ངྷ་ས་ཚེ་མཆོག་གླིང་གི་རྙོག་གླེང་ཁྲོད་མཁན་པོ་དང་དགེ་བསྐོས། དབུ་མཛད་གཙོས་པའི་གྲྭ་བ་ ༢༩ དགོན་པ་ནས་འཐོན་དགོས་བྱུང་ཡོད་པ་རྣམས་ལ། ཆོས་རིག་ལས་ཁུངས་ཀྱི་རོག་འདེགས་འོག་ད་ཆར་གྲྭ་བ་སྐོར་ཞིག་གི་འགྲོ་ཡུལ་གཏན་འཁེལ་བྱུང་ཡོད་ཀྱང་། ད་དུང་གྲྭ་བ་ ༡༥ ཙམ་གྱི་འགྲོ་ཡུལ་གཏན་འཁེལ་མེད་པར་ལྷག་འདུག
ཉེ་ལམ་ཕྱི་ཟླ་ ༧ པའི་ནང་ངྷ་ས་ཚེ་མཆོག་གླིང་དགོན་པའི་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ལགས་ཀྱིས་གཞུང་རྒྱུ་སྒེར་བདག་བྱས་པ་དང་དགོན་པའི་ནང་ཚུལ་མིན་སྣ་ཚོགས་བྱེད་ཀྱི་ཡོད་པའི་རྙོག་གླེང་ཞིག་གི་འོག དགོན་པའི་མཁན་པོ་དང་དགེ་བསྐོས་གཙོས་པའི་གྲྭ་བ་ ༦ རྒྱ་གར་ཉེན་རྟོག་ལས་ཁུངས་སུ་འཁྲིད་ཡོད་ཅིང་། རྗེས་སུ་ཞིབ་འཇུག་བྱས་སྐབས། ཚེ་མཆོག་གླིང་དགོན་པ་དེ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྟངས་འཛིན་འོག་མེད་པར། ཁྲིམས་དང་འབྲེལ་བ་ཡོད་པའི་དགོན་པའི་ཡིག་ཆ་ཁག་དང་དངུལ་ཁང་གི་འཛིན་ཡིག་སོགས་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ཀྱི་མིང་ཐོག་ན་ཡོད་པ་དང་། དགོན་པའི་བསླབ་པ་སློབ་གཉེར་སོགས་སྤྱིའི་འཛིན་སྐྱོང་སྤེལ་གསུམ་གྱི་བདག་དབང་ཡོངས་ད་ཆར་སྒང་ཐོག་ཏུ་བཞུགས་ཡོད་པའི་དགོན་བདག་བླ་མ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་མཆོག་ལ་ཡོད་སྟབས། ཕྱག་མཛོད་དང་མཁན་པོ། དགོན་བདག་བླ་མ་བཅས་ཀྱིས་ནང་ཁུལ་ནས་ཐག་གཅོད་མི་བྱ་ཐབས་མེད་བྱུང་ཡོད།
ཟླ་ ༩ ཚེས་ ༧ ཉིན་དགོན་བདག་བླ་མ་ཕེབས་ཏེ། དགོན་པའི་མཁན་པོ་དང་དགེ་བསྐོས། དབུ་མཛད་སོགས་དེ་སྔའི་གྲྭ་བ་ ༦ དེ་དུས་བཅད་ལྟར་དགོན་པ་ནས་འཐོན་དགོས་པའི་ཐག་གཅོད་བྱས་སྟབས། གྲྭ་བ་གཞན་ ༢༣ ཙམ་གྱིས་ཀྱང་ཐག་གཅོད་དེར་འདོད་པ་མེད་པའི་རྣམ་འགྱུར་བསྟན་ཏེ། ཁྱོན་སྡོམ་གྲྭ་བ་ ༢༩ ཙམ་གྱིས་ཉི་མ་གཅིག་ལ་དགོན་པ་ནས་རྩ་དགོངས་ཞུས་ཏེ། ཟླ་གཅིག་ལ་ཉེ་བའི་རིང་ངྷ་ས་སྟོད་པ་སྐྱིད་སྡུག་གི་ཚོགས་ཁང་གཡར་ནས་སྡོད་དགོས་བྱུང་ཡོད་ཀྱང་། ཟླ་སྔོན་མར་ཆོས་རིག་ལས་ཁུངས་ཀྱི་རྒྱབ་གཉེར་འོག་མཁན་རིན་པོ་ཆེ་དང་དགེ་བསྐོས་ཟུར་པ་བཀྲ་ཤིས་རྒྱལ་མཚན་གཉིས་ལྷོ་ཕྱོགས་སེ་སྨད་གྲྭ་ཚང་དང་གྲྭ་བ་གཞན་ ༡༠ ལྷོ་ཕྱོགས་རྒྱུད་སྨད་གྲྭ་ཚང་། གྲྭ་བ་ ༡ ཤེས་རབ་དགའ་ཚལ་སློབ་གླིང་། གྲྭ་བ་བ་ ༡ སླར་ཚེ་མཆོག་གླིང་གྲྭ་ཚང་བཅས་སུ་གཏན་འཁེལ་ཡོད་ཀྱང་། གྲྭ་བ་ ༩ ད་ལྟའི་ཆར་འགྲོ་ཡུལ་གཏན་མ་འཁེལ་བར་སྒང་ཏོག་ཏུ་ཡོད་པ་དང་། གྲྭ་བ་ ༥ ངྷ་སར་བསྡད་ཡོད་པ། གྲྭ་བ་ ༡ བལ་ཡུལ་བཅས་སུ་ལྷག་ཡོད་འདུག
ཕྱི་ཚེས་ ༢༦ ཉིན་གསར་འགོད་པས་སླར་ཡང་ཁོང་ཅག་ལ་ཐུག་འཕྲད་ཀྱིས་ད་ཆར་དཀའ་ངལ་ཡོད་མེད་དང་། མ་འོངས་པར་བྱེད་འཆར་གང་ཡོད་སོགས་བཅར་འདྲི་ཞུས་པར། དབུ་མཛད་བསྟན་འཛིན་དོན་འགྲུབ་ལགས་ཀྱིས་ “ ཐོག་མར་དགོན་པ་ནས་ཕྱིར་ཐོན་རྗེས་བོད་གཞུང་དང་ཚོགས་པ་ཁག་ལ་སྙན་ཞུ་ཕུལ་ཡང་ཡ་ལན་བྱེད་མཁན་མ་བྱུང་བར་བདུན་ཕྲག་གཅིག་ཙམ་ལ་སྡོད་ཁང་དང་འཚོ་བའི་ཐོག་དཀའ་འཕྲད་སོང་ལ། གྲྭ་གཞོན་ཚོའི་ཀྱི་སློབ་གཉེར་ཡང་འཐུས་ཤོར་ལ་ཕྱིན་པ་རེད། རྗེས་སུ་བོད་གཞུང་གིས་འཚོ་བའི་ཐོག་རོགས་རམ་གནང་བྱུང་། མཁན་རིན་པོ་ཆེ་གཙོས་པའི་གྲྭ་བ་མང་པོ་ཞིག་ལ་འགྲོ་ཡུལ་ཡང་རག་སོང་། ཡིན་ནའང་། ཐེངས་འདིའི་ཐག་གཅོད་ཀྱི་ཐད་ནས་ཧ་ཅང་བློ་ཕམ་བྱུང་ཡོད། ནམ་རྒྱུན་དྲང་བདེན་མང་པོ་ཞིག་བཤད་ཀྱི་ཡོད་ཀྱང་། གནད་འགག་ལ་ཐུག་ཡོང་སྐབས་དྲང་བདེན་མེད་པ་གསལ་བོ་ཆགས་སོང” ཞེས་བརྗོད་བྱུང་།
ཡང་ཁོང་ལ་མ་འོངས་པར་འཆར་གཞི་གང་འདྲ་ཡོད་མེད་དྲིས་པར། “ ང་རང་ལ་མཚོན་ན་གཅིག་ནས་སྔོན་མ་བོད་ནང་ཆབ་སྲིད་ཀྱི་དཀའ་ངལ་འོག་འདིར་ཡོང་མཁན་ཞིག་ཡིན་སྟབས། ཕྱིར་བོད་ནང་ལོག་རྒྱུ་ཧ་ཅང་ཁག་པོ་རེད། གཉིས་ནས་ལོ་ཚོད་ཀྱི་དབང་གིས་དགོན་པ་གཞན་དུ་འཛུལ་ན། ཡང་བསྐྱར་འཛིན་རིམ་དང་པོ་ནས་མགོ་འཛུགས་དགོས་པ་སོགས་ཀྱིས་ད་ལྟ་འཆར་གཞི་གང་ཡང་མེད། གནད་དོན་འདི་བརྒྱུད་དེ་གཞུང་དང་མི་མང་ལ་ཞུ་འདོད་པ་ཞིག་ནི། ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ནང་སྐྱ་མིན་སེར་མིན་གྱི་བཟུང་བའི་དགོན་པ་མང་པོ་ཞིག་ཡོད་སྟབས། དེ་ཚོར་བོད་གཞུང་གིས་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད ” ཅེས་བརྗོད་བྱུང་།
