིའི་སེམས་པའི་ནང་ལ་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་དེ་ྋརྒྱལ་བ་རིན་པོ་ཆེ་ཁོ་ན་ཆགས་ཡོད། ”ཅེས་གསར་འགོད་པར་ལན་འདེབས་གནང་ཡོད།

འོན་ཀྱང་ཡིད་ཕངས་པ་ཞིག་གསར་འགོད་པས་ཁོང་གིས་སྔོན་ཆད་ྋསྐྱབས་མགོན་རིན་པོ་ཆེས་སྐུ་དབང་མཚམས་འཇོག་གནང་རྒྱུར་འབོད་སྐུལ་ཞུ་དགོས་པའི་ལྟ་ཚུལ་འཛིན་དགོས་དོན་ཐད་ལ་སྐད་ཆ་ཟུར་ཙམ་ཡང་དྲིས་མེད། དེར་བརྟེན་ངས་འདི་ནས་ཀློག་མཁན་ཚོར་ཁོང་གིས་དེ་ལྟར་བཤད་དགོས་པའི་རྒྱུ་མཚན་ང་ཚོས་གསལ་པོ་ཤེས་དགོས་ཀྱི་འདུག་ལབ་ཀི་ཡོད། འདིའི་ཞོར་ནས་སྐུ་ཞབས་འཇམ་དབྱངས་ནོར་བུ་ལ་ཡང་ངས་སྐད་ཆ་ཞིག་འདྲི་འདོད་པ་ནི། ཁོང་གིས་ཀྱང་བརྒྱུད་ལམ་ཁག་ནས་ྋརྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཐོག་གི་སྐུ་དབང་གློད་དགོས་ཚུལ་བཤད་མྱོང་ཡོད་ནའང་། ྋརྒྱལ་བ་རིན་པོ་ཆེ་ཚང་གིས་སྐུ་དབང་བོད་མི་མང་ལ་གནང་ནས་མཚམས་འཇོག་གནང་མ་ཐག བརྒྱུད་ལམ་ཁག་ྋརྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་འདི་བ་ལ་ཆབ་སྲིད་འགན་དབང་རྩིས་སྤྲོད་དང་མཚམས་འཇོག་གནང་རྒྱུའི་ཐོབ་ཐང་མེད་ཚུལ་བཤད་ཡོད་པ་རེད། ད་ལྟ་ངས་ཁོང་ཚོས་སྐད་ཆ་དེ་ལྟར་བཤད་དགོས་པའི་རྒྱབ་ལྗོངས་ལ་ལྟ་སྙིང་བྲོ་ཀི་འདུག ཅིའི་ཕྱིར་སྐད་ཆ་དེ་ལྟར་བཤད་པ་རེད་དམ། དོན་ངོ་མ་ཁོང་ཚོས་ཅི་ཞིག་བཤད་སྙིང་བྲོ་ཀི་ཡོད་པ་རེད་དམ། ང་ལ་ཁོང་ཚོས་དེ་ལྟར་བཤད་དགོས་པའི་རྒྱུ་མཚན་ཅི་ཡིན་ཧ་ཅང་ཤེས་འདོད་འདུག

ལོ་རྒྱུས་ཀྱིས་ང་ཚོར་བཤད་པ་ལྟར་ན། ྋརྒྱལ་བ་རིན་པོ་ཆེ་ཚང་གིས་ཐུགས་ཐག་གཅོད་སྟངས་རླབས་པོ་ཆེ་འདི་ནི་ཉི་མ་གཅིག་གཉིས་ཀྱི་ནང་ལ་བྱུང་བ་ཞིག་མ་རེད། འདི་ལྷ་བཟང་ཚེ་རིང་གིས་ངེས་པར་དུ་ཤེས་དགོས་ཀྱི་འདུག་ལ། འདི་ཞིབ་མོ་ཤེས་དགོས་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ་ཡང་དག་པ་ཞིག་ཅིས་ཀྱང་ཤེས་དགོས་པར་མ་ཟད།  ྋརྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པའི་སྐབས་ཀྱི་གནས་ཚུལ་རྣམས་དེ་བས་ཀྱང་གསལ་པོ་ཤེས་དགོས་པ་རེད།

 

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༣ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༠ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༠ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

མཆན། 41

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    མ་གཞི་ནས་གྲོགས་པོ་ལགས་ཨུ་ཚུགས་ཚ་སེ་ཡོད་པ་ངས་ལོས་ཤེས། དབུ་མའི་ལམ་འདི་ཆབ་སྲིད་ཀྱི་ལྟ་གྲུབ་ཅིག་ལ་ཟམ་གདོང་རིན་པོ་ཆེས་ངོས་འཛིན་གནང་ཡོད། དེ་བས་མཁས་དབང་དེ་འདྲ་ཞིག་གིས་རང་གིས་ལྟ་གྲུབ་ཅིག་གི་ངོས་འཛིན་ཐོག་ནས་གསུངས་དང་གསུང་བཞིན་པར་དེ་དགོས་དབང་གཞན་ཞིག་ཡིན་པར་ཐག་བཅད་ན་མི་འོས་པ་འདྲ་ཞིག་རེད་མོད། ད་ཁམས་དང་མོས་པ་སྣ་ཚོགས་ཡིན་དུས། ཁྱེད་ཀྱིས་ཀྱང་དེ་ལྟར་འདོད་ལོས། མ་གཞི་ངེད་གཉིས་ཀྱི་ལྟ་ཚུལ་བར་ན་འགལ་བ་ཆེན་པོ་ཅང་མེད་པ་འདྲ། དེ་འདྲ་ཡིན་ན་ད་ཚིག་ཙམ་གྱི་རྩོད་པས་དགོས་པ་ཅང་མི་འདུག གང་ལྟར་བསམ་ཚུལ་བརྗེ་རེས་གནང་བར་དགའ་བོ་བྱུང་ལ་བཀའ་དྲིན་ཡང་ཆེ་ཞུ། ད་དུང་མུ་མཐུད་དེ་དྲ་ངོས་ཀྱི་བགྲོ་གླེང་ཁག་ལ་མུ་མཐུད་ཞུགས་པའི་རེ་བ་ཡོད། བདེ་མོ།

    Reply
  2. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    ཨ་ཙི། ཡག་ས། གྲོགས་པོ་ཁྱེད་ཀྱིས་ཞིབ་ཆ་འདྲ་ཞིག་གནང་གིན་འདུག་མོད་ང་རིག་པ་སྐྱོ་སོང་བས་ཡིན་ནམ་ངས་དེའི་ཞིབ་ཆ་ཅང་ཁོལ་གྱིན་མི་འདུག ངས་གོ་ཚོད་ལ་ཁྱེད་ཀྱིས་གྲུབ་མཐའ་ཡིན་པས་ཚིག་ཐག་བཅད་ཆོག་པ་འདྲ་ཞིག་གོ་བྱུང་། གལ་སྲིད་དེ་ཡིན་ན་ཁྱེད་ཀྱི་གྲི་དེ་ལ་རྣོ་ཅང་མི་འདུག གྲུབ་མཐའ་ཟེར་བ་འང་མཐར་གཏུག་ན་རང་ཉིད་ཀྱི་སེམས་ངོ་ན་གང་བདེན་པར་མཐོང་བ་དེ་ཐག་གིས་བཅད་ནས་བཤད་པ་ཙམ་ཡིན་པས་ངས་བཤད་པ་དེ་གྲུབ་མཐའི་བཤད་ཚུལ་ཡིན་པ་དང་། ངས་ཅིག་བཤད་པ་དེ་གྲུབ་མཐའི་སྡོམ་ཚིག་ལ་མི་འགྲོ་བའི་ཁྱད་པར་ཅང་འབྱེད་དཀའ་སྙམ།
    ལར་ནས་ངས་ཁྱེད་ལ་མགོ་མཚུངས་ཀྱི་རིག་པ་བཏང་བ་ལས་ངས་ཟམ་གདོང་གིས་གནང་ཚུལ་དེ་དགོས་དབང་གིས་ཡིན་པའི་ཁ་ཚོན་ཅང་གཅོད་དཀའ་བ་ནི་ཁྱེད་ཀྱིས་ཟམ་གདོང་གིས་དེ་ལྟར་གནང་བ་དེ་རྨོངས་གཉིད་སངས་ནས་གནང་བ་ཡིན་རབས་བཤད་པ་ལ་ཁ་ཚོན་ཇི་ཙམ་གཅོད་དཀའ་བ་དེ་དང་འདྲ་མཚུངས་རེད། མི་སེམས་ཤེས་མཁན་སྔོན་མ་ཁྱེད་རང་གྱུར་ཡོད་པ་དྲན་པར་གྱིས།
    ང་མིག་ལམ་དུ་འཆར་འོང་བ་ཧ་ཅང་བཟང་སྟེ་ངས་སྐད་ཆས་ང་ལེགས་པར་མཚོན་གྱི་ཡོད་པ་དང་། གནང་དེང་གང་རུང་གི་བརྒྱུད་ལམ་བཀོལ་མི་དགོས་པར་གྲོགས་པོ་རྙིང་པ་གདོང་ཐུག་པ་ཡིན་པས་སོ།
    དེ་ནས་ཁྱེད་ཀྱིས་”དུས་རབས་འདི་ནས་བཟུང་མི་རིགས་རིང་ལུགས་པ་དང་རྒྱལ་ཞེན་མཁྲེགས་འཛིན་པའི་ལྟ་བ་ལས་བརྒལ་ནས་ཚང་མ་འདྲ་མཉམ་དང་འཆམ་མཐུན་གཅིག་འགྱུར་གྱི་ཁྱིམ་ཚང་ཆེན་པོའི་ནང་ལ་ཕྱོགས་པའི་འདུ་ཤེས་དེ་ང་ཚོའི་དུས་བརས་ཉེར་གཅིག་པའི་གཞོན་སྐྱེས་རྣམས་པར་དགོས་ངེས་ཤིག་རེད་ཟེར་གྱིན་ཡོད།”བསམ་བློ་སྔོན་ཐོན་དང་རེ་བཞག་རྣམ་དག་ཅིག་ཡིན་པས་ངས་ཡི་རངས་དང་སྔགས་བརྗོད་ཞུ་གིན་ཡོད།
    འོན་ཀྱང་བསམ་ཚུལ་འདི་ངའི་བློ་ལ་འཆར་གྱིན་མེད་པ་མིན་ཏེ་ངའི་མི་ཚེའི་འབོད་ཚིག་དེ་ God made no border ཞེས་པ་དེ་ཡིན་པས་དབྱིན་སྐད་ནང་གོ་སྐབས་ནམ་བྱུང་ལ་འདི་ལུང་འདྲེན་བྱེད་ཀྱིན་ཡོད། འོན་ཀྱང་དེ་ནི་རེ་བ་ཙམ་ལས་ད་ལྟའི་སྐབས་སུ་ལག་ལེན་ལ་ཡོང་མི་ཐུབ་པ་ཞིག་རེད་འདོད་བཞིན་ཡོད།
    ངའི་སེམས་ཁྲལ་ནི་དབུ་མའི་ལམ་འདི་གལ་སྲིད་རག་རྒྱུ་ཞིག་ཡོད་ན་ཡང་འདྲ་མཉམ་ཟེར་བ་དེ་འོང་སྲིད་དམ་སྙམ་པ་ཡིན། དེ་ལས་”སྦྲ་ཁག་ཁག དུ་བ་སོ་སོ”་བྱུང་ན་རྦད་དེ་དྲགས་པ་རེད།
    ད་གནད་དོན་ནི་དེ་གཉིས་ལས་གང་འགྲུབ་སླ་མིན་དེ་རེད། བསམ་ཚུལ་མི་མཐུན་པ་ཡོད་སྟབས་འདི་ལ་དབུ་མའི་ལམ་དེ་རག་སླ་བ་ཞིག་ཡིན་པ་དེ་སེམས་ཐག་ཆོད་པོའི་སྒོ་ནས་བཤད་ཐུབ་ཀྱིན་མི་འདུག

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བཟང་ས། ད་ཐེངས་ད་ཁྱོད་ངོ་མ་ནོར་སོང། ངས་ཚིག་ཐག་གཅོད་ཀྱིན་པ་དེ་ལྟ་ཚུལ་མི་འདྲ་བའི་ཁྱད་པར་གྱི་ཐོག་ནས་བཤད་པ་ཡིན་པས། དེ་ལྟར་ཐག་གཅོད་སྲོལ་དེ་གྲུབ་མཐའ་ཕལ་མོ་ཆེའི་ལུགས་སྲོལ་མིན་ནམ། འོན་ཀྱང་ཁྱེད་ཀྱིས་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་དབུ་མའི་ལམ་གསུངས་པ་དེ་དགོས་དབང་གིས་མ་གཏོགས་དཔྱོད་ཤེས་ཀྱིས་མིན་པར་ཐག་བཅད་པ་འདི་གཉིས་ག་ལ་འདྲ།
    དཔེར་ན་ངས་ཁྱོད་ཀྱི་གསུང་ཚུལ་དེ་ཡང་དག་མ་རེད་ཅེས་ལབ་པ་དང། ཁྱེད་ཀྱིས་ང་ལ་ཁྱོད་ཀྱིས་ཁྱོད་ཀྱི་སྐད་ཆ་དེ་ཁྱོད་ཀྱི་སེམས་ནང་གི་སྐད་ཆ་མ་རེད་ཅེས་ལབ་པ་འདྲ་བོ་རེད། དེ་བས་ང་ལས་ལྷག་པ་ཁྱེད་ཀྱིས་མི་སེམས་མཁྱེན་པ་འདྲ་ཟེར་བ་ཡིན་ཡ་་ཧ་ཧ་ཧཧ་ཧ་་ངས་འདི་ལྟར་བཤད་དུས་ཁྱེད་རང་མིག་ལམ་དུ་འཆར་འོང་བ་ཞིག་གི་སྣང་བ་ཡང་འཆར་གི རྩོད་པ་མང་ཙམ་བྱེད་མྱོང་བའི་བག་ཆགས་ཀྱིས་མིན་ནམ་་་
    ཞོར་དུ་བཤད་རྒྱུ་ཞིག་ལ་་ངས་ཡོ་རོབ་མཐུན་ཚོགས་ལ་དཔེ་ལྟ་དགོས་ཚུལ་བཤད་ཀྱིན་མེད། དུས་རབས་འདི་ནས་བཟུང་མི་རིགས་རིང་ལུགས་པ་དང་རྒྱལ་ཞེན་མཁྲེགས་འཛིན་པའི་ལྟ་བ་ལས་བརྒལ་ནས་ཚང་མ་འདྲ་མཉམ་དང་འཆམ་མཐུན་གཅིག་འགྱུར་གྱི་ཁྱིམ་ཚང་ཆེན་པོའི་ནང་ལ་ཕྱོགས་པའི་འདུ་ཤེས་དེ་ང་ཚོའི་དུས་བརས་ཉེར་གཅིག་པའི་གཞོན་སྐྱེས་རྣམས་པར་དགོས་ངེས་ཤིག་རེད་ཟེར་གྱིན་ཡོད། འདི་ངའི་ལྟ་ཚུལ་གཙོ་བོ་གཅིག་ཡིན།

    Reply
  4. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    མཛའ་ལྡན་དང་མཁྱེན་ལྡན་དགེ་གྲོགས་ཆབ་བྲག་ལགས།
    ཧ་ཧ་ཧ་ འོ་དེ་ལྟར་ཚིག་ཐག་བཅད་ནས་བཤད་ན་ཡ་མཚན་སྐྱེས་ཀྱིན་འདུག་གའ་། དེ་བཞིན་རེད། ཁྱེད་ཀྱིས་ཚིག་ཐག་བཅད་ནས་བཤད་སྐབས་ངས་ཀྱང་ཚིག་ཐག་བཅད་ནས་བཤད་ཆོག་ས་རེད་བསམ་པ་ཡིན། ཡ་ཧ་ཧ་ཧ་
    འོན་ཀྱང་དོན་ངོ་མ་དེ་འདྲ་རེད། ཁྱེད་ཀྱིས་ཚིག་ཐག་བཅད་ནས་རང་བཙན་པ་རྣམས་རྨོངས་གཉིད་ལ་བྱིངས་ཡོད་པར་ཚིག་ཐག་བཅད་ནས་བཤད་པ་དེ་འགའ་ཤས་ཡ་མཚན་སྐྱེས་ཀྱིན་ཡོད་ཅིང་འགའ་ཤས་ནི་ཞེན་པ་ལོག་གིན་ཡོད། དེས་ན་དེ་ལྟར་བཤད་པའི་དགོན་དོན་ཡེ་ནས་འགྲུབ་མེད། ངས་འདི་བཤད་ཀྱི་ཡོད།
    དེ་མིན་ཁྱེད་ཀྱིས་རང་བཙན་པ་ཁོ་བོ་ཅག་ལ་གང་ཞིག་བཤད་རུང་ལ་ཇུས་མེད་ཇུས་འཁྲི་གང་ཡོད།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བརྩེ་ལྡན་དང་དཔྱོད་ལྡན་དགེ་གྲོགས་ཨ མཆོད་ལགས།
    ཁྱེད་ཀྱིས་”དེའི་ཕྱིར་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་དེ་ལྟར་གནང་བ་ནི་དེ་དག་རྨོངས་གཉིད་ལས་སད་པའི་དོན་ཡིན་པའི་ངེས་པ་མེད་དེ། གོང་ཞུས་ལྟར་དགོས་དབང་གིས་བྱས་པ་ཙམ་ཡིན།”ཞེས་ཁོང་གི་ཁོང་གི་དགོངས་ཚུལ་འདི་དགོས་དབང་གིས་ཡིན་པར་ཐག་གཅོད་ཐུབ་པར་ང་ཡ་མཚར་གཅིག་སྐྱེས་བྱུང། གཅིག་བྱས་ན་ཁྱེད་ཀྱིས་མི་སེམས་མངོན་པར་རྟོགས་ཀྱིན་ཡོད་ན་ཐང། དེ་མིན་ཁོང་ལ་དགོས་དབང་ཡིན་མིན་བཀའ་འདྲི་ཞུས་ཆོག ཡང་ཁྱོད་ཀྱིས་དགོས་དབང་གིས་ཡིན་ན་ཡང་ཁོང་གིས་མིན་གསུང་གི་རེད་ཅེས་ཐག་གཅོད་མདོག་ཁ་བོ་རེད། དེ་ནི་ངོ་མ་རྣམ་རྟོག་གི་ཚོད་དཔག་རང་མ་རེད་དམ།
    འོ་ན་ཁྱེད་ལ་རང་བཙན་འབོད་སྒྲ་སྒྲོག་མཁན་ཚང་མ་རང་རྟོགས་ཡིན་དགོས་དབང་གིས་ཡིན་པ་མེད་ཟེར་བ་ཡིན་ནམ། གལ་ཏེ་གཉིས་ཀ་དགོས་དབང་གིས་ཡིན་ན་ད་བོད་མིར་རེ་བ་ཅི་ཡང་མེད་སོང་བ་རེད། ང་ཚོའི་ལས་ཀར་ཡང་དོན་སྙིང་གིས་སྟོང་སོང་བ་རེད། དེ་གཅིག་ཡིན།
    མ་གཞི་ནས་ང་ཚོས་གཅིག་གིས་གཅིག་ལ་ཅིག་རྩོད་ཀྱིན་པ་འདི་དམར་རྗེན་ལ་བཤད་ན་ཁྱོད་ཀྱི་དེ་མ་རེད་ངའི་འདི་ཡིན། དེ་མི་འགྲིག་གི་འདི་འགྲིག་ཟེར་གི་ཡོད་པ་མིན་ནམ། དེས་ན་དོན་གྱིས་གཅིག་གིས་གཅིག་རྨོངས་པ་རེད་བསམས་ཀྱིན་མེད་དམ། ཡོད་ན་དེ་ལྟར་བཤད་པ་ལ་ཕན་ནུས་ཡོད་ཀྱང་མེད་ཀྱང་ཚིག་དེས་རང་གི་འདོད་པ་དེ་གསལ་བོར་མཚོན་པ་ཞིག་ཡིན་པས་དེ་ཙམ་ཡང་ནུས་པ་ཞིག་རེད་འདོད། གལ་ཏེ་མིན་ན་ཁྱེད་ཀྱིས་འདི་ལ་ནན་གྱིས་དགག་དགོས་དོན་ཡང་ཅི་ལ་ཡོད།