དགེ་བསྐོས་ཀརྨ་འོད་ཟེར་ལགས་སུ་བཅར་འདྲི་ཞུས་སྐབས། “ ང་ཚེ་མཆོག་གླིང་དུ་ཞུགས་ཏེ་ལོ་ ༡༢ ཕྱིན་སོང་། སོ་སོ་དགོན་པའི་དགེ་བསྐོས་ལ་བཞག་རྗེས། དགོན་པའི་ནང་འདུལ་ཁྲིམས་གཙང་མ་བཟོ་བའི་ཐད་འབད་པ་བྱས་པ་ཡིན། འོན་ཀྱང་གྲུབ་འབྲས་འཐོན་མ་སོང་བ་མ་ཟད། མཐར་རང་ཉིད་ཀྱང་དགོན་པ་ནས་ཐོན་དགོས་བྱུང་སོང་། ང་འགྲོ་དགོས་པར་འགྱོད་པ་གང་ཡང་མེད་མོད། བློ་ཕམ་ཆེ་ཤོས་རང་ཁྱིམ་ལྟ་བུའི་དགོན་པ་དེ་གནས་སྟངས་སྐྱོ་བོ་ཞིག་གི་འོག་ལྷག་ཡོད་པ་དེ་རེད། གོ་ཐོས་ལ་ཚེ་མཆོག་གླིང་གྲྭ་ཚང་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་སྟངས་འཛིན་འོག་མེད་པའི་སྐད་ཆ་འདུག མ་འོངས་པར་གཞུང་ངོས་ནས་བོད་པའི་དགོན་པ་ཁག་བོད་པ་རང་གི་བདག་པོ་རྒྱག་རྒྱུའི་ཐོག་འབད་པ་བྱ་རྒྱུ་གལ་ཆེན་པོ་རེད ”ཅེས་བརྗོད་བྱུང་།
གྲྭ་བསམ་གཏན་ལགས་སུ་བཅར་འདྲི་ཞུས་སྐབས། “ང་བོད་ནས་ཡོང་སྐབས་བཙན་བྱོལ་སྤྱི་ཚོགས་ལ་རེ་བ་ཆེན་པོ་ཞིག་བརྒྱབ་ནས་ཡོང་བ་ཡིན་ལ། རྒྱ་གར་ནས་སློབ་སྦྱོང་མུ་མཐུད་རྒྱུར་སེམས་ཐག་བཅད་ནས་ཡོང་བའི་གསར་འབྱོར་བ་ཞིག་ཡིན། ལོ་ ༧ རིང་ཚེ་མཆོག་གླིང་དུ་སློབ་གཉེར་དང་མཉམ་དུ་དགོན་པའི་ནང་འདུལ་ཁྲིམས་གཙང་མ་ཡོང་བའི་ཐོག་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ཉེ་ཆར་རྙོག་གླེང་སྐབས་མཁན་པོ་གཙོས་གྲྭ་བ་ ༦ ཕྱིར་ཕུད་བཏང་རྗེས་ཁོང་རྣམ་པའི་དྲང་བདེན་ལ་རྒྱབ་སྐྱོར་བྱས་ཏེ་དགོན་པ་ནས་རྩ་དགོངས་ཞུས་པ་ཡིན། ད་ལྟའི་བར་དཀའ་ངལ་རིམ་པར་འཕྲད་ཀྱང་འགྱོད་པ་སྐྱེས་མ་མྱོང་། ཡིན་ནའང་། བློ་ཕམ་ཆེ་ཤོས། ཚེ་མཆོག་གླིང་གཙོས་པའི་ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་ཚོགས་པ་མང་ཆེ་བ་མི་རེ་གཉིས་ཀྱི་ལག་ཏུ་ཤོར་ནས་ཁྲིམས་མེད་ལུགས་མེད་བྱེད་ཀྱི་ཡོད་པ་འདི་རེད། ང་རང་ལ་མཚོན་ན་ད་ལྟའི་ཆར་རྒྱ་གར་གྱི་སྐྱབས་བཅོལ་ལག་འཁྱེར་མེད་སྟབས། རྒྱ་གར་ནང་ལམ་ཁ་ཞིག་བརྙེད་ཁག་པོ་རེད། ཉེ་ཆར་ལྡི་ལི་རྒྱ་ནག་གཞུང་ཚབ་ལ་ཐོ་བརྒྱབ་ཡོད། ཡིག་ཆ་རག་རྗེས་ཕྱིར་བོད་དུ་ལོག་རྒྱུ་ཡིན ”ཞེས་བརྗོད་བྱུང་།
འདི་གའི་གསར་འགོད་པས་ཚེ་མཆོག་གླིང་གི་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ལགས་སུ་ཁ་པར་བརྒྱུད་དེང་སྐབས་གྲྭ་ཚང་གི་གནས་སྟངས་གང་འདྲ་ཡིན་མིན་དང་གྲྭ་བ་ག་ཚོད་ཡོད་མེད་དྲིས་བར་ལན་འདེབས་གནང་མ་སོང་།
གསར་འགོད་པ། དོན་གོ