    Reply
  6. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    མཛའ་ལྡན་གྱི་གྲོགས་རྒན་ལྷ་མོ་སྐྱབས་ལགས།
    ཁྱེད་ཀྱིས་”འཛེམས་ཀྱིན་མེད་པར་མ་ཟད་རང་བདོག་སྟོན་ཐབས་ལ་འབད་ཀྱིན་ཡོད། “གསུང་པར་ཧ་ཅང་འཐད་བྱུང་། ངས་བཤད་དོན་གཙོ་བོ་ནི་ཕ་རོལ་པོ་ཞིག་ལ་རྨོངས་གཉིད་ལས་སངས་མེད་ཚུལ་སྐད་ཆ་ག་འདྲ་ཞིག་ལ་ཡང་དོན་དག་མེད་པའམ་དོན་སྙིང་མེད་ཟེར་བ་ཡིན། གང་ལགས་ཤེ་ན་དེ་བཤད་པའི་དགོས་པ་ཞིག་ཡེ་ནས་འགྲུབ་རྒྱུ་མེད། གང་ལགས་ཤེ་ན་སྐད་ཆ་དེས་གཉིད་པའི་སྐབས་སུ་དཀྲོགས་མི་ཐུབ་ལ་སད་པའི་སྐབས་སུ་དཀྲོགས་མི་དགོས། དེས་ན་སྤྱི་ཚོགས་ནང་དོན་མེད་ཀྱིས་འཁོན་ཁ་བསྩངས་བ་ཙམ་རེད་བསམ། ངས་སྐད་ཆ་འདི་བཤད་འདོད་པ་ཡིན།
    ཡང་གཅིག་བཤད་ན་དབུ་མའི་ལམ་པ་དག་གིས་རང་བཙན་པ་རྣམས་རྨོངས་གཉིད་ལས་སངས་མི་འདུག་ཅེས་ཅི་ཙམ་བཤད་རུང་། ཁོ་ཚོས་དེ་ཁས་ལེན་ཐུབ་ཀྱི་མ་རེད། སེམས་གཏིང་ནས་དེ་ལྟར་བསམ་གྱི་མ་རེད། དེ་དང་གཅིག་མཚུངས་སུ་ཚུར་བསམ་གྱི་ཡོད་སྲིད་པ་རེད། དེའི་ཕྱིར་ཁྱེད་ཀྱིས་རང་གི་དམིགས་འབེན་ཞིག་ལ་གཏད་ནས་ཆབ་སྲིད་ཀྱི་སྐད་ཆ་བཤད་ཀྱིན་མེད་ན་སྐད་ཆ་འདིར་སྙིང་པོ་མི་འདུག་ཅེས་ངས་བཤད་འདོད་པ་ཡིན།
    དེ་ནས་ཟམ་གདོང་རིན་པོ་ཆེ་སོགས་དེང་སྐབས་ཀྱི་སྤྱི་ཚོགས་སུ་དབུ་མའི་ལམ་པ་བ་རྣམས་ལ་རྣམ་གྲངས་མང་པོ་ཞིག་ཡོད། རེ་ཟུང་གིས་ནི་རྩ་བའི་བླ་མའི་བཀའ་དང་ལྡོག་མ་གཏུབ་པ་ཡིན། རེ་ཟུང་གིས་ནི་དེ་འདྲ་ཞིག་མ་བྱས་པར་སྤྱི་ཚོགས་ཐོག་རྔོ་ཐོགས་པའི་ལས་དོན་ཞིག་སྒྲུབ་མི་ཐུབ་པ་སྟེ། སྒྲུབ་པའི་ལམ་ཁ་ཆུང་དུ་སོང་བ་ཡིན། རེ་ཟུང་གིས་རླུང་གིས་རྒྱུ་ཕྱོགས་ལ་བལྟས་ནས་གོ་སྐབས་བ་ཙམ་དུ་ཟད། རེ་ཟུང་གིས་སེམས་གཏིང་ནས་དེ་ལ་ཡིད་ཆེས་ཡོད་པས་ཡིན། མང་ཕྱོགས་ཀྱིས་ལྷག་བསམ་རྣམ་དག་གིས་གཞུང་གི་ལམ་སྟོན་འོག་ཤར་བསྐྱོད་བྱས་པ་ཙམ་ཡིན།
    དེའི་ཕྱིར་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་དེ་ལྟར་གནང་བ་ནི་དེ་དག་རྨོངས་གཉིད་ལས་སད་པའི་དོན་ཡིན་པའི་ངེས་པ་མེད་དེ། གོང་ཞུས་ལྟར་དགོས་དབང་གིས་བྱས་པ་ཙམ་ཡིན།
    ལྷག་པར་དུ་གོ་ལ་གཅིག་གྱུར་དང་། ཡོ་རུབ་མཉམ་འབྲེལ་སོགས་ལ་དཔེ་བྱས་ནས་བཤད་ཚུལ་ནི་ངོ་མ་ཉ་དང་ཉོག་མ་མཉམ་བསྲེས་བྱས་པ་རང་རེད། རྦད་དེ་འདྲ་གི་མ་རེད། ཞར་ཡང་། ནམ་ཡང་། གཏན་ནས་འདྲ་གི་མ་རེད། ཟམ་གདོང་ཚང་གིས་ཡང་འདི་ལྟར་གསུང་གི་ཡོད། འདི་ལྟར་ཐོས་སྐབས་རྨོངས་གཉིད་ཅེས་པའི་ཚིག་དེ་སུས་སུ་ལ་སྦྱོར་དགོས་པ་ཡེ་ནས་ཤེས་ཀྱིན་མི་འདུག

    དེ་ནས་དྲ་གྲོགས་ཐེ་བོ་ལགས་ལ།
    ཡིན་དང་ཡིན། མ་ཤེས་པར་དྲི་བ་དྲིས་ཆོག་ལ་འདྲི་ཡང་དགོས་པ་རེད། གཞན་ཤེས་ཐབས་མེད། ངས་ཀྱང་ཁྱེད་ཀྱི་དྲི་བར་ལན་བཏབ་པའི་ཁུལ་ཡིན། འོན་ཀྱང་ངའི་ཚིག་དེའི་གསེང་ནས་ཁྱེད་ཀྱིས་ལན་དེ་རག་ཡོད་མེད་མི་ཤེས། དེ་འདྲ་ཞིག་མ་གཏོགས་ངས་ལན་འདེབས་ཤེས་ཀྱི་མི་འདུག ལན་ཅུང་ཐད་ཀར་བ་ཞིག་བཏབ་ན་གོ་བ་གཞན་དུ་འགྱུར་འགྲོ་བར་འདུག་པས་ང་ལ་ཚིག་གིས་ཕོངས་སོང་བ་རང་ཡིན།

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཅོ་རི་ཉི་མ་ལགས།
    ངས་ཇོ་ནང་བ་ལ་ཆོས་བརྒྱུད་དགོས་ལུགས་ཤིག་བཤད་པ་མི་དྲན་གི་དེ་གང་ན་འདུག་ང་ལ་གཅིག་སྟོན་རོགས།
    ང་སློབ་སྤྱི་ཞིག་ལ་བསྡད་པ་ཡང་སྐྱེ་བོ་སྔོན་མ་འདྲ་ཡིན་ན་མ་གཏོགས་མི་དྲན་གི
    བོན་བོད་རྩོམ་པ་པོའི་མཐུན་ཚོགས་ཟེར་བ་ཞིག་ཀྱང་ད་བར་གོ་མ་མྱོང།
    ཏང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་ཟེར་བ་དེ་ཡང་ཁྱོད་རང་ནོར་བ་འདྲ།
    ཧུའུ་ཅིན་ཐོ་ལ་ཡིག་འབྲེལ་བྱས་པའི་འཇོན་ཐང་དེ་ཡང་ང་ལ་མེད།
    དེ་ནས་ཁྱོད་ཀྱིས་ང་ལ་སྐྱོན་ཆེ་ཤོས་ཤིག་བཀལ་བ་ནི་ཆོལ་གསུམ་ནང་མཐུན་དང་སྤྱི་འཐུས་མ་འཆམ་པ་བཟོས་པ་རེད་ཟེར་བ་འདི་རེད།
    མདོར་བསྡུས་ན་ཁྱོད་ཀྱིས་དངོས་གནས་ངའི་སྐོར་ཅང་མཐོང་ཐོས་མེད་པ་དེ་ཧ་གོ་སོང། མ་ཟད་ཁྱོད་རང་མི་གླེན་པ་ཞིག་ཀྱང་ལོས་ཡིན་བསམ་སོང།
    གྲོགས་པོ་ཚོ། སྐབས་དོན་བོར་ནས་ངའི་སྐོར་ནས་ཅང་མ་གླེང་རོགས། ང་ལ་གླེང་རིན་ཅང་མེད། འོན་ཀྱང་ངས་བྲིས་དང་འབྲི་བཞིན་པ་དག་གི་ནང་དོན་ཐད་ནས་ཞུ་དག་དང་དགག་རྒྱག་གནང་རོགས། དེ་ལ་དགའ་བསུ་ཞུ།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ལུང་རིག་བདེན་་་་ང་ཚོས་ལྷ་མོ་སྐྱབས་ཀྱི་མི་གཞིར་མི་དཔྱད་ལ་མི་གཞིར་མི་རྒོལ་་་་་ཁོང་གི་བཀའ་མོས་སུ་དཔྱད། ལག་ལེན་ལ་དཔྱད།
    དུས་བབ་དྲ་ཐོག་ཏུ་ལོ་མང་བཀླགས་མྱངས་ཡོད་པའི་དབང་གིས་ལྷ་མོ་སྐྱབས་ལགས་ཀྱི་ཐུགས་ཀྱི་དགོངས་པའི་ཟུར་རེར་དང་ལག་ལེན་སྣ་རེར་མཐོང་མྱངས་ཡོད་པ་རྣམས་འདིར་བྲིས་ནས་བཤད་ཀྱི་ཡིན།

    1་་་བོད་རང་བཙན་ཐོབ་ཟེར་བ་འདི་རྨི་ལམ་ལྟ་བུ་ཞིག་ལ་ངོས་འཛིན་གྱི་ཡོད་པར་ལྷ་མོ་སྐྱབས་ཀྱི་བཀའ་མོས་ཀྱི་གཞིར་གཅིག་རེད།
    2་་་རྒྱ་བོད་མི་རིགས་འཆམ་མཐུན་དང་ཏང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་རང་སྲིད་སྐྱོང་གི་ཐོབ་ཐང་རག་ཐབས་འབད་བརྩོན་བྱེད་དགོས་པ་ཁོང་གི་བཀའ་མོས་ཀྱི་བརྗོད་བྱ་གཙོ་ཞིག་ག་དུས་ཡིན་ནའང་རེད།
    3་་་་འཛམ་གླིང་ཞི་བདེ་དང་འཚེ་མེད་ཞི་བདེ། འཛམ་གླིང་གཅིག་འགྱུར་དང་རྒྱ་ནག་གཅིག་འགྱུར། འཛམ་གླིང་བདེ་འཇགས་སོགས་་་ལྷ་མོ་སྐྱབས་ཀྱི་བཀའ་མོས་གནང་གི་རེད།

    ལག་ལེན་ཁག་་་ཞིག་བཤད་ན།
    1་་་ལྷ་མོ་སྐྱབས་ལགས་ཀྱིས་སྤྱི་འཐུས་གནང་སྐབས་སུ་སྤྱི་འཐུས་རྣམས་འཆམ་མཐུན་མེད་པ་གྲོས་འཚོགས་མཇུག་སྡོམ་མ་ཐུབ་པ་ཞིག་ལག་ལེན་བསྟར་མྱངས་ཡོད།
    2་་་ལྷ་མོ་སྐྱབས་ལགས་ཀྱིས་ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་ཞེས་དགག་པ་བརྒྱབས་ཞོར་ལག་ལེན་གྱི་ཐོག་ནས་བྷི་ཀོང་བོད་གཞུང་རྒྱལ་ཡོངས་ཚོགས་ཆེན་སྐབས་སུ་ཆོས་རྒྱུད་སྤྱི་འཐུས་མི་དགོས་པའི་གྲོས་འཆར་བཏོན་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན་ཇོ་ནང་པའི་སྤྱི་འཐུས་དགོས་ཟེར་ནས་ལག་ལེན་སྟར་མཁན་ཞིག་རེད། ཁེ་ཕན་ཨེ་རག་བསྟར་མཁན་ཞིག་རེད།
    3་་་ལྷ་མོ་སྐྱབས་ལགས་སུ་བཙན་བྱོལ་བོད་མིས་གོ་སྐབས་སྤྲད་་ཡོད་རེད། སློབ་སྤྱི་ཡི་གོ་སྐབས། སྤྱི་འཐུས་ཡི་གོ་སྐབས། བོན་བོད་རྩོམ་པ་པོའི་ཚོགས་གཙོ་ཡི་གོ་སྐབས། དེ་འདྲ་བོད་དོན་སྒྲུབ་ཐུབ་པའི་གོ་སྐབས་སྤྲད་པ་རེད། གོ་སྐབས་དེ་དག་གིས་ཐོག་ནས་ཁོས་ལག་ལེན་ངོ་མ་ཧུང་ཅིང་ཐོ་ལ་ཡིག་འབྲེལ་འདྲ་བྱས་བསྡད་ཀྱི་ཡོད་པ་རེད།