ལྷོ་ཕྱོགས་ཉི་ཟླ་ལགས་་་་་༸ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ་པོད་བཅུ་དགུ་འདི་གནའ་སྔ་མོའི་གཏམ་རེད་ཅེས་གསུངས་མཁན་འབྲས་བློ་གླིང་གཙང་པ་ཁང་མཚན་གྱི་གྲྭ་རབ་བརྟན་དང་རྩེད་ཐང་ཁང་མཚན་གྱི་གྲྭ་བློ་གླིང་ཆེ་མོ་བསྟན་འཛིན་དཔལ་མཆོག་གཉིས་རེད་ཅེས་གོ་ཐོས་བྱུང་།་་་དོགས་པ་ཡོད་ན་ཁོང་གཉིས་ལ་འདྲི་རོགས།
ལྷོ་ཕྱོགས་ཉི་ཟླ་ཁྱོད་ཀྱི་རང་ཉིད་ནས་བཤད་པའི་སྐད་ཆ་དེ་ཅི་ཞིག་བཤད་ཡོད་པ་ཤེས་ཡོད་དམ། རྫུན་བཤད་དང་དང་གླེན་བཤད་ཟེར་བ་དེ་གང་ལ་ཟེར་བ་ཡིན་ནམ། རྫུན་ཡིན་མིན་ཁྱོད་ཀྱི་གང་འདྲ་བྱས་ནས་ཤེས། ངའི་བཤད་པ་དེ་ཚོ་དོན་དངོས་རང་ཡིན་བདེན་དབང་དང་བཅས་ཡོད། དོག་པ་ཡོད་ན་ཚེ་ཆོག་གླིང་གི་གྲྭ་བ་དེ་ཚོ་ལ་སྐད་ཆ་འདྲི་རོགས་གནོང་ཁ་གསལ་ཡོངས་ངེས་རེད། ཁྱོད་ཀྱི་སེར་བྱེས་བྱ་བྲལ་ཁང་ཚན་གྱི་མིང་མ་བརླག་རོགས་ཞུ་རྒྱུ་ཡིན།
འདི་གནས་ཚུལ་ཆུང་ཆུང་རེད་། བོད་ཀྱི་དགོན་པའི་ནང་ལ་ལྟོས་དང་།
སྤྱིར་བོད་ཀྱི་དགོན་པ་ཁག་གི་ནང་ལ་ཡ་རབ་ཟེར་བ་དང་དྲང་བདེན་ཟེར་བ་ནི་ཡོང་ཁག་པོ་རེད་། སྔོན་མ་ནས་བྱུང་མེད་ལ་ད་ལྟ་ཡང་ཡོད་མ་རེད་།
དགེ་ལུགས་པའི་དགོན་པའི་ནང་ཚུལ་མིན་གྱི་བུད་མེད་འདྲ་མི་ལ་བྱ་བ་ལས་པ་དང།་དགོན་པའི་སྤྱི་རྫས་མི་སྒེར་གྱིས་ལྐོག་ཟ་བྱེད་པ་མ་ཟད་རང་གི་མིང་ཐོག་བཞག་པ་དང།་་་ཤེས་ཡོན་ཐད་ལ་ནག་པང་དང་ས་སྨྱུག་ཚུན་ཆད་སློབ་ཕྲུག་གིས་ཉོས་དགོས་པའི་གནས་ཚུལ་འདི་རྡ་སའི་ཡིག་འཁྱམ་སྟེང་གཟིགས་མ་སོང་ངམ།་་་་་དེ་དག་ལས་ཀྱང་ཧ་ལས་དགོས་པ་ཞིག་ལ་སྐྱབས་གནས་དགེ་འདུན་པ་ཉེན་རྟོག་པར་རྩིས་སྤྲོད་དང་མཐར་ཕྱིར་ཕུད་བའི་གནས་ཚུལ་ཁྱེད་ཀྱིས་མི་མཁྱེན་པ་ག་ལ་ཡིན།་་་གོང་གསལ་བཅར་འདྲི་སྐབས་༼གནས་སྟངས་སྐྱོ་བོ་ཞིག་གི་འོག་ལྷག་ཡོད་པ་དེ་རེད།༽དགོན་པའི་ནང་འདུལ་ཁྲིམས་གཙང་མ་མེད་པ་ཞིག་གོ་དགོས་པ་བསམ།་་་ཐུབ་པའི་བསྟན་བསྣུབས་མི་སྙན་གྲགས་ཁོས་ནོར་འཁྲུལ་མིན་ན་གང་རེད།
ངས་བསམ་ན། གནས་ཚུལ་འདི་དག་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ཕྱོགས་ཀྱི་ནོར་འཁྲུལ་ཞིག་རེད་བསམ་གྱི་མེད་ལ། མཁན་པོ་བསྟན་འཛིན་དོན་བཟང་ཕྱོགས་ཀྱི་ནོར་འཁྲུལ་ཞིག་རེད་དེ་བས་ཀྱང་བསམ་གྱི་མེད། གནས་སྟངས་ཚད་འདིར་བསླེབས་ཚར་དུས། ང་ཚོས་དོན་རྐྱེན་འདིའི་འབྱུང་རྩ་བཙལ་ཏེ་སྔ་འགྱོད་ཕྱི་སྡོམ་རྒྱག་དགོས།
བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཅིག་གི་ཞང་ཁ་དང་ས་ཁང་མང་པོ་ཞིག་རྒྱ་གར་ཡུལ་མིའི་ལག་ཏུ་ཤོར་ཡོད་ལ། ལྷག་པར་དུ་ཊེ་ཀྲཱིང་དང་བསྟན་འཛིན་སྒང་སོགས་ཀྱི་ས་ཞང་ཨེ་ཀཱར་ཕོན་ཆེན་པོ་ཞིག་གི་ཁྲིམས་མཐུན་ཡིག་ཆ་བོར་བརླག་ཏུ་སོང་སྟེ། ད་ཆར་དེ་དག་གི་བདག་དབང་བོད་མིའི་ལག་ནས་འཆོར་བཞིན་ཡོད་པ་གོ་བྱུང་། འདི་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་འཐུས་ཤོར་རེད།
ཚེ་མཆོག་གླིང་གི་དགོན་བདག་གཙོ་བོ་བླ་མ་དགེ་ལེགས་རིན་པོ་ཆེ་རེད། ཁོང་སྔོན་མ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་གནང་མྱོང་མཁན་ཞིག་རེད། ད་ཆར་སྒང་ཐོག་ཏུ་ཁྱིམ་ཚང་བཟུང་སྟེ་བཞུགས་ཡོད་རབས་འདུག དགོན་པའི་མ་དངུལ་བྱང་དང་ས་ཁང་གི་ཡིག་ཆ་སོགས་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་སྒེར་གྱི་མཚན་ཐོག་ཏུ་ཡོད་འདུག འདི་ལྟ་བུའི་གཞུང་གི་སྟངས་འཛིན་མ་ཐུབ་པའི་དགོན་སྡེ་དང་སློབ་གྲྭ་འག་རེ་ཡོད། འདི་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་འཐུས་ཤོར་རེད།
http://blog.amdotibet.cn/lmgo/archives/31097.aspx
http://www.youtube.com/watch?v=FwMveLxhC9A
http://www.youtube.com/watch?v=_N0aGdfZalk
https://tibettimes.net/wordpress/news.php?showfooter=1&id=4667
https://tibettimes.net/wordpress/news.php?showfooter=1&id=4750
https://tibettimes.net/wordpress/news.php?cat=2&id=4829&&cp=3
གྲྭ་རྐྱང་ལགས།་་་གོ་ཐོས་ལ་དབུ་ཆོས་རྣམ་གསུམ་གྱིས་རྡ་སར་ཆོས་རིག་ཚོགས་ཆེན་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་དང་ཤར་བྱང་ཆོས་རྗེ་རྣམ་གསུམ་ལ་ཚེ་མཆོག་གླིང་གི་གནས་ཚུལ་བྱུང་རིམ་དང་།་ད་ལྟའི་དགོན་པའི་གནས་སྟངས་སྐོར་སྙན་སྒྲོན་ཞུས་འདུག