    གནས་ཚུལ་མདོ་བསྡུས་ན་འདི་འདྲ་ཞིག་དྲན་ཡོང་གི
    ལྷ་མོ་སྐྱགས་ལགས་ཀྱིས་བཀའ་མོས་གནང་སྟངས་དང་ལག་ལེན་བསྟར་སྟངས་གཉིས་སུ་འདྲ་བསྡུ་བྱས་པ་ཡིན་ན་འདྲ་མ་མཉམ་པའི་ཁྱད་པ་ཤོར་ཡོད། བཀའ་མོས་གནས་སྐབས་སུ་རྒྱ་བོད་མི་རིགས་འཆམ་མཐུན་བཤད་་་ལག་ལེན་བསྟར་སྐབས་སུ་ཆོལ་གསུམ་ནང་མཐུན་དང་སྤྱི་འཐུས་འཆམ་མཐུན་གནང་གི་མེད་པ་རེད།
    རྒྱ་བོད་འཆམ་མཐུན་མ་གཏོགས་ཕུ་ནུ་ནང་བསད་བཏང་བསྡད་པའི་སྐོར་དུ་ལྷ་མོ་སྐྱབས་ཀྱིས་ཁ་མི་གྲགས་ནས་བསྡད་ཡོད། དྲ་གྲོགས་རོ་ལང་ལགས་ཀྱི་ཟིན་བྲིས་ནང་གི་ཕུ་ནུ་ནང་བསད་བཏང་བའི་སྐོར་དུ་བྲིས་པ་ལྟར་དངོས་གནས་རེད། འདི་ཚོ་ཐོག་ཏུ་ཚོར་བ་ཡོད་པའི་བཀའ་མོས་གཅིག་ཀྱང་མེད་པར་ངོ་མ་ཡ་མཚན་རེད།

    ལུང་རིག་ལགས་མདོ་བསྡུས་ན་འདི་འདྲ་འདྲ་མོར་ཡིན་ས་ཡོད་ཁུ། ངས་ལྷ་མོ་སྐྱབས་མཐོང་སྟངས་དེ་འདྲ་རེད།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ཉིན་ཤས་རིང་དུས་བབ་དྲ་ཐོག་ཏུ་དྲ་གྲོགས་སོ་སོས་རང་རང་གི་ལྟ་བ་དང་གྲུབ་མཐའ་གཞིར་བཟུང་གིས་བོད་མི་རིགས་ཀྱི་ཆབ་སྲིད་ལམ་ཕྱོགས་ཐོག་ཏུ་བགྲོ་གླེང་ཤུགས་ཆེན་བྱས་སོང་།

    བགྲོ་གླེང་གི་བརྒྱུད་རིམ་ནས་མངོན་ཡོང་བ་ནི་་་་མི་གཞི་དང་ལྟ་བ། དད་པ་དང་ཡིད་ཆེས། ལ་རྒྱ་དང་བོད་ཞེན་བཅས་རེད།
    དེ་ཡང་དུས་བབ་དྲ་གྲོགས་ཐོག་གི་མཁས་དབང་ཟེར་ནའང་རེད། བཙན་བྱོལ་སྤྱི་ཚོགས་ནང་གི་རྩོམ་པ་པོ་ཟེར་ནའང་རེད། སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན་ཟེར་ནའང་འདྲ།

    མདོ་དོན་ཉིན་མཚན་མེད་པར་དུས་བབ་དྲ་ཐོག་ཏུ་བོད་མི་རིགས་ཀྱི་མདུན་ལམ་གླེང་མཁན་ཚོའི་ལྟ་བ་དང་གྲུབ་མཐའ་་་་ཁོང་རྣམས་པའི་ཐུགས་ཀྱི་རེ་འདུན་བཅས་ཁ་ཁོག་མེད་པ་གསུངས་སོང་།་ཡག་པོ་རེད།
    མང་ཆེ་བ་ཞིག་གི་ལྟ་བ་རང་བཙན་དང་བོད་ཞེན་ཤུགས་ཆེན་འདུག བོད་རང་བཙན་འདི་ནི་བོད་མི་མཁས་དབང་མང་ཆེ་བས་འདོད་མོས་ཡོད་པ་ཞིག་རེད་འདུག་པར་མངོན་གསལ་རེད་འགི ་་་་་གཅིག་རེད།

    གཉིས་ནས་་་་དྲང་སྲོང་ལྷ་བཟང་ལགས་སུ་སྐྱོན་བརྗོད་བྱེད་མཁན་དྲ་གྲོགས་ནད་པ་དང་དགེ་བཤེས་ཚོ་ལྟ་བུ་ལ་མཚོན་ན་ལྷ་བཟང་གིས་༧གོང་ས་མཆོག་ལུག་རྫུ་དང་བོད་མི་རིགས་ལུག་ལ་དཔེར་བཞག་ན་གསུངས་སྟངས་འདི་ལ་དགའ་གིན་མེད་པ་རེད། ༧གོང་ས་མཆོག་ལ་དཔེར་འདི་འདྲ་བཞག་པར་བློ་ཕམ་ཡོད་པས་རེད། མ་གཏོགས་ལྷ་བཟང་གི་ལྟ་བ་ལ་དགག་པ་བརྒྱབས་ཀྱི་མི་འདུག

    ཐེ་བོ་ཤེས་རབ་ལགས་ཀྱིས་ལྷ་བཟང་གིས་སྔར་ཕྱི་འགལ་བའི་བཀའ་མོས་གནང་འདུག་གསུངས་ཀྱི་ཡོད་རེད། གནད་དོན་འདིའི་ཐོག་ཏུ་བོན་རྒྱ་བསྟན་རབ་ལགས་ཀྱིས་གསུངས་པར་གནད་འགག་རེད་འདོད།་དེ་ལས་ལྷག་གཅིག་གི་ལན་དགོས་ན་ལྷ་བཟང་ཁོ་རང་གིས་མ་གཏོགས་ལན་འདེབས་མི་ནུས་པ་འདོད།

    དགེ་ཆོས་ཀྱིས།
    མི་དམངས་གང་དགའ་དེར་བདེན་པ་དང་།
    ཁ་མང་གང་ལ་མཐུན་དེར་གྲུབ་མཐའ་སྣང། ་་་་ཞེས་པའི་ལུགས་སུ་བལྟས་ན་བོད་མི་རིགས་མདུན་ལམ་ཐག་གཅོད་བྱེད་མཁན་ངོ་མ་བོད་རྒྱ་ཆེན་མི་དམངས་ཡིན་པར་ཡང་གསལ་པོ་དག་པོ་རེད། ༧གོང་ས་མཆོག་གིས་དགོངས་པ་ཡང་རེད།

    Reply
  10. མྱི་ནག་ཚང་། says:
    ལོ་ 14 སྔོན།

    རྒན་ལྷ་མོ་སྐྱབས་ཀྱི་བྱས་རྗེས་དེ་ས་ལ་མི་ཤོངས་པ་ཞིག་རེད། རྣམ་པ་ཚོས་ཁོང་ལ་དེ་ལྟར་བཤད་ག་ལ་རུང་། ད་སྐབས་བོད་ཁྱིམ་སློབ་གྲྭ་དང་གཏན་སློབ་ཁག་གི་བོད་དགེ་དེ་དག་ཁོང་གི་གསོ་སྐྱོང་འོག་ནས་ཕེབས་པ་རེད། འདི་ལ་བསམ་བློ་བཏང་ན་ང་ཚོ་འདྲ་བས་བོད་མི་རིགས་ལ་ལེགས་སྐྱེས་སེན་མོ་འདྲ་ཞིག་འབུལ་ཐུབ་ཡོད་པ་མ་རེད།

    ཁོང་དེང་སྐབས་དྲ་ཐོག་གི་མཆན་མཁན་ཨང་དང་པོ་འདྲ་བོ་རེད། མཚམས་རེར་སོ་སོའི་ལྟ་ཚུལ་དང་མ་མཐུན་ན་ཁ་ཐུག་ཏུ་མི་གཞི་ནས་བརྩམས་ཏེ་རྒོལ་སྟངས་དེ་ཡག་པོ་མི་འདུག མ་གཞི་ནས་ཁོང་གི་མི་གཞི་ལ་སྐྱོན་བརྒྱབ་ཀྱང་ཕལ་ཆེར་འབྲེལ་བ་ཡོད་པ་མ་རེད། ཁོང་གིས་ཀྱང་དེ་སེམས་ལ་ཉར་གི་མ་རེད། དེ་ལས་ཁོང་གི་དགོངས་ཚུལ་དེ་དག་ལ་བརྡར་ཤ་ཆོད་དང་དེ་ནི་རང་གཞན་རོགས་གསུམ་གྱི་རེ་བ་ཡིན་རྒྱུ་རེད་འདོད།

    མཆན་འདི་ནི་ཉེ་བའི་ཆ་ཞིག་ནས་སེམས་ལ་ཤར་ཡང་ལག་ལ་མ་ཡོང་བསྡད་པ་ཡིན། ཁ་སང་དེ་རིང་མཆན་ཇེ་མང་ལ་ཕྱིན་པའི་སྐབས་དེར་འདི་ཡང་གསལ་བཤད་ཅིག་བྱ་རྒྱུ་གལ་ཆེན་པོ་རེད་འདོད།

    Reply
  11. དགེ་བཤེས་བྱམས་པ་བློ་བཟང་། says:
    ལོ་ 14 སྔོན།

    སྐུ་ཞབས་རོ་ལངས་ལགས། ཐ་སྙད་འདོགས་ཚེ་དོན་མཚུངས་དགོས་ཀྱི་ཡོད་ན། གངས་ཅན་པའི་སེར་སྐྱ་ཕལ་ཆེ་བ་ལ་བྱང་ཆུབ། བསྟན་འཛིན། བྱམས་པ། སྒྲོལ་མ། སངས་རྒྱས་སོགས་ཟེར་བ་མང་དུ་མཆིས་ཀྱང་དོན་ལ་དེ་ལྟར་ཡིན་དགོས་པ་སུས་ཀྱང་སྒྲུབ་པར་དཀའ། དམིགས་བསལ་ཁྱེད་རང་གི་ཐ་སྙད་ལ་རོ་ལངས་བཞེས་ཟེར་གྱི་འདུག་དོན་ལ་རོ་ལངས་ཡིན་ན་གཅོད་ཐབས་བྱེད་མཁན་སྐྱེས་དམ་རྟོག་ལྡན་ཞིག་མེད་ན་ཚིག་བཟང་པོས་ཁྱེད་རང་ཐུབ་པ་མིན་འདུག ་དགོངས་དག་་ཧ་ཧ་ངས་ཁྱེད་ལ་སྐུ་རྩེ་ཞུས།

    Reply
  12. རྟེན་འབྱུང་། says:
    ལོ་ 14 སྔོན།

    ལྷ་མོ་སྐྱབས་ཀྱིས་མདོར་ན་རང་བཙན་གྱི་རྨི་ལམ་སྟོང་པ་རྨིས་དང་རྨི་བཞིན་པ་ཚང་མར་དེ་ལྟར་བཤད་པ་ཡིན། ཞེས་རང་བཙན་རྩོད་མཁན་ཚོ་འགྲིག་གི་མེད་པ་དང་དམིགས་ཡུལ་འགྲུབ་རྒྱུ་མེད་པར་བཤད་པ་དེ་རྒྱུ་མཚན་རྩ་བ་ཉིད་ནས་མི་འདུག། གང་ཡིན་ཟེར་ན་ཐབས་ལམ་དེ་དབུ་མའི་ལམ་སྤྱད་ནས་དམིགས་ཡུལ་དེ་རང་བཙན་འཛིན་མཁན་ཡོད་ཆོག་ལ། ཡང་ན་ཐབས་ལམ་དེ་རང་བཙན་རྩོད་ནས་དམིགས་ཡུལ་ངོ་མ་དེ་རང་སྲིད་རང་སྐྱོང་འཛིན་མཁན་ཡང་ཡོང་ཆོག། དཔེར་ན་ཁྱེད་རང་དེ་གཉིས་ནང་ནས་གཅིག་འདེམས་དགོས་ན་གང་འདམས་ས་རེད་དམ།
    དེ་གཉིས་ནང་ནས་གཅིག་འགྲུབ་སྲིད་ན་གཅིག་ཤོས་ཡང་འགྲུབ་སྲིད་ལ་གཅིག་འགྲུབ་མི་སྲིད་ན་ཅིག་ཤོས་ཡང་ཡོང་མི་སྲིད་པ་རེད། རྒྱ་དམར་གྱིས་དེ་ཧ་གོ་ནས་དབུ་མའི་ལམ་ཡང་ཁས་ལེན་གནང་གི་མེད་པ་རེད། ང་ཚོས་དེ་ཧ་གི་མེད་པ་ཡ་མཚན་རེད། མདོར་ན་ང་ཚོར་དེ་གཉི་ག་དགོས་པ་ཧ་གོ་བ་གནང་རོགས།

    Reply
  13. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཨ་མཆོད་ལགས། ངས་བལྟས་ན་ཚང་མས་རང་མདོག་བསྟན་དང་སྟོན་བཞིན་པ་རེད། ངས་ནམ་ཡང་རང་མདོག་དེ་གཞན་གྱིས་ཤེས་འགྲོ་བར་སྐྲག་གི་མེད། འཛེམས་ཀྱིན་མེད་པར་མ་ཟད་རང་བདོག་སྟོན་ཐབས་ལ་འབད་ཀྱིན་ཡོད།
    ངས་སྐད་ཆ་འདི་ལྷ་བཟང་ལགས་ཁོ་ནར་བཤད་པ་ཞིག་མིན་དེ་སྔ་བསྟན་འཛིན་བརྩོན་འགྲུས་ལགས་སུ་ཡང་བཤད་ཡོད་ལ་མདོར་ན་རང་བཙན་གྱི་རྨི་ལམ་སྟོང་པ་རྨིས་དང་རྨི་བཞིན་པ་ཚང་མར་དེ་ལྟར་བཤད་པ་ཡིན། དེ་བཞིན་ལྟ་བ་དེ་འཁུར་མཁན་ཚང་མས་ཀྱང་ང་དང་ངའི་ཡན་དང་མན་ཚང་མར་དེ་ལྟར་བསམ་ཆོག་གི་རེད། འོན་ཀྱང་སུ་ཞིག་བདེན་མིན་གྱི་གནད་དོན་དེ་སུས་ཀྱང་ཐག་གཅོད་དཀའ། དུས་ཚོད་ཀྱིས་ག་ལེར་གསལ་བོར་སྟོན་ངེས།
    དཔེར་ན་ཟམ་གདོང་རིན་པོ་ཆེས་མཚོན་དེ་སྔ་གཞོན་ནུའི་དབུ་ཁྲིད་གནང་མྱོང་བའི་རང་བཙན་གྱི་ལྟ་བ་འཛིན་མཁན་གང་མང་ཞིག་གི་ལྟ་ཚུལ་ག་ལེར་འགྱུར་ཡོད། དེ་དག་མང་ཆེ་བ་རང་ངོས་ནས་དཔྱད་ཞིབ་ཀྱིས་འགྱུར་བ་སོང་བ་ཞིག་ལ་ངོས་འཛིན་གྱིན་ཡོད། རྨོངས་གཉིད་ལས་སངས་པ་ཞིག་ལ་ངོས་འཛིན་གྱིན་ཡོད། དངོས་ཡོད་གནས་བབ་ཤེས་པའི་ཐོག་ནས་དུས་དང་ལོ་རྒྱུས་འཁོར་འགྲོས་དང་བསྟུན་ནས་ང་ཚོ་རྨི་ལམ་མ་ཡིན་པའི་རྨི་ལམ་ཞིག་ལ་སྐྱོད་དགོས་པར་མཐོང། གོ་ལ་གཅིག་གྱུར་དང་འཛམ་གླིང་ཁྱིམ་གཅིག་གི་འདུ་ཤེས་ཤིག་ང་ཚོར་ཡོང་དགོས་པར་འདོད། འདི་ཡང་དག་པར་འདོད་ཡོད། མི་རྐྱང་དང་སྒེར་ཚུགས་ཀྱི་ལྟ་བ་མཁྲེགས་འཛིན་དེ་རྨོངས་པར་འདོད། དེ་ལྟར་འདོད་བྱུང་བས་ན་བཤད་ཀྱང་ཆོག་པར་འདོད། དེས་གང་ཟག་སྒེར་བའི་ཀུན་སློང་དང་མི་སྤྱོད་ལ་དམའ་འབེབས་སོང་མེད་པར་འདོད།
    མཇུག་ཏུ་དགེ་གྲོགས་ལགས་ཀྱིས་དགོངས་ཚུལ་གསུངས་པར་བཀའ་དྲིན་ཆེ་ཞུ།

    Reply
  14. རོ་ལངས། says:
    ལོ་ 14 སྔོན།

    བྱམས་པ་ཞེ་སྡང་གི་དབང་དུ་འགྲོ་ལ་ཁད་པ་ཁྱེད་ཡུད་ཙམ་དགོངས་དང་།
    ངས་ཁྱེད་ལ་ནང་མོལ་ཞིག་ཞུ།
    ༼དགེ་བཤེས་བྱམས་པ་བློ་བཟང་།
    ༢༠༡༡/༡༡/༢༤ ཉིན་འདོན་སྤེལ་བྱས། ལྷག་བསམ་ཚེ་རིང་ཁྱེད་རང་གི་ལུག་བྱེ་ཐང་དུ་བཀྲམས་ནས་ལུག་རྫི་འགྲོ་བཞག་ན་ཅེས་ཆེས་སྨྱོ་ཧམ་ཆེ་བས་བརྗོད་ཚིག་དེར་རྒྱ་དམར་གྱི་དངུལ་ག་ཚོད་སྤྲད་རྒྱུའི་ཁས་ལེན་བྱས་བྱུང་ངམ། བྱེ་ཐང་ལ་རྩ་ཆུ་གང་ཡང་མེད་པས་ཁྱེད་རང་ལ་ཁང་པ་ཐོག་རྩེགས་ཅན་དེ་རྒྱ་དམར་གྱི་དངུལ་གྱི་ཆར་པ་བབས་ནས་བྱུང་བ་ཞིག་རེད་པས།༽
    ལྟོས་དང་ངོ་མ་དགེ་བཤེས་ལགས་དགོངས་པ་མཚོམས་བཞག
    མཆན་འདི་ཡི་ཚིགས་འགྲོས་ལ་བལྟས་ན་་་་་དང་པོ་མིང་གི་མགོ་ཡི་་དགེ་བཤེས་དང་་་་་་བྱམས་པ་་་ཞེས་པའི་ཐ་སྙད་འདི་ཚོ་མར་བཀོག་ཏེ། རླུང་ཁམས་ཅན་ཅེས་ཡར་སྦྱར་ན་གང་འདྲ་འདུག ་་་་་་ཧ་ཧ་ཧ་་་་་་སྐུ་རྩེད་ཞུས་པ་ཡིན།

    Reply
  15. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    ངས་འདིར་མཆན་བུ་འདེབས་མཁན་ལ་སྐད་ཆ་ཚིག་གཅིག་བཤད་དགོས་འདུག ཁྱེད་ཀྱིས་ཁྱོད་རྒྱལ་ང་ཕམ་ཆེད་དུ་སྐད་ཆ་བཤད་ཀི་ཡོད་ན། དེ་རིང་ནས་ཁྱོད་རྒྱལ་སོང་བ་བྱོས། འོན་ཀྱང་གནས་ཚུལ་ཞིག་གསལ་རྟོགས་ཆེད་ཡིན་ན། ང་ཚོས་ལྷ་བཟང་ཚེ་རིང་གིས་བཤད་པའི་སྐད་ཆ་གཞི་ལ་བཞག་ནས་རྩོད་གླེང་བྱེད་ཆོག དེ་མིན་ཁོང་གི་སྐད་ཆ་ལ་དྲང་ངེས་འབྱེད་སྟངས་ནི་ངས་ཤེས་མ་སོང་། གཞན་ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ལགས་སུ་ཞུ་རྒྱུར། ངས་སྐྱོན་མེད་པའི་མི་ཞིག་ད་སྔ་མཐོང་མ་སོང་། དེར་བརྟེན་ལྷ་བཟང་ཚེ་རིང་ལ་དམིགས་བཀར་གྱིས་སྐྱོན་ཡོད་རབས་བཤད་མ་མྱོང་། རྒྱུ་མཚན་ཁྱོད་ཀྱིས་ལོས་ཤེས། ངས་ཁོང་གིས་བཤད་སྟངས་དེའི་གོ་བ་མ་ལོན་པ་རེད། དེར་བརྟེན་ངས་འདི་ནས་སྐད་ཆ་དྲིས་པ་ཡིན། ངས་བསམ་ན་ངས་གནས་ཚུལ་གང་རུང་ཤེས་འདོད་ཀྱིས་དྲི་བ་འདྲི་ཆོག་གི་རེད་བསམ། དེ་མིན་འདིར་སྐད་ཆ་བཤད་མཁན་ཚོས་དོན་དག་མེད་པའི་འུར་མ་རྒྱག་རོགས། དེས་དོན་དག་གསལ་པོ་ཡོང་རྒྱུར་ཕན་པ་ཅུང་ཙམ་ཡང་མེད།

    Reply
  16. དཀོན་མཆོག་དབང་འདུས་ཨབ་ཕྱི། says:
    ལོ་ 14 སྔོན།

    དྲ་གྲོགས་ཚང་མས་སྐད་ཆ་ཅུང་བསམ་ནས་བཤད་ན་གང་འདྲ་འདུག མི་རེ་ཟུང་ཞིག་གིས་དོན་མེད་དུ་གཞན་དང་གཞན་ལ་སྐུར་འདེབས་བྱེད་པ་ལས་གནས་ལུགས་ཅང་ཡོད་པའི་སྐད་ཆ་ཞིག་ཤོད་ཀྱི་མི་འདུག

    ཡཡ་ད་ཚང་མས་སུག་ལག་བདེ་བར་སྨོན།

    Reply
  17. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    རིང་ནས་འདྲིས་པའི་མཛའ་གྲོགས་རྒན་ལྷ་སྐྱབས་ལགས།
    ཁྱེད་ཀྱིས་”ནམ་ཡང་རྨོངས་གཉིད་ཅིག་ལས་མི་སངས་པ་འདི་གཅིག་བྱས་ན་ལྐུགས་པའི་ཨུ་ཚུགས་དེ་ཡང་མིན་ནམ་སྙམ་པ་འཆར།”་ཞེས་གསུང་བ་འདི་ཕྱིར་འཁོར་ནས་ཁྱོད་ལ་བཤད་ན་སེམས་ལ་གང་ཞིག་འཆར་གྱི་རེད། རྨོངས་གཉིད་མ་སངས་པ་སུས་སུ་ལ་བཤད་དགོས་པ་རེད། མདོར་ན་རང་མདོག་བསྟན་པ་ལས་སྐད་ཆ་འདི་འདྲ་ལ་དོན་སྙིང་གང་ཡང་མེད་པ་རེད།