ཆོས་རིག་ལས་ཁུངས་ཀྱི་ཕྱག་ལས་བརྟན་བཞུགས་གྲ་སྒྲིག་བྱ་རྒྱུ་དང་ཆོས་བརྡ་སྤེལ་རྒྱུ་ཙམ་ཡིན་གྱི་མ་རེད། ཚེ་མཆོག་གླིང་གི་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ཁྲིམས་མེད་ལུགས་མེད་ཀྱི་དགེ་ལུགས་པའི་གྲྭ་ཚང་ནང་གྲྭ་པ་ལོག་ནས་ད་དུང་འདི་ག་ལས་ཁུངས་ནས་བསྡད་ཆོག་པའི་རྒྱབ་གཉེར་ཡི་གེ་སྤྲད་འདུག་ཟེར་།་བཙན་བྱོལ་བོད་མིའི་སྒྲིགས་འཛུག་གི་ལས་ཁུངས་བདུན་གྱི་བཀའ་བློན་རྣམ་པ་ཕྱིན་ཆད་དེ་ལྟར་མི་ཡོང་བའི་ཡིད་ཟབ་བྱ་དགོས་པ་ཧ་ཅང་གལ་ཆེ། གང་ཡིན་ཟེར་ན་སྔོན་མ་ཆོས་རིག་བཀའ་བློན་གྱིས་ཐུགས་ཟབ་མ་གནང་བར་སྤྲད་ཙང་ད་ལྟ་བཀའ་བློན་ལས་ཐོག་ལ་དཀའ་ངལ་ཕྲད་ཀྱི་ཡོད། ང་ལ་མཚོན་ན་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ལ་མགོ་ན་མེད།་དེའི་རྐུབ་སྟེགས་སྟེང་བསྡད་མཁན་འགའ་ཞིག་ལ་མགོ་ན་ནས་བསྡད་ཡོད།་
རི་བོ་དགེ་ལྡན་པའི་བསྟན་བདག་ལྷན་ཚོགས་གཙོས་གདན་ས་སེར་འབྲས་དགའ་གསུམ་གྱི་མཁན་པོ་རྣམ་པས་ཚེ་མཆོག་གླིང་གི་ད་ལྟའི་ཐབས་སྐྱོ་བའི་གནས་སྟངས་འདི་ལ་ངེས་པར་དུ་གཟིགས་ཞིབ་གནང་ནས་དགོན་པ་དེའི་དགེ་འདུན་པ་ཚོར་སློབ་གཉེར་དང་དགོན་པ་མུ་མཐུད་ནས་འཛིན་སྐྱོངས་བྱེད་རྒྱུའི་ཐད་ལ་ལས་འགུལ་མ་འགྱངས་བར་བྱེད་དགོས་པར་མཐོང་།
ཆོས་དོན་ལས་ཁང་གིས་ཚེམ་གླིང་དགོན་པ་འམ་དགོན་བདག་བླ་མར་ཚེམ་གླིང་དེ་ཡང་དགོན་པ་གཞད་དག་ནང་བོད་གཞུང་གི་ཁྱབ་ཁོངས་དང། བོད་དགོན་ཚེམ་གླིང་གི་དོད་ཡིན་དགོས་ན། ཕྱག་མཛོད་སྙན་གྲགས་རང་འགུལ་དགོང་ཞུས་ཀྱིས ཚེམ་གླིང་ནས་ཐོན་དགོས་པའི བཀོད་རྒྱ་མཛད་དགོས་ངེས་རེད།
ཁོ་རང་མིང་ཐོག་གི་དངུལ་ཁྱེར་འཇུག་དགོས། ེད་ནས་སྤྱི་བའི་དངུལ་བྱང་བཟོས་ན། དགོན་པའི་གྱོང་གསབ་ཐུབ་ངེས་རེད་དོ།།
བདེན་པ་བདེན་པ་ཞེས་པ་ཚིག་གི་རྒྱན།།
གཞན་ཕན་གཞན་ཕན་ཞེས་པ་གཅམ་བུའི་ཚིག།
རྒྱུ་དང་གོ་གནས་སྟོབས་ཤུགས་ལྡན་གྱུར་ན།།
ནག་ཕྱོགས་རྒྱལ་ཞིང་དཀར་ཕྱོགས་ཕམ་ལ་ལྟོས།།
དེ་འདྲའི་སྐྱོ་པོ་སྡོད་དགོས་དོན་ཅི་ཡོད། དགོན་པ་གང་འགྲོ་འགྲོ་ཡིན་སེར་སྨད་གྲྭ་ཚང་རོང་པོ་ཁང་མཚན་དུ་ཤོག་དང་། དགའ་བསུ་ཡོད་པ་མ་ཚད་གྲྭ་ཚང་དུ་རྒྱུགས་སྤྲོད་རིམ་པར་བྱས་ན་འཛིན་གྲྭ་ཡང་རིམ་པར་སྤར་ཆོག །གསར་འགོད་པ་ཚོས་ཁོ་ཚང་ལན་ཡག་པོ་སྤྲོད་རོག །ཐུགས་རྗེ་ཆེ།
སྤྱི་དབང་སྒེར་འཛིན་དང་སྤྱི་རྒྱུ་སྒེར་བདག་དད་རྫས་ཆུད་ཟོས་བཏང་མཁན་ཚེ་ཆོག་གླིང་དང་ཀརྨ་པའི་བླ་བྲང་གཉིས་གཙོས་པའི་ཚོགས་སྡེ་ཁ་ཤས་ཀྱིས་ཞབས་འདྲེན་བཞག་ཀྱིན་འདུག
བླ་བྲང་འདི་ཚོའི་ནང་དུ་མི་རེ་གཉིས་ཀྱིས་དབང་སྒྱུར་བྱ་ནས་གྲྭ་རྐྱང་ཚོ་མི་གྲལ་དུ་བཞགས་ཀྱིས་མི་འདུག
བསྟན་བཤིགས་ངོ་མ་དེ་དེང་སང་བསྟན་འཛིན་གྱི་མིང་ཁུར་མཁན་འདི་ཚོ་རེད་ཤག
སྤྲུལ་སྐུ་རེ་ལ་ཕྱག་མཛོད་རེ་བཞགས་ནས་ད་བསྟན་པ་ངོ་མ་དེ་ཁོང་ཚོས་བཤད་ཀྱིན་འདུག
ཁོང་ཚོ་ལ་མིང་དང་རྒྱུ་ཡོད་ན་གང་བྱས་བྱས་རང་སྣང་གང་ཤར་རེད་ཤག
ཚེ་མཆོག་གླིང་གི་གྲྭ་རྐྱང་ཚོ་སྙིང་རྗེ།
སྔར་རྒྱལ་པོ་སྤྲི་སྤྲི་ལ་རྨི་ལམ་བཏང་བ་འདི་ད་ཐེངས་ཚེ་མཆོག་གླིང་དགོན་པའི་གྲྭ་པ་འདི་ཚོ་ལ་གཟིགས་ནས་ཡིན་ཚོད། རྨི་ལམ་གཅིག་གི་ནང་དུ་གླང་ཆེན་ཞིག་གཟུགས་པོ་སྐར་ཁུང་ནས་ཐོན་ཐུབ་ཀྱང་མཇུག་མ་སྐར་ཁུང་ནས་མ་ཐར་བ་ཞིག་རྨིས་པ་འདིས། རྗེས་སུ་སྟོན་པ་ཤཱཀྱ་ཐུབ་པའི་དགེ་འདུན་པ་སྐོར་ཞིག་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་ཡང་དགོན་པ་ལ་ཞེན་ཆགས་སྐྱེས་ནས་བསྡད་དགོས་འབྱུང་བའི་རྟགས་མཚན་ཡིན་གསུངས་འདུག་པས་གཏན་གཏན་ཉམས་ལེན་པ་ཚོ་ཡིད་གཟབ་བྱེད་ན་མི་དགའ་འམ????
ཅི་ཙམ་བཤད་ཀྱང་་་ད་ཐེངས་བོད་གཞུང་ངམ་བཙན་བྱོལ་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མ་མཐོང་མ་ཤེས་ཁུལ་བྱས་ནས་གྲྭ་རྐྱང་འདི་ཚོར་རོགས་རམ་ཞིག་རྦད་དེ་བྱས་མ་སོང་་་་་འདིས་ང་ཚོའི་གཞུང་གི་ཕྱི་ནང་གསལ་བོ་ཞིག་བསྟན་པ་རེད་་་་
ཨ་ཁ་དེ་འདྲའི་ཞབས་འདྲེན། མི་གཅིག་གི་དོན་དུ་མི་ ༢༩ ཕྱིར་ཐོན་དགོས་བྱུང་བ་དེ་དངོས་གནས་བློ་ཕམས་རེད། ཡིན་ན་དེང་སངས་བོད་པའི་སྤྱི་ཚོགས་ནང་དུ་སྤྱི་རྒྱུ་སྒེར་བདག་བྱེད་མཁན་མང་པོ་འདུག བོད་པ་བསོད་ནམ་ཟད་ཚར་བ་ཡིན་པ་འདྲ། གང་ཡིན་ཟེར་ན་དེ་འདྲའི་མི་དེ་ཚོ་ལ་བོད་པའི་སྤྱི་ཚོགས་ནང་མཐོང་ཆེན་པོ་ཡོད་ངེས་རེད། བོད་པའི་མི་དེ་བྱམས་སྙིང་རྗེ། ཡ་རབ། བཟང་སྤྱོད། རང་ལས་གཞན་གཅེས་དེ་ཚོ་ག་བར་ཕྱིན་པ་ཡིན་ནམ།
གྲྭ་རྒོད་ཀྱིས་ནང་བཤད་རྫུན་བཤད་གླེན་བཤད་འདི་དག་མོས་མཐུན་མེད།
འོན་ཀྱང་གྲྭ་བ་གཉོམ་ཆུང་རིགས་བདག་པོ་རྒྱག་གི་རེད་ཅེས་བཤད་སྲོལ་འདུག
དེ་མིན་ཕེབས་ས་ཡོད་པ་ཙམ་གྱི་འགྲོ་ཆོག་ཆོག་དང་འདུག་ཆོག་ཆོག་གང་ན་ཡོད།
གལ་སྲིད་འགྲོ་ན་བློ་གསལ་གླིང་ལ་ཕེབས་ཐུབ་ན་དེང་སང་བོད་ཀྱི་གྲྭ་རིགས་ཡོད་ཚད་བསྡུ་རབ་ཀྱི་ལས་འགན་མང་པོ་ཡོད་རབ་བཤད་ཀྱིན་འདུག