    Reply
  18. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    རིང་ནས་འདྲིས་པའི་མཛའ་གྲོགས་རྒན་ལྷ་སྐྱབས་ལགས།
    ཁྱེད་ཀྱིས་”ནམ་ཡང་རྨོངས་གཉིད་ཅིག་ལས་མི་སངས་པ་འདི་གཅིག་བྱས་ན་ལྐུགས་པའི་ཨུ་ཚུགས་དེ་ཡང་མིན་ནམ་སྙམ་པ་འཆར།”་ཞེས་གསུང་བ་འདི་ཕྱིར་འཁོར་ནས་ཁྱོད་ལ་བཤད་ན་སེམས་ལ་གང་ཞིག་འཆར་གྱི་རེད། རྨོངས་གཉིད་མ་སངས་པ་སུས་སུ་ལ་བཤད་དགོས་པ་རེད། མདོར་ན་རང་མདོག་བསྟན་པ་ལས་སྐད་ཆ་འདི་འདྲ་ལ་དོན་སྙིང་གང་ཡང་མེད་པ་རེད།

    Reply
  19. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    དྲ་དྲོགས་ལགས།
    “ཅིའི་ཕྱིར་སྐད་ཆ་དེ་ལྟར་བཤད་པ་རེད་དམ། དོན་ངོ་མ་ཁོང་ཚོས་ཅི་ཞིག་བཤད་སྙིང་བྲོ་ཀི་ཡོད་པ་རེད་དམ། ང་ལ་ཁོང་ཚོས་དེ་ལྟར་བཤད་དགོས་པའི་རྒྱུ་མཚན་ཅི་ཡིན་ཧ་ཅང་ཤེས་འདོད་འདུག” ཅེས་པ་ལ་ངས་ཁྱེད་ལ་དམའ་འབེབས་བྱས་པ་ཡེ་ནས་མིན་ལ་གདེངས་ཚོད་ཡོད་ནས་བཤད་པ་ཡང་མིན་པའི་ལན་ཞིག་ཞུ།
    དེ་ནི་ངས་ཁྱེད་ཆོས་པ་རྣལ་མ་ཞི་ཡིན་ཤག་གིས་བཤད་ན་”ཁྱེད་ཀྱིས་ཁོང་ཚོས་དེ་ལྟར་བཤད་དགོས་པའི་རྒྱུ་མཚན་ཅི་ཡིན་”་ནམ་ཡང་ཤེས་ཀྱི་མ་རེད་ཅེས་ཀུ་རེའི་ཚུལ་དུ་ཞུ་རྒྱུ་ཡིན།
    ལར་ནས་ཁོང་ཚོ་ལ་སྐྱོན་མེད་པར་སུས་བཤད་ཀྱིན་མེད་ཚོད་ལ། ཁྱེད་ཀྱིས་དོན་དག་ཆུང་ཆུང་དེ་འདྲ་ཞིག་འདི་ལྟར་ཆེ་བཤད་བྱེད་པ་ལ་རྒྱུ་མཚན་ཅི་ཡོད་ཤེས་འདོད་ཀྱང་མི་འདུག་བཤད་མི་ཐུབ།
    བདེན་པ་ཡིན་ཞེས་ཐམས་ཅད་བསྒྲགས་འཇོག་པ་ནི་ལྐུགས་པའི་ངང་ཚུལ་ཡིན་པ་ཁྱེད་ཀྱིས་སྔར་སྔ་མོ་ཞིག་ནས་མཁྱེན་ཚར་ཡོད།

    Reply
  20. སྙིང་རྩ་སྤར་འཛིན། says:
    ལོ་ 14 སྔོན།

    འོག་གི་དགེ་བཤེས་མིང་ཅན་འདིས་བཤད་སྟངས་ལ་ལྟོས་དང་། དགེ་བཤེས་ཤིག་གི་བཤད་སྟངས་ཨེ་རེད། ད་དུང་ཡིག་ནོར་ལ་ལྟོས་དང་། མིང་གི་མགོ་ལ་དགེ་བཤེས་ཡིན་ན་ཅིག སྙིང་རྩ་སྤར་མོས་འཛིན་རྒྱུ་བོ།

    Reply
  21. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ངས་བོད་དང་དེའི་མི་རིགས་ལ་ཕན་པ་བསྒྲུབས་པ་ཅི་ཡང་མེད། ངས་བོད་ཡིག་ལ་བརྟེན་ནས་རང་ཁ་གསོ་གིན་ཡོད་པ་ཙམ་ཞིག་ཡིན། འོན་ཀྱང་འདིར་བསམ་ཚུལ་བརྗེ་རེས་ཀྱི་སྐད་ཆ་རེ་བཤད་ཀྱིན་ཡོད། དེའི་ཐོབ་ཐང་ལོས་ཡོད། ངས་བཤད་པའི་བསམ་ཚུལ་གང་ཐད་ནས་མི་འགྲིགས་ན་དེའི་ཐོག་ནས་བཤད་རོགས།

    Reply
  22. དགེ་བཤེས་བྱམས་པ་བློ་བཟང་། says:
    ལོ་ 14 སྔོན།

    ལྷག་བསམ་ཚེ་རིང་ཁྱེད་རང་གི་ལུག་བྱེ་ཐང་དུ་བཀྲམས་ནས་ལུག་རྫི་འགྲོ་བཞག་ན་ཅེས་ཆེས་སྨྱོ་ཧམ་ཆེ་བས་བརྗོད་ཚིག་དེར་རྒྱ་དམར་གྱི་དངུལ་ག་ཚོད་སྤྲད་རྒྱུའི་ཁས་ལེན་བྱས་བྱུང་ངམ། བྱེ་ཐང་ལ་རྩ་ཆུ་གང་ཡང་མེད་པས་ཁྱེད་རང་ལ་ཁང་པ་ཐོག་རྩེགས་ཅན་དེ་རྒྱ་དམར་གྱི་དངུལ་གྱི་ཆར་པ་བབས་ནས་བྱུང་བ་ཞིག་རེད་པས།

    Reply
  23. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ལྷ་བཟང་ཚེ་རིང་གི་སྐད་ཆ་ལ་རྒྱུ་མཚན་འདུག རང་ལུགས་བརྟན་པོ་ཡོད་པའི་རྟགས་མཚན་ཞིག་ཡིན་པ་ལས། རླུང་དར་ནང་བཞིན་ཞིག་མ་རེད། མིང་ཆེན་པོ་ཡོད་མཁན་ཞིག་གིས་བཤད་པ་རེད་ཟེར་ནས་གཡམ་རྒྱུགས་བྱེད་མཁན་ཞིག་གཏན་ནས་མིན། ཆབ་བྲག་སོགས་ལ་ཞུ་རྒྱུ། རང་གིས་རང་ལ་བྲིས་ནས་རང་ཉིད་ཀྱིས་བོད་རྩ་དོན་གྱི་ཆེད་དུ་ཁ་ཡོད་ལག་ཡོད་ཀྱི་ལས་དོན་ག་རེ་བརྩམས་ཡོད། གལ་སྲིད་དྲ་ཚིགས་ཀྱི་ནང་དུ་རྩོམ་གོ་རྒྱུ་ཡོད་ལ་མེད་ལ་དེ་འདྲ་བྲིས་པ་ཙམ་གྱིས་བོད་རྩ་དོན་གྱི་ཐོག་ལས་ཀ་བརྩམས་མྱོང་ཟེར་ན། དེ་ལྟ་ན་བོད་རྩ་དོན་སེམས་ཁུར་བྱེད་ཟེར་བའི་ཐ་སྙད་འདི་སླ་མོ་ཞིག་ཏུ་འགྱུར་བ་མ་ཡིན་ནམ།

    Reply
  24. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    ལྷ་བཟང་དང་འཇམ་ནོར་སོགས་ནི་ཆབ་སྲིད་པ་གང་ཞིག་ལ་རྩོམ་པ་པོའི་གཤིས་ཀ་ཡོད་པ་རེད། དེའི་ཆ་ནས་སྔོན་གྱི་སྐད་ཆ་དག་ནི་གོང་ས་མཆོག་གིས་མཛུབ་མོ་གར་བསྟན་ཤར་ཡིན་ཟེར་ནས་རྒྱུགས་མཁན་དག་ལ་ཅག་ཅག་གིས་སྨྲས་པ་དང་ད་ནི་དོན་དངོས་ཀྱི་སྐད་ཆ་རང་ཤོར་བ་ལོས་ཡིན་སྙམ་སོང་།
    སྤྱིར་ན་གོང་ས་མཆོག་གིས་སྐུ་དབང་མཚམས་འཇོག་གནང་བ་དེ་ནི་དངོས་གནས་བློས་བཟོད་པ་ཞིག་མ་རེད། སྔ་ཕྱི་ལ་བསམ་བློ་གཏོང་ཤེས་ཤིང་བོད་དོན་ལ་གཞིགས་ནས་བཤད་ན་འདི་ལས་ཅུང་ཆེན་པོ་ཞིག་ཡོད་པ་མ་རེད།
    ཡིན་ནའང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  25. ནད་པ says:
    ལོ་ 14 སྔོན།

    ༸གོང་ས་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོས་བསྩལ་བའི་ཆུ་སྤྲེའི་ཞལ་གདམས་ནང་དུ་སླར་ཅི་དྲག་གིས་འགྱོད་ཀྱང་ཕན་ཆ་མི་སྲིད་པས་ཞེས་སྐབས་དེར་གནད་ལུགས་གསལ་བཤད་ཚད་ལྡན་གནང་ཡོད།

    ད་ལྟ་ལྷག་བསམ་མིང་ཅན་གྱིས་སྔ་ཕྱིར་མི་འཚམས་པའི་སྐད་ཆ་ཐབས་སྡུག་དེ་འདྲ་བཤད་དེ་༸ གོང་ས་མཆོག་གི་སྐུའི་མཛད་འཕྲིན་ལ་བཀའ་དྲིན་བསམ་ཤེས་མེད་པར་དྲིན་ལན་ལོག་འཇལ་བྱེད་བཞིན་ཡོད་སྟབས། ཡང་བསྐྱར་ང་ཚོ་བོད་མི་རིགས་ཚོར་སླར་ཅི་དྲག་གིས་འགྱོད་ཀྱང་ཕན་ཆ་མ་སྲིད་པའི་དུས་ཤིག་ཤར་དོགས་འདུག

    ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་མ་ཆོད་ན་ནོར་བུ་མི་ལ་ཤོར་བའི་སྐབས་ཅི་དྲག་གིས་འགྱོད་ཀྱང་དེར་ཕན་ཆ་མི་སྲིད་པ་ཡིན།

    ༸ གོང་ས་མཆོག་ལ་མཚན་སྨད་དང་བཀུར་འདེགས་བྱེད་མཁན་གྱི་མི་དེ་ཚོ་ཆ་བཞག་ས་དང་། ཡིད་ཆེས་ཡོད་མཁན། བརྩི་བཀུར་བྱེད་ས། ཡི་བརྟན་འཕེར་བའི་མི་ཞིག་མིན་སྟབས། བོད་རིགས་ན་གཞོན་ཚང་མས་ལོག་ལམ་དུ་མི་འགྲོ་བའི་རེ་བསྐུལ་ཞུ་བཞིན་ཡོད།

    Reply
  26. ཁྱུང་ཆེན་རང་གྲོལ། says:
    ལོ་ 14 སྔོན།

    ལྷ་བཟང་ཚེ་རིང་དང་འཇམ་དབྱངས་ནོར་བུ་སོགས་ཀྱིས་སོ་སོས་གང་བྱས་གང་སྒྲུབ་ཚང་མ་བོད་རང་དབང་རང་བཙན་ཁོ་ནའི་ཆེད་དུ་རློམས་ཡང་། ཁོ་བོས་བལྟས་ན། ཁོང་ཚོའི་སྒོ་ང་རྡོ་ཐོག་དང་། ཁ་སྟོང་ནང་གི་ཚིག་སྟོང་། ནང་འགལ་ཅན་གྱི་སྐད་ཆ་སྔར་བཤད་ད་བཤད་ཚང་མ་ཕྱོགས་བསྡོམ་ཞིག་རྒྱག་རན་འདུག ང་ཚོའི་མགོ་ཐོག་གི་གནམ་འདི་རྒྱ་གར་གྱི་གནམ་དང་རྐང་འོག་ས་འདི་རྒྱ་གར་གྱི་ས་ཡིན་པ་སོ་སོས་ཤེས་བཞིན་དུ་ཅིའི་ཕྱིར་གཞན་གྱི་གནམ་ས་གཉིས་ཀའི་བར་ལ་ཨུ་ཚུགས་ཀྱིས་ཁང་བརྩེགས་བརྒྱབ་པ་ཡིན། རྒྱལ་ཁབ་མི་རིགས་ལ་ཤ་ཚ་ཡོད་ན། མཁས་པ་ཡིན་ན། རྒྱལ་གཅེས་པ་ཡིན་ན། རང་དབང་རང་བཙན་ཁོ་ན་འདོད་ཀྱི་ཡོད་ན། ཚོང་ཁང་ཆུང་ཆུང་དེའི་ནང་ཁུམ་ནས་མ་འདུག just do something. To act for the people. དེ་མིན་༸གོང་མཆོག་ནས་འགྲིག་མ་འགྲིག་གི་སྐད་ཆ་མ་བཤད། དོན་མེད་མིག་ཆུ་མ་གཏོང་། ཕོ་ཁྱོ་ག་ཡིན་ན་མིག་ཆུ་ཁོག་ན་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྒྲུབ་ཕྱོགས་ཀྱིས་འདོད་བློ་ཁེངས་ཀྱི་མེད་ན་གངས་ཅན་སྐྱིད་གཤོངས་ཁྱེད་ཀྱི་འཁྲིས་ན་ཡོད་པ་རེད།
    ས་ཆ་ཁུག་ཀྱོག་ནས་སྙིང་སྟོབས་ཅན་གྱི་སྐད་ཆ་མ་བཤད།

    Reply
  27. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཐལ་ཆ་མེད་པའི་སྐད་ཆ་ཤོད། དེ་ཤོད་དང་ཚང་མས་ཉན་གི་རེད། བསམ་གི་རེད། བསྡུར་གི་རེད། དེ་མ་གཏོགས་ཆོ་ཡོད་པ་མ་རེད།

    Reply
  28. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 14 སྔོན།

    ལྷ་བཟང་ཚེ་རིང་ལགས་ཀྱིས་འགྱུར་མེད་བོད་རང་བཙན་གྱི་ལྟ་བ་བཟུང་བ་ངོ་མ་དགའ་བསུ་ཡོད་རུང་ཁོང་གིས་ད་བར་རང་བཙན་ཇི་ལྟར་རྩོད་དགོས་མིན་ལྟ་གྲུབ་ཀྱི་རྩོམ་ཡིག་ཚད་ལྡན་ཞིག་མཇལ་མ་བྱུང་།
    ལྷག་དོན་ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེ་པོ་མཆིག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་གནང་མཛད་པ་ལ་དུས་རྟག་ཏུ་མི་འདོད་པའི་རྣམ་འགྱུར་གོ་སྐབས་གང་ཡོད་ལ་སྟོན་མཁན་རྒན་པོ་རང་ཚུགས་ཅན་ཞིག་ཡིན་རུང་། ད་རེབ་ངོ་མ་རྒན་པོ་འདིའི་རང་གཤིས་ངོ་མ་དེ་བསྟན་ནས་ཁ་གཅིག་ནང་ནས་ལྕེ་གཉིས་བརྐྱངས་ནས་༧གོང་ས་༧སྐྱབས་མགོན་ཆེ་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བོད་མི་མང་ལ་གནང་བའི་རླབས་ཆེན་གྱི་མཛད་པ་འདི་ལ་མི་འདོད་པའི་སེམས་ཚོར་ཐོལ་བྱུང་ཞིག་གིས་༧གོང་ས་མཆོག་ལ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རོགས་ཞེས་ཞུ་བསྐུལ་གནང་བ་འདི་ལྟོས་དང་།
    རྩོམ་པ་པོ་ཐེ་བོ་ཤེར་རྒྱམ་ལགས་ཀྱིས་གནད་འགག་ཅན་གྱི་དྲི་ཚིགས་གལ་ཆེན་ཞིག་བཏང་བར་བཀའ་དྲིན་ཆེ།

    Reply
  29. རིན་ཆེན་གྲགས་པ། says:
    ལོ་ 14 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ཀྱིས།།རྩོམ་ཡིག་བརྩམས་ཆོས་སྤེལ་ནོ།།རྙོག་ལ་ཚྭ་ཁུ་མེད་ཀི།།རང་བཙན་ཞ་མོ་མ་གཡོགས།།རང་བཙན་ལྟ་བ་འཛིན་མཁན།།མི་འགྱུར་རྡོ་རྗེ་མདུད་པ།།

    Reply
  30. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    དོན་གྱི་མཁས་དབང་དང་ཉམས་མྱོང་ཅན། དབུ་ཁྲིད་པ་ཞིག་ཡིན་ཚེ་རང་གི་ལྟ་བ་དག་མགོ་མཇུག་ཚང་ལ་་གསལ་ཁ་ཡོད་པའི་གཞུང་ལུགས་རང་བཞིན་གྱི་དེབ་ཅིག་འདོན་ངེས། དེ་མིན་སངས་རྒྱས་ལ་ཀ་ཁ་སློབ་མཁན་རིགས་ཤིག་ནི་ཁ་མཁས་འདྲ་ཆགས་ཀྱི་གཏམ་ཐོར་རེ་བ་རེ་གློ་བུར་གློ་བུར་དུ་བསྐྱུགས་ནས་འདུག་པ་ཙམ་རེད།
    ལྷ་བཟང་ཚེ་རིང་ལགས་ཀྱིས་ཐོག་མཐའབར་གསུམ་དུ་རང་བཙན་རྩོད་ལེན་གྱི་ལྟ་བར་འགྱུར་བ་མེད་པར་གནས་པ་དེས་ཁོ་རང་སྐབས་འཚོལ་རིང་ལུགས་པ་ཞིག་མིན་པ་མཚོན་ཐུབ་ན་ཡང། ནམ་ཡང་རྨོངས་གཉིད་ཅིག་ལས་མི་སངས་པ་འདི་གཅིག་བྱས་ན་ལྐུགས་པའི་ཨུ་ཚུགས་དེ་ཡང་མིན་ནམ་སྙམ་པ་འཆར།
    འདིར་རྩོམ་པ་པོས་གནད་དོན་གྱི་ཐོང་རྩ་ནས་བཟུང་སྟེ་དྲི་བ་བཏོན་པར་དོ་བདག་གིས་ལན་ཞིག་ངེས་པར་གནང་འོས་པར་འདོད། གནང་བའི་རེ་སྒུག་བྱས་ཡོད།

    Reply
  31. ཟླ་བ་གཞོན་ནུ། says:
    ལོ་ 14 སྔོན།

    ༼ལུག་རྫི་ཞིག་གིས་ལུག་རྣམས་རྩྭ་ཁ་ཡག་ས་ཞིག་ལ་འཁྲིད་རྒྱུ་ཡིན་ཟེར་ནས་ཡར་འདེད་མར་འདེད་བྱས་ཏེ་མཐར། རྩྭ་ཁ་ཡག་ས་མ་རག་ཐལ། ད་དབང་ཆ་ཚང་མ་ཁྱོད་ཚོར་ཡོད། ཟེར་ནས་ལུག་བྱེ་ཐང་ཞིག་ལ་བཀྲམས་ནས་ལུག་རྫི་འགྲོ་བཞག་ན། དེ་ལུག་རྫིའི་ལས་འགན་འགྲུབ་པ་རེད་དམ༽
    དཔེ་འཇོག་འདི་ཅིག་ཅིག་ཐུ་མོ་འདུག བྱེ་ཐང་ཞིག་ལ་བཀྲམས་འདུག་གམ།
    ༧གོང་ས་མཆོག་གིས་སྐུ་ཚེའི་རིང་འོ་བརྒྱལ་བཞེས་པ་དེ་ལ་རིན་ཐང་རྒྱག་སྟངས་འདི་ཙམ་ཞིག་རེད་དམ།

    ཐེ་བོའི་སྐད་ཆ་འདི་ཡིག་རྟོན་རུང་བ་ཞིག་ཡིན་ན། ཁོང་གིས་ཁ་གཅིག་ནས་ལྕེ་གཉིས་བརྐྱངས་པ་དེའང་ཡ་མཚན་ཞིག་མ་རེད་དམ། གཞན་དུ་ན་ཁོང་ཚོའི་ཐབས་ཇུས་ཤིག་དང་། ཡང་མིན་ན་ཁོང་ཚོའི་རང་གཤིས་ཤིག་ཡིན་ཀྱང་སྲིད།

    Reply
  32. རྟེན་འབྱུང་། says:
    ལོ་ 14 སྔོན།

    ཐེ་བོ་ཤེས་རབ་རྒྱ་མཚོས་ལྷ་བཟང་ཚེ་རིང་ལ་དྲི་བ་དྲི་སྟངས་དེར་འདོད་མོས་ཡོད། འོན་ཀྱང་ལན་ཞིག་འོང་རྒྱུའི་རེ་བ་མ་བརྒྱབ། གང་ཡིན་ཟེར་ན་ལྷ་བཟང་ཚེ་རིང་གཙོས་དེང་དུས་ཀྱི་ང་ཚོའི་གཞོན་སྐྱེས་ཤེས་ལྡན་ཡིན་ཟེར་མཁན་མང་པོ་ཞིག་ཚོར་བ་སྨྲ་བ་རེད། དེ་རིང་ཚོར་བ་བདེ་སྡུག་བཏང་སྙོམས་གང་རུང་ཞིག་མངོན་དུ་གྱུར་སྐབས་ཡང་ཅིག་བཤད་ཀི་རེད། སང་ཉིན་དེ་གསུམ་ནང་ནས་གཅིག་མངོན་གྱུར་སྐབས་ཡང་ཅིག་ལབ་ཀི་རེད། འོན་ཀྱང་དེ་ལ་རྒྱུ་མཚན་ཡག་པོ་ཞིག་བཤད་ཡ་མེད་པ་ཆོས་ཉིད་ཡིན་པ། གནའ་སྔོན་མ་ཡིན་ན་ཚོར་བ་སྨྲ་བའི་རང་ལུགས་པ་འདི་ཤེས་ཡོན་མེད་མཁན་དང་ཡི་གེ་མི་ཤེས་མཁན་ནང་ཡོད་པ་རེད། དེང་སང་དུས་སྙིགས་ནས་ང་ཚོའི་ཤེས་ཡོན་ཅན་རྣམས་ཚོར་བ་སྨྲ་བའི་རང་ལུགས་ཆགས་བཞིན་པ་རེད། གལ་སྲིད་འདུ་ཤེས་སྨྲ་བའི་རང་ལུགས་པ་ཆགས་དགོས་ན་མཚན་ཉིད་སྦྱང་དགོས་ཀྱི་རེད། དེ་མིན་ཐབས་ཤེས་གཞན་མི་རྙེད།