གྲྭ་རྐྱང་འདི་ཚོ་ངོ་མ་སྙིང་མ་རྗེ།
མཐོ་གོ་སར་འགྱིངས་པའི་མི་ཆེན་དེ་ཚོ་ཁ་སློང་མཇུག་འབྲས་ཕམ་ཁ་ཡིན་པ་སྔོན་མ་དགོན་པ་མང་པོའི་ནང་བྱུང་ཡོད་པ་རེད་དེ་ད་དུང་ཨུ་ཚུགས་བྱས་ན་ཕན་པ་གང་འདུག
དེ་ལས་རང་ཉིད་འབྱོན་ཐང་ཡོད་པ་བཟོས་རྒྱུ་ནི་རྒྱལ་ཁའི་སྔོན་འགྲོའི་ཐར་ལམ་ཉག་གཅིག་དེ་ཡིན་པས་རྒྱུ་མཚན་མང་པོ་དྲངས་ན་རང་ཉིད་ངལ་བའི་རྒྱུ་ལས་མེད།
བོད་པའི་དགོན་སྡེ་འདི་ཚོའི་ནད་དུ་ཚེ་འདི་ཕྱི་གཉིས་ལ་རེ་བ་བརྒྱབ་ནས་ཕུལ་བའི་རྒྱུ་དངོས་ཀྱིས་མི་ཚང་རེ་གཉིས་ཕྱུག་པོ་བཟོ་བའི་ལས་ཀ་འདི་མཇུག་རྫོགས་པར་ཤོག
བླ་མ་མིང་ཅན་བསྟན་འཛིན་དགེ་ལེགས་དང་ཐུབ་བསྟན་སྙན་གྲགས་གཉིས་ཀྱིས་བྱེད་ཉེས་དེ་ཚེ་མཆོག་གླིང་གི་ལོ་རྒྱུས་ནང་གསུབ་ཏུ་མེད་པར་ཞིག་ཏུ་གྱུར་ཡོད། གོང་འཁོད་གྲྭ་པ་དེ་དག་གི་རེ་བའི་དམིགས་གཏད་བཅོལ་ས་དེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་ཐོབ་ཁུངས་ཆོས་བརྒྱུད་སོ་སོའི་དབུ་ཁྲིད་དང་དགོན་པ་བཅས་ལ་བཅོལ་ནས་སླེབས་ཡོད། དྲང་བདེན་དང་གནས་ལུགས་འགྲོ་ས་མེད་པའི་ཚོགས་པ་འདི་ཡོད་པ་ལས་མེད་ན་དགའ། མ་འོངས་པའི་དགོན་པ་འདིའི་མིང་ཐོག་ནས་མི་བུ་སྐོར་གཅིག་གིས་ལྟོ་གོས་འཚོལ་ས་བྱེད་ངེས་ཡིན་པས་དེ་དག་བཀག་འགོག་ལ་ད་ལྟ་ནས་གྲ་སྒྲིག་གནང་དགོས་པ་དེ་དགོན་པ་ནས་གནས་དབྱུང་ལ་ཕེབས་པའི་གྲྭ་པ་དག་གིས་ཐུགས་ལ་ཉར་དགོས།
“བློ་ཕམ་ཆེ་ཤོས། ཚེ་མཆོག་གླིང་གཙོས་པའི་ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་ཚོགས་པ་མང་ཆེ་བ་མི་རེ་གཉིས་ཀྱི་ལག་ཏུ་ཤོར་ནས་ཁྲིམས་མེད་ལུགས་མེད་བྱེད་ཀྱི་ཡོད་པ་འདི་རེད། ”
མི་སྣ་དེ་དག་སུ་ཞིག་རེད་ཀྱི་༌༌༌༌༌གསལ་ཁ་དགོས་པ་ལས། སྐད་ཆ་ཆེན་པོ་དེ་འདྲ་ཞིག་སྡིག་པ་མིག་བཙུམས་ཀྱིས་སྤྱི་ཚོགས་སུ་འཕངས་མི་ཉན་པས་ཡིད་གཟབ་དགོས་པ་མ་ཡིན་ནམ།
དེ་ལྟ་བའི་བློ་ཕམ་བྱེད་དགོས་དོན་མེད་གྲྭ་བ་དེ་ཚོ་བཞུགས་འདོད་ཡོད་ན་་ལྷོ་ཕྱོགས་སེར་ར་བྱེས་གྲྭ་ཚང་སེར་བྱེས་བྱ་བྲལ་ཁང་ཚན་དུ་ཕེབས་ཤོག་དགའ་བསུ་ཞུ། འདིའི་སྔོན་ལ་ཡང་ཁོང་ཚོ་ལ་ཐེངས་གཅིག་ཞུས་ཡོད་པ་འདྲ། ཕེབས་མཁན་བྱུང་མ་སོང་རྗེས་སུ་ག་ཚོད་ཡོད་ན་ཕེབས་རོགས་གནོང་སྒོ་ཕྱེས་ནས་ཡོད།