    Reply
  33. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    སྤྲོ་ཚིགས་དགེ་འདུན་ལགས་ཀྱིས་བསམ་ཚུལ་བཏོན་པར་དགའ་ཡོད། འོན་ཀྱང་ངས་ལྷ་བཟང་ཚེ་རིང་ལ་སྐད་ཆ་བཤད་རྒྱུའི་ཐོབ་ཐང་མེད་ལབ་མེད་ལ། དེ་ག་ནང་བཞིན་ངས་ཁོ་རླུང་ཁའི་དར་ལྕོག་ནང་བཞིན་གང་དུའང་གཡུག་ཆོག་གི་མ་རེད་ལབ་མེད། ངས་ཁོང་གིས་སྔ་ཕྱི་འགལ་བའི་སྐད་ཆ་དེའི་ནང་དོན་ངོ་མ་གང་ཡིན་མགོ་ཚོས་མ་སོང་། མདོ་དོན་ཁ་གཅིག་གི་ནང་ནས་ལྕེ་གཉིས་རྐྱོང་གི་འདུག དེའི་རྒྱུ་མཚན་གང་ཡིན་མིན་སྐོར་ལ་སྐད་ཆ་དྲིས་པ་ཙམ་ཡིན། འདི་སྙུག་ཁ་ནང་སྐོར་དང་ཕྱི་སྐོར་གྱི་དོན་དག་ཡོད་མ་རེད། འོན་ཀྱང་ང་ཚོས་ག་རེ་ཤེས་དགོས་ཀྱི་རེད་ལབ་ན། ྋགོང་ས་མཆོག་གིས་ཆབ་སྲིད་ཐུགས་འགན་བཞེས་ཡོད་པའི་སྐབས་སུ་ལྷ་བཟང་ཚེ་རིང་གིས་ྋགོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཐུགས་འགན་བཞེས་པ་དེས་བོད་དོན་ཐོག་ལ་གནོད་ཀྱི་ཡོད་རབས་ལུང་པ་གང་བཤད་པ་རེད། ད་སྐབས་ྋགོང་ས་མཆོག་གིས་སྲིད་དབང་མི་མང་ལ་རྩིས་སྤྲོད་གནང་བ་རེད། ད་ཡང་ལྷ་བཟང་ཚེ་རིང་གིས། ྋགོང་ས་མཆོག་གིས་གནང་སྟངས་དེས་བོད་དོན་ཐོག་ལ་གནོད་ཀྱི་ཡོད་རབས་བཤད་ཀྱི་འདུག ངས་དོན་ངོ་མ་ཁོང་གིས་ག་རེ་བཤད་འདོད་ཡོད་མེད་ཧ་མ་གོ་བས་འདིར་དྲི་བ་ཞིག་དྲིས་པ་དེ་ཡིན། དེས་ན་ངས་ཁོང་ལ་དྲིས་པ་ཞིག་ཀྱང་འདྲི་མི་ཉན་པ་ཨེ་རེད།

    Reply
  34. བློ་བཟང་འཕྲིན་ལས། says:
    ལོ་ 14 སྔོན།

    སྔར་ལྷ་ཚེ་རིང་དང་འཇམ་ནོར་བུ་གཉིས་ཀྱིས་རྟ་ལམ་བོང་བུས་བཀག་སོང་ཟེར་གྱིན་ཡོད་པ་བདེན་པ་རེད། ད་ལྟ་ཅི་ཞིག་འདོད་ཀྱིན་པ་མི་ཤེས། སྤྱིར་ཁ་བདག་མེད་དེ་ཚོའི་དོན་ལ་ཉན་མི་སྤྲོ་ཀི

    Reply
  35. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    ཀུན་རྟོགས་རི་མོ་་བདེན་གི་འདོད། ཚིག་སྣེ་རེ་འཇུ་ས་ཡོད་པ་དང་སྨྱུག་ཁ་ནང་ལ་སྐོར་རྐྱང་བྱས་པ་ཡག་པོ་མ་རེད་འདོད། རྒན་ཁོང་གི་དམིགས་ཡུལ་་་རང་བཙན་མ་ཡིན་ནམ། དེ་ལ་འགྱུར་བ་ཡོད་པ་མ་རེད་ལ་་གལ་ཏེ་འགྱུར་སོང་ཡང་ཁོང་གི་ཐོབ་ཐང་རེད་འདོད། རང་དབང་མ་ཡིན་ནམ། དེས་ཕྱིར་སྐད་ཆ་སྔ་ཕྱིར་མི་མཐུན་པ་ཅུང་རེ་ཡོང་སྲིད་པ་མ་ཟད་སྐད་ཆ་བཤད་ན་དུས་ལ་ཡང་བསྟུན་དགོས་ཚོད་རེད། གང་ལྟར་ཁོང་མི་དམ་ཚིག་ཅན་ཞིག་དང་སྙིང་རུས་ཅན་ཞིག་དུ་འདོད།

    Reply
  36. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    ཀུན་རྟོགས་རི་མོ་ལགས། ཁྱེད་ཀྱིས་ངའི་རྩོམ་ཡིག་ཞིབ་མོ་ཞིག་ཀློགས་དང་། ངས་སྐད་ཆ་དྲང་མོ་ཞིག་བཤད་པ་ཙམ་ཡིན། ངས་དངོས་གནས་ཁོང་ཚོས་ག་རེ་བཤད་བསམ་པ་མ་ཤེས་པས་ཡིན། དེར་བརྟེན་ང་བོད་པ་ཞིག་ཡིན་པའི་ཆ་ནས་གནས་ཚུལ་འདི་འདྲའི་ཐོག་ལ་ངས་ཁོང་ཚོར་སྐད་ཆ་འདྲི་རྒྱུའི་ཐོབ་ཐང་ཡོད་པ་རེད་སྙམ། སྐད་ཆ་འདི་རྒྱ་ནག་གི་མདུན་དུ་ལངས་ཐུབ་དང་མ་ཐུབ་ཀྱི་གནད་དོན་མ་རེད། ང་ཚོས་འབྱུང་འགྱུར་གྱི་ཆེད་དུ་ལོ་རྒྱུས་ལ་འགན་ཁུར་ནས་སྐད་ཆ་ག་རེ་ཡིན་མིན་མྱི་གསོན་པོ་དངོས་སུ་ཡོད་དུས་གསལ་པོ་བཟོ་དགོས་པ་དེ་གལ་ཆེན་པོ་ཞིག་རེད། མ་རེད་དམ།

    Reply
  37. ཤར་མདའ། says:
    ལོ་ 14 སྔོན།

    ལྷ་བཟང་དང་འཇམ་ནོར་གཉིས་ཀྱི་ཆབ་སྲིད་པའི་སྐད་ཆ་ཡིན་མདོག་གིས་གང་དྲན་གླེང་གི་ཡོད་པ་རེད། གནས་སྟངས་ལ་བལྟས་ནས་སྐབས་ཚོར་རང་ལུགས་པ་ཞིག་བྱེད་འདོད་མིན་ནམ།  སྔོན་མ་༧གོང་ས་མཆོག་གི་བོད་མིའི་དབུ་ཁྲིད་མཚམས་འཇོག་གནང་ན་དེ་ནས་ཐབས་ལམ་ཞིག་བསྟོན་གྱི་ཡོད་རབས་བཤད་སོང་།  ད་སྐབས་ཡང་༧གོང་ས་མཆོག་ལ་སྐུ་དབང་མཚམས་འཇོག་གནང་རྒྱའི་དབང་ཚད་མེད་ཚུལ་སོགས་གླེང་བཞིན་པ་འདི་ཆབ་སྲིད་པའི་སྐད་ཆ་ཡིན་ས་རེད།  

    Reply
  38. ཀུན་རྟོགས་རི་མོ། says:
    ལོ་ 14 སྔོན།

    རྒྱ་ནག་གི་འཁྱོགས་བཤད་ལན་ནམ་ཡང་རྒྱག་མི་ཐུབ་ཅིང་རང་རིགས་ཀྱི་འཐབ་རྩོད་པ་དག་གི་མདུན་དུ་ཅེར་རེ་ལངས་ཐུབ་པའི་མི་འདི་ཚོ་ཡ་མཚར་རེད།

    Reply
  39. བཀྲ་ཤིས། says:
    ལོ་ 14 སྔོན།

    ལྷ་བཟང་ཚེ་རིང་སོགས་སྐོར་ཞིག་གི་བསམ་བློ་འཁྱེར་ཕྱོགས་ག་རེ་ཡིན་མིན་ང་ཚོས་ཧ་གོ་སོང་ན་འགྲིག་སོང་བ་རེད། མདོར་ན། ཁོང་ཚོ་ཡར་ཟེར་ན་མར་དང་མར་ཟེར་ན་ཡར་ཟེར་བའི་གྲས་རེད། དམིགས་ཡུལ་ག་རེ་ཡིན་མིན་གང་ཤེས།

    Reply
  40. གདོང་གཡུ་ལོང་། says:
    ལོ་ 14 སྔོན།

    ལྷ་བཟང་ཚེ་རིང་གིས་བཤད་པའི་སྐད་ཆ་དེ་དག་་ཞིབ་ཀློག་ཅིག་བྱས་བ་ཡིན། མི་བསམ་མེད་ཅིག་གིས་ཉན་ཚེ་བདེན་པ་བདེན་དྲང་གི་སྐད་ཆ་ཞིག་རེད་དྲན་ཀི ཡིན་ན་ཡང་། ང་ཚོའི་ཞིབ་ཏུ་བསམ་བློ་ཞིག་བཏང་བ་ཡིན་ན་ཁོང་གི་སྐད་ཆ་དེ་དག་ནི་མི་མང་རྣམས་འུར་ལངས་ཀྱི་སྐད་ཆ་ཞིག་དང་རང་ཉིད་རླབས་ཆེན་ཞིག་ཡིན་པའི་འབོད་བརྡ་ཙམ་ལས་མ་མཐོང་།

    Reply
  41. norlhatso says:
    ལོ་ 14 སྔོན།

    ཨ་ཁུ་ཤེས་རབ་ལྷ་བཟང་ཚེ་རིང་དང་འཇམ་ནོར་གཉིས་ཀྱི་ཁ་ལ་བདག་པོ་མེད་ཙང་ཅི་བཤད་ལ་ངེས་པ་དང་གཏན་ཚིགས་ཤིག་མེད་ལ། མི་ཚེ་ཡང་དེ་ལྟར་ཆབ་སྲིད་པ་ཡིན་མདོག་གིས་རྒྱལ་བ་རིན་པོ་ཆེ་རྩེད་སྤྱད་བྱེད་ཀྱི་ཡོད་པ་གསལ་པོ་རེད། ཁོང་ཚོ་རྒྱ་དམར་དང་འདྲ་བར་བསྟན་དགྲ་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese